CLOSE WINDOW

N1956: byang chub spyod pa'i sgron ma zhes bya ba
Wyliee-texts based on the ACIP/ALL Input

དུ་མེད་པས་ན། །རྒྱལ་བས་ཆིག?་གཅིག་གསུངས་པ་མེད། །མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། བྷོ་དྷི་ཙརྱ་དཱི་པཾ་ནཱ་མ། །བོད་སྐད་དུ། །བྱང་ཆུབ་སྤྱོད་པའི་སྒྲོན ་མ་ཞེས་བྱ་བ། འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལ་ནི་ཕྱག་འཚལ་ནས། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །འགྲོ་བ་སྡུག་བསྔལ་གདུངས་པ་ལ། །ཤི་བྱེད་བསིལ་ལྡན་དྲི་མེད་བཤད། །འཇིག་རྟེན་ཁམས་འདི་མི་རྟག་སྟེ། །དཔེར་ན ་འཇའ་ཚོན་ཡལ་དང་འདྲ། །ལོ་ཟླ་ཆོས་གྲངས་འཆི་དང་ཉེ། །བུ་ཚལ་སོགས་གྲོགས་རྣམས་དང་ཁོར་ནས་གཅིག་པུ་འགྲོ་དགོས་ན། །བར་དོ་བཞི་ལས་འཆི་བའི་ཚེ། །སྡུག་བསྔལ་རི་བོས་མནན་པས་སྡུག། བདུན་ཚོ་བདུན་དུ་བར་དོ་རུ། །གཤེད་པོས་འཚེ་ཞིང ་སྡུག་རེ་བསྔལ། །མ་རིག་འཁྲུལ་པས་ལུས་བླངས་ཏེ། །ཉོན་མོངས་ལྔ་ཡི་སེམས་ཀྱང་དཀྲུགས། །དཔེར་ན་ཤིང་རྟའི་འཁོར་ལོ་གཞིན་།འགྲོ་བ་དྲུག་གིས་སྡུག་བསྔལ་མྱོང། །སྡུག་བསྔལ་བཞི་སོགས་སྡུག་བསྔལ་བས། །དེ་ཕྱིར་བྱང་ཆུབ་བསྒྲུབ་པར་བྱ། །ལེ་འོ ་གཡེང་བར་བ་སྤངས་ཏེ། །ཤེས་རབ་གསུམ་ལ་བློ་སྦྱངས་ལ། །རྟག་ཏུ་དུར་ཁྲོད་གནས་སུ་འདུག། དྲན་པ་བཞི་དང་ལྡན་པ་ཡིས། །ཐོ་རངས་འདས་ཏེ་ཁྲུས་བྱས་ལ། །དང་དང་མོས་གུས་སྔོན་བཏང་སྟེ། །བྱང་ཆུབ་སེམས་དང་རབ་ལྡན ་བས། །འགྲོ་བ་བུ་བཞིན་གདུང་པར་བྱ། །གསུམ་ལ་སྐྱབས་འགྲོ་མ་ཉམས་བྱ། །བདེན་པའི་ཆོས་ལ་ཐེ་ཚོམ་སྤང། །འདོད་པ་སྤེལ་ཕྱིར་ཆུ་སྦྱིན་གཏང། །མཆོད་གཤགས་ལ་སོགས་ཁ་དོན་བྱ། །གྲུ་ཡི་ཚུལ་དུ་ལུས་ཀྱང་བཙལ། །བག་ཡོད་སྤྱོད་ལམ་བློ་གྲོས ་ཟབ། །ལྷ་དང་མི་འབྲལ་བསམ་པ་བཟང། །དང་པོ་ཁྱུད་པས་དཀོན་མཆོག་མཆོད། །ཁ་ཟས་ཀུན་ལ་རྣལ་འབྱོར་བྱ། །ལྷག་མ་འབྱུང་པོ་རྣམས་ལ་བསྔོ། །བཤད་གཅི་རྣམས་ཀྱང་སྦྱིན་པར་གཏང། །སྨོན་ལམ་རྒྱ་ཆེན་གདབ་པའོ། །ཆོས་སུ་འགྲོ་བའི་ཚིག་ཀྱང་བརྗོད།། ་ཚ་ཚ་གདབ་ཅིང་སྲོག་ཀྱང་གདོན། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །ཡེ་ཤེས་ཚོགས་ཀྱང་དེ་བཞིན་ཏེ། །སྡོམ་པ་གསུམ་དང་ལྡན་པར་བྱ། །ཕ་རོལ་ཕྱིན་པ་དྲུག་སྤྱད་དེ། །དབང་བཞི་རྫོགས་པའི་རྣལ་འབྱོར་བྱ། །བསྐོར་བ་བྱ་ཞིང་ལུས་ཀྱང་བཅག། ་འབྱུང་བ་བཞི་ནི་རོ་བསྙམས་ཏེ། །མཚན་མོ་ནང་གི་སྤྱོད་པ་བྱ། །སྲོད་ལ་གཏོར་ཚོགས་ཆེན་པོ་གཏང། །ནམ་ཕྱེད་ཚོགས་ཀྱི་འཁོར་ལོ་བསྐོར། །ཕྱི་བཅུད་ནང་བཅུད་རང་སོར་བཞག། ནམ་སྨད་དགེ་པའི་གཉིད་ཀྱང་ཡོག?། སྤྱོད་ལམ་རྣམ་བཞིའི་ཆོས་ལ ་བསྡུ། །མ་ཡེངས་ཆུ་བོའི?་རྒྱུན་ལྟར་སྤྱད། །སྒྱུ་ལུས་འོད་གསལ་བསྲེ་བ་ཡང། །སུམ་ཅུ་རྩ་བཞིའི་གདམས་པའི་དོན། །སེམས་ཉིད་ལས་སུ་རུང་བས་ནི། །རང་དབང་རྒྱལ་པོ་སེམས་ལ་ཐོབ། །དེ་ཕྱིར་རྣལ་འབྱོར་བརྩོན་པར་སྤྱོད། །བྱང་ཆུབ་སྤྱོད་པའི་སྒྲོན་མ ་ཞེས་བྱ་བ་རྗེ་བཙུན་ཀ་མ་ལ་ཤྲིས་མཛད་པ་རྫོགས་སྟོ།། །།པཎྜི་ཏ་ཁ་ཆེ་ཛྙཱ་ན་གུ་རྒྱ་དང། ཨོང་པོ་ལོཙྪ་བས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། པཱ་ད་ཡག་པྲ་དྷི་པོ་ནཱ་མ། བོད་སྐད་དུ། ་