CLOSE WINDOW

N1970: do ha mdzod kyi de nyid kyi glu zhes bya ba
Wyliee-texts based on the ACIP/ALL Input

ཏེ། །སེམས་འདི་རྟག་པར་མ་གྲུབ་རང་ལ་ཐིམ། །བསྒོམ་འདོད་མེད་པས་སངས་རྒྱས་འབྲས་བུ་ཐོབ། །རྣལ་འབྱོར་བུ་ཆུང་ལྟ་བུར་རྟོག་པ་མེད། །ལྡུམ་རའི་བུང་པའི་མེ་ཏོག་རོ་མྱོང་ལྟར། །ནགས་ནས་ནགས་སུ་འཁྱམ་པ་སེང་གེ་བཞིན། །ཀུན་ཏུ་རྒྱུ་བ་སྣ་ཚོགས ་རླུང་ལྟར་ནི། །སེམས་ཉིད་བག་དང་ལྡན་པ་སྤྱོད་པའི་མཆོག་།རང་བཞིན་མི་དགག་སྤྱོན་པ་ལྟ་བུར་སྤྱད། །རྒྱབ་ཏུ་མི་ཆགས་མདུན་དུ་ཞེན་པ་མེད། །མདོར་ན་ལྟ་སྒོམ་སྤྱོད་པ་ཉམས་ལེན་ལ། །ཇི་ལྟར་ཕན་པའི་སྤྱོད་པས་རྣལ་འབྱོར་སྤྱོད། །སྣ་ཚོགས་སྣང་བ ་སེམས་ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །སྣང་ལ་མི་སྣང་འབྲས་བུ་སངས་རྒྱས་འབྱུང། །དེ་ལ་སེམས་མ?་དངོས་གྲུབ་དམ་པ་ཡིན། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་འདི། །རྣམ་རྟོག་ཆུ་བའི་རྒྱུན་གྱི་རྣལ་འབྱོར་འདྲ། །དེ་ཡང་སེམས་ལས ་གཞན་ན་བཙལ་དུ་མེད། །ཡིད་ལ་མི་བཞག་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་མ་རེ་རྟོགས་ན་ཕྱག་རྒྱ་ཚེ། །མ་རྟོགས་རྟགས་པ་ནམ་མཁའ་ཨི་སྤྲིན་དང་འདྲ། །རྟོགས་ན་ད་ཉིད་རང་བཞིན་སྟེང་པ་ཡིན། །ལྟ་སྤྱོད་འབྲས་བུ་དབྱེར་མེད་ལྷན་ཅིག་སྐྱེས། །རང་བཞིན་གཉིས ་མེད་རྟགས་ན་འབྲས་བུའི་མཆོག་།ལྟ་སྤྱོད་སྒོམ་པ་འབྲས་བུ་དོ་ཧའི་གླུ་ཞེས་བྱ་པ། སློབ་དཔོན་ས་ར་ཧ་པས་མཛད་བརྫོག་སྟེ།། །།རྒྱ་གར་སྐད་དུ། ཏཎྜཝི?་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། དེ་ཧ་མཛོད་ཀྱི་དེ་ཉིད་ཀྱི་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག ་འཚལ་ལོ། །བརྟགས་ན་བདག་གཞན་དངོས་པོ་མེད། །བྱིས་པ་ལྐུག་པའི་རྨི་ལམ་འདྲ། །དེ་ཉིད་རྟོགས་པ་ཤིན་ཏུ་དཀའ་། །བྱིས་བ་རྒྱན་པོ་རྩེ་བ་འདྲ། །ཐ་ཀ་ན་ནི་སྨྲ་བར་བྱེད། །དེ་ཉིད་ཚིག་གིས་བརྗོད་པ་དཀའ་། །སྣང་སྟོང་རྟོག་པ་མ་སེལ་བར། །ཐར་པ་ཐོབ་པར་ག་ལ་འགྱུར། །ལུས ་ངག་ཡིད་གསུམ་དབྱིངས་སུ་ནི། །དེ་ཉིད་མཉམ་པར་མ་ཤེས་ན། །དེ་ཉིད་རྟོགས་པར་ཤིན་ཏུ་དཀའ་། །བྱིས་པ་རྒྱན་པོ་རྩེ་བ་འདྲ། །དངོས་པོ་ཚིག་གིས་བརྗོད་པ་དཀའ་། །ཆོས་རྣམས་ཚིག་ཏུ་སྨྲ་བ་ཡང། །?་ཙམ་གྱིས་ནི་འགྲུབ་པ་མ་ཅི། །སེམས་ཀྱི་དེ་ཉིད་མ་རྟོགས་པར། །ཐམས ་ཅད་གཅིག་པར་རྟོགས་པ་མེད། །དོན་དམ་རྟོགས་པ་ཤིན་ཏུ་དཀའ་། །བྱིས་པ་རྒྱན་པོ་རྩེ་བ་འདྲ། །ཐ་ཀ་ན་ནི་སྨྲ་བར་བྱེད། །དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཞེས་བྱ་བ། སློབ་དཔོན་ཀ་ན་རིག་ནས་བརྒྱུད་པ། ཐ་ཀ་ནས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙརྱ་དོ་ཧ་གཱི་ཧི ་ག་ནཱ་མ། བོད་སྐད་དུ། སྤྱོད་པའི་ངོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྡོང་རོས་ཀྱིས་ནི་ཐིག་ལེ་བྱས། །ཀ་ཙ་རི་ནི་བསྟན་པར་བྱ། །ཀྱེ་མ་རྩེད?་མོས་བདུད་བཞི་བཅོམ། །གཟི་བརྗིད་ལྡན་པའི་རྣལ་འབྱོར་པ། །སྨྲ་བར་བྱེད་པའི་ཁྱབ་འཇུག་གམ། །དྲག ་པོ་ཚངས་པ་བསྲུང་མི་ནུས། །ཀྱེ་མ་གལ་ཏེ་སྨྲ་པ་ན། །འཆི་བདག་གིས་ནི་ཟ་བར་འགྱུར། །མ་རུངས་མཁའ་འགྲོའི་ཚོགས་ཀྱིས་བསྲུངས། །ཀྱེ་མ་རྨོངས་པའི་མཁའ་འགྲོ་མ། །གླགས་སོ་ཚལ་བསམ་བས་ཅི་ཞིག་བྱ། །ཀྱེའོ་བྱོལ་སོང་མཁའ་གྲོ་མོ། །གླགས་ཚོལ་བསམ་པས་ཅི་ཞིག་བྱ།། ་ཀྱེའོ་འབར་བའི་མེར?་མ་དུག། གཟི་བརྗིད་ལྡན་པའི་རྣལ་འབྱོར་ལ། །སྨྲ་བར་བྱེད་པ་ཁྱབ་འཇུག་གམ། །དྲག་པོ་ཚངས་པ་བསྲུང་མི་ནུས། །ཇི་ལྟར་སྦུ་གྲི་རལ་གྲིའི་སོ། །དེ་བཞིན་ལ་བ་པ་ཡི་ཞབས། །དམ་ཚིག་སྤྱོད་པ་ངོ་མཚར་ཚ། །གཟི་བརྫིད་ལྡན་པའི་རྣལ་འབྱོར་པ། །སྨྲ་བར་བྱེད ་པ་ཁྱབ་འཇུག་གམ། །དྲག་པོ་ཚངས་པ་བསྲུང་མི་ནུས། །སྤྱོད་པའི་དོ་ཧ་མདོད་ཀྱི་གླུ་ཞེས་བྱ་བ། སློབ་དཔོན་ཀཾ?་པ་ལ་ནས་བརྒྱུད་པ། སློབ་དཔོན་ཀཾ་ཀ་ནས་གསུངས་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ་།ས་ཧ་ཛཱ་ཨནནད་གཱི་ཏི་ཀ་དྲིཥྚི་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས ་དགའ་ཨི་དེ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་སྦྱོར་དུག་པོ་དྲང་ལ་སྟབས། །བྷ་དྷེ་པ་ནི་གཉིད་དུ་ལོག་།ཇི་ལྟར་ཀུན་ལ་མཁས་པ་ཡིས་།དུག་པོ་དེ་ནི་ཇི་ལྟར་ཁྱེར། །ཚེམ་བུ་ཐོབ་པར་གྱུར་པ་ན། །ཆགས་སྡང་གཏི་མུག་གནས་སུ་དག། ཚེམ་བུ་འདི་ལ ་དབྱེ་བའམ། །རིན་གྱི་གྲངས་ཀྱིས་ཆོད་པ་མེད། །ད་ནི་བདག་གི་ཚེམ་བུ་འདི། །ནམ་མཁའ་དང་ནི་མཉམ་པར་འགྱུར། །ཚེམ་བུ་ཐབ་པར་འགྱུར་པ་ན། །ཆགས་སྡང་གཏི་མུག་གནས་སུ་དག། བྷ་དྷེ་ཚོམ་བུ་ཚོལ?་དུ་ཕྱིན། །ཐམས་ཅད་དུ་ནི་བཙལ་བས་ན། །བདག་ཉིད་ཀྱང་ནི་དམིགས་མེད་འགྱུར། །ཚེམ? ་