CLOSE WINDOW

N2015: rlung gi de nyid bsgom pa'i man ngag ces bya ba
Wyliee-texts based on the ACIP/ALL Input

བདེ་ཆེན་སྒོ་ངའི་རྩེ་ལ་ནི། །བྱང་ཆུབ་སེམས་ནི་འཇིག་པར་བྱ། །ལྟེ་བའི་བར་དུ་རྣལ་འབྱོར་ཀྱེ། །གཉིས་མེད་བདུད་རྩིས་བཀང་བྱས་ནས། །ཤེས་པ་བདེ་བའི་མཆོག་ཏུ་འགྱུར། །སྒོམ་པའི་སྤྱོད་ཡུལ་ཕར་མི་སྤྲོ། །སེམས་ནི་ཚུར་ལ་བཀུག་མི་བྱ། །དཔེར་ན་སྤྲུལ ་གྱི་མདུད་པ་བཞིན། །སེམས་ནི་རང་གྲོལ་གནས་པ་སྟེ། །དངོས་པོའི་བྱ་བ་བྲལ་འགྱུར་བ། །རྣལ་འབྱོར་ཡིད་ཀྱི་ཞེན་པ་མཆོད། །མི་ནཱ་བདག་གིས་རྟོགས་པས་གྲོལ། །བྱང་ཆུབ་ཀྱི་སེམས་བཅིང་བའི་མན་ངག་ཅེས་བྱ་བ། སློབ་དཔོན་མི་ན་བས་མཛད་པ་རྫོགས་ཤོ།། །། ་རྒྱ་གར་སྐད་དུ། བཱ་ཡུ་ཏཱ་ཏྭཾ་སྭ་བྷ་བཱ་ནོ་བ་དེ་ཤ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །གྷོ་ར་ཁ་ནི་བ་ལང་བསྲུང། །བརྫི་བ་ལང་འཆེ་བར་བྱེད། །འཚོ་བར་བྱེད་ཅིང་གཉིད་མེད་འགྱུར། །ཉི་མ་དང་ནི ་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་བར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟེས་པ་ངོ་མཚར་ཆེ། །གལ་ཏེ་རྒྱབ་ཀྱི་སྒལ་ཚིགས་སུ། །དྲག་ཏུ་བཅིངས་པས་རྣལ་འབྱོར་པས། །སྐད་ཅིག་ཙམ་གྱིས་ཁམས་སུ་གྲུབ། །ཉི་མ་དང་ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས ་བར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །ཤིང་བུ་གཏིང་དུ་ནུབ་པ་དང། །ཕ་བོད་གྱེན་དུ་འབྱུང་བར་འགྱུར། །དགའ་བས་བདག་ནི་བསྐུབས་སོ་ཞེས། །གྷོ་ར་ཁ་ནི་སྨྲ་བར་བྱེད། །ཉི་མ་དང་ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་པར་འགྱུར། །གྷོ་ར་ཁ་ནི ་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །ནོར་བུ་ཐམས་ཅད་རྡོ་རྗེས་འབིགས། །གྷོ་ར་ཁ་ཡི་རྣལ་འབྱོར་ནི། །བླ་མའི་དྲིན་གྱིས་གྲུབ་པ་ཡིན། །ཉི་མ་དང་ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་པར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ།། ་རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་གྷོ་ར་ཁས་མཛད་པ་རྫོགས་ཧོ།། །།རྒྱ་གར་སྐད་དུ། བཱ་ཡུ་ཏཏྟཝཾ་བྷ་བ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུར་ཁྲོད་མ་ནི་ལྷན་སྐྱེས་རྟོག་པ ་མེད། །ཕྲ་ཞིང་མི་དམིགས་རང་བཞིན་ཡིད་འོང་བ། །པདྨའི་དབུས་འགྱུར་སྣ་ཚོགས་རོལ་མཛད་དེ། །དུས་ཀྱི་སྟོབས་ཀྱི་དཔའ་བོ་གཉིས་མེད་པ། །ནམ་མཁར་ཁྱབ་ཅིང་ཐིམ་པར་དམིགས་པ་མེད། །མཉམ་པའི་བདེ་རྟོགས་སྐད་ཅིག་གཅིག་ལ་ནི། །ཁམས་གསུམ་གཡོ་ཞིང་བདེ ་ལྟ་རྟོགས་པ་སྟེ། །བླ་མའི་བཀའ་ཡིས་གང་ཡང་ལྷན་སྐྱེས་སོ། །བླ་མས་མ་རྟོགས་ལྷན་སྐྱེས་གཞན་དུ་མིན། །ཡོན་ཏན་རྣམས་ལ་ང་རྒྱལ་མ་བྱེད་ཀྱེ། །ལྷན་ཅིག་སྐྱེས་པའི་གཉིད་ལོག་མྱོས་འགྱུར་བ། །དམ་ཚིག་གླང་ཆེན་ལྟ་བུར་སྤྱོད། །དབང་པོ་སྒོ་དགུའི་སྔགས་ཀྱི་ལམ ་བཀག་པས། །བརྟན་པའི་བུམ་པས་དེ་ནི་མྱ་ངན་འདས། །པདྨའི་གེ་སར་རླུང་གི་འབྱུང་འཇུག་འདི། །བརྟན་པར་བཅིངས་ན་མགོན་པོ་འཆགས་པར་འགྱུར། །རླུང་ཉིད་ཐིམ་པས་མི་འགྱུར་ཁ་དོག་མེད། །འབྲེལ་མེར་དྲན་སེམས་ཉིད་ནི་སྟོང་པ་ལ། །སྒོམ་དང་སྒོམ་རྒྱུ་བསྒོམ ་བྱ་དེ་ལ་མེད། །གཡོ་བའི་སེམས་ཉིད་ཏིང་ངེ་འཛིན་གྱིས་ནི། །སེམས་ཀྱི་རྒྱལ་པོ་བརྟེན་མེད་མཁའ་ལ་ལྡིད། །མཉམ་པར་ནོན་ཅིག་ལུས་ཀྱི་འཁྲུལ་འཁོར་བྱ། །སེམས་ཉིད་བདེ་ཆེན་བཀྲམ་པས་མྱ་ངན་འདས། །གཏི་མུག་ཞགས་པ་བཅད་ཅིང་གཞན་དག་སྤོངས། །སྐད ་ཅིག་གཅིག་ལ་འཁོར་བའི་ཆགས་པ་བྲལ། །དེ་ཉིད་བཅིངས་པས་བྱ་བ་བྲལ་འགྱུར་བ། །འགྲོ་བ་དྲུག་དུ་ཡང་དག་སྐྱེ་མི་ལེན། གང་ཞིག་རྩ་སྒོར་མ་ཡེངས་གནས་པ་དེས། །དྲག་པོའི་རྐུན་མས་དེ་ལ་འཇིགས་པ་མེད། །གང་ཞིག་བརྫུན་པ་རྐུ་བརྫུན་ནི་མྱ་ངན་མེད། །སྔགས་ཉིད ་རང་གི་ལུས་ལ་གནས་པ་སྟེ། །བདེ་བ་ཐམས་ཅད་རྣལ་འབྱོར་དྲན་པར་གྱིས། །བདེ་བ་རྟོགས་པས་རྣལ་འབྱོར་སྐྱེས་འགྱུར་བ། །ཁྱིམ་གྱི་བདག་མོ་རང་ལུས་ཚིམ་གནས་ལ། །རླུང་གི་སེམས་ཉིད་པདྨའི་ཆུ་དང་འདྲ། །འབྱུང་བ་རྣམས་ནི་དེ་ཡིས་མྱོང་འགྱུར་པས། །དེ་ཕྱིར་གཡོ་བའི ་སེམས་ལ་རྣལ་འབྱོར་པའི། །སྒོ་དགུ་བཀག་ནས་ནན་ཏན་གྱིས། །རྣལ་འབྱོར་གྱི་ནི་གཏི་མུག་བཅད་བྱས་ལ། །གནས་ཀྱི་ཡོན་ཏན་རྟོགས་པར་ཆགས་མེད་འགྱུར། །སྤྲིན་ལྟར་མི་འཕྲུལ་རང་བཞིན་ཀུན་བརྟགས་ཀྱི། །གཏི་མུག་གནས་ཀྱི་གཏི་མུག་བསྲེགས་བྱས་ནས། །ལྷན་ཅིག་སྐྱེས ་