CLOSE WINDOW

N2034: lha kun gyi rdzogs pa'i rim pa'i lam zhes bya ba
Wyliee-texts based on the ACIP/ALL Input

གཏོང་བ་མེད། །སེམས་དང་སེམས་ཉིད་འདུལ་བའི་མན་ངག་ཅེས་བྱ་བ། སློབ་དཔོན་ཤཱནྟ་དེ་བ་ནས་བརྒྱུད་པ། སློབ་དཔོན་མེ་ཀོ་ལས་གསུངས་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། སརྦ་དེ་བ་དྷ་ནི་ས་པཾ་ཀྲ་མ་མརྒ་ནཱ་མ། བོད་སྐད་དུ། ་ལྷ་ཀུན་གྱི་རྫོགས་པའི་ལམ་ཞེས་བྱ་བ།། མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མི་སྙན་དགྲ་སོགས་སྤངས་པ་ཡི། །དབེན་ཞིང་གསང་བའི་ས་ཕྱོགས་སམ། །ཡིད་དང་མཐུན་པའི་དགོན་པ་རུ། །རིམ་པ་འདི་བཞིན་བསྒོམ་པར་བྱ། །ཤིང་གཅིག་བྱང ་ཆུབ་སེམས་ཡིན་ཏེ། ། བ་དྷཱུ་ཏཱིའི་ཆུ་འགྲམ་ལ། །ལྟེ་བའི་གཏུམ་མོ་དུར་ཁྲོད་དེ། །རི་ཐོད་སྙིང་གའི་པདྨ་ལ། །དགོན་པ་རྣམ་སྣང་གནས་ཡིན་ཏེ། །ནགས་ཚལ་པདྨའི་གསང་བ་རུ། །བྷི་ཌ་དང་ནི་རྡོ་རྗེ་ཆུ། །བྱང་ཆུབ་སེམས་དང་བཞི་མཉམ་དང། །རིན ་ཆེན་འབྱུང་ལྡན་འོད་དཔག་མེད། །ཐིག་ལེའི་གནས་ནི་དྲུག་ལ་བསྒོམ། །རྣལ་འབྱོར་པ་ཡི་སྒྲུབ་ས་བསྟན། །དེ་ནས་ལུས་ཀྱི་མཎྜལ་ནི། །རང་བཞིན་དྲི་མ་མེད་པའི་རྩ། །ལྷན་ཅིག་སྐྱེས་པའི་ཉམས་དང་ལྡན། །ཟླུམ་པོ་ནམ་མཁའ་ལྟ་བུ་སྟེ། །མཐེ་བོང་ཚད ་ནི་བདེ་ཆེན་ལ། །ོཾ་མམ་ཧཾ་གཉིས་གང་རུང་བསྒོམ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །མཎྜལ་བྱིན་གྱིས་བརླབས་བྱས་ནས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །རྣལ་འབྱོར་སྙིང་གའི་སྒྲ་གཅན་གྱི། །སྟེང་དུ་ཧཱུཾ་ནི་དུད་ཀ་བསམ། །མི་བསྐྱོད་པ་ཡི་རྒྱ་མཚོ་ལ།། ་ཨོཾ་ནི་སྐར་མ་ལྟ་བུ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །མགྲིན་པའི་འཁོར་ལོར་བསམ་པར་བྱ། །བྱང་ཆུབ་སེམས་དང་རཀྟ་དང། །མི་བསྐྱོད་ཆུ་ཡི་ཐིག་ལེའོ། །དེ་ལྟར་བྱིན་བརླབས་རྩ་བསྒོམས་ནས། །བསོད་ནམས་ཆོགས་ནི་བསགས་པའི་ཕྱིར། །མཚན་མེད ་རྩ་དང་འཁོར་ལོ་བཞི། །ཕྱག་རྒྱ་བ་ནི་ཡི་རྒྱས་བཏབ་ནས། །ཐིག་ལེ་བཞི་ལ་ཉམས་ལེན་བྱ། །ཚད་མེད་བཞི་ཡི་ཉམས་སྐྱེའོ། །དེ་ལྟར་རྣལ་འབྱོར་བཞི་བསྒོམས་ནས། །རྫོགས་པའི་ཧཱུཾ་བསམ་བགེགས་བསྐྲོད། །སྙིང་གའི་ཁོང་སྟོང་དབུས་སུ་ནི། །པཾ་ལས་པདྨ་རཾ་ཉི་མ། །ཧཱུཾ ་ལས་འབར་བའི་རྡོ་རྗེ་འཕྲོ། །ཕྱི་དང་ནང་བགེགས་མཚམས་བཅད་དོ། །དེ་ནས་རྣལ་འབྱོར་སྙིང་ཉིད་ནི། །སྐྱིལ་ཀྲུང་བཅས་ཞིང་ལུས་ཉིད་བསྲང། །མིག་གི་དབང་པོ་སྣ་རྩེར་གཏད། །དངོས་པོ་ཐམས་ཅད་རྗེས་དྲན་ནས། །དྲི་མ་མེད་པའི་ནམ་མཁའ་ལ། །སྐར་མ་ལྟ་བུའི་སེམས ་ཉིད་ཀྱིས། །ཕྲ་རབ་ཙམ་གྱི་བདག་གཞན་སྒོམ། །སྟོང་ཉིད་ལྟ་བ་བརྟན་བྱས་ནས། རྫོགས་པའི་དབང་གི་རིམ་པ་བསྟན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །དཀན་གྱིས་ཕྱོགས་སུ་འགྱུར་ལྷ་མོ། །བདེ་པ་ཆེན་པོའི་ཟླ་རྒྱུན་ནི། །འབབ་བསམ་དབང་བསྐུར་ལུས་ཚིམ་མོ། །དེ་ནས་དཔའ་?་ ་དཔའ་མོ་ཡིས། །གང་ཡང་དཔལ་ལྡན་འདུས་པའི་སྐུ། །དྲི་མེད་མེ་ལོང་གཟུགས་བརྙན་དང། །ནམ་མཁའ་ཨི་སྐྱེས་བུ་ལྟ་བུ་ནི། །རང་བཞིན་ཁ་དོག་དབྱིབས་དང་བྲལ། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །ནམ་མཁའ་ཨི་དབྱིངས་སུ་བསྒོམ་པར་བྱ། །དེ་ལྟར་རྫོགས་པའི་རིམ ་པ་ནི། །སྐལ་ལྡན་རྣམས་ཀྱི་དོན་ཕྱིར་བརྩམས། །དེ་ཡིས་དགེ་བ་གང་ཐེབ་པ། །འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །ལྷ་ཀུན་གྱི་རྫོགས་པའི་རིམ་པ། གྷ་དྷ་རིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། སོ་མ་སཱུར?་བནདྷ་ནོ་པཱ་ཡ་ནཱ་མ། བོད་སྐད་དུ། ཉི་ཟླ་བཅིང་བའི ་ཐབས་ཞེས་བྱ་བ། ཡུམ་དོན་ཡོད་གྲུབ་མ་ལ་ཕྱག་འཚལ་ལོ། །དགེ་འདུན་རྣམས་ཀྱིས་ཡོན་ཏན་བརྗོད་མི་ཤེས་པ་ཡི། །གཎྜིའི་སྒྲ་བརྡུངས་སྐྱོན་སྨྲས་ཕྱི་རོལ་ངག་ཏུ་བསྐྲད། །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང?། །ངོ་མཚར་ཕུལ་དུ་བྱུང་བའི་བི་དཱུ་པ ་ཞེས་གྲགས། །ཚོང་འདུས་སྲང་འདུས་འཁྱམ་ཞིང་ཟས་ཀྱི་ལྷག་མ་?། །ཡུད་ཙམ་ཁྲོས་པས་གང་གཱའི་ཆུ་རྒྱུན་གྱེན་ལ་ཟློག་།ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང། །ཡོན་ཏན་ཕུལ་དུ་བྱུང་བའི་བིརྤ?་པ་ཞེས་གྲགས། །ཆང་ཚོང་དག་ལ་ཁྲོ་བར་མི་བྱེད་ཉི་མ་ནི། །ཁྱོད ་ཀྱིས་ཁང་པར་གཏའ་མར་བཞག་ཅེས་སྨྲས་ཏེ་འདུག་།ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང། །ངོ་མཚར་ཕུལ་དུ་བྱུང་བའི་བིརྦ་པ་ཞེས་གྲགས། །མུ་སྟེགས་རྟེན་ལ་སྤྱན་ཟུར་གཟིགས་པས་ལི་ཀཾ་བཀས། །དེ་མཐོང་ཁྱབ་འཇུག་ལྷ་ཡི་རྟེན་ཏེ་ཨནདྷ་འདར།། ་ཉི་མ་གཏའ་མར་བཅུག་ནས་ཆང་འཐུངས་བི་རཱུ་པ། །འཇིག་རྟེན་རྣམས་ནི་ཕྱུགས་འདྲ་བི་རཱུ་པ་ཞེས་བརྗོད། །ལྷན་ཅིག་སྐྱེས་པའི་སེམས་ཉིད་ཕྲ་ཞིང་དྲི་མ་མེད། །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང། །ངོ་མཚར་ཕུལ་དུ་བྱུང་བའི་བིརཱུ་པ་ཞེས་གྲགས།། ་ཉི་ཟླ་བཅིངས་པའི་ཐབས་ཞེས་བྱ་བ་།སློབ་དཔོན་བིརཱུ་པ་ནས་བརྒྱུད་པ། ཀ་མ་རིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཧཱུཾ་ཀར་ཙིཏྟ་བིནདུ་བྷ་པ་ན་ཀྲ་མ། བོད་སྐད་དུ། སེམས་ཀྱི་ཐིག་ལེ་ཧཱུཾ་ཉིད་བསྒོམ་པའི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག ་