CLOSE WINDOW

N1948: khor ba las yid nges par 'byung bar byed pa zhes bya ba'i glu
Wyliee-texts based on the ACIP/ALL Input

འོད་དཔག་མེད་ཀྱི་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སཾ་ས་ར་མཱ་ན་ནི་ཡ་ཎི་ཀ་ར་ཎཱ་མ་སིངྒཱ་ཏེ། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ། །ེ་མའོ། །འདུ་བྱེད་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་དང། སྡུག་བསྔལ་སྡུག་བསྔལ་ལ་སོགས་བརྒྱ་རྩ་དགུ། །སྡུག་བསྔལ་ཀུན་ལས་སྐྱོབ་པར་མཛད་པ་ཡི། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ།། ་ཀྱེ་ཀྱེ་ཀྭའི་གྲོགས་པོ་དག་འཁོར་བའི་རྒྱུ་ནི་ཉོན་མོངས་པ་དང་ལས། །ཉོན་མོངས་ཁམས་གསུམ་གནས་ནི་དགུ་བཅུ་བརྒྱད། །ཟག་པའི་ཆུ་བོ་སྦྱོར་བ་ཉེ་བར་ལེན། །རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་ཀྱི་བྱུང། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། །སྣ་ཚོགས ་འདི་དག་ལས་ལ་བྱུང། །དེ་ཡང་ཉོན་མོངས་སྟོབས་ལས་བྱུང། །དགེ་དང་མི་དགེ་ལུང་མ་བསྟན། །མཐོང་ལ་མྱོང་དང་སྐྱེས་ནས་མྱོང། །གཞན་དུ་མྱོང་དང་མ་ངེས་པའི། །དཀར་དང་གནག་དང་འདྲེན་མོའི། །འཁོར་བའི་ལས་ནི་ལྕི་གང་དང། ཉེ ་བ་གང་དང་གོམས་པ་གང། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམས་སྨིན་འགྱུར། །གྲོགས་དག་སོམས་ཤིག་ཐོག་མ་མེད་པ་ནས། །མ་རིག་ལ་སོགས་བཅུ་གཅིག་རྒ་ཤིའི་མཛའ་། །ཡན་ལག་བཅུ་གཉིས་ཆ་གསུམ་ཟོ་ཆུན་ཚུལ། །ནང་གི་རྟེན་འདྲེལ ་ཡང་དང་ཡང་དུ་འཁོར། །ཚེ་རབས་ཚེ་རབས་གྲངས་མེད་དེ་དང་དེར། །སྐྱེ་དང་རྒ་དང་ན་དང་འཆི་བ་ཡི། །སྡུག་བསྔལ་རྣམས་ཀྱིས་ཡང་དང་ཡང་དུ་གདུངས། །འཁྲུལ་ནས་འཁོར་གྱུར་འཁྲུལ་ཅིང་འཁོར་བར་འགྱུར། །ཀྱེ་ཧུད་སྲིད་པའི་ལམ་གྱིས་དུག་པའི ་མགྲོན་པོ་སྣམས། །སྡུག་བསྔལ་བདེ་བར་གཟུང་ནས་མི་སྐྱོབ་པ། །ཁྱེད་ཡིད་དེ་ལ་རྟག་ཏུ་ཆགས་བྱེད་པ། །ཕྱུགས་དང་ཁྱད་པར་མེད་པར་བླ་མ་གསུངས། །བླ་མས་ཟིན་པའི་སྐྱེ་བོས་མཁས་པ་དག། སྐད་ཅིག་སྐད་ཅིག་འགྲོ་བ་ལྔ་པོ་ཀུན། །འཁོར་བའི་སྡུག ་བསྔལ་ཆེར་མ་ཟུག་འདྲ་ལ། །རུས་པའི་གཏིང་ནས་སྙིང་རྗེ་སུ་མི་སྐྱེ། །ལས་ངན་དབང་གིས་འཁོར་བའི་རྒྱ་མཚོ་འདིར། །ཡང་ཡང་སྐྱེ་ཞིང་ཡང་ཡང་རྒ་དང་ན། །ཡང་ཡང་འཆེ་འགྱུར་འདི་ནི་མི་སེམས་པར། །ཡུལ་ལ་ཆགས་བྱེད་བདག་གིས་ཇི་ལྟར་བྱ། །གོགས ་དག་སྲིད་པ་གསུམ་ནང་གནས་པ་ཀུན་སྡུག་བསྔལ། །དེ་ཡང་མིའི་སྡུག་བསྔལ་བདག་གིས་མཐོང། །མངལ་གྱི་སྡུག་བསྔལ་འདི་ལྟ་བུ་རུ་གནས། །ནུར་ནུར་མེར་མེར་གོར་གོར་ནར་ནར་པོ། །ལྟར་ལྟར་མཁྲང་དང་རྐང་ལག་རིམ་གྱིས་རྫོགས། །ནུ་ཞོ་མར ་གྱིས་གསོ་བྱེད་ཅིང། །ཤིན་ཏུ་ཉམས་ཆུང་གིས་རྒྱལ་ནཡལ། །བྱིས་པ་དར་མ་ལང་ཚོ་དང། །རྒས་པས་སླར་ཡང་བྱིས་པར་འགྱུར། །ཚོ་ནི་མི་རྟག་ཤིན་ཏུ་གཡོ་བ་སྟེ། །ཡུད་ཙམ་སྡོང་པའི་མཐུ་ཡང་ཡོད་མ་ཡིན། །བདག་ནི་ངེས་པར་འཆི ་འགྱུར་མི་སེམས་པ། །གྲོགས་བདག་སྐྱེས་བུ་དེ་ནི་ངོ་མཚར་ཆེ། །འཁོར་བའི་སྐྱོན་དང་ཉེས་དམིགས་མི་ཤེས་པས། །ཕྱིན་ཅི་ལོག་པ་བཞི་ལ་གནས་ནས་སུ། །བདག་ནི་ངེས་པར་འཆི་འགྱུར་མི་སེམས་པར། །ཡུལ་ལ་མངོན་ཞེན་ཉིན་མཚན ་དོན་མེད་འདས། །འཛམ་བུའི་གླིང་པ་དུས་མིན་འཆི་བས་ཏེ། །དེས་པ་ཅན་ཡང་ཟད་པར་འགྱུར་བས་ན། །ཡང་དང་ཡང་དུ་དེས་པར་འཆི་བོ་ཞེས། །བསམ་པར་རིགས་སོ་ཀྭའི་བཞིན་བཟང་དག། སོ་ཀ་མེ་ཏོག་རྒྱས་པའི་དུས་འདི་བྱུང་བར་འགྱུར།། ་ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད། །དེ་རིང་འདི་བྱས་སང་ནི་འདི་བྱ་དེ་ནས་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན ་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི། །སྐྱེ་དགུ་འཆིང། དག་གི་ནི་ཆུ་སྲིན་ཁར་ནི་གྲུ་ནི་ཞུགས་པ་ལྟར། བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུའི་བྲ་ཀློང་ནང་དུ་ལྷུང། །འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས ་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བོ་ཆེན་ལག་ཐོགས་ཟུར་གྱིས་ལྷ་བྱེད་ཅིང། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས། །རྣལ་འབྱོར་བསྟན་ཆོས་ཐམས་ཅད་དང། །སྦྱོར་བ་དུ་མ་རབ་ཤེས་ཀྱང། །དེང་བྱ་སང་བྱ་ཞེས་སྨྲ་ཞིང། །བསམ ་དང་ལྡན་པས་འཆི་བར་འགྱུར། །ཚེ་ནི་གནོད་མ་རླུང་གིས་བཏབ་འདྲ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྡུབ་གཉིས་ཀྱིས་ལོག་པ་ལས། །སར་ཁོང་གང་ལགས་དེ་ནི་ངོ་མཚར་ཆེ། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། ་ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང། །ཚེ་ཡི་ཚང་ཀྱང་ཅི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་ལ་བླང་བར་གྱིས། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། འཇིག་རྟེན་སྤྱོང་བ་དག་ལ་ཕར་ལྟས་ན། །བྱས་བ་ཐམས ་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཀྱང་ཕན་པར་མི་འབྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་བར་གྱིས། །ཀྱེ་ཀྱེ་ཀྭའི་གྲོགས་པོ་དག། ཚད་མ་བདུན་དང་བརྡའ་སྤྲོ་རྣམ་པ་བཞི། །མངོན་པ་དང་ནི་ཡི་གེ་ཙརྱའི་ས། །མདོ་སྡེ་དང་ནི་འདུལ་བ ་མངོན་པ་དང། །གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན། །མ་མཐོང་མ་མཉན་མ་བཤད་མ་བྲིས་ཞེས། །དེ་ལ་གདུང་བ་མ་བསྐྱེད་བཞིན་བཟངས་དག། བླ་མའི་མན་ངག་ཅེས་བྱ་བ་བདུད་རྩིའི་རོ། །གང་གིས་སེམས་མཉམ་འཇོག་པ་དེ་ཙམ་ཞིག། ་ཡོངས་སུ་བཙལ་གྱི་གཞུང་མང་བ་ཅི་ཞིག་དགོས། །ཐམས་ཅད་ཡིད་ནི་འཁྲུལ་པར་བྱེད་པའི་རྒྱུ། །འཁོར་བའི་གནས་འདི་ངེས་པ་མེད་པས་ན། །ཕ་མ་ལ་སོགས་ཕ་མར་ངེས་པས། །ཉེ་དུ་འབྲེལ་བ་དག་ལ་ཆགས་བ་སྤང། །དགྲ། ་ཡང་མ་དེས་དེ་ལ་སྡང་བ་སྤང། །ནད་མེད་མང་ཅོ་ཕུན་སུམ་ཚོགས་པ་དང། འདོད་ཡོན་ལྔ་ལ་རང་བཞིན་གྱིས་ཆགས་སྤང། །རྙེད་པ་དང་ནི་བཀུར་བསྟི་གྲགས་པ་དང། །རིགས་དང་རུས་དང་ཚིགས་སུ་བཅད་པ་སྤངས། །ཀྱེ་ཀྱེ་ཀྭའི་རི་གྲོགས་པོ་དག ་འཇིག་རྟེན་རྟག་སྤྲུལ་མེ་དང་དུག་འདྲ་བར། །བསམ་ནས་སྤངས་ཏེ་དབེན་པར་གནས་པར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང། །སྨན་དང་གླང་ཆེན་བརྟག་པའམ་གཟའ་སྐར་རྩིས། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང ་བཟོའམ། །བསྟན་ཆོས་ངན་པ་སློབ་དང་ཀློག་པ་སྤངས། །ཡུལ་ལ་མངོན་དགའ་ཨི་སེམས་ནི་བྱུང་བ་དང། །རྣམ་རྟོག་དེ་དག་རྣམས་ནི་བྱུང་བ་ན། །བདག་ན་དེས་པར་འཆི་བ་དྲན་བྱས་ལ། །འོག་ནས་འབྱུང་བའི་གཉན་པོ་རྣམས་ཀྱིས་བཟློག། རྣམ ་རྟོག་མང་བ་དབུགས་བགྲང་པ་ཡིས་གཞིལ། །འདོད་ཆགས་སེམས་བྱུང་རྣམ་པར་རྟོག་པ་དེ། །རང་བཞིན་མི་གཙང་ཀེང་རུས་བལྟ་བས་བཟློག་།ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིས་བཏབ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །མི་གཙང ་བ་དང་བྱམས་པ་རྟེན་འབྲེལ་གྱི། །མན་ངག་བླ་མའི་ཞབས་ནས་འབྱུང་བཞིན་བྱ། །འཁོར་བ་ལ་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་མཁན་པོ་དེ་ཉིད་དང། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བ་རྩོན་སེང་གེས་འབྲི་ཀ་མཱ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བ་སྦྱར་བའོ། །སླད་ནས་བླ་མ་དེ་ཉིད་དང། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ།། །། ་