| Wylie | e-texts based on the ACIP/ALL Input |
གཉིས་མེད། །ཡི་གེ་མེད་པའི་ཐིག་ལེ་སྙིང་གར་གནས་པ་ནི། །སྒོམ་པར་བྱེད་པའི་རྣལ་འབྱོར་ཡེ་ཤེས་རབ་ཏུ་སྐྱེ། །དེ་ལས་རྡོ་རྗེ་མཁའ་འགྲོ་སྙིང་རྗེར་ལྡན་པ་ཐམས་ཅད་གནས། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ ་ཁམས་སུ་བཅས། །དེ་ཉིད་རང་བཞིན་མཆོད་པས་མཆོད་འོས་རྣམས་ལས་མཆོད་པ་ཐོབ། །གང་ཞིག་རྣལ་འབྱོར་སྒོམ་བྱེད་སངས་རྒྱས་རྣམས་ཀྱིས་མཆོད། །མཆོད་སྒོམ་བྱེད་པ་དེ་ནི་འབྲས་བུ་སངས་རྒྱས་གསུངས། །རྡོ་རྗེ་རྣལ་འབྱོར་ནང་གི་བདག་ཉིད་གཉིས ་སྦྱོར་བས། །དེ་ཕྱིར་རྡོ་རྗེའི་མཆོད་པས་མཁས་པ་རྣམས་ཀྱིས་མཆོད། །ཡེ་ཤེས་ལྔ་འཕྲོས་སངས་རྒྱས་འགྲུབ་འགྱུར་ཐེ་ཚོམ་མེད། །གང་ཞིག་རྣལ་འབྱོར་ལྟ་བ་སྤྲུལ་པའི་འཁོར་ལོ་ལ། །བནདུ་ཀ་ཡི་འབྲས་ལྟར་པད་དྲུག་གེ་སེར་དབུས། ། ཎི་སུ་ཏྲི་པྲེ་བུ།། ་ཀ་རིགས་དྲུག་འགག་ཕྱིར་བསྒོམ། །དབུས་སུ་ཁོང་སྟོང་ཡིག་འབྲུ་དྲུག་པོ་རིམ་གྱིས་ནི། །ཀ་ལ་ཐིམ་པས་སེམས་ཉིད་འགག་སྟེ་སྐྱེ་བ་མེད། །སྒྲིབ་བྱ་སྒྲིབ་བྱེད་རང་སེམས་དྲི་མེད་དམིགས་པ་མེད། །རྒྱུད་རྣམས་འདུལ་ཕྱིར་གསུངས་ཏེ་རྣལ་འབྱོར་དོན་དམ་མིན། །སངས ་རྒྱས་ཐམས་ཅད་འགྲུབ་འགྱུར་རང་བཞིན་མཆོད་པ་ཆེ། །གནས་ཚན་ཉི་ཤུ་རང་གནས་ས་ལམ་རིམ་པ་ཐོབ། །དེ་ཕྱིར་དེ་ཉིད་གཞན་དུ་མི་ཚོལ་རང་ལ་གནས། །རྣལ་འབྱོར་དེ་ཉིད་མ་རྟོགས་འཁྱམས་ནས་ཅི་ཞིག་བྱ། །གལ་ཏེ་དེ་ཉིད་རྟོགས་ན་?་ཞིག་བྱ།། ་སྐལ་བཟང་བདག་ཉིད་རང་ལ་གྲུབ་ཅིང་དེ་ཉིད་ཐོབ། །གང་ཞིག་གང་གིས་སྦྱོར་བས་བརྟུལ་ཞུགས་ཅན་གྱིས་ནི། །གཉིས་མེད་བསམ་གཏན་ལ་ནི་སྨྱོན་པ་བཞིན་ཏུ་སྤྱོད། །ནམ་མཁའ་གོས་ཅན་ཡང་ན་རྣལ་འབྱོར་དེ་མིན་པ། །ལུས་ལ་ཡི་དམ་ལྷ་གནས་རང་བཞིན་དེ་ཉིད ་སྒོམ། །ཟླ་བ་དྲུག་ཏུ་དག་བསྡམས་མཁའ་འགྲོ་རྣམས་དང་ཕྲད། །ཡེ་ཤེས་འོད་འཕྲོས་རྣལ་འབྱོར་སངས་རྒྱས་རྣམས་དང་མཉམ། །སྒྱུ་མ་མཁན་ལྟར་འདུལ་མཆོག་འགྲོ་བའི་དོན་མཛད་དོ། །དེ་ཉིད་བདེ་བསྒོམ་པའི་རྗེས་སུ་འབྲང་བའི་རྣལ་འབྱོར་སྒོམ་པའི་གདམས་ངག ་ཅེས་བྱ་བ། སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། སྲ་བ་པ་རིཙྪ་ད་ན་ནཱ་མ།། བོད་སྐད་དུ། འཛག་པ་གཅོད་པའི་མན་ངག་ཅེས་བྱ་བ། །ཡུམ་དོན་གྲུབ་མ་ལ་ཕྱག་འཚལ་ལོ། །རྐྱེན་དང་རྒྱ་མཚོ་རྒྱས་པ་དང། །གྲང་བ ་སྤྱོད་ལམ་ཉེས་པ་སྟེ། །ཁ་ཟས་བྱིན་བརླབས་དམ་ཚིག་གིས། །གྲང་བ་འཛག་པ་ཆུ་རྒྱུན་བཟློག། རྡོ་རྗེའི་རྐེད་པར་ངར་དཀར་བསྒྲིལ། །དར་གྱི་སྐུད་པས་དམ་པར་བཅིང། །གཡས་གཡོན་ར་དག་རབ་ཏུ་སྤྲུགས། །བསམ་གཏན་ལྟེ་བར་གཏད་པར་གྱིས། །རྣམ་སྣང་སྒོ ་རུ་སྐུ་ཡིག་སྒོམ། །རྒྱུན་གཅོད་སྔགས་ནི་ཞལ་ནས་ལོངས། །ཟླ་བ་རྒྱས་ན་རྒྱ་མཚོ་ལུང། །ཁ་བྲག་བརྒྱད་ལ་ཆུ་རྒྱུན་འཛག། གཾ་གཱའི་རྒྱུན་བཟློག་རྣལ་འབྱོར་ཀྱེ། །མི་ལྟུང་ཚེ་རིང་བདེ་བ་ཐོབ། །རྡོ་རྗེའི་སྤྱི་བོར་དྲག་སེར་བསྒོམ། །ཧྲཱིཾ་ཏྭཱིཾ་ཧཱུཾ་གིས་ཐིག་ལེ་འདྲ། །སྟེང ་རླུང་བཅིངས་ནས་བཞག་པ་ལྟར། །གཡས་སྐོར་གཡོན་སྐོར་རྩ་ལ་གྲམ། །རྒྱ་མཚོ་གྲང་བ་མེ་ཡིས་བསྲེ། །བཅུད་ལེན་སྨན་གྱི་སྦྱོར་བ་བྱས། ། རུ་གསེར་མདོག་འོ་མར་བསྐོལ། །ཚ་བ་གསུམ་དང་ཅོང་ཞི་བསྲེ། །བཅུད་ཅན་ཟས་དང་སྦྱར་ལ་བཟའ་། །ན་པའི་ས་རུ་མུ ་སྡུག་དང། །བེམ་བརྟོལ་བརྒྱ་དང་རྩ་བརྒྱད་བརྒྱབ། །མར་སྐོལ་རས་བལ་མེ་རྩ་གདབ། །གྲང་འདོན་པགས་པ་རྐེད་ལ་དཀྲི། །ལྷ་སྲུང་ལོག་ན་གདོན་གྱིས་རྐྱེན། །རྒྱ་མཚོ་མ་ཐུབ་འཛག་པ་ལ། །རང་འབྱུང་མེ་ཏོག་གུ་གུལ་ནག། ཡུངས་ཀར་ཐལ་བ་མི་ཀླད་བསྲེ། །ཧ་བུའི ་སྔགས་བཟླས་རྡོ་རྗེ་བྱུག་།དོག་པ་ནག་བོས་བཅིང་བར་བྱ། །དྲག་པོའི་སྤྱོད་ལམ་བཟླས་བྱས་ནས། །བུབ་པའི་རླུང་བཅིར་ཧཱུཾ་ཕཊ་འདྲེན། །རྣལ་འབྱོར་ཁ་ཟས་ཉམས་ན་ནི། །སེའུའི་ཤུན་པགས་འོ་མར་སྐོལ། །ཁར་བཏབ་འཐུངས་འགག་པར་འགྱུར། །དམ་ཚིག ་ཉམས་ནས་རྒྱུ་བ་ལ། །མཆོད་དང་གཏོར་མ་བྱིན་བརླབས་ཞུ། །གཞན་དུ་ཐམས་ཅད་རྣལ་འབྱོར་ལ། །ཡོད་པ་དག་ནི་མ་ཡིན་ནོ། །འཛག་པ་གཅོད་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཏི་ཐི? ་