| Wylie | e-texts based on the ACIP/ALL Input |
བཞིན་གཞིགས་ན་རྙེད་མི་འགྱུར། །བླ་མ་མེ་ཏྲིའི་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ཟབ་མོ་ཟབ་མོ་འཇིག་རྟེན་ཀུན་སྨྲ་ཡང། །མ་སྐྱེས་པ་ལ་དགའ་བ་དགའ་བ་འགའ་ཞིག་འདུག་།ཀྱེ་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ ་ཡིན།། མི་གནས་སེམས་ནི་མི་དམིགས་པ་ལ་བཞག་།རྣལ་འབྱོར་མེ་ཡིས་དངོས་པོ་ཐམས་ཅད་བསྲེག་།ཀྱེ?་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བསན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །རྣལ་འབྱོར་འདོད་པ་བླ་མས་བསྟན་དུ་མེད། །བླ་མའི་བྱིན་རླབས་གོང་ན་མེད་པ་ལེན།། ་ཀྱེ་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །དཔལ་གྱི་བདེ་བ་ཆེན་པོ་ཚོལ་འདོད་ནི། །དབུས་མཚོལ་འདོད་མིག་མེད་ཁྲོད་པར་ལྟུང། །ཀྱེ་སེམས་ཀྱི་ཟབ་མོ་རྟོགས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །ས་ར ་ཧའི་གླུ་རྫོགས་ཧོ?།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །སྟོང་པ་དང་ནི་སྙིང་རྗེའི་རང་བཞིན་འདྲེས། །སྟོང་ཉིད་དབྱེར་མེད་རྒྱུན་མི་འཆད་པར་ཡོད། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང། །ནམ་མཁའ་བཞེས་ཤིང་བཞེས་ཤིང་འཐུང་ཞིང་འདུག་།ནམ་མཁའ་ནམ་མཁར་སྦྱོར ་བ་དེ་མ་མཐོང། །འཁོར་བས་བཅིངས་པའི་ས་ལ་དེ་མི་གནས། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག་།དེ་འདྲའི་རྣལ་འབྱོར་རྩ་བའི་ཁྱིམ་ལས་གཡོ། །སྙིང་རྗེའི་རོ་ཆེན་དྲི་མ་མེད་པ་ཡིན། །བདག་གིས་སྟོང་པའི་རྣལ ་འབྱོར་མ་དེ་མཐོང། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག་།ས་ར་ཧས་བརྗོད་གང་གཞན་ཅི་ཕྱིར་བྱེད། །ཉིན་དང་མཚན་དུ་ནམ་མཁའ་འབྱོ་ཕྱིར་འགྲོ། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག་།ས་ར་ཧའི ་གླུ་རྫོགས་ཤོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མདའའཛིན་དེ། །ཆོས་རྣམས་མཚོན་པར་རབ་ཤེས་ནས། །ད་ཡིས་ལྷན་སྐྱེས་མདའའཕངས་རྒྱབ། །འབེན་མེད་ཅིག་ཀྱང་ཕོག་པ་མེད། །ལྷན་ཅིག་སྐྱེས་པའི་གཏམ་གསོན་ཅིག། ཐམས་ཅད་དངོས ་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །ལྷན་ཅིག་སེམས་ཏེ་མཁའ་ལུས་བདེ་སྙིང་ལུས། གཉིས་མེད་གཉིས་ཡིན་སྟོང་དང་སྙིང་རྗེའི་སེམས། །བསམ་གྱི་མི་ཁྱབ་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །དེ་ནི་མི་སྐྱེ ་མི་འགག་རྐྱེན་མེད། །རང་བཞིན་རྟོགས་ན་རྩ་བའི་སེམས་ཤེས་ཡིན། །བསམ་གྱིས་མི་ཁྱབ་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །བླ་མ་དྷིཥྚརི?་ཛཱ་ནའི་ཞལ་སྔ་ནས་ཀྱི་ཀླུ་རྫོགས།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་མ་ཁམས་གསུམ ་སེམས་ཅན་རྣམས། །རྣམ་རྟོག་སྒྲོག་གིས་དམ་བཅིངས་ཏེ། །འཁོར་བའི་མྱ་ངན་སྣམ་བུ་རུ། །ཕྱོགས་བཅུ་ཀུན་ཏུ་རྣམ་པར་འཁྱམས། །ེ་མ་ལམ་གྱི་ཁམས་གསུམ་བདེ་བར་གཤེགས། །གདོད་མ་ཉིད་ནས་གྲོལ་བ་ཆེ། །རྣམ་དག་ཞིང་ནི་བདེ་བ་ཅན། །སངས་རྒྱས་རོལ་མོ་རབ་ཏུ ་སྟོན། །ཀྱེ་མ་རྣམ་རྟག་སྡུག་བསྔལ་ལམ། །ཕྱིན་པའི་དུས་མེད་སྨོན་པ་བཞིན། །བདེ་བྲལ་འདོད་པ་སྡུག་བསྔལ་ཉིད། མཉམ་ཉིད་དོན་ལ་རབ་ཏུ་གོལ། །ེ་མའོ་ལམ་མེད་ལམ་གྱི་མཆོག་།ལྷུན་རྫོགས་ནམ་མཁའ་ཨི་བྱ་བཞིན་དུ། །དེ་དོགས་མེད་ལ་ཕྱག་རྒྱ་ཆེ། །སྐྱོན་ཡོན་དབང ་གིས་བསླད་དུ་མེད། །ཀྱེ་མོའི་བསྐལ་པ་གྲངས་མེད་གསུམ། །དེ་ཉིད་བཙལ་བས་མི་རྙེད། །རྨོངས་པ་ནམ་མཁའ་ཨི་མཛའ་ཆོ་ལ་བཞིན། །སངས་རྒྱས་ཞེས་བྱ་རྙེད་མི་སྲིད། །ེ་མའོ་སྐད་ཅིག་གཅིག་ཉིད་ལ། །མ་དྲལ་འབྲས་བུ་རང་ལ་རྙེད། །རང་རིག་ཡེ་ཤེས་སྟོབས་པོ་ཆེ། །འཇིག་རྟེན ་དབང་སྒྱུར་ཀུན་གྱི་རྗེ། །རྫོགས་ཤོ།། །མཁའ་ལ་བ་འཇོ་འཇོ་བྱེད་བླ་མ་སྟེ། །འཐུང་བའི་བེའུ་ནི་རང་གི་སེམས་ཉིད་ཡིན། །མཁའ་ལ་རྒྱུན་མི་འཆད་འཇོག་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །བ་འཇོ་སྣོད་གསོལ་ག་རེ་མཱ་མ་ཀཱ། ་བ་འཛི?་སྣོད་ནི་དྲི་མེད་ལྷན་ཅིག་སྐྱེས། །མཁའ་ལ་རྒྱུན་མི་འཆང་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་ལ་བཞོས་ཤིང་གཞོས་ཤིང་སྣོད་བཀང་བཞག་།བཟུང་བར་མི་ནུས་འདི་ལྟར་གླང་པོ་ལྔ། །མཁའ་ལ་རྒྱུན་མི་འཆང་འཇོག་ན་པ། །རྣལ ་