| Wylie | e-texts based on the ACIP/ALL Input |
རིང་བཅོམ། །གཤིན་རྗེར་འགྲོ་བའི་འཇིགས་པ་སྤངས། །ལས་ཀྱི་གཏུམ་མོའི་ཧེ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། སློབ་དཔོན་བི་རཱུ་པས་མཛད་པ་རྫོག་ཤོ།། །།རྒྱ་གར་སྐད་དུ། ་བྷ?་བཱ་ན་དྲིཥྚི་ཙཨཱརྱ་པ་ལ་དོ་ཏ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། ལྟ་བསྒོམ་སྤྱོད་པ་འབྲས་བུའི་དོ་ཧ་གླུ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དངོས་པོ་སྣ་ཚོགས་རང་གི་སེམས་ཉིད་ཡིན། །འཁོར་འདས་ཐམས་ཅད་རྣལ་འབྱོར་དབྱེར་མེད་པ། །སངས་རྒྱས་སེམས ་ཅན་གཉིས་སུ་མེད་པ་སྟེ། །དཔེར་ན་ཆུ་དང་དེ་ཡི་རླབས་བཞིན་ནོ། །དངོས་དང་དངོས་མ་ནི་སྔར?་ས་པའི་སེམས་ཉིད་འདི། །རྟོགས་པའི་རྣལ་འབྱོར་སྐད་ཅིག་གཅིག་ལ་ནི། །སྒྲོན་མེ་ཆུང་དུ་ཞིག་གིས་མུན་པ་ལྟར། །འཁོར་བའི་དུག་ལྔ་རང་བཞིན་རབ་རིབ་སེལ། །ཟུང་འཇུག་བྱ ་བརྒྱ་བློ་འདས་ཆེན་པོ་ནི། །བདེ་གསལ་མི་རྟོག་ནམ་མཁའ་ལྟ་བུ་སྟེ། །ཁྱབ་ཅིང་རྒྱ་ཆེན་སྙིང་རྗེ་ཆེན་པོའི་དོ། །སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་བཞིན། །གསལ་ཡང་ཐ་སྙད་མཛའ་དབུས་ཀུན་དང་བྲལ། །གང་གིས་མ་གོས་དྲི་མེད་རེ་དོགས་བྲལ། །ལྐུགས་པའི་རྨི་ལམ་བཞིན ་དུ་སྨྲ་མི་ཤེས། །ཚད་མེད་བདེ་ཆེན་རང་བཞིན་ཡེ་ཤེས་ནི། །ཉི་ཟླའི་འོད་བཞིན་ཕྱོགས་དང་བྲལ་བ་མེད། །ཀྱེ་འོ་རྣལ་འབྱོར་རང་འབྱུང་ངོ་མཚར་ཆེ། །གཉུག་མ་མ་བཅོས་སེམས་ནི་ཆོས་སྐུ་སྟེ། །བཅོས་པའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་བདེ་བའི་ཕྱོགས་སུ ་ཡིན་པར་མཐོང། །རང་བཞིན་གྲུབ་པའི་ལམ་ཐོབ་རྣལ་འབྱོར་བདེ། །རྣམ་རྟོག་བྲལ་བས་ཞེ་འདོད་འབྱུང་མི་སྲིད། །རྟ་མགྲིན་གྲུབ་ཐོབ་བདག་ཉིད་སར་ཏས་སྨྲས། །ཀྱེ་འོ་རྣལ་འབྱོར་ལྟ་བའི་ཉམས་ལན་གྱིས། །དེ་ཡི་རང་བཞིན་གང་ཞིག་སྒོམ་འདོད་ན། །རང་ལུས་རི་བོ་འདི་ནི ་གནས་ཀྱི་མཆོག་།སེམས་ཉིད་དུས་ཀྱི་རྣལ་འབྱོར་བསྒྲུབ་པ་པོ། །དབང་པོ་རྣམས་བཅིངས་མཚམས་བཅད་བདེ་བར་འགྱུར། །གཡེང་བ་རྣམས་ཀྱང་ཆེད་དུ་སྤང་མི་བྱ། །ཏུག་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ། །ཤེས་བ་མ་བཀུག་རྟོག་པར་རིམས་ཀྱིས་སྤངས། །སེམས་ལ ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་འདབ་མ་བཞིན་དུ་གློད་ལ་ཞོག་བྱ་བ་སྤོངས་ལ་རང་སེམས་རང་གིས་ལྟོས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །རྣམ་རྟོག་རྣམས་ཀྱི་རྩ་བ་སེམས་ཡིན་ཏེ། །དེ་མེད་ཕྱིར་ན་རྣམ་རྟོག་ཡོད་མིན། །དྲན་པ་པ་དྲན་མེད་བསྒོམ་པའི་རྣལ་འབྱོར ་ཏེ། །སེམས་འདི་རྟག་པར་མ་གྲུབ་རང་ལ་ཐིམ། །བསྒོམ་འདོད་མེད་པས་སངས་རྒྱས་འབྲས་བུ་ཐོབ། །རྣལ་འབྱོར་བུ་ཆུང་ལྟ་བུར་རྟོག་པ་མེད། །ལྡུམ་རའི་བུང་པའི་མེ་ཏོག་རོ་མྱོང་ལྟར། །ནགས་ནས་ནགས་སུ་འཁྱམ་པ་སེང་གེ་བཞིན། །ཀུན་ཏུ་རྒྱུ་བ་སྣ་ཚོགས ་རླུང་ལྟར་ནི། །སེམས་ཉིད་བག་དང་ལྡན་པ་སྤྱོད་པའི་མཆོག་།རང་བཞིན་མི་དགག་སྤྱོན་པ་ལྟ་བུར་སྤྱད། །རྒྱབ་ཏུ་མི་ཆགས་མདུན་དུ་ཞེན་པ་མེད། །མདོར་ན་ལྟ་སྒོམ་སྤྱོད་པ་ཉམས་ལེན་ལ། །ཇི་ལྟར་ཕན་པའི་སྤྱོད་པས་རྣལ་འབྱོར་སྤྱོད། །སྣ་ཚོགས་སྣང་བ ་སེམས་ཀྱི་ངོ་བོ་འདི། །ཐུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །སྣང་ལ་མི་སྣང་འབྲས་བུ་སངས་རྒྱས་འབྱུང། །དེ་ལ་སེམས་མ?་དངོས་གྲུབ་དམ་པ་ཡིན། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་འདི། །རྣམ་རྟོག་ཆུ་བའི་རྒྱུན་གྱི་རྣལ་འབྱོར་འདྲ། །དེ་ཡང་སེམས་ལས ་གཞན་ན་བཙལ་དུ་མེད། །ཡིད་ལ་མི་བཞག་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་མ་རེ་རྟོགས་ན་ཕྱག་རྒྱ་ཚེ། །མ་རྟོགས་རྟགས་པ་ནམ་མཁའ་ཨི་སྤྲིན་དང་འདྲ། །རྟོགས་ན་ད་ཉིད་རང་བཞིན་སྟེང་པ་ཡིན། །ལྟ་སྤྱོད་འབྲས་བུ་དབྱེར་མེད་ལྷན་ཅིག་སྐྱེས། །རང་བཞིན་གཉིས ་མེད་རྟགས་ན་འབྲས་བུའི་མཆོག་།ལྟ་སྤྱོད་སྒོམ་པ་འབྲས་བུ་དོ་ཧའི་གླུ་ཞེས་བྱ་པ། སློབ་དཔོན་ས་ར་ཧ་པས་མཛད་བརྫོག་སྟེ།། །།རྒྱ་གར་སྐད་དུ། ཏཎྜཝི?་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། དེ་ཧ་མཛོད་ཀྱི་དེ་ཉིད་ཀྱི་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག ་