| Wylie | e-texts based on the ACIP/ALL Input |
ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲིས་མཛད་པ་རྫོགས་སྟོ།། །།པཎྜི་ཏ་ཁ་ཆེ་ཛྙཱ་ན་གུ་རྒྱ་དང། ཨོང་པོ་ལོཙྪ་བས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། པཱ་ད་ཡག་པྲ་དྷི་པོ་ནཱ་མ། བོད་སྐད་དུ། ་རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལམ་གྱི་སྒྲོན་མ་འདི། །སྟན་པས་ལེགས་པའི་ལམ་མི་འཇུག། །སྡུག་བསྔལ་ཐམས་ཅད་ཞི་མཛད་པ། །དམ་པ་སྐྱེས་མཆོག་དེ་ལ་འདུད། །ཱ་ལི་ཀཱ ་ལའི་སྒྲ་དོན་རྟོགས། སྡེ་སྣོད་གསུམ་གྱི་དོན་ཡང་ཤེས། །བདག་དང་སྐྱེ་འགྲོའི་སེམས་ཅན་རྣམས། །ཡེ་ནས་སྐྱེ་མེད་འོད་གསལ་ཡང། །མ་རིག་པ་ཡི་རླུང་གིས་འཁྲུལ། །འཁོར་པའི་སྡུག་བསྔལ་ཉམས་སུ་མྱོང། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །རྣལ ་འབྱོར་ལམ་པས་འདི་ལྟར་བྱ། །སྡིག་པའི་ལས་རྣམས་རབ་སྤངས་ཏེ། །དགེ་བའི་ཆོས་ལ་བརྩོན་པར་བྱ། །དཀའ་ལ་སོམ་ཉི་མི་ཟ་ཞིང། །རྟག་ཏུ་སྐྱབས་འགྲོ་མ་ཉམས་བྱ། །བྱམས་པའི་སེམས་དང་རབ་ལྡན་ཞིང། །འགྲོ་ལ་སྙིང་རྗེ་ཅི་ནུས་བྱ། །འདོད་? ་ཡོན་དངོས་པོ་མི་རྟག་པས། །གཟུང་འཛིན་ཆགས་སེམས་རྣམ་པར་སྤངས། །གཞན་ལ་སྨད་པར་མི་བྱ་ཞིང། །འགྲོ་བའི་བླ་མ་སྤྱི་བོར་བཀུར། །ལོག་པའི་ལམ་དུ་མི་འཇུག་ཅིང། །མཐུ་དང་ངན་སྔགས་སྤེལ་མི་བྱ། །ལོངས་སྤྱོད་འདུ་འཛི་རྣམ་སྤངས་ཏེ།། ་གཅིག་པུ་ནགས་སུ་འདུག་ལ་སྒོམ། །འཇིག་རྟེན་འཆལ་ཚིག་མ་བརྗོད་པར། །སྔགས་དང་སྙིང་པོ་མདོ་ཡང་བརྗོད། །ཡང་ན་ལྐུགས་པའི་ཚུལ་དུ་བསྡད། །དང་བྱུང་དྲི་མ་མེད་པའི་བརྡ། །ལུས་ལ་གྲུ་ཡི་བློ་བཞིན་ལ། །བཅུད་ལེན་གྱིས་ནི་ཟུངས་ཀྱང ་བསྐྱེད། །གཏུམ་མོ་ཡིས་ནོར?་བསྙམས་ཏེ། །འབྱུང་བ་བསྙམས?་ཞིང་ནད་རྣམས་དབྱུང། །གནོད་སྦྱིན་པར་ཆད་བྱེད་པ་ལ། །བརྟུལ་ཞུགས་གདམས་པའི་སྤྱོད་པ་བྱ། །མི་ངལ་གསུམ་དང་འདུ་བ་གསུམ། །འཁོར་ལོ་གསུམ་དང་རྩ་བ་གསུམ། །འབར་བ ་གསུམ་དང་?་མི་ཐ?། །ཐིམ་པ་གསུམ་དང་རྒྱས་གདབ་པོ། །མདོར་ན་ཐམས་ཅད་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་སུ་འཛིན་པ་ལ་དྲུལ་པའི་བློ། །བློ་ལས་གྲོལ་ན་གཉིས་སུ་མེད། །གཉུག་པའི་དང་ལས་མ་གཡེངས ་པར། །དངོས་པོར་སྣང་པར་སྒྱུ་མར་བལྟ། །སྒྱུ་མ་བརྫུན་པ་རྨི་ལམ་ཚུལ། །རྨི་ལམ་ཚུལ་སོགས་རབ་ཤེས་ནས་།དཔེ་བརྒྱད་བཞིན་དུ་ཤེས་པར་བྱ། །རྣལ་མའི་ཆོས་ལ་རབ་གནས་ན། །གང་ལྟར་སྤྱད་ཀྱང་བདེ་བ་ཐོབ། །ངེས ་ན་རྣལ་འབྱོར་བརྩོན་པར་བྱ། །རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་བ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཙིཏྟ་གུ་ཧཡ་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། གསང་བའི་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། །འཇམ་དཔལ་སྨྲ་པའི་སེངྒེ ་