| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། དྷརྨམཱ་དྷཱ་དུ་སང་གླ་ཏི། བོད་སྐད་དུ། ཆོས་ཀྱི་དབྱིངས་ལྟ་བའི་གླུ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་དེས་གནས་པའི།། ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ནས། །ཆོས་དབྱིངས་ལྟ་ཞིང་གཞན་མིན་པ། །དེ་དག་རིམ་བཞིན་བརྗོད་པར་བྱ། །ཟབ་ཞི་སྤོས་བྲལ་ཏེ་བཞིན་ཉིད། །འོད་གསལ་འདུས་མ་བྱས་པ་གང། །མ་སྐྱེས་མ་འགགས ་གཟོད་ནས་དག། རང་བཞིན་མྱ་ངན་འདས་པ་ཡིས། །ཆོས་དབྱིངས་མཛའ་དང་དབུས་མེད་པ། །བློ་མིག་ཞི་བ་མོ་རྟོག་བྲལ་བ། །བྱིངས་རྒོད་རབ་རིབ་མེད་པས་ལྟ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས།། ་དག་པ་དེ་ནི་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ། །ཇི་ལྟར་འོ་མ་རྣམས་སྤངས་པས ་མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་སྣང ་ངོ། །ཕྱོགས་ནི་གང་དང་གང་དག་གནས། །བུམ་པ་བུ་ག་གཏོང་གྱུར་པ། །དེ་དང་དེ་ཡིས་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བ་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ཡི་ནམ་མཁའ་ཡི། ། ་མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཛའ་དྲི་མཁྲལ། །ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང།། ་རྡོ་ཡི་ནད་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པས། །འཁོར་བར་འདོད་ནི་གསལ་མ་ཡིན། །ཇི་ལྟར་སྤུན་པས་གཡོགས་གྱུར་པ། །སོ་བ་འབྲས་ཉིད་མི་འདོད ་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་རྟགས། །ཇི་ལྟར་སྤུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཇི་ལྟར་སྦྲུམ་མའི ་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་པ་མིན། །གཟུང་བ་ཀུན་ལས་རྣམ་གྲོལ་བས།། ་ཇི་ལྟར་འཛིན་པར་བརྟག་པར་བྱ། །མི་གཙང་མི་རྟག་སྡུག་བསྔལ་ཞེས། །བྱ་བ་གསུམ་པས་སེམས་སྤྱད་བྱེད། །སྟོང་པ་ཉིད་ནི་སྟོན་པའི་མེད། །རྒྱལ་བས་ཇི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག། །ཁམས་དེ་ཉམས་པར་བྱེའམ ་ཡིན། །མཆོག་ཏུ་སེམས་ནི་སྦྱང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཇི་ལྟར་རི་བོང?་མགོ་ཡི་རྭ། །བརྟགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང། །བརྟགས་པ་ཉིད་དེ་ཡོད་མ་ཡིན། །ཕྲ་རབ་རྡུལ་གྱི་ངོ་བོ་ཉིད ་གླང་གི་རྭ་ཡང་དམིགས་མ་ཡིན། །ཇི་ལྟར་སྔན་བཞིན་ཕྱིས་དེ་བཞིན། །དེ་ལ་?་ཞིག་བརྟན་པར་བྱ། །བརྟན་ནས་གག་པར་འགྱུར་བ་དང། །གནས་པ་དག་ཀྱང་ཡོད་མིན་ན། །བྱིས་པ་ཇི་ལྟར་རྟོག་པར་བྱེད། །ཆོས ་དབྱིངས་རང་བཞིན་ནམ་མཁའ་ཡིན། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །སྐྱེ་དང་རྒ་དང་གནས་པ་དང། །འཇིག་པ་མེད་པར་འདུས་མ་བྱས། །སངས་རྒྱས་ཆོས་དབྱེར་མེད་པ་དང། །དེ་རིགས་དེ་བཞིན་ཐོབ་པ་དང། །བརྫུན་མེད་སླུ་མེད་འཚེ་མེད་པས། །གདོད ་ནས་རང་བཞིན་ཞི་ཉིད་དོ། །གང་ཕྱིར་དེ་ནི་རྒྱ་མཚོ་ལྟར། །སྒྲ་དང་དཔེ་དང་བློ་རྣམས་གྱིས། །གཏིང་ངད་ཕ་རོལ་མི་རྙེད་པ། །དེ་ཕྱིར་རབ་ཏུ་ཟབ་པ་ཉིད། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ལྟ་བ་ཐ་དད་རུང་མ་ཡིན། །འོན་ཀྱང་བློ་ཡི་བྱ་བྲག ་གིས། །ལྟ་བ་ཐ་དད་ཅུང་ཟད་བརྗོད། །དབུ་བ་ཉིད་དུ་སྤྲ་བ་རྣམས། །དེ་དོན་བདེན་པ་གཉིས་སུ་འདོད། །ཀུན་རྫོབ་དང་ནི་དོན་དམ་མོ། །བདེན་གཉིས་རྣམ་དབྱེ་ཤེས་པ་དག། ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས ་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །བདག་དང་བདག་གི་རྟག་ཆད་དང། །ཉོན་མོངས་རྣམས་བྱང་རྒྱུ་འབྲས་དང། །བཟུང་དང་འཛིན་པར་གང་སྤྲོས་པ། །འདི་ནི་ཀུན་རྫོབས་བདེན་པའོ། །སྟོང་ཉིད་བདག་མེད་ཞི་བ་གང་སྤྲོས ་པ་རྣམས་ཀྱིས་མ་གོས་པ། །ཐ་དད་དོན་མིན་རྣམས་མི་རྟོག་།འདི་ནི་དོན་དམ་བདེན་པའོ། །ཡང་དག་ཡང་དག་མ་ཡིན་དང། །རྣམ་གྲངས་རྣམ་གྲངས་མ་ཡིན་པས། །དེ་གཉིས་སོ་སོར་དབྱེ་བ་བྱས། །གཏགས་ཙམ་སྣང་གྲགས་དངོས་པོ་དང། །ཐ ་སྙད་འཁྲུལ་པ་སྒྱུ་མ་དང། །ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ། །སྟོང་པ་ཉིད་དང་ཡང་དག་མཛའ་། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གང་ཕྱིར་སྒྲིབ་པས་ཀུན་རྫོབ་སྟེ། །འགྱུར་བ་མེད་ཕྱིར་དོན་དམ་མོ།། ་ཡང་དག་ཡང་དག་མ་ཡིན་པའི། །ཤེས་པ་གཉིས་ཕྱིར་བདེན་པ་གཉིས། །ཡང་དག་ཤེས་པ་མེད་ཅེ་ན། །བདེན་ཏེ་ཐ་སྙད་ཙམ་དུ་ཡོད། །དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང ་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབྱེན་དོན་ཉིད། །བདེན་གཉིས་གཅིག་དང་ཐ་དད་མིན། །ཉེས་པ་བཞི་བཞི་གསུངས་ཕྱིར་རོ། །གཅིག་དང་ཐ་དད་གང་རྟོགས་པ། །དེ་ནི་ཚུལ་མིན་ཞུགས་པ་ཡིན། །དངོས་པོར་ཁས་ལེན་ཡོད་ན་ནི།། ་འདོད་ཆགས་ཞེ་སྡང་མི་ཟད་འབྱུང། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དམིགས་པའི་འདུ་ཤེས་ཅན་ལ་ནི། །ཐོབ་པ་མེད་ཅིང་མངོན་རྟོགས་མེད། །རྗེས་མཐུན་བཟོད་པར་འང་ཡོད་མིན་ན། །མྱ་ངན ་འདས་པ་འང་སྨོས་ཅི་དགོས། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་དང། །རིག་སྟགས་ལོག་པ་བསྒྲུབས་པ་བཞིན། །རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་བར་འབྱིན་པར་གསུངས།། ་གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །གང་དག་རང་དངོས་གཞན་དངོས་ཀྱིས། །དངོས་དང་དངོས་མེད་ཉིད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །མེད་པ་ཡོད་པའི་ཟླས་གྲངས ་ཏེ། ཡོད་པ་འང་མེད་པའི་ཟླས་གྲངས་པ། །དེ་ཕྱིར་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དཱུང་མི་བརྟག་གོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར ་འགྱུར། །ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུགས་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་བ་ཉིད་འཐོབ། །གཟུགས་སོགས་ཇི་ལྟར་སྣང་བ་ནས། །བདེ་གཤེགས་བར་གྱི་ཆོས་རྣམས་ཀུན། །རི་བོང ་བ་ལང་རྭ་ཡི་དཔེས། །དབུ་མ་ཉིད་དུ་གོམས་པར་བྱ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་མིན་བདག་ཉིད་དུ་ཡང་མེད། །མཛའ་བཞི་ལས་ནི་ངེས་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །དབུ་མ་མཛའ་ལས་རྣམ་གྲོལ་ན། །མཛའ་ ་དང་བྲལ་ཕྱིར་དབུ་མ་འང་མེད། །མཛའ་དབུས་མེད་པར་གང་ལྟ་བ། །དེ་ནི་ཡང་དག་ལྟ་བ་སྟེ། །བླ་ན་མེད་པའི་ལྟ་བ་ཡིན། །བློ་ལྡན་རྣམས་ཀྱིས་རྟག་ཏུ་བསྒོམས། །གང་ཞིག་ལྟ་བ་འདིར་ཞུགས་པན། །དེས་ནི་ཐམས་ཅད་མཁྱེན་པ་ཐོབ། །རྣམ་རིག་ཅམ ་དུ་སྨྲ་བ་རྣམས། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་པོ། །བརྟགས་དང་རྒྱུ་ལས་སྐྱེས་པ་དང། །མི་འགྱུར་ཕྱིར་ན་གོ་རིམ་བཞིན། །རྣམ་པར་རྟོག་པ་གང་གྲང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད ་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང། །གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང། །ཡོད་དང་མེད་པའི་མཛའ་གཉིས་ཀྱིས། ། ་དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་ཡིན་པ་འང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །ཆུ་ཤེལ་བཻརཱུ་རྱ་ཡིས་དཔེས། །ངོ་བོ་ཉིད་གསུམ་ཤེས་པར་བྱ། །བདག་དང་ཆོས་སུ་བརྟགས་པ་དང། རྣམ་པར་དག་དང ་མ་དག་དང། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །རིམ་བཞིན་རེ་རེ་འང་གཉིས་གཉིས་སོ། །བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་པ་ཡིན། །བཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཆོས་རྣམས ་འབའ་ཡང་སྐྱེ་བ་དང། །འགག་པ་ཅུང་ཟད་ཡོད་མིན་ཏེ། །སྐྱེས་པ་འབའ་ཞིག་ཁོ་ན་ནི། །སྐྱེ་བ་དང་ནི་འགག་པར་འགྱུར། །ཡོད་མིན་ཆོས་རྣམས་དེ་དག་སྣང། །བེམས་པོ་ལས་མིན་གཞན་ལས་མིན། །མེད་པ་ལས་མིན་ཉེས་གཉིས་ཕྱིར།། ་དེ་ཕྱིར་ཤེས་པའི་བདག་ཉིད་ཡོད། །རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བར་གསུངས། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པར་འདོང། །ནམ་མཁའ་ས་རླུང་ཉི་མ་དང། །རྒྱ་མཚོ་ཕྱོགས་དང ་འབབ་ཆུ་ནི། །ནང་གི་ཤེས་པ་ཡང་དག་གིས། །ཆ་ཡིན་ཕྱི་རོལ་ལྟར་སྣང་ངོ། །གསལ་བའི་རང་བཞིན་དུ་སྣང་བས། །དེ་དག་འབྲེལ་པ་ལྐོག་གྱུར་མིན། །གང་དང་འབྲེལ་པས་གང་རིག་པ། །དེ་ཡིས་རིག་བྱ་དེ་རིག་འགྱུར། །རལ་གྲིའི་སོ་དང་སོ་རྩེ་བཞིན། །བློ་ཡིས་རང ་འཛིན་དོར་ཞེ་ན། རང་ཉིད་སྣང་བ་དོར་མིན་པར། །དགོངས་པ་ངེས་པར་འགྲེལ་ལས་གསུངས། །དེའི་ཕྱིར་བློ་ཡིས་མཚན་ཉིད་ནི། །རང་རིག་པར་ནི་གྲུབ་པ་ཡིན། །དེ་ཉིད་རྟོགས་པར་དཀའ་བས་ན། །འདི་ཡི་ངོ་བོ་དཔྱད་མི་ནུས། །རང་རིག་དེ་ཡང་ཕྲ་བའི ་ཕྱིར། །སངས་རྒྱས་རྣམས་ཀྱིས་ཕྲ་བར་གཟིགས། །རང་ལ་གནས་ཀྱང་བདག་འདྲ་པས། །རྨོངས་པའི་ཕྱིར་ན་མཐོང་བ་མེད། གསལ་དང་བློ་ནི་བདག་ཉིད་ཀྱིས། །འབྲེལ་པ་ཡོང་ཕྱིར་དོན་ཙམ་ཡིན། །ཤེས་པའི་རང་བཞིན་བདེན་པ་སྟེ། །རྣམ་པ་བརྫུན ་ཞིང་འཁྲུལ་པ་ཡིན། །སེམས་ནི་རྣམ་པར་བསླད་པའི་ཕྱིར། །གཅིག་ཉིད་གཉིས་སུ་སྣང་བ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལས། །ཤིན་ཏུ་མཁས་པ་ཅིས་མ་ཡིན། །གཟུང་བའི་རྣམ་པ་མི་གཡོའི་ཕྱིར། །ཕྱི་རོལ་ལྟ་བུར་སྣང་པ་ཡིན། །འཛིན་པའི་རྣམ ་པ་རབ་གཡོ་བས། །ནང་ལྟ་བུར་ནི་སྣང་བ་ཉིད།། མཚན་མ་དེ་ནི་སྤངས་ནས་སུ། །ཡེ་ཤེས་ནམ་མཁའ་ལྟ་བུར་བསྒོམ། །སེམས་ཀྱིས་རང་བཞིན་ཟག་པ་མེད། །ཟག་བཅས་ས་བོན་མ་ཟད་པར། །ཀུན་ཞི་གནས་སྐབས་དེ་དག་ཉིད། །ཟང་ནས་ཟག་པ་མེད་པའི་དབྱིངས ་རྣམ་པར་གྲོལ་བའི་སྐུ་དང་ནི་རྟག?་ཏུ་ཉི་ཟེར་ཉི་མ་བཞིན། །སངས་རྒྱས་ཆོས་རྣམས་གནས་ཡིན་པས། །སྐྱོབ་པ་རྣམས་ཀྱིས་ཆོས་སྐུའོ། །ཉན་ཐོས་ཐེག་པར་ཐུགས་པ་རྣམས། །བདག་དང་བདག་གིས་དབེན་པ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །བཞི་ལྔ་འདས ་དུས་ནི་གསུམ་ཡང་རུང། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །དམིགས་དང་བཅས་པས་འཛིན་པར་བྱེད། །དེ་གཉིས་དམ་པའི་དོན་དུ་འདོད། །བདེན་པ་མཐོང་དང་གོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །བདེན་པ་དག་ནི་རྣམ་བཞི་སྟེ།། ་སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོའོ། །ཀུན་འབྱུང་ལས་དང་ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་དུ ་བདུན། །ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དགེ་སྦྱོང་ཚུལ་ནི་དེ་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞིན་རྣམ་གཞག་པ ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཉན་ཐོས་རྣམ་བཞི་སྤྲུལ་པ་དང། །རྫོགས་པའི་བྱང་ཆུབ་འགྱུར་བ་དང། །ཞེ་བགྲོད་གྲུབ་མཛའ་འཛིན་པའོ། །དེ་ནི་གཉིས་བཞི་བཅོ་བརྒྱད་དེ། །གཉིས་ནི་བྱེ་བྲག་སྨྲ་བ་དང། །དེ་བཞིན་མདོ་སྡེ ་སྨྲ་བའོ། །རྣམ་པ་མེད་པའི་ཤེས་པ་ཡིས། །གཟུགས་ལ་སོགས་པ་དོན་ཐིག་འདོད། །དེ་ནི་བྱེ་དྲག་སྨྲ་བ་ཡིན། །གང་ཞིག་དོན་གྱིས་ཕན་གཏགས་པའི། །གཟུགས་བརྙན་རྣམས་ལ་ཉམས་མྱོང་བས། །དོན་རིག་འདོད་པ་མདོ་སྡེ་པའོ། །གཞི་ནི ་དགེ་འདུན་ཕལ་ཆེན་དང། །ཐམས་ཅད་ཡོད་སྨྲ་གནས་བརྟན་པ། །མང་པོས་བཀུར་བ་བཅོ་བརྒྱད་ནི། །ཤར་དང་ནུབ་དང་གངས་རིག་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །རྟག་པར་སྨྲ་བའི་སྡེ་པ་དང། །ལྔ་ཚེན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན ་ཡོང་སྨྲ་འོད་སྲུང་སྡེ། །ས་སྟོན་སྡེ་དང་འོད་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས ་རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་པ་ནི། །ཀུན་གྱིས་བཀུར་བ་རྣམས་པ་གསུམ། །ཡུལ་དོན་སློབ་དོན་བྱེ་བྲག་གི། ཐཱ་དད་རྣམ་པ་བཅོ་བརྒྱད་དོ། རང་རྒྱལ་བྱང་ཆུབ་དོན་གཉེར་བས། །གཟུང་བའི་རྟོག་པ་སྤངས་ཕྱིར་དང། །འཛིན་པ་མ ་སྤངས་ཕྱིར་ན་སྟེ། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །བསྐལ་པ་བརྒྱ་ཡི་མཐར་ཐུག་པར། །བསྒོམས་པས་བྱང་ཆུབ་རེག་པར་འགྱུར། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བ། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས ་གཉིས་དང། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་འདས་ཀྱིས། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དད་ཚུན་ཆད་དོ། །དེ་ནི ་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱིས། །རྒྱུ་ཤེས་ནུས་པ་ཚུན་ཆང་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་བཅས་ཀྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །དེ ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་དེ་ཉིད་ནི་སྲིད་པ་ཡིན། །ཉིད་མཚམས་སྦྱོང་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་བར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲོགས། །སྔོན་དང་ཕྱི་མཛའ་བར་དག་ལ། །རྨོངས ་པ་རྣམ་པར་བཟློག་ཕྱིར་རོ། །ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །འབྱུང་བ་འབྲས་བུ་ཉིད་དུ་འདོད།། ་ཡན་ལག་བཅུ་གཉིས་དེ་དག་ལས། །རྒྱུ་ནི་རྣམས་ལྔ་འབྲས་བུ་བདུན། །འཕན་པར་བྱེད་དང་འཕངས་པ་དང། །མངོན་པར་འགྲུབ་བྱེད་གྲུབ་པ་དང། །ཉེས་དམིགས་ཀྱིས་ནི་ཡན་ལག་སྟེ། །གསུམ་བཞི་གསུམ་གཅིག་གཅིག་རིམ་བཞིན། །འདུ་བྱེད་སྡུག ་བསྔལ་འགྱུར་བ་ཡིས། །སྡུག་བསྔལ་ལ་ཉིད་ན་རིམ་བཞིན་དུ། །ལྔ་དང་གཉིས་དང་ལྔ་ཡིན་ནོ། །ཁམས་གསུམ་ན་ནི་རིམ་བཞིན་དུ། །བཅུ་གཉིས་བཅུ་གཅིག་བཅུ་ཡིས་འཇུག། བརྫུས་སྐྱེས་ཡན་ལག་བཅུ་གཙིག་གིས། །མངལ་དང་སྒོང་སྐྱེས ་བཅུ་གཉིས་ཀྱིས། །དྲོད་གསེར་ལས་སྐྱེས་ཅི་རིགས་འཇུག། དེ་བཞིན་འགྲོ་བ་ལྔ་ལ་སྐྱར། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡོད་དུ་འཁོར ་འཁོར་བའི་ངོ་བོ་རྣམས་པ་དང། །གང་ཞིག་གང་དུ་གང་གིས་དང། །ཇི་ལྟར་ཇི་སྲིད་ཉེས་དམིགས་ནི། །མཛའ་ཡས་ཚོགས་ཀྱིས་རབ་ཏུ་འཇུག། བརྩམ་པར་བྱ་ཞིང་འབྱུང་བར་བྱ་།སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།། ་འཆི་བདག་སྔོན?་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འབྱུང་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །མྱ་ངན་གང་ལས་འདའ་བ་དང། །གང ་ཞིག་གང་གིས་གང་གི་ཚེ། །གང་དུ་གང་ཕྱིར་ཇི་ལྟ་བུར། །ཇི་སྲིད་ངོ་བོ་རྣམ་པ་དང། །ཐོབ་བྱ་དབྱེ་བ་ཕྲིན་ལས་དང། །ཡོན་ཏན་ཚོགས་ཀྱིས་ལྡོག་པའོ། །མུ་སྟེགས་པ་ནི་རྣམ་པ་གཉིས། །སྤྲུལ་པ་པ་དང་རང་རྒྱུད་པ། །དེ་ཡང་སྐྱེས་ཐོབ ་སྦྱོར་འབྱུང་ངོ། །སྐྱེས་ཐོབ་རིགས་ཆད་ལོག་སྲེད་ཅན། །སྦྱོར་བྱུང་བསམ་གཏན་རྟོག་གེ་བ། །བསམ་གཏན་པ་ནི་མངོན་ཤེས་མཐུས། །ལྟ་བ་དྲུག་ཅུ་གཉིས་སུ་རྟོགས། །རྟག་པར་སྨྲ་བ་རྣམ་བཞི་དང། །ཁ་ཅིག་རྟག་པར་སྨྲ་བ་བཞི།། ་མཛའ་ཡོད་སོགས་བཞི་མི་སྤོང་བཞི། རྒྱུད་མེད་གཉིས་ནི་སྔོན་མཐར་རྟོག་།འདུ་ཤེས་ཡོད་སྨྲ་བཅུ་དྲུག་དང། །མེད་སྨྲ་བརྒྱུད་དང་དེ་བཞིན་དུ། །ཡོད་མིན་མེད་མིན་སྨྲ་བ་བརྒྱད། །ཆད་སྨྲ་བདུན་དང་ཚེ་འདི་ལ། །མྱ་ངན་འདའ་བར་སྨྲ་བ་ལྔ། །ཕྱི ་མའི་མཐར་རྟོག་ལྟ་བའོ། །རྟོག་གེ་པ་ནི་གྲངས་ཅན་སོགས། །ཚད་མས་གྲུབ་མཛའ་འཛིན་པའོ། །གྲངས་ཅན་ཡོན་ཏན་གསུམ་དུ་བརྗོད། །སྙིང་སྟོབས་རྡུལ་དང་མུན་པའོ། །རངས་དང་མགུ་དང་ཀུན་དགའ་དང། །བདེ་བཞི་བ་ཡི་སེམས་ཉིད་དག། རེས ་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་བ་དང་ཡོངས་གདུང་དང། །མྱ་ངན་འདོད་དང་མི་བཟོད་དག། གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱིས་རྟགས་སུ་འདོད། །རྨོངས་པ་དེ་བཞིན་གཏི་མུག་དང། །བག་མེད ་གཉིད་དང་ག་རེ?་ལ་བ་དག། དེ་དག་མུན་པའི་ཡོན་ཏན་ནོ། །ཡོན་ཏན་གསུམ་གྱི་རང་བཞིན་མཆོག། མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་པའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག་།རང་བཞིན་ལས་ནི་ཆེན་པོ་སྟེ། དེ་ལ་སངས ་རྒྱལ་རྣམས་སུ་འབྱུང། །དེ་ལས་དབང་པོ་བཅུ་གཅིག་དང། །དེ་ཙམ་ལྔའོ་དེ་ལྔ་ལས། །འབྱུང་བ་ལྔ་སྟེ་ཉི་ཤུ་བཞི། །གཙོ་བོ་ཉིད་དང་རྣམ་འགྱུར་རོ། །དེ་དག་སེམས་པ་ཡོད་མ་ཡིན། །སྐྱེས་བུ་ཀུན་རིགས་སེམས་པ་ཅན། །དེ་དག་ཉི་ཤུ་ལྔས་ཤེས་ན། །རལ་པ་འང་བྱི ་པོ་གཙུག་པུད་ཀྱིས། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱེ་བྲག་པ་ནི་དོན་དྲུག་འདོད། །རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམས་པ་དྲུག། རྫས་དགུ་ཡོན་ཏན་ཉི་ཤུ་བཞི། །ལས་ལྔ་སྤྱི་གཉིས་བྱེ་བྲག་གཉིས། ་དེ་བཞིན་འདུ་བའང་རྣམ་གཉིས་ཏེ། །དེ་ཉིད་དྲུག་ཤེས་རིག་པའི་མཆོག། །རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །གཅེར་བུ་པ་རྣམས་དོན་དགུ་སྨ། །སྲོག་དང་ཟག་པ་སྣོམ་པ་དང། །ངེས་རང་རྒ་དང་འཆི་བ་དང། །ལས་དང་སྡིག་དང་བསོད་ནམས་དང། །ཐར་པ་ཞེས ་བྱ་དོན་དགུ་པོ། །གང་གིས་མཐོང་སྟེ་རྣམ་པར་དག། རིགས་པ་ཅན་དོན་བཅུ་དྲུག་འདོད། །ཚད་མ་གཞལ་བྱ་ཐེ་ཚོམ་དང། །དགོས་པ་དཔེ་དང་གྲུབ་མཛའ་དང། །ཆ་ཤེས་རྟོག་གི་གཏན་ལ་དཔག། རྩོད་དང་རྫོད་དང་རྒོལ་བ་དང། །རྒྱུ་སྐར་སྣང་བའི་ཚིག་དོར་བ?། །ལྟག ་ཆར་ཆད་པའི་གནས་རྣམས་ཏེ། །བཅུ་དྲུག་གིས་ནི་ངེས་པར་འགྱུར། །སྤྱོད་པ་བ་ནི་དོན་བཞིར་བརྗོད། །ས་དང་ཆུ་དང་མེ་དང་རླུང། །དེ་དག་འདུས་མ་བྱས་པ་སྟེ། །རྟག་ཏུ་སྐྱེ་འགག་མེད་པར་གནས། །དེ་བས་ལས་འབྲས་ཡོད་མ་ཡིན། །སྔོན་དང་ཕྱི་མཛའ་དེ་བཞིན ་མེད། །གང་ཞིག་དེ་ལྟར་རྣམ་དཔྱོད་པ། །མཐོང་བ་ཙམ་གྱིས་རྣམ་གྲོལ་འགྱུར། །ཁྱབ་འཇུག་བྱེད་རྒྱུར་སྨྲ་བ་རྣམས། །ཉི་མའི་ནང་ན་ཁྱབ་བདག་འཇུག། སྐར་ནང་འོད་གནས་ཟླ་བ་ཡིན། །རླུང་ནང་བ་ནི་འོད་ཟེར་ཅན། །སྣང་བ་ཅན་ནི་ཉི་མ་ཡིན། །རིག་བྱེད་ནང ་ན་སྙན་ཚིག་དང། ལྷ་ནང་བ་ནི་བརྒྱ་བྱིན་ཏེ། །དབང་པོའི་ནང་ན་ཡིད་ཡིན་ནོ། །འབྱུང་བའི་ནང་ན་ས་ཡིན་ཞིང། །ང་ནི་བདེ་བྱེད་དྲག་པོའང་ཡིན། །སྲིན་པོ་གནོད་སྦྱིན་ནང་རོལ་བདག། །ནོར་ལྷའི་ནང་ན་མེ་ལྷ་ང། །རི་བོའི་ནང་ན་ང་རི་རབ། །ང་ནི་ཡི་གེའི་ནང་ན ་ཨ་།ཉ་དང་རུས་སྦལ་ཕག་དང་ནི། །མི་ཡི་སེང་གེ་མི་ཤུང་དང། །དགའ་བྱེད་ར་མ་ན་ནག་པོ། །སངས་རྒྱས་ཅི་རྟི་ཀ་དང་བཅུ། །གང་གིས་ཁྱབ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་ན་བདེ་ཐོང་འགྱུར། །དབང་ཕྱུག་བྱེད་རྒྱུར་འདོད ་པ་རྣམས། །འགྲོ་བ་འདི་དག་ཐམས་ཅད་ཀྱི། །བྱེད་པ་པོ་ནི་དབང་ཕྱུག་ཡིན། །དེ་ནི་ཡོན་ཏན་བརྒྱད་དང་ལྡན། །རབ་ཕྲ་ཡང་བ་མཆོད་པར་འོས། །བདག་པོར་གྱུར་དང་དབང་དུ་གྱུར། །གར་ཡང་ཕྱིན་དང་འདོད་དགུར་ལྡན། །དེ་བཞིན་དགའ་མགུར་གནས་པའོ ་ལག་པ་དག་དང་རྐང་པ་དང། །མིག་དང་གདོང་དང་ལུས་རྣམས་ཀྱི། །མང་པོ་བསྐྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །མངའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན ་ཡང་བར་བརྗོད་པ་ཡིན། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང། །གནས་པ་དག་དང་རྒྱུ་བ་དང། །འབྱུང་པོ་ཀུན་གྱིས་བརྗེད་པས་ན། །དེས་ན་མཆོད་པར་འོས་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང། །གནས་པ་དག་དང་རྒྱུ་བ་དང། །གང་དང ་གང་འདོད་དེ་བྱེད་པས། །དེས་ན་བདག་པོར་ཁྱུར་ཅེས་བྱ། །བདག་ལ་རག་ལས་རང་དབང་ཅན། །དགའ་ལ་འང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་བས་ན། །དེས་ན་དབང་དུ་གྱུར་ཅེས་བྱ། །མཐོ་རིས་ངན་སྟོང་ཀུན་ཁྱབ་པས། །དེས་ན་གང ་ཡང་ཕྱིན་ཞེས་བྱ། །སྙིང་སྟོབས་རྡུལ་དང་གུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་གྱུར་པས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའང་ཡང་ན་ལྷ་ཡིས་ལུས་།གང་དུ་བདག་ཉིད་ཐར་འདོད་པ་དག། ཐམས ་ཅད་འདོད་པས་ཐོབ་འགྱུར་བས། །དེས་ན་དགའ་དགུར་གནས་ཤེས་བྱ། །གང་ཞིག་བུ་གྱུར་ཅིག་བུ་ཀྱེས་ནས་འདུག། །དེ་ཡིས་འདི་ཀུན་སྐྱེས་ཤིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོག་སྦྱིན་ལྷ་མཆོག་བྱ། །ཡོན་ཏན་བྱེད་པོ་ཤིན་ཏུ་ཞི་བ་འཐོབ ་སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གིས་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན། །རི་རབ་འདི ་མི་གྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོ་འང་མ་ཡིན་ཏེ། །ཉི་ཟླ་སྐར་ལྡན་འདི་ལྟར་བཀོད་པ་འདི་དག་མིག་ཡུལ་དུ་མེད་འགྱུར། །ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་འགའ་ཞིག་སྨྲ། །ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་སྲབ་བྱེད་པ་ཀུན་རིག་ཀུན་བྱེད་པ།། ་རྣལ་འབྱོར་གོམས་པས་ཐོབ་པ་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའ་ཨི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམས། །དུས་ལ་བལྟོས་པར་སྨྲ་བ་རྣམས།། ་དངོས་ཀུན་དུས་ཀྱི་བསྒྱུར་བ་སྟེ་།གང་གི་ཞང་པོ་ནོར་ལྷ་དང། །གང་ཕ་ནོར་རྒྱས་ཡིན་པ་ཡི། །འཇིགས་མེད་ཁྲོ་བོ་འང་བསང་གྱུར་པས། །དུས་ནི་འདའ་བར་དཀའ་བ་ཡིན། །འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྤུད་དུས་ཀྱིས་བྱེད།། ་དུས་ཀྱི་གཉིད་ལོགས་གསད་པར་བྱེད། །དུས་ནི་འདའ་བར་བཀའ་བ་ཡིན། །བསྲུང་བ་གསུམ་རྩེག་འོབས་ནི་རྒྱ་མཚོ་དང། །དམག་མི་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར། །གང་གིས་བསྟན་བཅོས་པ་སངས་ཚད་མཉམ་པའི། །སྒྲ་སྒྲོགས་བུ་དེ་འང་དུས་ཀྱིས་དབང ་གིས་ཉམས། །ངོ་བོ་ཉིད་རྒྱུར་སྨྲ་བ་ནི། །དངོས་རྣམས་ངོ་བོ་ཉིད་ཀྱིས་འགྲུབ། །མེ་ཡི་དམར་བ་ཉིད་དང་ནི། །དམ་པ་གཞན་རབ་གདུང་བ། །དྲུག་པོ་འདི་དག་ངོ་བོ་ཉིད་ཀྱིས་གྲུབ། །གང་རྣོ་བར་གྱུར་པ་སུ་ཡིས་བྱས། །རི་དགས་བྱ་ཡི་རི་མོ་སུ་ཡེས་བྱས། ་བུ་རམ་ཤིང་མངར་ནི་མ?་ཁ་བ་དག་།འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ། །ཉི་མ་ཚ་ཞིང་ཟླར་བ་བསིལ་བ་དང། སྐྱེ་བོ་ཆགས་ཤིང་ཐུབ་པ་དེ་མིན་ལ། །བདེ་བ་རབ་སིལ་སྡུག་བསྔལ་རབ་གདུང་བ། །དྲུག་པོ་འདི་དག་ངོ་བོ་ཉིད་ཀྱིས་གྲུབ། །གང་དག་རྒྱུ ་མེད་སྨྲ་བ་ནི། །ཐམས་ཅད་རྒྱུ་ལ་བལྟོས་མེད་པར། །དངོས་པོ་རྣམས་ནི་སྐྱེ་བ་སྟེ། ཉི་མ་པདྨའི་གསེར་སོགས། །སྣ་ཚོགས་གང་གིས་བྱས་པ་ཡིན། །རྨ་བྱའི་མདོངས་ལ་སོགས་པ་ཡང། །སྣ་ཚོགས་གང་གིས་སྤྲུལ་པ་ཡིན། །ཇི་ལྟར ་ཆར་རླུང་ལ་སོགས་པ། །གློ་བུར་འབྱུང་ཕྱིར་རྒྱུ་མེད་ལྟར། །སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད། །ཤིན་ཏུ་རྒྱ་ཆེན་རབ་ཟབ་ལ། །སྒྱིད་ལུག་ཤིན་ཏུ་མ་སྦྱངས་ལ། །བདག་བཞིན་སྒྲ་དག་གཏི་མུག་གིས། །དེ་ལྟར་ཐེག་པ་ཆེ་ལ་སྨོད། །ཚུལ་ཁྲིམས་ལས ་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། །གཏི་མུག་དབང་གིས་བསྒྲིབས་གྱུར་ཏེ། །གང་ཞིག་ཡང་དག་བགེགས་བྱེད་པ། །དེ་ལ་དགེ་བའི་འགྲོ་བའང་མེད། །ཐར ་པ་མེད་པ། སྨོས་ཅི་དགོས། །གནོད་པའི་ས་བོན་གྱུར་པ་ཡི། །མུ་སྟེགས་བྱེད་མང་མཐོང་ནས་ནི། །ཐར་འདོད་སྐྱེ་བོ་འདོད་རྣམས་ལ། །སྙིང་རྗེ་མི་འགྱུར་སུ་ཞིག་ཡོད། །དེ་ཕྱིར་ཐར་པ་དོན་གཉེར་རྣམས། །ཆོས་ཀྱི་དབྱིངས་སུ་ལྟ་བར་གྱིས། །ཆོས་ཀྱི ་དབྱིངས་སུ་ལྟ་བའི་གླུ། །སློབ་དཔོན་ཆེན་པོའི་དཱི?་པཾ་ཀ་རས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ ་