| Wylie | e-texts based on the ACIP/ALL Input |
པར། །དངོས་པོར་སྣང་པར་སྒྱུ་མར་བལྟ། །སྒྱུ་མ་བརྫུན་པ་རྨི་ལམ་ཚུལ། །རྨི་ལམ་ཚུལ་སོགས་རབ་ཤེས་ནས་།དཔེ་བརྒྱད་བཞིན་དུ་ཤེས་པར་བྱ། །རྣལ་མའི་ཆོས་ལ་རབ་གནས་ན། །གང་ལྟར་སྤྱད་ཀྱང་བདེ་བ་ཐོབ། །ངེས ་ན་རྣལ་འབྱོར་བརྩོན་པར་བྱ། །རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་བ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙིཏྟ་གུ་ཧཡ་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། གསང་བའི་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། །འཇམ་དཔལ་སྨྲ་པའི་སེངྒེ ་ལ་ཕྱག་འཚལ་ལོ། །དམ་པ་ལྔ་བཅུ་རྩ་ལྔ་ཡིས། །ཞབས་ཀྱི་པདྨར་རབ་བཏུད་ནས། །སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། །ཁྱད་པར་ལྔ་ཡིས་གདམས་པ་བསྟན། ཀྱེ་མ་རྣམ་ཤེས་རླུང་གིས་འཁྲུག། རླུང་ནི་ལས་སུ་རུང་བ་དང། །གཏུམ་མོ་རླུང་གིས་སྦྱར་བར ་བྱས་འདུ་བའི་ནད་ཀྱང་རླུང་གིས་བཅོས། །འབྱུང་བ་རོ་ནི་མཉམ་པ་དང། །བཏུལ་ཞུགས་སྤྱོད་པས་པར་ཆོད་སེལ། །འཚོ་བའི་བཅུད་ནི་ལེན་པ་དང། །ེ་བམ་བདེ་བའི་རླུང་གིས་བསྐྱེད། །རྟེན་འབྲེལ་ཤེས་པ་འཆར་བ་དང། །རྡོ་རྗེ་རྐང་མགྱོགས ་གྲུབ་པར་འགྱུར། །དྷཱུ་ཏིར་ཚུད་དེ་ཕྱག་རྒྱ་ཆེ། །འདབ་ལྡན་པདྨ་གེ་སར་དབུས། །རྩ་དང་རླུང་དང་བྱང་ཆུབ་སེམས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། །ཆགས་དང་འབྲི་བ་བཅུ་གཉིས་བརྒྱ། །ལ་ལར་ས་དྷུ་ཏིར་བསྡུ། །རླུང་དང་བྱང་ཆུབ་སེམས་ཀྱང ་དེ། །འཁོར་ལོ་བཞི་ལ་སྲོག་ཤིང་ཚུལ། །མི་འདྲ་སྦྱར་པས་ཧཾ་ལས་འཛག། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི། །བསྐྱིལ་དང་བཟློག་དང་དགྲམ་ཞིང་བསྟིམ། །དགའ་བཞི་ཁྱད་པར་ཕྱག་རྒྱ་ཆེ། །སྐྱེ་བ་དང་ནི་འགག་པའོ། །ཤེས་པ་ཁོ་ན་འབའ་ ་ཞིག་ཡིན། །སེམས་ནི་ཀུན་གྱི་ས་བོན་ཏེ། །རང་སེམས་རྟགས་ན་སངས་རྒྱས་ལ། །བདེ་བ་གཞན་དུ་མི་བཙལ་ལོ། །སེམས་ཉིད་ལས་སུ་རུང་བདག་རྣམ་པར་མི་རྟོག་ཡང་དག་དོན། །གཉིས་མེད་གཉིས་སུ་མེད་པ་ལས། །གཉིས་སུ་བྱར་མེད་སྤྲོས ་བྲལ་མཁའ་། །སྲིད་དང་མྱ་ངན་འདས་ལས་གྲོལ། །དོན་གྱིས་དབུ་མ་ཕྱག་རྒྱ་ཆེ། །སྙིང་པོའི་དོན་ལས་མ་ཡེངས་བར། །གཉུག་མའི་ཡིད་ནི་གཅིག་ཏུ་གཏད། །རྣལ་མའི་དོན་ལ་རབ་གནས་ནས། །ཡིད་ལ་མི་བྱེད་བདེ་བ་ཆེ། །ལྷན་ཅིག་སྐྱེས་པ ་བདུད་རྩིའི་རོ། །མཚོན་དུ་ཡོད་པ་མ་ཡིན་ཏེ། །སྟོན་ཀའི་ཟླ་ལྟར་དྲི་མེད་འོད། །བདེ་གསལ་སྟོང་པའི་ཡེ་ཤེས་ཅན། །རང་ལ་སྤས་པ་མིག་ལྟར་དབྱེ། །བདེ་བ་ཆེ་ལས་གཞན་མེད་པས། །ཕྱག་རྒྱའི་མཆོག་དེ་ཕྱག་རྒྱ་ཆེ། །སྡུག་བསྔལ་ཞི་བར་བྱ་བ ་དང། །ལུས་སེམས་འཕན་དུ་གཞུགས་དང། །འབྲས་བུ་བློ་ཡིས་མ་གྲུབ་པ། །ཤེས་རྒྱུད་ནམ་མཁར་འཕང་པ་དང། །དམིགས་པ་སྣ་ཚོགས་བསྒྱུར་ཤེས་སོ། །ཆོས་དང་ཆོས་མིན་སེལ་བ་དང། །རིག་པ་དངས་སྙིགས་དབྱེ་བ་དང། །རྣམ་ཤེས་རླུང་ཡང ་བསྟིམས་པའོ། །སྒྱུ་ལུས་འོད་གསལ་བསྲེ་བར་བྱ། །བག་ཆགས་སྦུབས་སུ་གྲོལ་བ་དང། །ཕྱག་རྒྱ་ཆེན་པོ་དུས་འདིར་ཐོབ། །དེས་ན་རྣལ་འབྱོར་བརྩོན་པར་བྱ། །སྡུག་བསྔལ་ཞི་བར་བྱེད་པ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། །རྣལ་འབྱོར་གྱི་དབང ་ཕྱུག་ཆེན་པོ་ཀ་མ་ལ་ཤྲཱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙ་ན་གུ་ཧཡ་དང། བོད་ཀྱི་ལོ་ཙྪ་བ་ལོ་བཙུན་ཆུང་གིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། མཎྜལ་ལ་བི་དྷཱི་ནཱ་མ། བོད་སྐད་དུ། མཎྜལ་གྱི་ཆོ་ག་ཞིས་བྱ ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །བླ་མ་མཉེས་པར་བྱེད་པ་ཡི། །མཎྜལ་ཆོ་ག་བཤད་པར་བྱ། །མཎྜལ་ལ་ནི་རྣམ་ལྔ་སྟེ། །ངོ་བོ་ངེས་ཚིག་དབུལ་ཐབས་དང། །དབྱེ་བ་དང་ནི་ཕན་ཡོན་ནོ། །ཇོ་བོ་དབུལ་བར་འོས་པ ་ལ། །སྔགས་དབང་རྫས་སུ་བཅས་པའོ། །མཎ་ནི་སྐྱེད་པའི་ས་བོན་ཏེ། བསོད་ནམས་འཕེལ་བས་ཌལ་ཞེས་བྱ། །དབུལ་ཐབས་དང་གུས་མོས་པ་ཡིས། །གོང་མ་མཉེས་པར་བྱེད་པའོ། །མན་ཌལ་དབྱེ་བས་རྣམ་གཉིས་ཏེ། །དངོས་དང་ཡིད་ཀྱིས ་