CLOSE WINDOW

N2017: rdo rje mkha' 'gro ma'i rdzogs pa'i rim pa
Wyliee-texts based on the ACIP/ALL Input

པའི་གནས་ལ་རྣལ་འབྱོར་ཐིམ། །ཐམས་ཅད་ནུབ་པས་སྟེང་འོག་ལམ་འགགས་པས། །གནས་ཀྱི་ཉམས་ཀྱིས་འཁོར་བ་མྱ་ངན་འདས། །དེ་ནི་རྣལ་འབྱོར་བླ་མའི་དྲིན་གྱིས་རྟོགས། །ཉིན་མཚན་བླ་མ་སྤྱི་བོར་བསྒོམ་བྱས་ནས། །ལྷན་ཅིག་སྐྱེས་? ་ཉིད་དུ་གནས་འགྱུར་བ། །ཡང་ནས་ཡང་དུ་ནམ་མཁའ་ཨི་བདུད་རྩི་རྫུབ?། །རྗེས་འབྲང་བཀུར་སྟི་དྲི་མེད་སྐུ་ཐོབ་པས། །ཀ་བ་གཅིག་ལ་གཞལ་ཡས་སྒོ་དགུ་སྟེ། །ལམ་གྱི་རྒྱུ་ལུས་བདག་གིས་གཅིག་ཏུ་རྟོགས། །དེ་ཡིས་བདུད་བཞི་བར་གཅོད་སེལ་བར་འགྱུར། །དེ་ཕྱིར་དགེ་སྦྱིན་ཁྲིམས ་སོགས་དགོས་མི་འགྱུར། །དགེ་སྦྱོང་ཆོས་སྨྲས་ལྷ་ཉིད་བསྒོམ་པ་དེ། །ཆོས་ཀྱི་རི་ནི་སུས་ཀྱང་རྟོགས་པ་མེད། །སྐུ་གསུམ་བརྟན་པར་འདོད་ན་རྣལ་འབྱོར་ཀྱེ། །ཕྱི་ནང་བྱང་ཆུབ་སེམས་ཀྱི་རླུང་ཉིད་སྒོམས། དུག་ལྔའི་ཡན་ལག་བཅད་བས་མྱུར་དུ་ནི། །བྱང་ཆུབ་སེམས་ཀྱི་ལམ་ལ་ལེགས་པར ་འཇུག། རྣལ་འབྱོར་བསྟན་པ་ཐོབ་སྟེ་སྐྱེ་མི་འགྱུར། །རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་ཙོར་གྱིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐོད་དུ། །བཛྲ་ཌཱ་ཀི་ནི་ནི་ཤྱནྣཱ་ཀྲ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ། རྡོ་རྗེ་ཕག་མོ་ལ་ཕྱག ་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་གཞུ་རུ་ཐོགས། །དངོས་པོ་ཐམས་ཅད་འབེན་དུ་བཙུགས་།གཉིས་སུ་མེད་པའི་མངའ་ཡིས་བརྒྱབ། །སྒོམ་དང་སྒོམ་རྒྱུ་དམིགས་པ་མེད། །བསྣུན་པས་སྐྱེ་བ་དམིགས་མ་གྱུར། །བདག་གཞན་གཉིས་ཀྱི་མཛའ་ཡང་བཅད། །གཉིས་སུ་མེད་པའི་མདའ་ཡིས་བརྒྱལ ་སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །སྟོང་པའི་གཞུ་ནི་བཀང་བྱས་ནས། །ཤོག་མེད་མངའ་ནི་རྡེག་པར་བྱེད། །བསད་དང་བསང་བྱ་གཉིས་ཀ་མེད། །གཉིས་སུ་མེད་པའི་མདའ་ཡིས་བརྒྱག་།སྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །ནམ་མཁའ་ཨི་ཆོ་འཕྲུལ་ཆེན་པོ་ཡིས། །ཆོས་ཉིད་ཐམས་ཅད ་བསྡུས་བྱས་ནས། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །སྒོམ་དང་སྐོམ་རྒྱུ་གཉིས་ཀ་མེད། །བི་རླུས་འདི་ལྟར་འཁོར་བྱས་ནས། །གཅིག་ནས་ཉི་ཤུའི་བར་དུ་ནི། །དངོས་པོ་ཅིང་ཡང་ཞུགས་པ་མེད། །ཡི་གེ་སྟོང་པ་གསོས་སུ་བྱིན། །གཉིས་སུ་མེད་པའི་མདའ་ཡིས་བརྒྱག་།སྒོམ་དང་སྒོམ་རྒྱུ ་གཉིས་ཀ་མེད། །རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ་ཞེས་བྱ་བ། སློབ་དཔོན་པི་རཱུ་པ་ནས་བརྒྱུད་པ། སློབ་དཔོན་བྷི་ན་པས་མཛད་པ་རྫོགས་ཤོ།། །།།རྒྱ་གར་སྐད་དུ། ཙ་ཏུ་རློག་བྷ་བཱ་ན་ནཱ་མ། བོད་སྐད་དུ། རྣལ་འབྱོར་བཞིའི་ཉམས་ལེན་གྱི་ཐབས་ཞེས་བྱ་བ། དཔལ་རྡོ ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སེམས་དང་སེམས་ཉིད་རྒྱུ་མེད་དེ། །བསྒྲུབ་བྱ་སྒྲུབ་བྱེད་ཐིག་ལེའི་ངོ། །འབྲས་བུ་མ་གྲུབ་མྱ་ངན་འདས། །དཔལ་ལྡན་དཔའ་བོ་ཡི་གེ་མེད། །ལྟེ་བར་གསང་བའི་གེ་ལར་ལ། ཨ་ལི་ཀཱ་ལི་ལ་བརྟྟན་ནས། །རྣལ་འབྱོར་བཞི་ཡི་ཉམས་ལེན་བཤད། ་ལྟེ་བ་ཡེ་ཤེས་འཁོར་ལོ་རུ། །རྩ་ནི་བརྒྱད་ཀྱི་ཐོག་བཏབ་ནས། །ཱ་འཕྲེང་ཀཱ་ཕྲེར་མཉམ་བསམས་ནས། །མཁའ་འགྲོ་བརྒྱད་ཀྱིས་མེ་ལྕེ་སྦར། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ནམ་མཁའ་ཨི་དབྱིངས་ཀྱི་འོད་ལས་ནི། །གཉིས་མེད་ཟུང་འཇུག་འཇིག་བྱས་པས། །དཔའ་བོ་རྣམས་ཀྱི ་?་ནས་རྒྱུ་།དེ་འགག་རྣལ་འབྱོར་མཚན་མ་མེད། །བརྟན་པའི་རྣལ་འབྱོར་གྲུབ་འགྱུར་བ། །སངས་རྒྱས་རྣམས་ཀྱིས་ལམ་ཐོབ། །ཱ་ལི་ཀཱ་ལིའི་རྣལ་འབྱོར་རོ། ། ཧོ་བཟླས་པའི་རྣལ་འབྱོར་བ། །དངོས་དང་དངོས་མེད་བྲལ་འགྱུར་བས། །ཕྱི་ནང་དུག་གི་རྣམ་པ་སལ། རྣལ་འབྱོར་འདི་ནི ་བརྟན་གྲུབ་ན། །ཟླ་བ་དྲུག་ནས་འགྲུབ་འགྱུར་བའི། །རྡོ་རྗེ་སེམས་དཔའ་དང་མཉམ་མོ། །དེ་ནི་རིག་པའི་རྣལ་འབྱོར་རོ། །སེམས་ཉིད་གནས་སུ་པདྨ་ནི། །མཉམ་པ་ཉིད་ནི་དམར་པོར་བསམ། །པད་འདབ་བཞི་ལ་ཐིག་ལེ་ནི། །དབུས་སུ་རྒྱུ་མེད་ཐིག་ལེ་ཡིན། །དེ་དག་རྣམས་ཀྱི་ཁ་རོག་རི། །ཤར་དུ་དམར ་དང་བྱང་དུ་སེར། །ནུབ་ཏུ་དཀར་དང་ལྷོ་རུ་གནག་།སྣ་ཚོགས་འོད་གསལ་དབུས་སུ་འགྲོ། །སྔར་བཤད་སྔགས་དང་བཅས་པ་ནི། །བསྒོམ་ན་རྣལ་འབྱོར་དབང་ཕྱུག་དེ། །སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས། །དེ་ནི་མཉམ་ཉིད་རྣལ་འབྱོར་རོ། །མི་སྐྱོད་ཆུ་དང་རྣམ་སྣང་དང། །ཕྱི་ནང་བདུད་རྩིས་ཡི་ནི། ་?་པའི་ཐབས་ཀྱིས་རྣལ་འབྱོར་ཀྱེ། ཏནྟི་བདག་གིས་གྲུབ་པ་ཐོག། །རྣལ་འབྱོར་བཞིའི་ཉམས་ལེན་ཅེས་བྱ་བ། སློབ་དཔོན་ཏནྟི་པས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ་པྲཛྙོ་པཱ་ཡ་བི་ནི་ཤ?་བ་ས་མུད་ཡཾ་ནཱ་མ། བོད་སྐད་དུ། ཐབས་དང་ཤེས་རབ་གཏན་ཨུལ་དབ ་