| Wylie | e-texts based on the ACIP/ALL Input |
བར་དག། དེ་ལྟ་བུ་ཡི་སྙིང་རྗེ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །མི་སྒོམ་མི་རྟོག་རང་བཞིན་གསལ། །མཛའ་དབུས་བྲལ་བ་དབུས་པའི་དོན། །དེ་ལྟའི་སེམས་ཀྱི་རང་བཞིན་སྒོམ། །མ་རྟོགས་པ་ཡི་སེམས་ཅན་ལ། །དང་འདོན་སྙིང་རྗེ་སྒོམ་པར་བྱ།། ་བདག་གི་མདུན་དུ་གང་ཞིག་ཀྱང། །མཉམ་པར་བཞག་སྟེ་མཉམ་པར་སྒོམ། །དེ་ལ་རྣམ་པ་ཐམས་ཅད་ཀྱིས། །གཉིས་མེད་དོན་ནི་འགྲུབ་འགྱུར་རོ། །དགོན་པའི་སྙན་བརྒྱུད་གདམས་ངག་ནི། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཀུན་གྱི་སེམས་ཉིད་ཧཱུཾ་ཡིག་དཀར།། ་བདག་དང་གཞན་གྱི་སྙིང་གར་བསྒོམ། །ཉི་མའི་གདན་སྟེང་ཐིག་ལེར་བསྒོམ། །དེ་ཉིད་ཀྱིས་ནི་འཕྲོ་འདུ་ལ། །ཉོན་མོངས་ཐམས་ཅད་སྦྱང་པར་བསམ། །དེ་ནི་གཉིས་མེད་དོན་ཡིན་ཏེ། །ལྷ་ཡི་དེ་ཉིད་རང་བཞིན་མེད། །དེ་ལྟར་སྙིང་རྗེ་སྒོམ་བྱས་ནས། །བསམ་མི་ཁྱབ་པའི་བྱམས ་པ་ནི། ཕན་ཕྱིར་འདི་ལྟར་བསམ་པར་བྱ། །རྣལ་འབྱོར་བདག་ཉིད་སྙིང་ག་རུ། །པདྨ་འདབ་བརྒྱད་སྲན་མའི་ཚད། །དེ་ནས་འོད་གསལ་དཀར་དམར་ཏེ། །བར་དུ་མེ་ལྷའི་ཨཾ?་ཡིག་ནི། །དངོས་པོའི་རྣལ་འབྱོར་གང་ཡང་མེད། །དེ་ལས་ཅི་ཡང་བསམ་མི། བྱ་བ། །གང་ཞིག་སྒོམ ་བའི་རྣལ་འབྱོར་དེ། །གཉིས་མེད་ཡེ་ཤེས་འགུག་འགྱུར་རོ། །གསལ་རིག་མེད་པ་ཆོས་ཀྱི་སྐུ། །དེ་ལྟར་ཕྲ་བའི་རྣལ་འབྱོར་པས། །མངོན་ཤེས་ཤར་ཏེ་གཉིས་མེད་རྟགས། །དགའ་པའི་རང་བཞིན་འབྱུང་འགྱུར་ལ། །བཏང་སྙོམས་འབྲས་བུ་ཐོབ་པའོ། ཁ་ཅིག་ལྷ་མོ་བཞི ་བསྐོམས་ནས། །ཁ་ཅིག་ངག་གི་དོན་ལ་བརྟེན། །གཉིས་མེད་སྒོམ་པ་མི་ཤེས་སོ། །ཞལ་ནས་ཞལ་དུ་བརྒྱུད་པ་ཡི། །ཞལ་གདམས་གཞན་ལ་ཕན་ཕྱིར་ནི། །རཱ་ཧུ་ལས་ནི་བཤད་པར་བྱས། །ཆད་མེད་བཞི་བསམ་གྱིས་མི་ཁྱབ་བསྒོམ་པ་ཞེས་བྱ་བ། སློབ་དཔོན་རཱ་ཧུ་ལས ་མཛད་པ་རྫོགས་ཏོ།། །།རྒྱ་གར་སྐད་དུ། ཧཱུཾ་ཀ་ར་ཙིཏྟ་བིནདུ་བྷ་བ་ན་ཀླ་ནཱ་མ་། བོད་སྐད་དུ་།ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་སྒོམ་པའི་རིམ་པ་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །གཡས་དང་གཡོན་དང་དབུས་མ་ཡི། །གྱེན་ཐུར་གནས་པའི ་རྩ་དྲུག་ལ། །དེ་རྣམས་ལ་ནི་སྨན་དྲུག་འབབ། །དྲི་དང་ཟླ་བ་སྨན་གཉིས་ནི། །གྱེན་ཐུར་གཉིས་ཀྱི་དབྱེ་བ་ཡིས། །ར་ས་ནཱ་ནས་ཡང་དག་རྒྱུ། །ཆུ་དང་ཉི་མ་ཀུན་འདར་མ། །གྱེན་ཐུར་གཉིས་ཀྱི་དབྱེ་བ་ཡིས། །སྔ་མ་བཞིན་དུ་ཡང་དག་རྒྱུ། །དབུས་མ་ཨ་བ་དྷུ་ཏཱི་ལ། །དབུགས ་དང་སྒྲ་གཅན་མི་རྒྱུ་བ། །མི་དང་ཆུ་ཁམས་མགྲིན་པ་ཡི། །དུས་གསུམ་གནས་པའི་ཕག་མོ་མཆོད། །ཉི་ཟླའི་ཤུཀྲ་རཀྟ་ཡི། །ཐིག་ལེ་འཛིན་བྱེད་སྒྲ་གཅན་དང། །སེམས་ཉིད་ཐིག་ལེ་ཇི་ལྟར་དག་།ཐིག་ལེ་དེ་ནི་གང་ལ་གནས། །འཁོར་ལོ་བཞི་ཡི་དབུས་སུ་ནི། ་ཁ་སྦྱོར་པདྨའི་འདབ་བརྒྱད་ལ། །དེའི་དབུས་ཉི་ཟླ་ཁ་སྦྱོར་ལ། །ནཱ་ད་བིནཱུ?་རྣམ་པར་བརྒྱན། །གནས་པ་ཕྲ་ཞིང་ཡུངས་ཀར་ཚད། །ཡི་གེ་ཧཱུཾ་ཉིད་སྒོམ་པར་བྱ། །དེ་ལས་འོད་འཕྲོས་ཐིག་ལེ་བཞི། །པད་འདབ་བཞི་ལ་འཕྲོ་བར་བསམ་།ཤར་གྱི་ཐིག་ལེར་མཁའ་གྲོ་མེ? ་མི་བསྐྱོད་ཆུ་ཡི་རང་བཞིན་ནོ། །ནུབ་ཕྱོགས་ལ་མའི་ཐིག་ལེ་ནི། །གསལ་བའི་དྲི་ནི་རྣམ་སྣང་ངོ། །ཁཎྜ་རོ་ཧ་བྱང་ཕྱོགས་ཏེ། །བྱང་ཆུབ་སེམས་ཀྱི་ཐིག་ལེར་འཕྲོ། །ལྷོ་ཡི་ཕྱོགས་སུ་རཱུ་པ་ནི། །ཐིག་ལེ་དམར་པོ་བསྒོམ་པར་བྱ། །གནས་བཞིའི་འཁོར་ལོ་དག་པ་ཡི།། ་སྐྱེ་གནས་བཞི་ནི་དག་པར་བྱས། །དེ་ལྟར་འཕྲོས་པའི་འོད་ཟེར་གྱིས། །འགྲོ་དྲུག་སེམས་ཅན་དག་པར་བསམ། །སླར་ཡང་ཐིག་ལེ་ཐིམ་པ་ཡི། །སྦྱོར་པ་འདི་ལྟར་ཤེས་པར་བྱ། །ཐིག་ལེ་བཞི་ནི་ཧཱུཾ་ཐིམ་པའི། །ཧཱུཾ་ནི་ཟླ་ཚེས་བསྡུ་བར་བྱ། །ཟླ་ཚེས་ནམ་མཁའ་ཨི་ཐིག་ལེ ་བསྡུ། །ནམ་མཁའ་ཨི་ཐིག་ལེ་ཁང་སྟོང་ལ། །ཉི་ཟླའི་ཁ་སྦྱོར་ཐིག་ལེ་ནི། །གསལ་ཞིང་ཁ་དོག་སྦྱིབས་དང་བྲལ། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་ནག་པོ་བ་ནས་བརྒྱུད་པའི། །སློབ ་དཔོན་དྷརྨཱ་པས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། པྲ་ཀྲི་ཏི་སིདྡྷི་ནཱ་མ།། བོད་སྐད་དུ་།རང་བཞིན་གྲུབ་བ་ཞེས་བྱ་བ་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པ་ཡི་རིམ་པ་འོད། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ལུས་ལ་གནས ་