| Wylie | e-texts based on the ACIP/ALL Input |
ལ་ཤྲཱིས་མཛད་པ་རྫོགས་སྟོ།། །། *། །འཇམ་དཔལ་ཁྲོ་བོ་བསྒྲུབས་ཐབས་བཞུགས་སོ། ། *། །རྒྱ་གར་སྐད་དུ། ་མཉྫུ་ཤྲི་ཀྲོ་དྷ་སཱ་དྷ་ནི། བོད་སྐད་དུ། འཇམ་དཔལ་ཁྲོ་བོས་ར?་སྒྲུབ་པ། སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲོ་བོ་གཤིན་རྗེ་གཤེད་།ཁྲོ་རྒྱལ་གཙོལ་རབ་བཏུད་ནས་། དེ་ཡི་ཟབ ་མོ་སྒྲུབ་པའི་ཐབས། །རྒྱུ་འཕྲུལ་དྲ་བའི་ཚུལ་དུ་བྲི། །དེ་ལ་འཇམ་དཔལ་གཤིན་རྗེ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ ་ལས་དུག་སྟེ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་བསྒོམ། །དེའི་དབུས་སུ་ཧཱུཾ་མཐིང་ནག་རབ་ཏུ་འབར་བ་བསྒོམ། །དེ་ལས་འོད་འཕྲོས་པས་བར་ཆད་ཐམས་ཅད་བསྲུང་ཞིང་བདེ་བར་གཤེགས་པ ་རྣམས་ཀྱིས་ཐུགས་དམ་བསྐུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ལ། ཡན་ལག་བདུན་པ་བྱ་ཞིང་ཚད་མེད་པ་བཞི་བསྒོམ་སྟེ། བསོད་ནམས་ཀྱི་ཚོགས ་བསག་གོ་།དེ་ནས་ཨོཾ་སརྦ་དྷརྨ་ཨ་བྷཱ་བ་སྭ་བྷཱ་བ་ཤུདྡྷོཉཧཾ་ཞེས་པས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་བསྒོམ། །དེའི་ངང་ལས་རང་གི་རིག་པ་ཧཱུཾ་མཐིང་ནག་རབ་ཏུ་འབར་བར་བསྒོམ། །དེ་གྱུར་པ་ལས་རྡོ་རྗེ་ཁྲོ ་བོ་ཧཱུཾ་གིས་མཚན་པ་བསམ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་ཞལ་གཅིག་པ་སྤྱན་གསུམ་པ། ཁྲོ་གཉེར་དཔྲལ་བར་བསྡུས་པ། །མཆེ་བ་གཙིགས་ཤིང ་སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་རལ་གྲི་རྡོ་རྗེའི་ཡུ་བ་ཅན་བཟུང་བ་། གཡོན་སྡིགས་མཛུབ་ཨུཏཔ་ལས་མཚན་པ། །གཅེར་བུ་དུར་ཁྲོད་ཀྱིས་རྒྱན་གྱིས་བརྒྱན་པ། ་ཡུམ་རྡོ་རྗེ་ཕག་མོ་དང་རོལ་ཞིང་ཡེ་ཤེས་ཀྱི་མེ་འབར་བ་?་།མ་ཧེ་གདན་དུ་བཏིང་ནས་ལས་ཀྱི་གཤིན་སྐྱེ?་འདུལ་བར་བསྒོམ། དེའི་ཐུགས་གནས་ཧཱུཾ་ལས་འོད་འཕྲོས་པས་དེ ་ལྟ་བུའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་འབུལ་ཏོ། ཨོཾ་བཛྲ་བུཥཝེ?་ཧཱུཾ། དྷཱུ་བེ་ཧཱུཾ། དཱི?་ཕོ་ཧཱུཾ། གནདྷེ་ཧཱུཾ། ནི་རེ་ཏེ ་ཧཱུཾ་ནཻ་བེ་དྱ་ཧཱུཾ། ཤཔད་ཧཱུཾ་ཞེས་མཆོད་པ་འགྲུལ་གཏོར་མ་གཏང་ངོ། །གཏོར་སྣོད་མི་དམིགས་པ་ལས་བདུད་རྩིར་བསམ། ཧཱུཾ་ཞེས་བརྗོད་པས་བདུད་རྩིར་བསམ། །འདོད་པའི་དོན ་ལ་གསོལ་བ་གདབ་པར་བྱ་སྟེ་། ཛ(རྒྱུད་འགྲེལ་སྔགས་འདི་ཡིན། ཨོཾ་བྲཱི། ཥྚི(རྒྱུད་འགྲེལ་རང་བཞིན་འོད་གསལ་བ་། ཟུང་དུ་འཇུག་པ་། རྡོ་རྗེའི་བཟླས་པ་སེམས་དེ་ལ་གཏད་པའོ། །ནག་པོ་ཐུགས་ཀྱི་དཔལ་བེ་ནས། །ཟབ་མོ་བདུད་རྩིའི་བཅུད་གཏིགས་པས། །སྐལ ་ལྡན་རིན་ཆེན་ལྟ་བུ་ཡིས། །འཇམ་དཔལ་གཤིན་རྗེ་གྲུབ་པར་ཤོག་། འཇམ་དཔལ་ཁྲོ་ལོར་སྒྲུབ་པ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པ་རྫོགས་ཤོ་། ་