| Wylie | e-texts based on the ACIP/ALL Input |
འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་ལ་བ་འཇོ་འཇོ་འཛོ་བྱེད་འདིར་མ་མཐོང། །ཇི་ལྟར་ནང་དུ་ཆུས་གང་ཀ་ལི་པ། །མཁའ་ལ་རྒྱུན་མི་འཆད་འཇོག་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པར་འབུལ། །ཀརྞ་རིའི་གླུ་རྫོགས་སྟོ།། །། ་སངས་རྒྱས་ལ་ཕྱག་འཚལ་ལོ། །མེ་ཏོག་གཅིག་རྒྱས་ཁ་དོག་སྣ་ཚོགས་པ། །སྟོང་པའི་ལྗོན་ཤིང་དག་ལས་ཤིན་ཏུ་རྒྱས། །བཙན་པ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག། དེ་ཤིང་རྩ་བ་ཡལ་ག་ལོ་མ་མེད། །ལྟོས་དང་ཟླ་ཉལ་འགྲོ ་ནི་བཟང་པོའི་དུས། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག་།གེ་སར་གཅོད་མཁས་སྒྱུ་མའི་མཁན་པོ་ཡིན། །ཆོས་དབྱིངས་རྡོ་རྗེ་དབང་ཕྱུག་མཆོད་པ་འབུལ། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ ་ཏོག་འདི་སྣོམས་ཤིག། མཆོག་དགའ་དང་ནི་དགའ་བྲལ་གཞིག་ནས་ལོངས། །ཡང་དག་བླ་མའི་ཞབས་བཏུད་ནན་ཏན་གྱིས། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག་།མ་ཏི་ཙི་ཏྲའི་གླུ་རྫོགས་ཤོ།། །། ་སངས་རྒྱས་ལ་ཕྱག་འཚལ་ལོ། །འདས་དང་མ་འོངས་ད་ལྟར་གྱི། །དགེ་དང་མི་དགའ་ཨི་ལས་རྣམས་ལ། །དགའ་དང་མི་དགའ་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །ཆོས་ཉིད་ཟབ་མོ་རྣལ་འབྱོར་ཡུལ། །སྒོམ་དང་མི་སྒོམ་བྱང་ཆུབ་སེམས། །ལྡན་དང་མི ་ལྡན་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །སངས་རྒྱས་དང་ནི་སེམས་ཅན་ཀྱི། །སྤྱོད་པའི་ལམ་ནི་འདི་ཡིན་ཞེས། །མཐུན་དང་མི་མཐུན་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །བདེ་དང་སྡུག་བསྔལ་འབྲས་བུའི་ཆོས། །འཁོར་དང་མྱ་ངན ་འདས་པ་ལ། །རེ་དང་དོགས་པ་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །གླུ་རྫོགས་སྟོ།། །།བདག་ནི་འདུག་སྟེ་ཤི་དང་མའི་མེད། །བདག་གི་ཡིད་ལ་དོན་ཅིག་འཇུག་པ་མེད། །ཀན་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དཔེ? ་ད་སྨྲ། །གྲུ་གཉིས་སྣ་ལ་རྐང་པ་རབ་བཞག་ནས། །ལུས་འགྱེལ་གྱུར་ཏེ་སེམས་ལ་སྡུག་བསྔལ་སྐྱེ། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་པ་མེད་དཔེ?་ད་སྨྲ། །མི་གང་རྩ་བ་ཁྲོན་པས་བསྐོར་གྱུར་ཀྱང། །ཤིང་གཅིག་ལ་ནི་འབྲས་བུ་གཉིས་མི་འབྱུང།། ་ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །དེ་ལྟ་རེ་པ་མེད་དེ་པ་ད་སྨྲ། །མིག་སྨན་རིལ་བུ་བཅུད་ལེན་དང་དངོས་གྲུབ། །དེ་རྣམས་ལ་ནི་བདག་ནི་ལེ་ལོར་གྱུར། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དེ་པ་ད་སྨྲ་།རྫོགས་ཤོ།། །། ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་ཡུལ་རྣམས་ཐམས་ཅད་ལྟ་འདོད་ན། །རི་བོ་ཆེན་པོའི་ཁ་ནས་ལྟོས། །ཆོས་རྣམས་ཐམས་ཅད་སྐྱེ་འགག་མེད་པའི་ཡུལ། །རང་སེམས་རིག་ན་རི་རབ་རྩེ། །ཆུ་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུང ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུ། །མཛའ་དབུས་མེད་པའི་རྒྱ་མཚོ་ཆེ། །བརྟན་གཡོ་ཐམས་ཅད་བསྲེག་འདོད་ན། །འཇིག་པའི་དུས་ཀྱི་མེ་ཆེན་སྤོར། །རྣམ་རྟོག་བརྟན་གཡོ་ཐམས་ཅད་དེ། །ལྷུན་གྲུབ་ཡེ་ཤེས་སེམས་ཀྱི་མེ། །འཇིགས་མེད་བདེ་བའི་གནས་འདོད་ན། ། ་དགོན་པ་ཆེན་པོའི་གནས་སུ་འདུག་།འཁོང་བ་རྣམ་དག་བདེ?་བའི་གནས། །བྱང་ཆུབ་སེམས་ནི་དགོན་པ་ཆེ། །ཡཱ་ཙརྱ་དཔའ་བོ་རྣམ་པར་སྣང་མཛད་ཀྱི་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །རང་བཞིན་བདག་མེད་མ་དེ་ནི། །བདག ་གི་མེ་རིང་བྱེད་པ་ཡིན། །ཆགས་པ་མེད་པ་དེ་ཡིས་ནི། །ཉོན་མོངས་ཞི་བར་བྱེད་པ་ཡིན། །སྐྱེ་དང་འཆི་བ་སྲིད་པ་ཡིན། །འཁྲུལ་པ་རྣམས་ནི་སྤོང་པ་ཡིན། །བདེ་བ་ཆེན་པོ་སྟེར་བྱེད་པའི། །ལེན་གྱི་འཁྲུལ་པ་མ་ཡིན་ནོ། །ངེས་ན་ཁ་དོག་དབྱིབས་མེད་དེ། །ཚད ་ཀྱང་ཡོད་པ་མ་མཐོང་ངོ། །འདོད་པ་མེད་པ་དེ་ཡིས་ནི། །ང་རྒྱལ་སྐྱེ་བ་མི་འདོད་དོ། །གང་ཚེ་བདག་མེད་མ་དེ་ནི། །བདག་གི་སྙིང་ལ་ཞུགས་པ་ན། །བདག་དང་གཞན་རྣམས་མ་ལུས་པའི། །དབྱེ་བ་ཡོད་པར་མ་མཐོང་ངོ། །འགྲོ་བ་མེད་ཅིང་འོད་བ་མེད། །གང་ཡང ་