CLOSE WINDOW

N2032: gser 'gyur gyi rtsi zhes bya ba
Wyliee-texts based on the ACIP/ALL Input

ཀ་ཙཎྜ་ལི་ཀ་ནཱ་མ། བོད་སྐད་དུ། མུ་སྟེགས་ཀྱི་གཏུམ་མོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཐལ་སྐུད་ཅན་ལ་ཕྱག་འཚལ་ལོ། །བུད་མེད་གནས་ནི་དབུ་རྒྱན་མཱ། །རིགས་ནི་གཏུམ་མོའི་རིགས་གྱུར་པ། །སྲིད་པ་གསུམ་ཡང་སྲེག་པར ་བྱེད། མེ་ལྕེས་ནམ་མཁར་ཁྱབ་པར་བྱེད། ། ཙན་དཔལ་ནི་གར་བྱེད་འགྱུར། །ནམ་མཁར་རྡེ?་ཆུངས་ལ་རྗེ་ཆུང་བརྡུང། །རྡོ་རྗེ་མེ་ཡིས་རྒྱ་མཚོ་སྐེམས། །ཉི་ཟླ་གཉིས་ཀྱང་སྐྱབས་སུ་བཞུགས། །གར་བྱེད་དཔལ་གྱི་ཨ་ཙེན་ཐོད་པ་ཅན། །ནམ་མཁར་རྡེ་ཆུང་ས་ལ་རྡེ་?་བརྡུང ་ལྷ་དང་ལྷ་མིན་མི་རྣམས་དང། །དབང་ཕྱུག་ཨུ་མ་ལ་སོགས་པ། །ཐམས་ཅད་ཡེ་ཤེས་མེ་ཡིས་བསྲེགས། །གར་བྱེད་དཔལ་གྱི་ཨ་རྩེན་ཐོད་པ་ཅན། །ནམ་མཁར་རྗེ་ཆུང་ས་ལ་རྡེ་ཆུང་བརྡུང། །རྣལ་འབྱོར་མ་ནི་ཁྲིད་བྱས་ནས། །མགོན་པོའི་གནས་སུ་འཇུག་པར་བྱེད།། ་འདི་ལྟའི་དཀྱིལ་འཁོར་གླུ་རུ་བླངས། །གར་བྱེད་དཔལ་ནི་ཨ་ཅོན་ཐོད་པ་ཅན། །ནམ་མཁར་རྗེ་ཆུང་ས་ལ་རྗེ་ཆུང་བརྡུབ། །མུ་སྟེགས་ཀྱི་གཏུམ་མོ་ཞེས་བྱ་བ། སློབ་དཔོན་ཨ་ཙིནྟས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ་།དྷ་ཏུརྦྷ་དྷ་ནཱ་མ། བོད་སྐད་དུ ་གསེར་འགྱུར་གྱི་རྩི་ཞེས་བྱ་བ། །ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་རྫོགས་པའི་ཕྱིར། །གསེར་འགྱུར་རྩི་ཡི་གདམས་པ་ནི། །ཉམས་སུ་ལེན་པའི་གང་ཟག་ལ། །ཚོགས་ནི་བསག་ཕྱིར་བཤད་པར་བྱ། །བལ་པོ་སེའུ་སྨན་ཚ?་དང། །སའུར ་བསྲེག་སེ?་ས། །ཆད་སྐྱུར་ངང་ནི་སྦྱར་བར་བྱ། །ཟངས་ཀྱི་སྣོད་དུ་ཞག་གསུམ་བཞག་།དེ་ནས་བདུན་གསུམ་ཉི་ཤུ་གཅིག། ཞལ་གྱི་གདམས་པའི་སྨན་རྩི་ཡིས། །སྲབ་མོའི་ལྕགས་རྣམས་ཟངས་སུ་འགྱུར། །དངུལ་ཆུ་དང་ནི་ཁམས་དང། །སེམས་རྩི་དང་ནི་ལྕི་བ་ནི།། ་ལྡེ་གུར་བྱས་ནས་དེ་ཡི་དབུས། །ཟངས་མར་བཞག་ན་དངུལ་དུ་འགྱུར། །རྟ་མིག་དང་ནི་ལུག་རུ་དང། །རུ་སྦལ་ཤུན་ལྦགས་ཤི་ལར་བཅས། །བཞུས་པའི་གསེར་ལ་དངུལ་བཏབ་ནས། །དེ་རྣམས་བསྡུས་པའི་ཆ་བརྒྱད་ཀྱིས། །བཞུས་པའི་ཞ་ཉེ་བཏབ་བྱས་ནས། །ཟླ་བ ་ལྟར་ནི་དངུལ་འགྱུར་རོ། །དངུལ་དང་འཁར་བ་མཉམ་བྱས་ནས། །ཞ་ཉེའི་ཚད་དུ་བསྲེ་བར་བྱ། །ཕྱི་ལྟའི་སྣོད་ཀྱི་ནང་དུ་ནི། །ཞུ་བས་ཐམས་ཅད་དངུལ་དུ་འགྱུར། །ཤ་ཆེན་སྲད་ནི་བརྒྱད་དང་ནི། །ཞ་ཉེ་དཀར་པོ་དེ་དང་མཉམ། །ས་ཛཱི་སྲང་གཉིས་སྨན་ཚ་དང། །དུག་བསར? ་གཅིག་དང་དངུལ་ཆུ་མཉམ། །གངས་ཅན་སྨན་ནི་ཁུ་བ་ཡིས། །སྔ་མའི་སྨན་རྣམས་མཉེ་བར་བྱ། །ཐམས་ཅད་རྭ་དཀར་ནང་དུ་བཅུག། ཡང་ན་རྫ་སའི་སྣོད་དུ་ནི། །ཁ་སྦྱོར་བྱས་ནས་བསྲེག་པར་བྱ། །སྨན་ཐལ་བར་དུ་བཞག་ནས་བཏོན། །དངུལ་ནི་ཟླ་ལྟར་གྲུབ་པར་འགྱུར། ་སྐྱེས་པ་ཙམ་གྱིས་ཤའུ་ཡི། །བུ་རི་ཤ་ན་བླང་བྱས་ནས། །ཉི་མ་ཞུ་ནས་བཏབ་པར་བྱ། །དེ་ནི་བཞི་འགྱུར་ཕྱེ་ཡིས་ནི། །ཞ་ཉེ་དཀར་པོའི་ཞུན་མར་ལ། །བཏབ་ནས་ཆུ་སྐམས་དངུལ་དུ་འགྱུར། །སྨན་ཚད་དང་ནི་ཚལ་དང། །ཡ་བཀྵར་ས་ཛི་ཀ། རྩི་དཀར་སྨན་ནི་ཁུ་བ ་དང། །དུག་དང་ཧ་ནུ་མ་ཤ་ཏིའི། །ཆུ་ནི་མ་ཧེའི་ཞོ་དང་སྦྱར། །ཞག་གསུམ་ཞ་ཉེའི་ནང་དུ་བཞག་།དུ་བ་མི་འབྱུང་ཐབས་ཀྱིས་བསྲེག། དངུལ་འགྱུར་འཕོངས་པའི་སྡུག་བསྔལ་སེལ། །དངུལ་འགྱུར་སྦྱོར་བ་བཤད་བྱས་ནས། །གསེར་འགྱུར་བདུད་རྩི་བཤད་པར་བྱ། །གངས ་ཅན་རི་པོ་རྣམས་ལ་ནི། །རུ་ཏཏྟི?་ཞེས་སྨན་མཆོག་གྲགས། །ལོ་མས་ས་ཕྱོགས་ཟིལ་ནི་བྲལ། །གསེར་གྱི་མདོག་ཅན་ཁུ་བ་འཛག་།ཞ་ཉེ་དཀར་པོ་དངུལ་ཆུ་ལྡན། །ཐལ་སྦྱོར་ཞལ་གྱི་གདམས་པ་ཡིས། །རེག་པས་དངུལ་ཟངས?་གསེར་དུ་འགྱུར། །དང་པོ་མེ་ཡིས་དངུལ ་ཆུ་ཡི། །མི་འཚོར་པ་ཡི་སྦྱོར་པ་བྱ། །དེ་ནས་སྨན་གྱི་རྩི་ཤེས་ནས། །རྣལ་འབྱོར་གསེར་འགྱུར་འགྲུབ་འགྱུར་རོ། །མི་དང་ལྷན་ཅིག་མ་གནས་ན། །གསེར་འགྱུར་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་ཁ་སྦྱོར་འཁོར་ལོ་ཡིས། །ཅི་ནས་དངུལ་ཆུ་བཅིང་བར་བྱ། །ད་བཅིངས་གང ་ཡང་གསེར་དུ་འགྱུར། །ཟོས་པས་ཐམས་ཅད་རྡོ་རྗེའི་སྐུ་རུ་འགྱུར། །གསེར་འགྱུར་རྩིའི་གདམས་པ། །སློབ་དཔོན་ན་ལིས་མཛད་པ་རྫོགས་སྟོ།། །།རྒྱ་གར་སྐད་དུ། ཙིཏྟ་ཙེ?་ཏིལ་ཤ་པ་ནོ་པ་ཡི། བོད་སྐད་དུ། སེམས་དང་སེམས་ཉིད་འདུལ་བའི ་