CLOSE WINDOW

N2024: theg pa chen po'i gnas lugs gtan la 'bebs pa zhes bya ba
Wyliee-texts based on the ACIP/ALL Input

མེད་རྟོགས། །དེ་ལྟར་རྟོགས་པས་རང་གྲོལ་འགྱུར། །རིན་ཆེན་ཕྲེང་བཞེས་བྱ་བ། སློབ་དཔོན་སི་ལ་ཡ་ལིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཀུ་རུ་ཎ་ཨ་བྷེཥྛཱ་ན་བྷ་བ་རྣ་ནཱ་མ། བོད་སྐད་དུ། སྙིང་རྗེ་སྒོམ་པའི་བྱིན་བརླབས ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་བྱིན་བརླབས་ཐོབ་གྱུར་པས། །སྐད་ཅིག་གཅིག་ལ་མཉམ་པར་རྟོགས། །རྒྱུད་སྡེ་རྣམས་ལ་མི་གསལ་བས། །སྙིང་རྗེ་སྒོམ་པའི་ཉམས་ལེན་བཤད། །རྣལ་འབྱོར་དེ་ཉིད་དྲན་བྱས་ནས། །མཚན ་བཅས་མཚན་མེད་རང་བཞིན་གྱི། །སྙིང་གའི་དབུས་སུ་ཐིག་ལེ་ནི། །མུན་པའི་རབ་རིབ་བསལ་གྱུར་པ། །ཟླ་རྩེའི་སྟེང་དུ་བསམ་པར་བྱ། །རང་བཞིན་བདག་པོ་རོལ་མཛད་པ། །དྲག་པོའི་གཟི་བརྗིད་ཕྲེང་བར་བརྒྱན། །ཧེ་རུ་ཀ་དཔལ་མགོན་པོ་ཆེ། །བདུད་བཞི ་ལས་ནི་རྣམ་པར་རྒྱལ། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་གནས། །བདེ་བ་ཆེན་པོ་དགའ་བའི་མཆོག། རོ་མྱངས་ལོངས་སྐུ་བྱང་སེམས་ལྡན། །ཡི་གེ་རྒྱུ་མེད་ཡང་དག་གསུངས། །ལྷ་སྒོམ་ཕྲེང་སྔགས་མཚམས་གཅོད་དང། །སྦྱིན་བསྲེག་ཀློག་སོགས་དགོས ་བ་མེད། །རྟོག་པ་རྣམས་ནི་སྡང་བྱས་ནས། །འཇིགས་མེད་སྙིང་རྗེ་བསྐྱེད་བྱས་ལ། །སློབ་མ་དང་ནི་བདག་ཉིད་ཀྱི། །སྙིང་གར་བསྒོམས་པས་ཡེ་ཤེས་ནི། །ཐམས་ཅད་མཁྱེད་དང་མཉམ་པར་འགྱུར། །དེ་ཉིད་རྟོགས་པས་ཡང་དག་ཕྲད། །རྫུ་འཕྲུལ ་བཞི་དང་ས་བཅུ་ཐོབ། །ནམ་མཁར་སྤྱོད་མི་སྣང་འགྲུབ། སྐྱེ་བ་དྲན་ཞིང་རང་སེམས་རྟོགས། །འདས་དང་མ་འོངས་ད་ལྟར་ནི། །རང་རིག་གཞན་རིག་ཐམས་ཅད་ཀྱི། །མགལ་མེའི་འཁོར་ལོ་བསྐོར་བ་ལྟར། །སྣ་ཚོགས་སེམས་ཀྱི་རང་བཞིན་གྱི། །ཉམས ་སྐྱེས་རྣལ་འབྱོར་གྲུབ་པ་ཐོབ། །སྙིང་རྗེ་སྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཏེ་ལོ་པས་མཛད་པ་རྫོགས་ཧོ?།། །།རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨ་བ་ཏ་རི་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་བྱ་བ། ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་བདག་ཉིད་ནི། །བདེ་ཆེན་རྒྱ་མཚོའི་བདུད་རྩི་ཡིས། །མཛའ་དབུས་མཉམ་པའི་ཚད་ནང་སེལ། །དགའ་བ་ཆེ་ལ་ཕྱག་འཚལ་ལོ། །ཐེག་པ་རྣམས་ཀྱི་མཆོག་གྱུར་པ། །ཤེས་དང་ཤེས་བྱའི་ཡེ་ཤེས་ནི། །གཞན་ལ་ཕན ་ཕྱིར་རང་ལ་ནི། །བདག་གིས་གཏན་ལ་དབབ་པར་བྱ། །འཛིན་དང་འཛིན་བྱའི་རིག་པ་ནི། །སོ་སོའི་ལས་དང་རྣམ་པར་ལྡན། །དངོས་པོ་གཟུགས་ཅན་འཆིང་བའི་རྒྱུ། །ཕྱི་དང་ནང་གི་གཟུགས་མེད་པས། །དེ་ཉིད་མ་གྲུབ་གཉིས་མེད། །གང་ཞིག་འཛིན་པ་གཟུགS ་ཡིན་ཏེ། །འཛིན་པ་མེད་པས་དེ་ཉིད་དོ། །དེ་ནི་དམ་པའི་ཡེ་ཤེས་ཏེ། །ལྷུན་གྲུབ་ཁ་དོག་དབྱིབས་དང་བྲལ། །མཁས་པ་རྣམས་ཀྱིས་རང་རིག་རྟོགས། །གང་ཞིག་རིག་པ་སྟོང་པ་དེ། །སྟོང་པ་མིན་ལ་རིག་པ་མིན། །འདི་དག་ཐམས་ཅད་རང་འགག་གོ་།བདེན་གཉིས་བྲལ ་པའི་རྣལ་འབྱོར་གྱིས། །སྟོང་ཉིད་རིག་པའི་ལྟ་བ་འདི། །སྙིང་རྗེ་ཆེན་པོའི་ཤེས་རབ་པོ། །རྫོགས་པའི་རིམ་དང་ལྷ་སྒྲུབ་སོགས། །རྒྱུད་རྣམས་ཀུན་ལས་གསུངས་པས་ཀྱང། །དེ་ཉིད་དོན་དམ་ཡེ་ཤེས་མིན། །དོན་དམ་ཡེ་ཤེས་སྟོབས་ཀྱིས་ནི། །རྫོགས་པའི་ལྷ་ནི་གྲུབ་བར ་འགྱུར། །དེ་ཕྱིར་བདག་ནི་རྔོ་ཁནདྷིས?། །བློ་དམན་རྣམས་ཀྱི་ཡུལ་མིན་བ། །དོན་དམ་ཀུན་རྫོབ་གཉིས་མེད་བཤད། །ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་རྡོ་ཁནདྷིས་མཛད་པ་རྫོགས་ཤོ?།། །། ་རྒྱ་གར་སྐད་དུ། ཙིཏྟསྱ་སཾ་པྲ་དྷ་ཡ་བྱཱ་པ?་ནཾ་ནཱ་མ། བོད་སྐད་དུ། སེམས་ལ་གྲོས་འདེབས་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དཔའ་བོ་དཔའ་མོ་འབྱུང་པོ་རྣམས་ཀྱིས་བསྐོར་བྱས་པའི། །དཔལ་ཆེན་ཧེ་རུ་ཀ་ཡི་ཞབས་ལ་ཕྱག་འཚལ་ནས། །ཁམས ་གསུམ་སེམས་ཅན་རྣམས་ཀྱི་སྒྲིབ་པ་བསལ་པའི་ཕྱིར། །བདག་གཞན་རྣམས་ཀྱི་དོན་དུ་སེམས་ལ་ཕན་པའི་གྲོས་འདེབས་བྱ། །འདོད་པ་པདྨའི་ཆུ་ལྟར་རིག་ནས་སེམས་ཉིད་ཀྱི། །བླ་མེད་ལྟ་བསྒོམ་འབྲས་བུ་ཁྱོད་ཀྱིས་དྲན་པར་གྱིས། །དེ་ཡིས་དཔལ་ལྡན་ཞལ ་