| Wylie | e-texts based on the ACIP/ALL Input |
ཀིས་འབྱུང་བར་སེམས་གཏད་དོ། །ཁྲིས་པ་ལྡང་ན་གངས་ཀྱི་ཆུ་འབྲུབ་བྱ། །བདུད་རྩིས་ལུས་གང་གངས་ནས་དུ་བ་འཐུལ། །སྤྱི་བོར་བླ་མའི་བདུད་རྩི་ལུས་ལ་བྱུག་།རླུང་གི་རླུང་ནི་འཛིན་པའི་རྣལ་འབྱོར་པ། །བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ ་བསླབ། །གཞན་ཡང་ནང་རྟགས་ནས་འདོན་ཞལ་ལས་ཤེས། །རླུང་གནས་ནད་ཀྱི་བརྟག་པ་ཞེས་བྱ་བ། སློབ་དཔོན་ཨ་ཛོ་ཀིས་མཛད་པ་རྫོགས་ཤོ། །།རྒྱ་གར་སྐད་དུ། ཙིཏྟ་ཏ་ཏྭོ་པོ་ད?་ཤཾ་ནཱ་མ། བོད་སྐད་དུ། སེམས་ཉིད་ཀྱི་དེ་ཉིད་བཅིང་བཞེས་བྱ་བ ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཉིད་ཀྱིས་ནི་བཅིངས་པ་ལ། །དེ་ཉིད་ཀྱིས་ནི་གྲོལ་བར་བྱེད། །བླ་མའི་བཀའ་ཡིས་ཐམས་ཅད་རྟོགས། །གཡོན་ནས་འགྲོ་པའི་ལྕེ་སྦྱར་ནི། །དེ་བཞིན་གཡས་འགྲོ་ཤེས་པར་བྱ། །ཀོ་དྷ་ལི་ནི་སྨྲ་བར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། ། ་གྲུབ། །འཁོར་པས་བ་ནི་དེ་ཉིད་ཙམ་དུ་རྟོགས། །བཤད་དང་དཀྱིལ་འཁོར་ཅི་ཞིག་བྱ། །གང་གིས་བཅིངས་པ་མ་རྟོགས་སམ། །གཡོན་ནས་འགྲོ་བའི་ལྕེ་སྦྱང་ནི། །དེ་གཉིས་གཡས་འགྲོ་ཤེས་པར་བྱེད། །ཀོ་དྷ་ལི་ནི་སྨྲ་པར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ།། ་རྩ་?་སྒྱུར་ནས་ཡལ་ག་དག་།བཙལ་བ་ངེས་ནི་ཅི་ཞིག་བྱ། །བླ་མ་དམ་པའི་གདམས་ངག་གིས། །འཇིག་རྟེན་?་ཡང་གསལ་པར་བྱས། །གཡོན་ནས་འགྲོ་བའི་ལྕེ་སྦྱང་ཡང། །དེ་ཉིད་གཡས་འགྲོ་ཤེས་པར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། །ཆོས་ཉིད་ཇི་ལྟར ་སྣང་བ་ཡང། །དེ་ཡི་རང་བཞིན་རང་ལ་བཞག་།གཡོན་ནས་འགྲོ་བའི་ལྕེ་སྦྱང་ཡང། །དེ་ཉིད་གཡས་འགྲོ་ཤེས་པར་བྱེད། །ཀོ་དྷ་ལི་ནི་སྨྲ་བར་བྱེད། དེ་ཙམ་གྱིས་ནི་བྱ་བ་གྲུབ། །སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཞེས་བྱ་བ། སློབ་དཔོན་ཀོ་དྷ་ཡིས་མཛོད་པ་རྫོགས་ཤོ། ་རྒྱ་གར་སྐད་དུ་། ཙཎྜ་ལི་ཀ་བིནདུ་ཕྲ་སཕ་ར་ཎ་ནཱ་མ། བོད་སྐད་དུ། གཏུམ་མོའི་ཐིག་ལེ་བཀྲམ་པ་ཞེས་བྱ་བ། ཡུམ་གཏུམ་མོ་ལ་ཕྱག་འཚལ་ལོ། །ལུས་ནི་གྲུ་བཞི་འདོམ་གང་ཚད། །འཁོར་ལོ་བཞི་ནི་རང་བཞིན་གནས། །རླུང་ནི་གཉིས་ཏེ་འཁོར་ལོ་དྲུག། །རླུང་གི་དེ་ཉིད་ཡང ་དག་ནི། །བརྟན་དང་གཡོ་བོའི་རྩོལ་བ་དགག། རླུང་གི་དེ་ཉིད་བསྒོམས་ནས་ནི། །མེ་ཆུ་ས་ཡི་དེ་ཉིད་ཤེས། །རྩ་གསུམ་གྲུ་གསུམ་རང་བཞིན་ཏེ། །ཕྱི་རོལ་མ་ཡིན་ནང་ཡིན་ནོ། །སྲོག་གི་རྩ་ནས་ཡབ་ཀྱི་ངོས། །སོར་བཞི་གནས་སུ་དེ་གནས་ཏེ། །ཐིག་ལེ་དང་ལྡན་ཡི་གེ་ཨོཾ།། ་ལྟ་བ་ཡེ་ཤེས་འཁོར་ལོ་ཡིན། །སྤྲུལ་བའི་གནས་སུ་བསྒོམ་བྱ་སྟེ། །དེ་སྟེང་སོར་ནི་བཅུ་གཉིས་ལ། །ཆོས་ཀྱི་རང་བཞིན་བརྒྱད་དུ་ནི། །རིགས་བཞི་ཡུམ་བཞི་ས་བོན་གྱི། །རླུང་དང་མེ་དང་ཆུ་རུ་གནས། །དེ་སྟེང་ལོངས་སྤྱོད་བཅུ་དྲུག་ནི། །མེ་ལོང ་ཡེ་ཤེས་ཡི་གེ་ཨི། །གསལ་ལ་ཤེལ་ལྟར་བསྒོམ་པར་བྱ། །བདེ་ཆེན་འཁོར་ལོའི་གནས་སུ་ནི། ། ཕྲེང་གཉིས་ལྡན་ཡི་གེ་ཧཾ། །དེ་ལྟར་ཤེས་པའི་ལུས་གནས་ནི། །བདེ་བ་ཆེན་པོའི་ཡུལ་ཞེས་བྱ། །ལྟེ་པའི་རཾ་ཡིག་ཡི་རླུང་གིས། །ཡེ་ཤེས་མེ ་ཉིད་འབར་བར་འགྱུར། །གཡོ་པའི་ཡེ་ཤེས་རླུང་ཡིན་ཏེ། །བརྟན་པའི་མཚན་ཉིད་ཡེ་ཤེས་མེ། །ཾ་བཅས་དབུས་སུ་འབར་ན་ནི། །སྡུག་བསྔལ་དུག་ལྔའི་ནང་རྣམས་དག་།བདག་ཉིད་སྟོང་པའི་མཉམ་ཉིད་ལྷ། །ལོག་མིན་རྒྱུ་ནས་འཁྲུལ་འཁོར་བྱ། །བདེ ་ཆེན་གནས་ནས་ཆོས་དབྱིངས་འབར། །སེམས་ཀྱི་བདེ་བ་ཆེར་སྐྱེས་ན། །གཞུ་རྒོད་ཐེན་ནས་འཕེན་པར་འགྱུར། ། ཐིག་ལེ་འཐེར་ནས་བཀྲམ་པར་བྱ། །སེམས་ཉིད་སྙིང་གར་བསྟིམས་ནས་བསྒོམ། །གཏུམ་མོ་ཐིག་ལེ་བཀྲམ་པ་ཞེས་བྱ་བ་། ། ་སློབ་དཔོན་ལུ་རྩི་ཀིས་མཛད་པ་རྫོགས་སྟོ།། རྒྱ་གར་སྐད་དུ་། ཤ་རཱི་ར་ཎ་རི་ཀ་བིནདུ་སཱ་མཱ་ཏཱ་ཨི་ནཱ་མ་། བོད་སྐད་དུ་ལུས་ཀྱིས་རྩ་ཐིག་ལེ་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཇི་སྲིད་? ་སྡོང་བུ་རྣམས། །བརྐོས་པས་དེ་ནི་མ་བྱས་ན། །དེ་སྲིད་ཕག་རྒོད་གསོད་པ་ཡི། །མདའ་བ་དེ་ནི་ཚ་སྟེ་ཡིན། །གནད་དུ་བསྣུན་པས་ཕག་རྒོད་པས་དེ། །རྫིང་བུ་སྐམས་པར་མ་གྱུར་པས། །དེ་གོང་དུ་ནི་བརླག་པར་བྱས། །དཔག་ཆེད་ཕྱེད་དང་བཞི་པ་ཡིན?་།གྲུ་བཞི་ ་