| Wylie | e-texts based on the ACIP/ALL Input |
རྟོག་བྲལ་འགྱུར་བ། །རྒྱུ་འབྲས་ཆོས་ཀྱི་རྟོག་པ་སྤངས། །ལུས་ཀྱི་དགོན་པ་བརྟན་འགྱུར་བས། །བདག་གཞན་གཉིས་མེད་དོན་རྟོགས་ཏེ། །དུར་ཁྲོད་ཀྱི་ནི་འཇིགས་པ་སྤངས། །ཧ་རི་ཙན་དྲ་ནམ་མཁའ་ཨི་དབྱིངས། །དྲི་ཟའི་གྲོང་ཁྱེར་ལོངས་སྤྱོད་བྱེད། །གཞི་ལམ་འབྲས ་བུ་བླ་མ་བསྒོམ་པའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཞེས་བྱ་བ། སློབ་དཔོན་པཾ་ཀ་ལས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ནཱ་ད་བིནདུ་དྭ་རེ་ཡོ་གི་ནི་ཙརྱ་ནཱ་མ། བོད་སྐད་དུ། རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཞེས་བྱ་བ། ཡུམ་བདག ་མེད་མ་ལ་ཕྱག་འཚལ་ལོ། །བདག་ནི་མདོག་སྡུག་འཕྱོན་མ་མིན། །དབྱིབས་ལེགས་འབྱོན་མའང་མ་ཡིན་ཏེ། །དགྱེས་རྡོར་སྤྱོད་པའི་དགེ་སྦྱོང་གིས། །དེ་ནི་བདག་གི་བདག་པར་འགྱུར། །བདག་ནི་མཚམས་སུ་འཕུང་བར་འགྱུར། །བྷརྦྷ?་པ་ཡིས་མཚམས་སུ་བཅོམ།། ་དེ་ནི་བདག་གིས་ཇི་ལྟར་བྱ། །ཕྱོགས་བཞིར་བལྟས་ན་ཐར་པ་མེད། །ཐམས་ཅད་བལྟས་པས་ནམ་མཁའ་ཨི་དབྱིངས། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནདྷ་པ་ཡིས་མཚམས་སུ་བཅོམ། །ད་ནི་སྟོང་པའི་དེ་ཉིད་རྟོགས། །སྨྲོས་དང་སེམས་ཁྱོད་ཅི་རྟོགས་ན། །དེ་དོར ་གཞན་ཅིག་འགྲོ་བར་བྱེད། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནདྷ་པ་ཡིས་མཚམས་སུ་བཅོམ་།ད་ནི་དུར་ཁྲོད་དགོན་པ་རུ། །དེ་རུ་བདག་ནི་གནས་པར་བྱེད། །རི་སྦྱོང་བ་ཡི་གནས་དག་ཏུ། །སྐྱེ་རྒའི་རྒྱུན་ནི་བཅད་ནས་གནས། །བདག་ནི་མཚམས་སུ་འཕུང་བར ་འགྱུར། །བྷནདྷ་པ་ཡིས་མཚམས་སུ་བཅོམ། །བྷནདྷ་མཁས་པ་ཆེན་པོ་དེས། །སྣ་ཚོགས་སེམས་ནི་གར་བྱེད་པ། །དེ་ཡི་རང་བཞིན་དབང་དུ་འདུས། །བདག་ནི་མཚམས་སུ་འཕུང་བར་འགྱུར། །བྷནདྷ་པ་ཡིས་མཚམས་སུ་བཅོམ། །རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད ་པ་ཞེས་བྱ་བ། སློབ་དཔོན་ཌོཾ་བི་བས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཨཀྵ་ར་དྭི་པ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཡི་གེ་གཉིས་པའི་མན་ངག་ཅེས་བྱ་བ། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །རིག་བྱེད་དང་ནི་བརྟུན་ཤིང ་ཡིན། ཛE་དང་མུ་སེལ་བརྟུན་བརྡུངས་ཡིན། །ས་མ་བྷེ་དང་བརྟུན་དུ་བྱས། ། ཐར་ཤིལ་མས་ཕྱག་རྡར་བྱས། །ཀྱེ་འོ་བདག་གི་བརྟུན་འདི་ནི། །བླ་མ་དམ་པའི་བཀའ་དང་བརྡུངས། །བླ་མ་དམ་པའི་མན་ངག་དང། །དྲངས་ཤིང་རྐང་པས་བརྡེག་པར་བྱེད། །དངོས ་པོའི་རང་བཞིན་སྤྱོད་པ་ན། །ལྟ་བ་དྲུག་ནི་སངས་རྒྱས་པའི། །ལམ་འདི་བདག་གིས་དང་དུ་བླངས། །ཀྱེ་མ་རྩེ་གཅིག་སེམས་ཀྱིས་བརྡུངས། །འདི་ལྟར་འབྲས་བུ་ནག་པོ་ལས། །བསོད་ནམས་བརྡེག་པ་གཉི་ཀ་ཡི། །བསྣུན་པས་སྙིགས་མ་ཟད་འགྱུར་ཏེ། །རང་སེམས་སྟོང་ཕ ་ཉིད་དུ་ལུས། །ཀྱེ་འོ་བདག་གི་བརྟུན་བརྡུངས་ཡིན། །ཉི་ཟླ་གཉིས་ནི་འགྲམ་ཤིང་བྱས། །རྐང་པའི་རྟུན་ནད་བདག་གིས་གནས། །འདི་ནི་ལྐུག་པའི་རྨི་ལམ་འདྲ། །ཇི་ལྟར་གང་ལ་སྨྲ་བར་བྱེད། །ཀྱེའོ་བདག་གི་བརྟུན་ཤིང་ནི། །ནམ་མཁའ་ཨི་ཧེ་དང་ཧཱུཾ་སྒྲ་སྒྲོགས། །སྲིད་པའི་ངེས ་པ་གཉིས་སྤངས་ཏེ། །ཉིན་མཚན་སྐད་ཅིག་རེ་རེ་ལ། བརྟུན་དང་མཉམ་པ་ཉིད་དུ་གནས། །ཡི་གེ་གཉིས་པའི་མན་ངག་ཅེས་བྱ་བ། །སློབ་དཔོན་ཌེཾ་བིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ་། ཨ་ནུ་ཡོ་ག་ཏ་ཏྭ་བྷ་པ་ན་ཨཥྞ་དེ་ཤ་ཡི་ནཱ་མ། བོད་སྐད་དུ། ་དེ་ཉིད་བདེ་བ་སྒོམ་པའི་རྗེས་སུ་འབྲང་བའི་རྣལ་འབྱོར་སྒོམ་པའི་མན་དག་ཅེས་བྱ་བ། །རྫོགས་པའི་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྙིང་གར་ཁ་སྦྱོར་པདྨའི་དབུས་སུ་ནི། །སེམས་ཉིད་ཕྲ་ཞིང་རབ་གསལ་ཁྱབ་པ་ཉམས་དང་ལྡན། །ཁམས་གསུམ་ཐམས ་ཅད་ཉེ་བར་གཉིས་མེད་ཐོབ་འགྱུར་བ། །མཉམ་ཞིང་གཉིས་མེད་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ་།གཡོ་འགྱུར་དབང་པོའི་རྟ་རྒོད་ནང་དུ་ཐིམ་པ་དེ། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཡང་དག་སྣོད་དུ་ནི། །མཁས་པས་གཉིས་མེད་ཐོབ་འགྱུར་མྱུར་མའི་དོན་རྟོགས་པས། ་དཔལ་ལྡན་དྲི་མེད་ནམ་མཁའ་ལྟར་ནི་ལྟ་བ་གྲུབ། །སངས་རྒྱས་རྗེས་དྲན་རྣལ་འབྱོར་ཆོས་ཀྱི་དབྱིངས་ལ་ནི། །ཆོས་དང་ཆོས་ཉིད་བསྒོམས་པས་ཆོས་སྐུའི་རང་བཞིན་ཐོབ། །དེ་ཉིད་དྲན་ཚོར་རིག་པ་མེད་འགྱུར་ཡེ་ཤེས་མཐོང། །ཤིན་ཏུ་བསྒོམས་པའི་དགོས་པ་འོད་གསལ་ཡིད ་