| Wylie | e-texts based on the ACIP/ALL Input |
ལས། །འདི་ནི་ཐབས་ཀྱི་རྒྱུད་དུ་གསུངས། །ཟབ་ཅིང་རྒྱ་རེའི་ཞི་བྱེད་འདི། །རྒྱུད་པ་རྣམས་པ་བཞི་རུ་བཤད། །རིག་གི་རྒྱུད་དང་དོན་གྱི་བརྒྱུད། །བྱིན་རླབས་བརྒྱུད་དང་བརྡ་ཡི་བརྒྱུད། །མ་ཞུགས་རྣམ་བཞི་ཤེས་པར་བྱ། །ཐེག་པ་གསུང་གི་སྒྲོན་མ་རྫོགས་སོ།། །། ་རྒྱ་གར་སྐད་དུ། སམ་དརཤ་པྲ་དཱི་པ་ནཱ་མ། བོད་སྐད་དུ། ཡབ་དག་ལྟ་བའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨྲ་པའི་སེང་གེ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་ཡེ་ཤེས་སྟེར་མཛོད་པ། །དམ་པ་སྐྱེས་མཆོག་རྣམས་ལ་འདུད། །མཚོན་ཆོད་ལྟ་བ་མ་འགགས་པས། ་གྲུབ་མཛའ་ཀུན་དང་ཕྱོགས་གཅིག་མཐུན། །ཡིན་ལུགས་ལྟ་བ་མཛའ་དང་བྲལ། །གྲུབ་མཛའ་ཀུན་གྱི་བློ་མ་ཤོར། །ལྟ་བ་རྒྱ་ཆེ་མཛའ་བྲལ་ནི། །མཛའ་བཞིའི་སྐྱོན་དང་བྲལ་བས་ན། །གྲུབ་མཛའ་ཀུན་ལ་མི་གནས་པས། །ཡང་དག་ལྟ་བར་ཡིད་ཆེས་བྱ། །བལྟ ་བྱ་བལྟ་བྱེད་གཉིས་དང་བྲལ། །ལྟ་བ་མེད་པའི་ལྟ་བ་ནི། །ལྟ་བའི་དམ་པ་ཁོ་ན་ཡིན། །དངོས་འཛིན་ལྟ་བ་ཀུན་ལས་གྲོལ། །མ་རིག་པ་ཡི་མིག་ཕྱེ་ནས། །ཡེ་ཤེས་མིག་གིས་བལྟས་པས་ནི། །རིག་པ་དྲི་མ་མེད་པ་ལྟ། །དྲི་མེད་མཐོང་ཞེས་ལྟ་བ་ཡིན། །མཐོང་བྱ་མཐོང ་བྱེད་གཉིས་བྲལ་ནས། །ཟུང་འཇུག་ལྟ་བ་གཟའ་གཏད་མེད། །ཕྱག་རྒྱ་ཆེན་པོ་ལྟ་མཆོག་ཡིན། །དེ་ཉིད་རྟོག་པའི་ཡོན་ཏན་ནི། །མཚན་ཉིད་བཞི་རུ་ཤེས་པར་བྱ། །རིག་པ་དྲི་མ་མེད་པ་ལ། །རྣམ་དག་སྒྲིབ་གཡོགས་མེད་པས་ན། །གཟུང་འཛིན་གཡའ་ཡིས་མ་གོས་པའོ།། ་གཅིག་གི་སངས་རྒྱས་ཨེ་མའོ། །རིག་པ་གཅེར་བུར་གནས་པ་ལ། །མཚན་མའི་གོས་ཀྱིས་མ་གཡོགས་པར། །རང་འབྱུང་ཡེ་ཤེས་དྲོད་པོ་ཆེ། །ཆགས་སྡང་མཚན་མ་མེ་བཞིན་སྲེག། ཀུན་ཤེས་རིག་པ་རྟེན་མེད་པའོ། །བག་ཆགས་སྲུབས་སུ་མ་ཞུགས་པར།། ་སྡུག་བསྔལ་མཁར་པ་གཟུགས་མི་དགོས། །འདོད་ཡོན་སོ་ནམ་རང་སར་གྲོལ། །འཛིན་མེད་རིག་པ་བརླིངས་པ་ནི། །དངོས་འཛིན་ཡུ་བ་བུད་པས་ན། །སྣང་གྲངས་འཛིན་པ་ནུས་པ་ཡིན། །ཕྱོགས་ཆ་མེད་པའི་བལྟ་བའོ། །ཡང་དག་ལྟ་བའི་སྒྲོན་མ་ཞེས་བྱ་བ ་རྫོགས་སོ།། །།རྒྱ་གར་སྐད་དུ་།རཏན?་ན་བྷ་བ་དཱི་པ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྒོམ་པའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་སྨ་བའི་སེང་གེ་ལ་ཕྱག་འཚལ་ལོ། །མ་རིག་མུན་པ་སེལ་མཛད་པ། །དམ་པ་སྐྱེས་མཆོག། ་