CLOSE WINDOW

N2001: bde sdug gnyis bral gyi lta ba zhes bya ba
Wyliee-texts based on the ACIP/ALL Input

པ། སློབ་དཔོན་ཀིར་པས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་དྲིཥཱི་ནཱ་མ། བོད་སྐད་དུ། སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྟོག་རྩེ་ཆོས་ཉིད་ནི། །ས་བོན་ནམ་མཁའ་ཨི་དབྱིངས་སུ་སྨོས། །བདག་མེད ་གཞོན་ནུའི་མགུལ་ནས་?། །གཉིད་སད་བྱེད་པ་ཉིད་དུ་གནས། །སྤོངས་ཤིག་དོར་ཤིག་བདག་རྨོངS་སོ། །ཀྱེའོ་བཅིངས་པ་མ་ལུས་པ། །ཤ་བ་རི་བདེ་ཆེན་བོར་རོལ། །སྟོང་པའི་བཙུན་མོ་འཁྱུད་བྱས་ཏེ། །ཀྱེའོ་ལུས་ངག་སེམས་སྨིན་ཏེ། །ཐམས་ཅད་དུ་ནི་བརྟགས་པ་ཡིས། །ཤ་བ་རི་ནི་མྱོས་པར ་འགྱུར། །དགའ་པའི་རྣམ་པ་ཐམས་ཅད་དུ། །ཤ་བ་རི་ནི་གཉིད་ལོག་ནས། །གཉིད་ནི་ནམ་མཁའ་ཨི་དབྱིངས་ལོག་།ཀྱེའོ་བདག་གི་ད་ཉིད་ནི། །ས་བོན་ནམ་མཁར་མཉམ་པར་སྨོས། །འབྲས་བུ་ནམ་མཁར་སྐར་ཆེན་ཤར། །སྤོངས་ཤིག་དོར་ཤིག་བདག་རྨོངས་སོ། །སྲིད་པས་བཅིངས་པའི་གླང་ཆེན་བསང། །? ་ལྔ་ཡི་གཏོར་མ་བྱས། །བདག་གི་སྡུག་བསྔལ་ཐམས་ཅད་སྤངས། །སྤོངས་ཤིག་དོར་ཤིག་བདག་རྨོངས་སོ། །ཉིན་མཚན་རྟག་ཏུ་གཉིད་མེད་པར། །རང་གི་སེམས་ལ་བྱར་བྱས། །དེ་ནས་སྐྱེས་པ་བུད་མེད་ནི། །གཅིག་ཏུ་དབེན་པར་སོང་སྟེག་ནས། །གཙོ་བོ་འཇིག་རྟེན་མགོན་དང་སྨྲ། །སྤོངས་ཤིག་དོར་ཤིག་བདག ་རྨོངས་སོ། །སྟོང་པའི་བཅུན་མོ་འཁྱུད?་བྱས་ཏེ། །ཤ་བ་རིན་བདེ་བ་ཆེན་པོར་གནས། །སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ། སློབ་དཔོན་ཤ་པ་རི་པས་གསུངས་བརྫོགས་ཤོ།། རྒྱ་གར་སྐད་དུ། སུ་ཁ་དུ་?་ཨ་དྷཡ་པ་རིརྱ་གྷཱ་དྲིཥྚི་ནཱ་མ?། འོད་སྐད་དུ། བདེ་སྡུག་གཉིས་བྲལ་གྱི་ལྟ་བཞེས་བྱ་བ། ཡུམ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྒོམ་ལས་འདས་པ་སྒྲུབ་རྒྱུ་མེད། །མཁན་པོ་རྣམས་ཀྱི་བདག་ཉིད་ཅན། །གྲུབ་ཐོབ་རྣམས་ཀྱི་བླ་མ་ལ། །ཕྱག་འཚལ་གཉིས་བྲལ་ལྟ་བ་བཤད། །རང་བཞིན་སྒོམ་རྒྱུ་མེད་པའི་ཕྱིར། །རྣལ་འབྱོར་སྒོམ་ལས་འདས་པ་ཡིན། །དངོས་དང་དངོས་མིན་གཉིས་དང་བྲལ ་དེ་ཕྱིར་ཀུན་རྫོབ་གྲུབ་པ་མེད། །དངོས་པོ་སྒོམ་མེད་དངོས་མེད་ཡིན། །རང་བཞིན་དབྱེར་མེད་རྒྱུ་ལས་འདས། ནམ་ཡང་རང་བཞིན་?་ཏེ། ཟུང་འཇུག་དགའ་བ་གཉིས་སུ་མེད། །དྲན་པ་དང་བྲལ་དྲན་མེད་དེ། །རྣལ་འབྱོར་པ་ཡི་འཁྲུལ་པ་ཡིན། །ཤེས་རབ་ཐབས་ཀྱི་ཟུང་འཇུག་ལ། །རྣལ་འབྱོར་གཞན་གྱི་དགོངས་པ ་ནི། དང་པོ་ཐབས་ནི་བསྒོམ་པའི་ཕྱིར། །མི་རྟོག་ཤེས་རབ་སྐད་ཅིག་ལ། །མ་གྲུབ་ཐབས་ཀྱང་འགྲུབ་མི་འགྱུར། །མཐོང་མིན་དེ་ནི་བསྒོམ་པ་མིན། །གང་ཞིག་ཐབས་ནི་སྒོམ་བྱེད་ན། །བླ་མའི་གདམས་ངག་ལྡན་པ་ཡིས། །ཡང་དག་ཕྱག་རྒྱ་ཐབས་ཉིད་ཀྱིས། །ཕྲ་ཞིང་རང་བཞིན་རབ་རྒྱུད། །ཡེ་ཤེས ་ཀུན་གྱི་བདུད་རྩི་འབབ། མཚོན་པའི་འོད་གསལ་སྐད་ཅིག་ལ། །བློ་ལྡན་བརྟན་པའི་སེམས་ཀྱིས་བསྒོམ། །བརྟགས་པས་མ་གྲུབ་རྟོགས་བྲལ་ཡིན། །དཔེར་ན་འགྲོན་པོ་ཡུལ་འགྲོ་བཞིན། །ཆོས་སྐུའི་མཚན་མར་སེམས་གཏད་པས། །རིམ་གྱིས་སླེབ་པས་དེ་ཉིད་མིན། །སྔར་བཞིན་མཚན་མ་མེད ་འགྱུར་བས། །རྣམ་རྟོག་དང་བྲལ་བདེ་ཆེན་འགྲུབ། །སྣ་ཚོགས་པ་ཡིས་རིག་པ་རྣམས། །རང་རིག་གཞན་གྱིས་རིག་མི་འགྱུར། །དེ་རྟོགས་ཉིན་མཚན་བདེ་ཆེན་མཉམ། །གཉིས་དང་གཉིས་མེད་སྤངས་གྱུར་པའི། །གང་ལ་མི་གནས་རྣལ་འབྱོར་དེ། །ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །དེ་རྟོགས་བདག ་མེད་ལྟ་བ་ཡིན། །རྣལ་འབྱོར་བདེ་སྡུག་གཉིས་དང་བྲལ། །གཉིས་བྲལ་རྣལ་འབྱོར་ཤཱཾ་ཏི་པ། །རྟོགས་པས་ཕྱག་རྒྱ་ཆེན་པོ་ཐོབ་།བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཞེས་བྱ་བ། སློབ་དཔོན་ཤཱཾ་ཏི་པས་མཛད་བ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཨ་སཾ་བནདྷ་དྲིཥྚི་ནཱ་མ། བོད་སྐད་དུ། འབྲེལ་མེད་ཀྱི་ལྟ ་བཞེས་བྱ་བ། འབྲེལ་མེད་རྒྱུན་ཆད་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །འཇིག་དང་རྟེན་པའི་ཐ་སྙད་ལ། །རེ་ཞིག་བརྟེན་ན་འཇིག་རྒྱུ་མེད། །འཇིག་དང་རྟེན་གྱིས་ཅི་ཞིག་བྱ། །དེ་ཕྱིར་འཇིག་རྟེན་པ་ཡིས་ནི། རྣམ་པར་བཞག་པ་ཡོད་མིན་ལ། །འཇལ་བྱེད་ཚད་མར་ཤེས་པར་བྱ། །ཁྱབ་བྱ་དང་ནི་ཁྱབ་བྱེད་ཀྱི། ་དབྱེ་བའི་དཔེ་ཡི་དབང་དུ་ནི། །ཉི་མ་ཁྱབ་བྱ་ཞེས་བྱ་སྟེ། །འོད་ཟེར་ཁྱབ་བྱར་ཤེས་པར་བྱ། །དཔེར་ན་འོ་མར་འདྲེས་པ་ཡིས། །མར་ནི་དང་པོར་ཡོད་མིན་ཏེ། །ཁྱབ་བྱ་ཁྱབ་བྱེད་ཐད་མིན་ལ། །དེ་དག་འབྲེལ་བ་ཡོད་མིན་ནོ། མེ་གི་རྒྱུ་ནི་གང་ཡིན་ལ། །དེ་ལ་འབྲས་བུ་ཇི་ལྟར་འབྱུང། མེ་ཡི་མཚན་ཉིད་སྲེག་བྱེད། །དེ ་ཉིད་ཁྱབ་བྱེད་ཅེས་བྱ་སྟེ། །ཁྱབ་བྱར་དུ་བ་ཡིན་པར་མཐོང། །པ་ནི་སངས་རྒྱས་ཁྱབ་བྱེད་དེ། །བུ་ནི་དམ་ཆོས་ཁྱབ་བྱར་གསུངས། །དཔེར་ན་བུམ་པའི་མེ་དེ་ནི། །ནང་གསལ་ཕྱིར་ནི་གསལ་མི་བྱེད། །དེ་བཞིན་སངས་རྒྱས་གསལ་བྱེད་མེ། ཆོས་ནི་ཇི་ལྟར་གསལ་བར་བྱེད། །དང་པོ་ཆོས་མིན་སངས་རྒྱས་མིན། །སྐྱེ་མིན་ལ ་