CLOSE WINDOW

N2006: de nyid brgyad kyi lta ba zhes bya ba
Wyliee-texts based on the ACIP/ALL Input

དཔོན་དྷེ་ཏ་ནས་མཛད་པ་རྫོགས་སྟོ།། །།*།།རྒྱ་གར་སྐད་དུ། ཏཏྟཝ་ཨཥྚ་ཀ་དྲིཤཊི་ནཱ་མ། བོ་ད་སྐད་དུ། དེ་ཉིད་བརྒྱད་ཀྱི་ལྟ་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་འདས་དངོས་པོའི་རྟག་པ་འདི། །གྲུབ་པ་མེད་ཆུ་ཟླ་བཞིན།། ་ཀུན་རྫོབ་ཐ་སྙད་བརྟེན་བྱས་ནས། །དེ་ཉིད་བརྒྱད་ཀྱི་ལྟ་བ་འཆང། །དྲི་བཅས་སེམས་ནི་འཁོར་བ་སྟེ། །ཐ་སྙད་དང་བྲལ་མྱ་ངན་འདས། །དཔེར་ན་སྤྲིན་མེད་ནམ་མཁའ་ནི། །གང་ལ་མི་གནས་ཕྱག་རྒྱ་ཆེ། །ིནྡྲ་བོ་དྷི་སྨྲ་བར་བྱེད། །འཁོར་པ་མྱ་ངན་འདས་པ་དང། །བོད་དང་སྡུག ་བསྔལ་གང་ཞིག་ཀྱང། །སེམས་ཀྱི་རྟོག་པས་སྲེག་པར་བྱེད། །དཔེར་ན་ག་བུར་མེ་བཞིན་ནོ། །དེ་ཕྱིར་རྣལ་འབྱོར་རྟོག་པ་ནི། །ཆུང་ཡང་ཀུན་ཏུ་སྦ་བར་བྱ། །སེམས་དང་སེམས་ཉིད་དངོས་པོའོ། །དངོས་པོ་ཐམས་ཅད་མི་གནས་པ། །དཔེར་ན་དྲི་ཟའི་གྲོང་ཁྱེར་བཞིན། །མི་གནས་མི ་འདས་འཁྲུལ་སྣང་ཡིན། །ིནྡྲ་བོ་དྷིས?་གཉིས་མེད་སྨྲས། །དེ་ནི་དབུས་མའི་དེ་ཉིད་དེ། །བདག་མེད་ཆོས་ཀྱང་རང་བཞིན་ལ། །ཐོག་མཛའ་ཨི་རང་བཞིན་དེ་ཉིད་དོ། །བདེ་གཤེགས་ལྟ་བ་དེ་ཉིད་དོ། །སྟོང་ཉིད་དོན་ཡང་ཤེས་པར་བྱ། །དངོས་མེད་དྲན་མེད ་བློ་འདས་སྨྲ། །དཔེར་ན་ཉི་མ་ཟླ་བ་དང། །ནམ་མཁའ་སྐར་མའི་འཁྲོ་ལོ་དང། །ས་དང་ཆུ་དང་རྒྱ་མཚོ་དང། །ཕྱོགས་དང་མཚམས་དང་དེ་ཡིན་ལ། །རི་རབ་ལ་སོགས་འཁྲུལ་སྣང་ཡིན། །ིནྡྲ་བོ་དྷི་སྨྲ་བར་བྱེད། །དེ་རྣམས་གང་ཡང་གྲུབ་པ་མེད། །གཉིས་མེད་དོན་ལ་ཉམས ་ལེན་གྱིས། །དེ་ཉིད་བརྒྱད་ཀྱི་ལྟ་བ་ཞེས་བྱ་བ། སློབ་དཔོན་ཨིནྡྲ་བོ་དྷི་ས་མཛད་པ་རྫོགས་སྟོ།། །།རྒྱ་གར་སྐད་དུ། ཅིཏྟ་ཀལྤ་པ་རི་ཧ་རི་དྲིཤཏི་ནཱ་མ། བོད་སྐད་དུ། །བོད་སྐད་དུ། སེམས་ཉིད་ཀྱི་རྟོག་པ་འཇོམས་པའི་ལྟ་བ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག ་