CLOSE WINDOW

N1992: Dom+bi'i glu
Wyliee-texts based on the ACIP/ALL Input

གནས་པ་མ་ཡིན་ཏེ། །ནམ་མཁའ་ཡིན་ནི་ངོ་བོ་ལྟར། །ཡོངས་སུ་གསལ་བར་སྣང་བ་ཡིན། །ཐུབ་པ་ཆེན་པོའི་རྣལ་འབྱོར་པ། མ་ལུས་པ་དང་རལ་པ་ནི། །དེ་ནི་མེ་ལི་བདག་མེད་མར། །དེ་ལྟར་བདག་ཉིད་སྨྲ་བ་ཡིན། །ནཱ་རོ་པཎྜི་ཏའི ་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོངས་གདུང་བས་ས་སྟེང་བསྐོར་པའི་ལྷ། །དེ་ལྟ་ན་ཡང་བདེ་ཆེན་ཆུང་མའི་ལུས་མི་འདོར། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ ་གཙོ་བོའི་འཇིག་རྟེན་ལྷ། །ཤིན་ཏུ་ངོ་མཚར་བདུད་ཀྱི་ཆུང་མ་དེ་མི་ལེན། །གཞན་ལས་ཁྱད་འཕགས་གཟུགས་མཆོག་མངའ་བའི་ལྷ། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོ་འཇིག་རྟེན་ལྷ། །འགྲོ་བ་བརྒྱ་ཕྲག་མང་པོ་ནད ་ཀྱིས་ཐེབས་ལ་བསྐོར། །དེ་དག་བདེ་སྟེར་ལྷ་ནི་ཁམས་གསུམ་མེ་ལོང་ཡིན། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོའི་འཇིག་རྟེན་ལྷ། །མཉམ་མེད་མཉམ་པའི་བདེ་གསོལ་མ་ཏི་རོ་ཧ་ན། །རྒྱལ་བའི་ཡོན་ཏན་མང་ལྡན ་ཀརཥ་པ་ནའི་ལྷ། །ཀྱེ་ཀྱེ་དཔེ་མེད་ཆུད་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོའི་འཇིག་རྟེན་ལྷ། །ལཱུ་ཡི་པའི་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་ཚལ་ལོ། །སྒྱུ་མའི་ནགས་ཚལ་མང་པོ་དེ་དང་དེར། །རི་དགས་བསད་ཕྱིར་བློན་པོ ་ཌོམྦྷི་འགྲོ་།ལོག་འགྲོ་རི་དགས་གར་འགྲོ་ང་ཡིས་མཐོང། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །མངའ་ལྔ་ཡོད་དེ་ལྔ་གཤར་གྱིས་བཏོན། །ཌོམྦྷི་གཞུ་བཀད་བཟུང་ནས་རྣམ་པར་འདུག། ལོག་ལྟའི་རི་དགས་གང་འགྲོ་ང་ཡིས་མཐོང། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ ་ཞུགས། །གཞུ་མེད་རྒྱུད་མེད་སྒྱུད་མེད་མདེའུ་མེད། །ཌོམྦི་ཐེ་ཚོམ་མེད་དེ་ངེས་པར་བསད། །ལོག་ལྟའི་རི་དགས་གང་འགྲོ་ང་ཡིས་མཐོང། །ཌོམྦི་མངའ་རྣོན་བཀང་ནས་ནང་དུ་ཞུགས། །རྒྱལ་བ་རིགས་ལྔ་དབུ་རྒྱན་བྱས་ནས་སུ། །རི་དགས་གསད་པ་སླར་ལ་སོགས་པར་བྱ། །ལོག་ལྟའི་རི ་དགས་གར་འགྲོ་ང་ཡིས་མཐོང། །ཌོམྦི་མདའ་ནོན་བཀང་ནས་ནང་དུ་ཞུགས། །ཌོམྦིའི་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ངན་པ་ངན་པ་འཇིག་རྟེན་ཀུན་སྨྲ་ཡང། །གཅེས་པའི་ཡོན་ཏན་དྲི་མེད་ཟབ་མོ་ཡོད། །ུཏཔལ་ཆུ་ནང་བཏུས་ནས་ཆུས་མི་རེག། དེ་འདྲའི ་མང་པོའི་སྒྱུ་མཁན་བི་རཱུ་པ། །ཚོང་འདུས་དང་ནི་གྲོང་དང་ཆུ་འགྲམ་ནི། །གང་དུ་ཕྱིན་ནས་ལུས་འགྱེལ་དེ་མི་ཤེས། །ུཏཔལ་ཆུ་ནང་བཏུས་ནས་ཆུས་མི་རེག་།དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །འཇིག་རྟེན་ངན་པར་སྨྲ་བ་དེ་བརྫུན་ཡིན། །ཁྲོས་པ་གང་གཱ་བབ་པ་རྒྱུན་ལས་བཟློག། ་ཨུཏཔལ་ཆུ་ནང་བཏུས་ནས་ཆུས་མི་རེག་།དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །ཉི་མ་གཏེ་མང་བཅུག་ནས་ཆང་ནི་འཐུངས། །ནད་འཇིགས་བྱས་བྷེ་མེའི་སར་བཤིག་།ུཏཔལ་ཆུ་ནང་བཏུས་ནས་ཆུས་མི་རེག་།དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། བི་རཱུ་པའི་གླུ་རྫོགས་སྟོ།། །། ་སངས་རྒྱས་ལ་ཕྱག་འཚལ་ལོ། །བལྟོས་དང་སྐྱེ་བ་གནས་པ་མེད་པ་ན། །དེ་ཚེ་ལྷན་ཅིག་སྐྱེས་དང་ཁྱད་པར་མེད། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །དེ་ཉིད་མི་མཐུན་པ་དེ་རྣམ་པར་སྨྲོས། །འདི་ལྟར་ཁམས་གསུམ་བདེ་བར་གཤེགས་པ་ལྟ?། །དེ་ཡི་ཚེ་ན་གང་གིས་བཅིངས་པར ་སེམས། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །ཇི་ལྟར་མི་མཐུན་པ་དེ་རྣམ་པར་སྨྲོས། །འདི་ཀུན་རྩ་བའི་རང་བཞིན་མ་རྙེད་སྟོར། །དེ་ཡི་ཚེ་ན་ནམ་མཁའ་ཨི་རང་བཞིན་མི་འཆི་འམ། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །དེ་ཉིད་མི་མཐུན་པ་དེ་རྣམ་པར་སྨྲོས། །རྨོངས་པར་མ་བྱེད ་གཉིས་མེད་མདུད་པ་ཡིས། །ཅིས་ཏེ་སྟོང་པའི་ཁུ་ཚུང?་བརྫུན་གྱིས་བཅིངས། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །ཇི་ལྟར་མི་མཐུན་པ་དེ་རྣམ་པར་སྨོས། །ལ་པ་པའི་གླུ་རྫོགས་ཤོ།། །།ཇི་ལྟར་ཏིལ་ལ་ཏིལ་མར་ཁྱབ་པ་བཞིན། །དེ་བཞིན་ཁམས་གསུམ་འཇམ ་དཔལ་སྐུ་ཡིས་གང། །དེ་ཤེས་ལྷན་གྲུབ་རྣལ་འབྱོར་བསྒོམ་པ་ཡིས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང། །བདེ་གཤེགས་ཀུན་གྱི་བཙུན་མོ་མིང་མེད་མ། །སྣ་ཚོགས་གཟུགས་ཅན་སྙིང་རྗེ་ཅན་དེ་དང། །ལྷན་ཅིག་འགྲོགས་ན་སྡུག་བསྔལ་ཐམས་ཅད་སེལ། །བདེ་ཆེན་དམ་པ་ཚེ་ས་ཀྱི ་