| Wylie | e-texts based on the ACIP/ALL Input |
གླུ་འདི་ལོང། །ནམ་མཁའ་ནམ་མཁའ་ཨི་མཚན་ཉིད་ཅི་འདྲ་བར། །སེམས་ཀྱི་ཆོས་ཉིད་དེ་འདྲ་བླ་མ་གསུང། །བླ་མེད་དོན་དེ་མི་ཤེས་བསྒོམ་མི་ནུས། །བདེ་པ་ཆེན་པོ་ཆོས་ཀྱི་གླུ་འདི་ལོང། །ཉི་མ་མེ་ཤེལ་རས་བལ་འདུས་ཇི་བཞིན། །ལུང་དང་མན་ངག་དེ ་བཞིན་བརྟན་པ་ལས། །རང་རིག་ཡེ་ཤེས་མེ་ནི་འབར་བར་འགྱུར། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང། །གླེགས་བམ་ཆོས་དང་མེད། །འཕགས་པའི་ནོར་ཆེན་རང་གི་སེམས་ལ་ཆོངས། །བདེ་ཆེན་མེད། །འཕགས་པའི་ནོར་ཆེན་རང་གི་སེམས་ལ་ཆོངས། །བདེ་ཆེན་དམ་པ ་ཆོས་ཀྱི་གླུ་འདི་ལོང། །བདེ་དང་སྡུག་བསྔལ་གནས་སྐབས་ཐམས་ཅད་དུ། །ཡིད་བཞིན་ནོར་འདྲའི་དེ་ཉིད་བྱང་ཆུབ་སེམས། །འཇམ་དཔལ་ཀུན་འདུལ་ཉིན་མཚན་ནན་ཏན་བྱོས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང། །མ་ཧཱ་སུ་ཁ་ཏའི་གླུ་རྫོགས་ཤོ།། །། ་Fདཔལ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤིན་ཏུ་ངོ་མཚར་བདག་གི་གཏམ། །གླང་ཆེན་བཙོངས་ནས་གཉིད་ལོག་ལྟར། །གང་ཞིག་ནོར་ཡོད་མེལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་པྲ་སར། ཆོས་དང་ཆོས་མིན་གཏམ་མི་འདྲ། །རང་བྱུང་རང་བཞིན་གཡོ་བ་མེད། །གླང་ཆེན་བཙོངས་ནས་གཉིད ་ལོག་ལྟར། །གང་ཞིག་ནོར་ཡོད་མེ་ལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་བྲ་ས་ར། །རྣལ་འབྱོར་མེ་ཏྲིའི་དབྱེ་ཤེས་པས། །ཐོགས་མེད་དུས་བསགས་སྐྱོན་ཀུན་བྲལ། །གང་ཞིག་ནོར་ཡོད་མེལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་པྲ་ས་ར། །རྣལ་འབྱོར་པྲ་ས་རའི་གླུ་རྫོགས་ཤོ།། །། ་སྟོང་པ་ལ་གནས་སྙིང་རྗེའི་བདག་ཉིད་ཅན། །ཞིང་ན་བཞུགས་པའི་ཐབས་དང་ཤེས་རབ་ཚོགས། །གཟུགས་བརྙན་ལྟ་བུར་ཤེས་པར་བྱ། །སྙིང་རྗེ་རོ་ཡིས་ཐ་དད་བརྩོད་པ་སྤངས། །དེར་ནི་ཀུན་རྫོབ་ཡུལ་གྱི་ཤ་རྣམས་བཟའ་། །ཤིན་ཏུ་རྣམ་དག་སྟོང་པའི་ཆང་ནི་བཏུང། །སྐྱེ ་འགྲོ་སྐལ་ལྡན་རྣམས་ལ་དོན་འདི་བསྟན། །སྐལ་མེད་རྣམས་ལ་ཤིན་ཏུ་གསང་བར་བྱ། །རྣམ་ཐར་བྱུང་པས་ཕྱི་ནང་བརླན་བྱས་ལ། །ཡུལ་གྱི་ལོངས་སྤྱོད་ལ་ནི་ཅི་བདེར་སྤྱད། །ཕན་ཚུན་འགྲོ་དང་འོང་བའི་ཆོས་རྣམས་ལ། །དག་དང་མ་ངག་ཡིད་ལམ་བྱའོ། །བྱང་ཆུབ་སེམས་ཀྱི་ཕྲེང་བས ་རྣམ་རྒྱན་ལ། །གསང་པའི་དཀྱིལ་འཁོར་ནང་དུ་འཇུག་བྱ་སྟེ། །ཐབས་དང་ཤེས་རབ་སྦྱོར་བརྒྱུན་མི་འཆང། །ལྷན་ཅིག་སྐྱེས་པའི་གཡུང་མོ་མི་སྤང་ངོ། །ཀླུ་སྒྲུབ་ཀྱི་གླུ་རྫོགས་སྟོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །རྣམ་རྟོག་འཇིག་པའི་ཚོམ་རྐུན་འཇིགས་ཤེས་ན། །ཚུལ ་ཁྲིམས་ནོར་ཅན་བསྲུང་ཕྱིར་མེལ་ཚེ་གྱིས། །ཀྱེ་སྙོམས་ལས་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས། །གཏི་མུག་གཉིད་ཀྱིས་འཁོར་བའི་མཚན་མོ་རིང། །ཀྱེ་སྙོམས་ལས་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས། །གཉིད་ལོག་ན་ནི་ཁྱིམ་དང་ཆོམ་རྐུན་འགྲོ་།ཁྱོད་ཀྱིས་ཚུལ་ཁྲིམས་ནོར་ཆེན་འཕྲོག་པར་འགྱུར།། ་ཚུལ་ཁྲིམས་ནོར་དེ་མེད་ན་ཏིང་འཛིན་མེད། །དེ་མེད་ན་ནི་ཉི་མ་འཆར་བ་མེད། །དེ་ཉིད་ཉི་མ་བསྒོམ་པས་མེལ་ཚེ་གྱིས། །སྐད་ཅིག་གཅིག་ཀྱང་ནོར་ཆུང་གཞན་མ་བྱེད། །དེ་ཡི་དུས་ན་དེ་ཉིད་ཉི་མ་འཆར། །འདི་ལྟར་དེ་ཚེ་འཁོར་བའི་ནམ་ལངས་འགྱུར། །ཀྱེ་སྙོམས་ལས་མ་བྱེད་སེམས་ཀྱི ་མེལ་ཚེ་གྱིས། །དཱི་པི་ཀ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ་རྫོགས་ཤོ།། །།*། །དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཞེས་བྱ་བ་བཞུགས་སོ། །*། །རྒྱ་གར་སྐད་དུ་།ཙརྱ་དིཥཱི?་དོ་ཧ་ཀཱི་ཏིཀ་ནཱ་མ། བོད་སྐད་དུ། དོ་ཧ་སྤྱོད་པའི་ཀླུའི་ལྟ་བ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྨ་བྱའི་གདུགས་སྒྲེང ་འཛིན་བྱེད་ཅིང། །ཆ་བྱང་སྣ་ཚོགས་འཛིན་བྱེད་པའི། རྣལ་འབྱོར་པ་ནི་སྨྱོན་པ་འདྲ། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚེམ་བུ་བསྲུངས་པས་གྲུབ། །དབང་བསྐུར་མང་པོ་བླང་བྱ་སྟེ། །དོན་མེད་པར་ནི་སླུ་བར་བྱེད། །དབང་བསྐུར་རྟོགས་པར་མ་གྱུར་ན། །དུས་ཀྱི་དབང་དུ་འགྲོ ་བ་ཡིན། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལྐུ་ཡཱི་སྨྲ་བར་བྱེད། །ལུས་ཀྱི་ཆེམ་བུ་བསྲུངས་པས་བྲུབ། །གཉིད་དང་ཆད་དྲང་རྩོད་པ་དང། །སྦྱོར་བས་རྣལ་འབྱོར་ཇི་ལྟར་གྲུབ། །བཟློག་?་སྲིད་པའི་ཞགས་པས་བཅིངས། །ང་རྒྱལ་ཅན་ལ་རྒྱལ་པའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚིམ?། ་བུ་བསྲུངས་པས་གྲུབ་ཚོང་འདུས་ཁམ་ཕོར་གསེར་སྐྱོགས་ལྟར། །གལ་ཏེ་དེ་ལྟར་བྱས་བ་ན། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར། །ང་རྒྱལ་ཅན་ལ་རྒྱལ་པའི་ལམ། །མེད་ཅེས་?་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚེམ་བུ་བསྲུངས་པས་གྲུབ། །དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཞེས་བྱ་བ། སློབ་དཔོན་ལཱུ་ཡཱི་པ་ནས་བརྒྱུད ་