| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཙིཏྟསྱ་སཾ་པྲ་དྷ་ཡ་བྱཱ་པ?་ནཾ་ནཱ་མ། བོད་སྐད་དུ། སེམས་ལ་གྲོས་འདེབས་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དཔའ་བོ་དཔའ་མོ་འབྱུང་པོ་རྣམས་ཀྱིས་བསྐོར་བྱས་པའི། །དཔལ་ཆེན་ཧེ་རུ་ཀ་ཡི་ཞབས་ལ་ཕྱག་འཚལ་ནས། །ཁམས ་གསུམ་སེམས་ཅན་རྣམས་ཀྱི་སྒྲིབ་པ་བསལ་པའི་ཕྱིར། །བདག་གཞན་རྣམས་ཀྱི་དོན་དུ་སེམས་ལ་ཕན་པའི་གྲོས་འདེབས་བྱ། །འདོད་པ་པདྨའི་ཆུ་ལྟར་རིག་ནས་སེམས་ཉིད་ཀྱི། །བླ་མེད་ལྟ་བསྒོམ་འབྲས་བུ་ཁྱོད་ཀྱིས་དྲན་པར་གྱིས། །དེ་ཡིས་དཔལ་ལྡན་ཞལ ་མཐོང་གཉིས་མེད་དོན་རྟོགས་ཏེ། །དེ་ཕྱིར་ཉམས་ལེན་བརྩོན་པས་ཕྱག་རྒྱ་ཆེན་པོ་ཐོབ་པའི་ཕྱིར། །སྣ་ཚོགས་གཟུགས་སྒྲ་སོགས་ལ་མ་ཆགས་མ་ཞེན་ན། །འཁོར་བར་མི་གནས་རྒྱུ་མེད་མྱ་ངན་འདས་པ་ཐོབ། །པདྨ་བཞི་མཛས ་མངོན་སུམ་མིག་གི་དབང་པོ་དང། །སྒྲ་བརྙན་རྣ་བ་ཉམས་ཤིང་སེམས་ཉིད་རྨོངས་འགྱུར་པས། །ཀྱེ་མ་ཞེ་སྡང་ཕྲག་དོག་དུག་ནི་ཅི་ཕྱིར་འཛིན། །སྐྲ་དཀར་གཉེར་མ་ལ་སོགས་ཁྱོད་ཀྱིས་མཐོང་གྱུར་ཀྱང། །ཡོངས་སུ་འཆོལ་བའི་ཞེན་པས་ཉེས་པ་སྐྱོན་གྱིས ་བཅིངས། །རབ་འབྲིང་ཐ་མའི་སྤྱོད་ལམ་འདོད་ཆགས་ཞེ་སྡང་གིས། །མཁས་བཙུན་མངོན་པའི་ང་རྒྱལ་འཁོར་བའི་གནས་སུ་འཁྱམ?། །ཡི་དགས་ལྔ་མིན་དུད་འགྲོ་ལ་སོགས་སྡུག་བསྔལ་མང། །དེ་ཕྱིར་ཕྲག་དོག་སྤངས་ལ་རང་ཉིད་དམིགས་པར་གྱིས། །ལྷ་དང ་ཀླུ་དང་མི་རྣམས་བདེ་བར་གྲངས་མང་ཐོབ་གྱུར་ཀྱང། །སེམས་ཀྱི་རྒྱལ་པོ་འདོད་པས་མི་དོམས་ངོ་མཚར་ཆེ། །གཉེན་བྲལ་སྡུག་བསྔལ་མཆི་མ་རྒྱ་མཚོ་བས་ཀྱང་ལྷག་།དུར་ཁྲོད་གནས་ཀྱི་ཀེང་རུས་བསགས་པ་རི་དང་མཉམ། །འདོད་པའི་རྨ་ཕྱུང་འཁྲུགས་པའི་ཁྲག་ནི ་མཚོ་དང་འདྲ། །ཀྱེ་མ་སེམས་ཀྱེ་རྒྱལ་པོའི་རྣལ་འབྱོར་ཅི་ཕྱིར་སྲིད་མི་སྤོང། །མི་ལུས་འདོད་བྱ་ཁོམ་ལྡན་ཡང་དག་ཐོབ་བྱས་ནས། །དངོས་པོ་རྣམས་ནི་ཆུ་བུར་ལྟ་བུར་བརྟགས་བྱས་ལ། །ཁྱོད་ཀྱིས་བདག་གཞན་རྣམས་ལ་ཇི་སྲིད་ཕན་པར་གྱིས། །འཁོར་བའི་འདམ་ལ ་བྱིང་འགྱུར་ཐར་པ་ཤིན་ཏུ་དཀའ་། །དམྱལ་བའི་སྡུག་བསྔལ་དུ་འབོད་ཚ་གྲང་སྲེག་ཅིང་བཅིར། །སྲེད་པས་ཕྲག་དོག་ཡི་དགས་བཀྲེས་སྐོམ་སྐྱེ་འགྱུར་ལ། །སྙིང་རྗེའི་གནས་ཐོབ་དུད་འགྲོ་ཕན་ཚུན་ཞེ་སྡང་ཆེ། །ལྷ་ཡང་གནས་ནས་ལྷུང་འགྱུར་མི་རྣམས་སྡུག་བསྔལ ་མང། །དེ་ལྟར་འགྲོ་པའི་སྡུག་བསྔལ་ཁྱོད་ཀྱིས་དྲན་བྱོས་ལ། །དོན་དམ་ཀུན་རྫོབ་ཐ་སྙད་སྣ་ཚོགས་སྤང་བར་གྱིས། །ལོངས་སྤྱོད་སྤྲིན་ཆུང?་གློག་ལྟར་རྣམ་པར་གཡོ་བར་འགྱུར། །ཚེ་ནི་རླུང་གིས་བསྐྱོད་པའི་པདྨའི་ཆུ་ལྟར་འཇིག། ལང་ཚེ་རྣམས་ནི་མི་རྟག་དེ་ལྟར་བལྟས་བྱས་ནས ་མཁས་པ་རྣམས་ནི་མྱུར་དུ་ནགས་སུ་འགྲོ་བར་གྱིས། །འཁོར་བའི་འདོད་པའི་གཉེན་བཤེས་ཆགས་པས་ཕྲག་དོག་སྐྱེ། །མཐར་ཡང་གཤིན་རྗེའི་གནས་འགྲོ་རྒྱལ་བ་ཐོབ་མི་འགྱུར། །ཁྱོད་ཀྱིས་དེ་ལྟར་ཤེས་ན་ཐར་པའི་ལམ་ཐོབ་པོ། །མི་ལུས་དམ་པ་ཡང་དང་ཡང་དུ་ཐོབ་པ ་དཀའ་། །དཔེར་ན་རྒྱ་མཚོའི་ཆུ་རླབས་རླངས་སྣང་ཟླ་བའི་གཟུགས་བརྙན་དང། །རྨི་ལམ་མིག་འཕྲུལ་འཁྲུལ་སྣང་སྣ་ཚོགས་བསྒོམ་བྱེད་ན། །འཁོར་བའི་ཞགས་པས་བཅིངས་གྲོལ་རྒྱ་ལ་བྱ་བཞིན་ནོ། །དེ་ཕྱིར་སེམས་ཉིད་མ་ཆགས་མ་ཞེན་ཉམས་ལེན་གྱིས། །འཁྲུལ ་ཟད་གང་ཞིག་རྣལ་འབྱོར་བདེ་བ་ཐོབ་པ་དེས། །སེམས་གསལ་ཡལ་ག་བརྒྱ་ཡི་སངས་རྒྱས་འབྲས་བུ་ཐོབ། །སེམས་ཀྱི་གྲོས་འདེབས་ཞེས་བྱ་བ། སློབ་དཔོན་ཨ་ཛོ་ཀྱིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། སྠ་ན་མརྒ་ཕ་ལ་མ་ཧཱ་མུ་དྲ ་