CLOSE WINDOW

N1947: dpal nag po rdo rje zhabs kyi do ha mdzod kyi rgya cher 'grel pa
Wyliee-texts based on the ACIP/ALL Input

དུ་ཤྲཱི་ཀྲིཥྞ་བཛྲ་པཱ་ད་དོ་ཧ་ཀོ་ཥ་ཤཱི?་ཀཱ། བོད་སྐད་དུ། དཔལ་ནག་པོ་རྡོ་རྗེ་ཞབས་ཀི་དོ་ཧ་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་དྲི་མེད་ཆུས་གང་བའི། །སྔགས་ཀྱི་ལུགས་ཀྱིས་མཚོ་ལས ་པདྨ་སྐྱེས་པ། །སྤྱོད་ཆང་ནག་པོ་འགྲོ་དོན་སྦྲང་རྩི་ཡི། །གསུང་གི་མེ་ཏོག་རྟག་ཏུ་རྒྱལ་གྱུར་ཅིག། རང་གི་སློབ་མས་བསྐུལ་བའི་དབང་གིས་དེས། །མཁས་པ་དཔག་མེད་རྡོ་རྗེ་ཡིས། །སྤྱོད་ཞབས་དོ་ཧ་ཀོ་ཥ་ཡི། །ཚིག་དོན་རབ་ཏུ་དབྱེ་བར་བྱ། །འདིར ་ལོག་པའི་ཤེས་པ་ཉིད་ཀྱི་མཆོག་གི་དོན་ལ་མཁས་པའི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་བསམ་བཞིན་པས་འཇིག་རྟེན་པ་རྣམས་དའི་དེ་ཁོ་ན་ཉིད་རིག་པ་ཡིན་ནོ་ཞེས་ང་རྒྱལ་བྱེད་པར་གྲགས་པས་དེ་རྣམས་ལ་བསྟན་ནས། སྙིང་རྗེའི་ཁུར་བུ ་གླན་པའི་ཐུགས་ཀྱིས་དེའི་ང་རྒྱལ་ཐམས་ཅད་འཇོམས་པར་འདོད་པས་ཇི་ལྟ་བ་བཞིན་དུ་འགྱུར་བའི་སྔགས་ཀྱི་ལུགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། །སྐྱེ་འགྲོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དུ་འཕྲལ་སྐད་ཚིག་གི་སློབ་དཔོན་སོད?་པའི་རྡོ་རྗེ་ད་ནི ་མཆོག་གི་དོན་ལ་མཁས་པ་ཞེས། འཇིག་རྟེན་པ་ནི་ང་རྒྱལ་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ནི་ང་རྒྱལ་བྱེད་པ་དེ་ཉིད་གང་ཡིན་ཞེ་ན། ད་ནི་མཆོག་གི་དོན་ལ་མཁས་པ་ཞེས་གསུངས་སོ། །འདི་ནི་ཇི་སྙེད་ཡོད་ཆད་བསྟན་པ་ཡིན་གྱི་བྱེ ་བྲག་ཏུ་བསྟན་པ་ནི་མ་ཡིན་ནོ། །དེ་བསྟན་པའི་ཕྱིར་བྱེ་བའི་ནང་ན་གཅིག་ཙམ་སྲིད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་ཕྱེ་བའི་ནང་ན་སྲིད་ན་སྟེ། རྡུལ་མེད་པ་འདོད་ཆགས་ལ་སོགས་པ་ཉོང་མོངས་པ་དང་འདིར་བྲལ་བས་རྡུལ་བྲལ་ཏེ ་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལ་ཞུགས་པར་གྱུར་བ་ནི་དེ་ལ་ཡོད་ངེས་པར་ཞུགས་པ་སྟེ། རྡུལ་མེད་པ་ལ་ཞུགས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་དེ་ཡང་ད་ལྟ་བུ་ཡིན་ཞེས་དགོངས་སོ། །ལོག་པའི་ཤེས་པའི་ང་རྒྱལ་དང་ལྡན་པ་རྣམས་སུན་ཕྱུང ་ནས་འཇིག་རྟེན་པའི་བདེ་བའི་ཤེས་རབ་དང་ལྡན་པས་དོན་དམ་པར་བདག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་བྱེད་པའི་མཁས་པ་རྣམས་ཀྱིས་དབང་དུ་བྱས་ནས། ལུང་དང་རིག་པ་རྙིང་པ་ཡིས་ཀྱང་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ལུང་ལ་སོགས་བ་ཤེས་པའི་མཁས་པ་རྣམས་ང་རྒྱལ་བྱེད་པའི་དོན་དམ་པའི་བདེན་པ་ཤེས་པར་མངོན་པའི་ང་རྒྱལ་བྱེད་པའོ། །དེ་ལྟ་བུར་གྱུར་པ་གང་ལ་ཇི་ལྟར་ཇི་སྙེད་སྙམ་པ་ལ། དཔལ་འབྲས་སྨིན་པ་ལ་ནི་བུར་བ་བཞིན་ཞེས་བྱ་བ་ལ་སོགS ་པ་ལ། དེ་རྣམས་འཁོར་ཞིང་རྒྱུ་བ་བཞིན་ཞེས་གསུངས་ཏེ། བུང?་པ་ནི་སྦྲང་རྩིའོ། །གཞན་ནི་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ནས་འཁོར་ཞིང་རྒྱུ་བའོ། །དེ་བཞིན་དུ་ཕྱི་རོལ་གྱི་སྔགས་དང་ཕྱག་རྒྱ་ལ་སོགས་པས་འབྲེལ་ཏེ། དེའི་ལྟ་བ་པ་མངོན་པར་ཞེན་པའི་ཕྱིར་རོ།། ་ཟབ་མོ་དེ་ཁོ་ན་ཉིད་དོན་ནི། བདུད་རྩི་མི་རིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་ཕུང་ནི། །བརྒྱད་ཁྲི་དང་ནི་བཞི་སྟོང་དག། གང ་གིས་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། ཅེས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ན་སྤྲོས་པའི་རྣམ་པར་ཇི་ལྟར་དངོས་སུ་བྱེད་ཅེས་ན། བརྗོད་པར་བྱ་སྟེ། སྤྲོས་པའི་རྣམ་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ ་ཡང་སྤྲོས་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ལས་སྐྱེས་པའོ། །དེ་ཉིད་ལས་སྤྲོས་པའི་རྣམ་པ་བྱུང་བ་སྟེ། །དེ་བསྟན་པར་བྱ་བའི་ཆེད་དུ། དེ་ལྟ་ཡང། སྤྲོས་པས་སྤྲས་པ་མེད་པར་བྱ་ཞེས་གསུངས་སོ། །དེའི་ཕྱིར་ཨེ་བ་མ་ལས་ཡི ་གེ་ལྷན་ཅིག་སྐྱེས་པའི་སྐུ་ལས། ཇི་ལྟར་འགྲོ་བ་མི་འབྱུང་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དང་རྡུལ་གྱིས་ནི། །མི་བསྐྱོད་ལུས་ཀྱིས་འཁྱུད་གྱུར་པ། །ཞེས་གསུངས་ཏེ། སྟོང་པ་ཉིད ་དང། ཤིན་ཏུ་སྟོང་པ་དང། སྟོང་པ་ཆེན་པོའོ། །སྣང་བ་དང་སྣང་བ་མཆེད་པ་དང། སྣང་བ་ཐོབ་པའོ། །སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའོ། །བུད་མེད་དང་སྐྱེས་པ་དང་མ་ནིང་ངོ། །ཉིན་མོ་དང་ནུབ་མོ་དང་མཚམས་སོ། །སྦྲུལ ་པའི་སྐུ་དང། ལོངས་སྤྱོད་པ་དང། ཆོས་ཀྱི་སྐུའོ། །ལུས་དང་ངག་དང་ཡིད་དོ། །རླངས་པ་དང་མྱུར་བ་དང། རྣམ་པར་བཅིངས་པའོ། །སྤྱན་དྲངས་པ་དང་གཤེགས་སུ་གསོལ་བ་དང་ཞུགས་པའོ། །ོཾ་ཨཱ:ཧཱུཾ་གི་ཡི་གེ་རྣམས་དང། འོག་དང་སྟེང ་དང་ཐད་ཀའི་སྒོའོ། །བདག་གི་དེ་ཉིད་དང། སྔགས་ཀྱི་དེ་ཉིད་དང། དཀྱིལ་འཁོར་གྱི་དེ་ཉིད་དོ། །སྙིང་སྟོབས་དང། རྡུལ་དང་མུན་པའོ། །ཟླ་བ་དང་ཉི་མ་དང་སྒྲ་གཅན་ནོ། །སྐྱེས་པ་དང་གནས་པ་དང་གནས་འཇིག་པའོ། །ཞེས་བྱ་བ་ལ་སོགས ་བ་བྱང་ཆུབ་ཀྱི་སེམས་དང། རྡུལ་དང་མི་བསྐྱོད་པའི་སྒྲས་བརྗོད་པའོ། །འདི་ལྟར་གང་དུ་མཐོང་ཞེས་བྱ་བ་ལ། །པདྨའི་ས་བོན་གྱི་ནི་རང་བཞིན་གྱི། །དག་པ་ལྷན་ཅིག་སྐྱེས་པ་ལས་སུ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་ལུས་ཉིད་པདྨ ་སྟེ། དེའི་ས་བོན་རང་བཞིན་གྱིས་སོ། །དག་པ་ནི་དྲི་མ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་ཉིད་ལྡན་ཅིག་སྐྱེས་པའི་སྐུའོ། །འདི་གང་དུ་མཐོང་ཞིང་རྟོགས་སྙམ་པ་ལ། རང་ལུས་ལ་མཐོང་བ་སྟེ། འདིའི་དོན་ནི་ལུས་དང་ངག་དང་ཡིད ་ལས་སྐྱེས་པའི་བཅོམ་ལྡན་འདས་སོ། །ཐམས་ཅད་སྟོང་པའི་ཁམས་ལ་ཞུགས་པ་འགྲོ་བ་ཨེ་བི་གི་ཡི་གེའི་ངོ་བོ་ཉིད་དོ། །དེ་ལྟར་དང་པོ་སངས་རྒྱས་ཀྱིས་རྒྱུད་ལས། ལུས་ཀྱི་ཐིག་ལེ་ཟླ་བ་བྱང་ཆུབ་སེམས། །དག་དང་ཚེག་དྲག་རྡུལ་དང ་ཉི་མའོ། །རཱ་ཧུ་དུས་མེ་དག་གི་སེམས་འདི་ནི། ཨེ་དང་བམ་ནི་འགྲོ་ཀུན་ས་བོན་གཅིག། ཅེས་གསུངས་ཏེ། འདི་ཉིད་ཀྱི་ཕྱིར་ཡང་མཁའ་འགྲོ་མའི་འཁོར་ལོ་སྐྱེ་བ་དང། གནས་པ་དང་ཐིམ་པ་དང། རབ་ཏུ་ཞི་བ་ཞེས་གསུངས་སོ། །དེའི་ཕྱིར ་ཨེ་དང་བམ་ཨི་གེ་ཡི་གེ་དག་ལས་རྣམ་པ་སྣ་ཚོགས་པའི་འགྲོ་བ་འབྱུང་ངོ། །ཇི་སྟེ་འཇིམ་པའི་གོང་བུ་ལས་འཇིག་པ་གཅིག་ལས་བྱས་པའི་བུམ་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་འབྱུང་སྟེ། དེ་ལ་ཇི་ལྟར་གཅིག་ལས་གཟུགས ་དང་དབྱིབས་དང་ཕྱོགས་སྣ་ཚོགས་ནས་གནས་པ་རྒྱུན་མ་ཆད་པ་མཛའ་མེད་པ་ཇི་ལྟར་འབྱུང་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ཇི་ལྟར་མཁན་པོ་དག་ལས་རིག། མར་མེ་ལས་ནི་མར་མེ་བཞིན། །ཇི་ལྟར་རྒྱ་ལས་རྒྱ་ཉིད་དང། མེ་ལོང་ལས་ནི་གདོང ་དང་གདོང། །སྒྲ་ལས་སྒྲ་བརྙན་འབྱུང་བ་བཞིན། །མི་ཤེལ་ལས་ནི་མེ་འབྱུང་བཞིན། །ཉི་གཟུགས་ཉི་མ་ཕྱེད་ན་མེད། །ལྕེ་འཛག་སྐྱུར་ཟོས་མེད་ན་མེད། །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང ་གང་ལས་ཀྱང། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཕ་དང་མ་ཡི་ཁུ་དང་ཁྲག། དེ་བཞིན་སྲོག་དང་ཐུར་སེལ་དང། །སེམས་ཀྱི་རྡོ་རྗེ་ཡང་དག་ལྡན། །ལུས་ཀྱི་སྐྱེད་པར་བྱེད་པའི་རྒྱུ། །འོད་དཔག་མེད་དང་རིན་ཆེན་སྲོག། ?་སེལ་གོ་རིམས་ཇི་ལྟ ་བར། །ལུས་ངག་ཡིད་དང་ཆགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ཞལ་རྣམས་སོ། །ཁུ་བ་ལས་ནི་ཟླ་བ་འབྱུང། །ཁྲག་ལས་ཉི་མ་སྲིད་པ་སྟེ། །སྲོག་ལས་རཱ་ཧུར་སྐྱེ་བའོ། །ཐུར་སེལ་རྩོལ་ལས་དུས་མེ་སྟེ། །ཁུ་བ་ལས་ནི་རྩ་རྣམས་སྐྱེ། །རྡུལ་ས་ཁྲག་ནི ་འབྱུང་འགྱུར་ཞིང། །ཤ་ལས་པགས་པ་སྐྱེས་པ་སྟེ། །རུས་པ་ལས་ནི་རྐང་འབྱུང་ངོ། །ཟླ་བ་ལས་ནི་ཆུ་སྐྱེས་ཞིང། །ཁྲག་ལས་མི་ནི་འབྱུང་བར་འགྱུར། །རཱ་ཧུ་ལས་ནི་སྲོག་སྐྱེས་ཏེ། །དུས་མེ་ལས་ནི་ཐུར་སེལ་འབྱུང། །རྩོལ་བ་ཡིད་ནི་འབྱུང ་པར་འགྱུར། །ལུས་ཅན་ཀུན་གྱི་ལྕེ་ཆུང་དང། །ལྕེ་ནི་ཁུ་བ་དག་གིས་ཀྱང། །གཡས་དང་གཡོན་པ་དག་གིས་ནི། །མིག་གཉིས་དག་ནི་རྡུལ་ལས་སྐྱེས། །དེ་བཞིན་སྣ་ཡིས་བུག་པ་གཉིས། །ཁྲག་དག་ལས་ནི་ངེས་པར་སྐྱེ། །དེ་བཞིན་རྣ་བའི ་བུག་པ་གཉིས། །སྟོང་པ་དག་ནི་ཉིད་ལས་སྐྱེས། །དེ་བཞིན་འོག་གི་རྒྱུན་སྒོ་གསུམ། །ཐུར་སེལ་ཉིད་ལས་ཡང་དག་སྐྱེ་།དེ་བཞིན་ནུ་མའི་བུག་པ་གཉིས། རཱ་ཧུ་ལེས་ནི་ཡང་དག་སྐྱེ། །དེ་བཞིན་འབྲས་བུ་གཉིས་པོ་ནི། །ཐུར་སེལ་དག་ལས ་རབ་ཏུ་སྐྱེ། །དེ་ལྟར་འདིར་རིམ་པས་ལུས་པོའི་པདྨ་སྐྱེ་བར་འགྱུར་བས་དེའི་ཕྱིར་སྐྱེ་བའི་ཚོགས་པ་ཀུན་རྫོབ་དང་དོན་དམ་པའི་རིམ་པར་སྟོན་པའི་ཕྱིར། །ནམ་མཁའ་ཨི་ཆུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ནི་མི་བསྐྱོད་པ་སྟེ།། ་དེ་ཉིད་ཆུ་རུ་མཚོན་པ་སྟེ། །ཤིན་ཏུ་དག་པའི་ཕྱིར་རོ། །དེ་ཡང་ནམ་མཁའ་བདུད་རྩི་ཐིགས་པ་དང། །ཞེས་གསུངས་སོ། །འོད་དཔག་མེད་ཀྱིས་འདབ་ཅེས་པ། །འོད་དཔག་མེད་པ་ནི་བྱང་ཆུབ་སེམས་ཏེ། རྡུལ་གྱི་རྒྱན་པ་ཞེས་ཀ་བར་བྱའོ།། ་དེ་ཉིད་ལས་འདམ་གྱི་རྩེ་བ་སྤངས་པ་ནི། །དེ་ཉིད་བར་བ་མཚོན་པའོ། །འདི་ཡི་དོན་ནི་གཞན་ན་ཡང། །ས་བོན་དང་ཆུ་དང་འདམ་བག་ཚོགས་པ་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་སྐྱེ་བ་བཞིན་དུ་ཡང། ཆོས་ཀྱིས་དབྱིངས་ས་བོན་དང་ནམ་མཁའ་ཨི་ཆུ་དང། ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་འབྱུང་བར་བཅོམ་ལྡན་འདས་ཀྱི་གཟུགས་གཞོམ་དུ་མེད་པའི་དེ་ཉིད་ནི། པདྨ་མེ་ཏོག་གི་ངོ་བོ་ཉིད་སྡོང་བུ་དང་ཡལ་ག་དང་ལོ་མའི་རིམ་པས་རྫོགས་པར་འགྱུར་རོ། །དེ་ཉིད་སྡིག་པ་སྤངས་རྩབ་དང་ནི་སྡོང་བུར་བཅས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པའི་ཉེས་པ་སྟེ་སྤངས་པ་ནི་བཅོམ་པ་སྟེ། འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །འདིས་བཅོམ་པས་ན་སྡིགས་སྤངས་ཤེས་བྱ་སྟེ། དབྱངས་ཡིག་དང་པོའི་རང་བཞིན་ནོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ཀྱིས ་རྒྱུད་ལས་དང་པོ་དབྱངས་ཡིག་རང་བཞིན་ཏེ། བློ་ཞེས་སངས་རྒྱས་རྣམས་ཀྱི་བཏགས་ཞེས་སོ། །སྡིག་པ་སྤངས་ཞིང་གཙོ་བོའི་རྩ་བ་སྟོང་བུར་བྱས་པའོ། །གང་གིས་སྡིག་པ་སྤངས་ཤིང་གཙོ་བོའི་རྩ་བ་དང་སྡོང་བུ་བྱས་པ་གང་ཡིན་ཞེ་ན་ཧཾ་གི་ཡི་གེ ་སྐྱེད་བར་གྱུར་པའོ་ཞེས་གསུངས་ཏེ། གཞན་གྱིས་བསྟན་པ་ལས་དང་པའི་ས་བོན་ཞེས་བརྗོད་དོ། །དེ་ཉིད་ན་གཞོམ་དུ་མེད་པའི་ཕ་རོལ་དང་ནི་ཁའི་ཚུལ་ཏེ་ཧཾ་ཞེས་བྱ་བའོ། །ཡན་ལག་མེད་པའི་རྡོ་རྗེའི་ཡི་གེའོ། །ཐུང་དུ་དང་རིང་པོའོ། །ཤིན ་ཏུ་རིང་བ་བསྡུ་བའི་ངོ་བོ་ཉིད་བདེ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གནས་པ་ཤེས་བྱའོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། །དབྱངས་དང་གསལ་བྱེད་ཡི་གེ་ལས། །བྱང་ཆུབ ་སེམས་ནི་སུམ་ཅུ་གཉིས། །པདྨའི་དཀྱིལ་འཁོར་རྟོགས་པའི་སྔགས། །རྒྱུད་དང་དཀྱིལ་འཁོར་ཞེས་སུ་བརྗོད། །འགྲོ་བའི་གླད་རྒྱས་དབུས་སུ་ནི། །གང་ཞིག་གནས་པར་བརྗོད་པ་སྟེ། །དེའི་དབུས་སུ་ཧཾ་ཡི་གེ། ཐིག་ལེའི་རང་བཞིན་གཞོམ ་དུ་མེད། །དེ་ནི་སེམས་ཅན་ཐམས་ཅད་དང། །བརྟན་དང་གཡོ་བ་བསྐྱེད་པའི་རྒྱུ། །གསལ་དང་མི་གསལ་གཟུགས་ཀྱིས་ནི། །དེ་ཡི་ས་བོན་ངོ་བོར་གནས། །ལུས་ཅན་མ་ལུས་ཀུན་གྱི་གཟུགས། །དེ་ལས་དང་པོ་སྐྱེ་བར ་འགྱུར། །བདུད་རྩི་འཛག་པའི་ཚུལ་གྱིས་ནི། །མེ་ནི་འབར་བར་གནས་པ་ཡིན། །དེ་ནི་དཀྱིལ་འཁོར་ཡོངས་རྫོགས་པ། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །དངོས་རྣམས་སྙིང་པོ་མཆོག་ཡིན་ཕྱིར། །དེ་ཉིད་དཀྱིལ་འཁོར་ཞེས་སུ་བརྗོད། །དེ་ཉིད་ལེན་ཅིང ་འཛིན་པ་ཡིས། །ལུས་ནི་དཀྱིལ་འཁོར་ཉིད་དུ་འདོད། །རྣམ་པར་སྐྱེས་པར་འགྱུར་བའི་ཚིག་ནི། འདིར་རྣམ་པ་ནི་ཐ་མལ་པའི་ཚིག་གི་རྒྱན་ནོ། །སྐྱེས་པ་ནི་ཇི་སྐད་དུ་སྨོས་པའི་ཧམ་གི་ཡི་གེ་ལས་བྱུང་བའོ། །གལ་ཏེ་སྡིག་པ་གཙོ་བོའི་རྩ་བ་དང། ། ་སྡོང་བུར་བྱས་པ་དེ་ལྟར་ནི། །རྩ་བའི་ཡན་ལག་དང། ཡལ་ག་དང་ལོ་མའི་རྣམ་པ་གང་ཡིན་ཞེས་ན། །རོ་མ་དང་རྐྱང་མ་གཉིས་ཀྱིས་ནི། །གཡས་དང་གཡོན་ཕྱགས་གཉིས་ཀྱིས་སྡོང་བུར་གནས། །པདྨ་འདབ་བཞི་རྩ་བ་བཞིས། །བདེ་བ་ཆེན་པོ་ཚང ་ན་གནས་ཤེས་གསུངས་ཏེ། དེ་ལ་རྐྱང་མའི་སྒྲ་ནི་དབྱངས་ཡིག་དང་ཤེས་རབ་ཟླ་བ་ཞེས་བརྗོད་དེ། །དེ་ཡང་གཡོན་ཕྱོགས་ཀྱི་སྣ་བུག་ན་རང་བཞིན་དེས་སྲོག་གི་རླུང་རྒྱུ་ཞིང་རྐྱང་མར་གནས་སོ། །རོ་མའི་སྒྲ་ནི་གསལ་བྱེད་ཀྱི་གཟུགས་ཐབས་དང་ཉི་མ་ཞེས ་རྗོད་དོ། །དེ་ཡང་གཡས་ཕྱོགས་སྣ་བུག་གི་རང་བཞིན་ཏེ། རང་བཞིན་དེས་སྲོག་གི་རླུང་རྒྱུ་ཞིང་རོ་མར་གནས་སོ། །དེ་ལས་བྱུང་བ་ཚོགས་པའི་རིམ་པས་རྣམ་པར་ཤེས་པ་དང། འདུ་བྱེད་དང། འདུ་ཤེས་དང། ཚོར་བ་དང། གཟུགས་ཏེ། དཀྱིལ་འཁོར་རྣམས ་ནི་སྲིད་པ་སྐྱེ་བའི་རིམ་པས་རྐྱང་མའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་རང་བཞིན་སྲིད་པ་འཇིག་པའི་རིམ་པས་རོ་མའོ། །དེ་ལྟར་འཕོ་བ་བཅུ་གཉིས་ཀྱིས་རིམ་པས་མི་མཉམ་པ་དང་མཉམ་པར་རྒྱུ་བའི་གཟུང་བ་དང་འཛིན་པ་སྤངས་པའོ། ། ་པདྨ་འདབ་མ་བཞི་ཞེས་པ་ནི་སྟོང་པ་བཞིའི་རང་བཞིན་འདབ་མ་བཞིའོ། །རྩ་བ་བཞི་ཞེས་པ་ནི་ཁམས་བཞིའི་རྩ་བའི་རང་བཞིན?་རྩ་བཞི་གྱེན་ལ་གནས་པོ?་གང་དུ་གནས་ཤེས་ན། བདེ་བ་ཆེན་པོ་བདག་གིས་ཚང་ན་གནས། ཞེས་གསུངས་ཏེ། དགའ་བ་བཞིའི་རང ་བཞིན་སྟོང་པའི་བདག་ཉིད་བདེ་བ་ཆེན་པོའི་ཚང་སྟེ། །གནས་པ་ནི་འདིར་བདེ་བ་ཆེན་པོའི་གནས་ཏེ་སྤྱི་བོའི་པདྨའོ། །དེ་ལ་ཐམས་ཅད་སྟོང་པ་བཞི་སྟེ་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་དྲ་བའི་ཚོགས་ཏེ། ཛ་ལནདྷ་ར་ཞེས་བྱ་བའི་མིང་དུ་བརྗོད་ལ། རི་རབ་ཀྱི་རྩེལ ་ཞེས་བྱ་བའི་དོན་ཏོ། །ེ་བམ་ས་བོན་ཁྱེར་ནས་བྱ་བ་ལ་སོགས་པ་ནི། ཨེ་བཾ་ནི་གོང་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་ཨེ་བམ་ཡི་གེའི་ས་བོན་བླངས་ནས། དེའི་ས་བོན་སྙིང་པོ་བླངས་ནས། མེ་ཏོག་གཞོམ་དུ་མེད་པའི་པདྨ་རྒྱས་པ་ཞེས་བྱའོ། །དོན་ནི་འདི ་ཡིན་ཏེ། ས་བོན་གྱི་སྡོང་བུ་ལ་སོགས་པ་སྐྱེས་པ་དེ་སྟོང་པ་མེ་ཏོག་ཀྱང་ས་བོན་གྱི་སྙིང་པོ་རྒྱུ་ཅན་ཉིད་དུ་འགྱུར་རོ། །འདིར་ཡང་ཨེ་བམ་གྱི་ཡེ་གེ་ལས་སྐྱེས་པའི་ལུས་ཀྱིས་པདྨ་ཡང། །ེ་བམ་གྱི་སྙིང་པོ་ཅན་གྱི་མེ་ཏོག་གོ། བུང་པའི་གཟུགས་ཀྱིས་ཞེས ་བྱ་བ་ལ་བུང་བ་ནི་ཐུགས་ཀྱི་རྡོ་རྗེ་བོ་དེའི་གཟུགས་ནི་རང་བཞིན་ནོ། །བདེ་ཆེན་དཔའ་བོ་ནི་ཞེས་པ་ནི། དེ་དང་དེའི་ཐབས་དང་ཤེས་རབ་གཉིས་ཀྱིས་གཉིས་སྤྱོད་པའི་སྦྱོར་བ་སྟེ། དེ་ལ་རྒྱུན་མི་འཆད་པར་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱིས་རྣམ་པར་གནས ་པར་གསལ་བའི་ཕྱིར། །དེ་ཉིད་བཅོམ་ལྡན་གཞོམ་དུ་མེད་པ་ལ་དཔའ་བོ་ཞེས་བྱའོ། །སྦྲང་རྩི་ནི་མེ་ཏོག་གི་བཅུད་དེ། བདེ་བ་ཆེན་པོའི་དཔའ་པོ་ཡིན་པས་བྱང་ཆུབ་ཀྱི་སེམས་ནི་འབྱུང་བ་ཆེན་པོ་ཉམས་སུ་མྱོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ངོ་བོ་ཉིད ་ཀྱིས་བཅོམ་ལྡན་འདས་ཨེ་བཾ་ཡི་གེའི་རང་བཞིན། །ཟག་པ་དང་བཅས་པའི་འབྱུང་པ་ལྔའི་རང་བཞིན་དུ་ཇི་ལྟར་འགྱུར་སྙམ་པ་ལ། འབྱུང་བ་ཆེན་པོ་ལྔའི་ས་བོན་ནོ། བླངས་ནས་ཚོགས་པ་དག་ལས་སྐྱེ་ཞེས་གསུངས་ཏེ། འབྱུང་བ་ནི་ས་ལ་སོགས་པ? ་ཆེན་པོ་ལྔ་དང་སྟེ། ས་བོན་ནི་ཨེ་བམ་གྱི་ཡི་གེའོ། །བླངས་ནས་ཚོགས་པ་ནི་རྡོ་རྗེ་པདྨར་སྦྱོར་བདག་ལས་སྐྱེས་པའི་འབྱུང་པའོ། །དེ་གསལ་བར་བྱ་བའི་ཕྱིར། །སྲ་བར་གྱུར་པ་དག་ས་ཡིན་ཞེས་གསུངས་ཏེ། སའི་ཁམས ་ནི་སྲ་བ་ཉིད་ཡིན་ལ་སྲ་བ་ནི་སའི་ཁམས་སོ། །ཞུ་བར་གྱུར་པས་ན་ཆུའོ། །ཚ་བས་ནི་མེའོ། །གཡོ་བས་ན་རླུང་ངོ། །བདེ་བ་ཡིན་པས་ནན་མཁའ་ཨི་ཁམས་སོ། །ལྔ་ནི་ཡོངས་སུ་རྫོགས་པས་ཞེས་བྱ་བས་ནི། །དེ་ལྟར་གྱུར་པའི་འབྱུང་བ་ལྔ་པོ་འདིས་ཡོངས ་སུ་རྫོགས་པ་སྟེ། བསྡུས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས་འབྱུང་བ་ལས་གྱུར་པའི་གང་ཟག་དང་བཅས་པའི་ཕུང་པོ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་པདྨའི་སྦྱོར་བ་ལས། རེག་པ་ལས་པ ་སྲ་བས་ནི་སྐྱེས། །བྱང་ཆུབ་སེམས་ནི་གཤེར་བ་ལས་ཆུ་འབྱུང་ངོ། །བསྲུབ་པ་ལས་ནི་མེ་འབྱུང་སྟེ། །བསྐྱོད་པ་ལས་ནི་རླུང་དུ་གྲགས། །བདེ་བ་ནི་ཁའི་ཁམས་ཡིན་ཏེ། རྣམ་པ་ལྔ་ཡིས་ཡོངས་སུ་བསྐོར། །དབྱངས་ཡིག་རྣམས་ནི་སྐྱེད་པའི་རྒྱུ། ། ་ཞེས་གསུངས་སོ། །དེ་ནི་ཞེས་པ་དེ་ཉིད་དེ། །དེ་ཉིད་འདི་སྟེ་འདིའི་དོན་ས་སོགས་དེ་ཉིད་བཞི་དང་ནི། །སྟོང་པ་ཉིད་ནི་བཞི་དང་ཡང། །སྐྱེ་དང་འཇིག་པའི་རྒྱུ་དུ་ནི། དེ་དོན་བརྒྱད་ནི་ཤེས་པར་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི ་འབྱུང་འགྱུར་ཞིང། །དེ་ལས་ཀྱང་ནི་ཤེས་པ་འབྱུང། །རླུང་ཡང་དེ་ལས་འབྱུང་བར་འགྱུར། །རླུང་ལས་མེ་ནི་འབྱུང་བར་འགྱུར། །ཆུ་ལས་ཡང་ནི་ས་འབྱུང་ངོ། །དེའི་རིམ་པས་སེམས་ཅན་སྐྱེས། །ས་ནི་ཆུ་ལ་ཞུགས་འགྱུར་ཞིང། །ཆུ་ནི་མེ་ལ་ཞུགས ་པར་འགྱུར། །མེ་ནི་ཕྲ་བའི་དོན་ཁམས་ཞུགས། །རླུང་ནི་སམས་ལ་ཞུགས་གྱུར་ནས། །སེམས་ནི་སེམས་ལས་བྱུང་བར་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་གྱུར་ཏེ། །སྲིད་གསུམ་པོ་ནི་འགག་པར་འགྱུར། །དེ་ཉིད ་བསྟན་པར་བྱ་བའི་ཕྱིར། །རྨོངས་འགྱུར་འདི་ནི་སྟོང་པ་ཉིད། །ཅེས་གསུངས་སོ། །དེ་ལྟ་བུར་གྱུར་པའི་ཐེག་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རྨོངས་པ་ཞེས་འོད་པ་སྟེ། ཀྱེ་མ་རྨོངས་པའི་སྔགས་ཀྱི་ཚུལ་གྱིས་འདི་ཉིད་མི་ཤེས་པའོ། །འདི་ནི་ཞེས་བྱ་བ ་ནི། འདི་ཉིད་སྟོང་པའི་འོད་གསལ་ཏེ། འདི་བོར་ནས་སྟོང་པ་དེ་ཁོ་ན་ཉིད་གཞན་ན་མེད། ཅེས་བྱ་བའི་དོན་ཏོ། །དེས་འདི་སྐད་དུ་སྟོན་ཏེ། སྲིད་པ་ཞི་པ་གཅིག་པའི་བདེ་བ་ཆེན་པོ་རྡོ་རྗེ་བཅོམ་ལྡན་འདས་དེ་ཉིད། འདིར་རང་ཉིད་ཀྱི་ལུས་ཀྱི་པདྨ་མངོན་པར་སྤྲལ ་ནས་དེ་ན་གཞོམ་དུ་མེད་པའི་མེ་ཏོག་གི་བཅུད་སེམས་བུང་བའི་གཟུགས་ཀྱིས་རྟག་ཏུ་འཕྲོགས་ཤིང་གནས་པ་སྟེ། དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། རང་ཉིད་བྱེད་ཅིང་རང་ཉིད་འཕྲོག། རང་ཉིད་རྒྱལ་པོ་གཙོ་བོ་ཞེས་གསུངས་སོ། །དེ་ལྟར་སྒྲུབ་པར ་བྱ་བ་ངེས་པར་བྱས་ནས་ད་ནི་སྒྲུབ་བྱེད་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་ཡུལ་མ་ལུས་པ་ལ་ལོངས་སྤྱོད་པ་སྤངས་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ལ། ཡུལ་མ་ལུས་པ་ལ་ཞེན་པ་ཡང་སྒྲུབ་བྱེད་མ་ཡིན་ནོ། །ཉན་ཐོས་དང་ཕ་རོལ་ཕྱིན་པའི་ཚུལ ་ཉིད་ལ་སོགས་པ་རྣམས་པར་གནས་པའི་ཕྱིར་རོ། །སྐྱོན་དག་པའི་ཡུལ་མ་ལུས་པ་ལ་ལོངས་སྤྱོད་པ་ཉིད་ཀིས་འདོད་ཆགས་ཆེན་པོའི་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་ཡུལ་གྱིས་བདེན་པ་འདི་ཉིད་སྒྲུབ་བྱེད་ཡིན་ནོ། །དེ་ལྟར་ཡང་ས་ར་ཧའི་ཞལ ་སྔ་ནས། ཁ་ཅིག་ཡུལ་རྣམས་དག་ནི་སྤོང་བྱེད་ཅིང། །ཁ་ཅིག་ཡུལ་རྣམས་དག་ནི་འཆིང་བར་བྱེད། །ཁ་ཅིག་ཡུལ་རྣམས་འདི་ཉིད་བླངས་ནས་སུ། །མཆོག་གི་གྲོལ་བ་དག་ནི་མངོན་པར་བྱེད་ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་པ། །གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་ལ། །དེ་དང་དེ་ཡིས་འཇིག་རྟེན་གྲོལ་བར་བྱེད། །འཇིག་རྟེན་རྨོངས་པ་དེ་ཉིད་མི་ཤེས་ཏེ། །དེ་ཉིད་སྤངས་པས་དངོས་གྲུབ་ཐོབ་མི་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་བཅིངས། །འདོད ་ཆགས་ཉིད་ཀྱིས་གྲོལ་བར་བྱེད། །བཟློག་པའི་བསྒོམ་པ་དེ་ཉིད་ཀྱིས། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ཡིན་ན་སྲོག་ཆགས་ཐམས་ཅད་དབུལ་ལ་དགའ་ཞིང་ཆགས་པ་དེ་རྣམས ་འདོད་ཆགས་ཆེན་པོའི་མངོན་པར་བྱང་ཆུབ་པར་ཐལ་ལོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པ་འབའ་ཞིག་གིས་རྒྱུན་མ་ཆད་པའི་བདེ་བ་ཆེན་པོ་ཞེས་ཁོ་བོ་ཅག་མི་སྨྲ་སྟེ། འོན་ཀྱང་དེ་ཉིད་ཐབས་དང་བཅས་པ་ལ་ཟེར་གྱིས། ཐབས ་དང་བྲལ་བའི་ཡུལ་ལ་སྣང་བ་གསུམ་མི་ཤེས་པའི་ཕྱིར་རོ། །འདོད་ཆགས་ཆེན་པོའི་བདེ་བ་དངོས་སུ་མངོན་དུ་བྱེད་པ་མེད་པའོ། །དེ་ལྟར་ཡེ་ཤེས་ཆེན་པོ་ཀུན་ལ་སྙོམས་པར་འཇུག་པའི་རྒྱུད་ལས་བྷ་གར་ལིང་ག་ཞེན་ཅིང་གཅིག་ཏུ་འཇོལ་བདེ ་ནི་འདོད་ཆགས་ཆེན་པོའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་ཡང་བདེ་བ་འབའ་ཞིག་བླངས་ནས་ལྷག་པར་མོས་པ་ཙམ་གྱིས་ལས་དང་པོ་པའི་ས་ལ་གནས་པ་དེའི་ཚེ་སློབ་པར་འགྱུར་རོ། །གང་ལ་རྡོ་རྗེ་པད་མའི་སྦྱོར་བའི་བདེ་བས་རང ་བཞིན་སྣང་བའི་ཡང་དག་པའི་ཡོན་ཏན་མཚོན་པར་བྱེད་པ་དེ་ནི་འདོད་ཆགས་ཆེན་པོའི་བདེ་བ་ལ་ཞུགས་པ་ཡིན་ནོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། །སྐྱེ་བོ་མི་བཟད་པ་ཡིས་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས ་ན་དེ་ཉིད་ཀྱིས་སྲིད་པའི་འཆང་བ་ལས་གྲོལ་འགྱུར་ཞེས་གསུངས་སོ། །འོན་ཏེ་ཆགས་པ་དང་བཅས་པ་མ་ཡིན་པས། བདེ་བ་ཆེན་པོ་མཚན་མ་མེད་པ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་ཇི་ལྟར་འགྱུར་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། མཚན་མ་དང ་བཅས་པའི་བདེ་བ་ཉིད། བླ་མ་དམ་པའི་གདམས་ངག་མཚན་མ་མེད་པར་འགྱུར་རོ། །དེ་ལྟར་ས་ར་ཧའི་ཞལ་སྔ་ནས། གང་ཡང་མཚན་མར་བཅས་པའི་བདེ་བ་འདི། །དེ་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱིས་མཚན་མ་མེད་པ་ཡིན། །རང་འབྱུང་ཡེ ་ཤེས་ངོ་བོ་ཉིད། །ཀུན་རྟོགས་བདེ་བ་ཆེན་པོ་ཉིད། །དེའི་ཕྱིར་ཐབས་དང་བཅས་པའི་ཡུལ་ལ་ལོངས་སྤྱོད་ཅིང། །འདོད་ཆགས་ཆེན་པོ་མངོན་པར་བྱང་ཆུབ་པའི་སྒྲུབ་བྱེད་ཡིན་ནོ། །དེ་ཉིད་ས་དང་ཆུ་དང་མེའི་ཁམས་ནི། ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ས་ནི་སའི་དཀྱིལ་འཁོར་རོ། །ཆུ་ནི་ཆུའི་དཀྱིལ་འཁོར་རོ། །མེ་ནི་མེའི་དཀྱིལ་འཁོར་རོ། །རླུང་ནི་རླུང་གི་དཀྱིལ་འཁོར་རོ། །ནམ་མཁའ་ནི་ནམ་མཁའ་ཨི་དཀྱིལ་འཁོར་རོ། །ལྔ་པོ་དེ་ཉིད་སྐྱེ་བ་དང་འཇིག་པའི་རིམ་པས་ཟླ་བ་དང་ཉི་མའི་རིམ ་པར་བརྗོད་དོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ནམ་མཁའ་ལ་སོགས་རྟག་ཏུ་གཡོན་ལས་རྒྱུ། །འཇིག་པ་པོ་སོགས་རྟག་ཏུ་གཡས་ནས་རྒྱུ། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང། ཡེ ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར?་རབ་ཏུ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་བ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི།། ་སེམས་ནི་ཐིག་ལེར་རྣམས་པར་དགོད། །འདིའི་ཡང་བྱེ་བྲག་བཤད་པ་ནི། །རྡོ་རྗེ་འཕྲེང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས་།སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བ་ཞེས་སུ་བརྟག། སྲོག་དང་རྩོལ་བ་དག་ལ་འོད་ཟེར་ལྔ། །སངས་རྒྱས་ལྔ ་ཡི་ངོ་བོ་སྟེ། །དེ་སྐད་དུ་ཡང་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། སྣའི་བུག་པ་གཡོན་པ་དང་གཡས་པ་གཉིས་ནས། དང་པོ་འམ་ཐ་མར་གང་ཡང་རུང་སྟེ། གང་གི་ཚེ་དབུགས་ནས་རྒྱུ་བའོ། །གང་གི་ཚེ་ནམ་མཁའ་ཨི་རླུངས་རྒྱུ་བ་དེའི་ཚེ་དབུས་ནས ་རྒྱུ་བའོ། །གང་གི་ཚེ་རླུང་གི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་སྣ་བུག་སྟེང་ལ་བརྟེན་ནས་རྒྱུའོ། །གང་གི་ཚོ་མོའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ། །སྣ་བུག་གཡས་པ་ལ་བརྟེན་ནས་རྒྱུའོ། །གང་གི་ཚེས་འི?་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་འོག་ལ་རེག་ནས་ ་རྒྱུའོ། །གང་གི་ཚེ་ཆུའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་གཡོན་ནས་རྒྱུའོ། །དཀྱིལ་འཁོར་འདི་རྣམས་ཡུལ་དུ་བློ་བླངས་ཞེས་བྱ་བ་ནི། ཡུལ་རྡོ་རྗེ་དང་པདྨ་སྦྱོར་བ་སྟེ། དེ་ལས་བློ་བདེ་བ་ཉམས་སུ་མྱོང་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་ཡུལ་ནི་བློའོ།། ་དེ་བླངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟོགས་པ་སྟེ། ཡོངས་སུ་ནི་རྣམ་པ་ཐམས་ཅད་ཀྱིས་ཡེ་ཤེས་དྲུག་ལ་སོགས་པ་ལ་འཇུག་པར་འགྱུར་བ། དེ་ལྟར་ཉམས་སུ་མྱོང་བར་གྱིས་ཞེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྦ་རླབས་མེད་པ་དག་ནི་ཡོངས ་སུ་སྤྱད། ཅེས་གསུངས་ཏེ། རྦ་རླབས་ནི་སྤྱན་འདྲེན་པ་དང་གཤེགས་སུ་གསོལ་བ་མེད་པས་རྦ་རླབས་མེད་པའོ། །ཇི་ལྟར་འགྱུར་བའི་ཨེ་བཾ་གི་ཡི་གེའི་ངོ་བོ་ཡིན་པའི་ཕྱིར་ན་ལྷན་ཅིག་སྐྱེས་པའི་ངོ་བོ་རླུང་བུམ་པ་ལྟ་བུ་ལས་ཤིན་ཏུ་འདས ་པའི་ཕྱིར་ན། མཉམ་པའོ་སྐྱོན་ནི་དྲི་མ་མ་ལུས་པ་སྤངས་པ་སྟེ། ཞེས་བྱ་བ་ནི་མ་ལུས་པའི་སྡིག་པ་ནི་མ་ལུས་པའི་སྐྱོན་དེ་འདོད་ཆགས་དང་བྲལ་བའི་ངོ་བོ་ཉིད་དོ། །སྤངས་པ་ནི་གྲལ་བའོ། །དེ་ལྟར་ཡང་དང་པོ་སངས་རྒྱས་ཀྱི་རྒྱུད་ལས། ཆགས་བྲལ ་ལྟ་བུའི་སྡིག་པ་མེད། །བདེ་བ་ལྟ་བུའི་དགེ་མཆོག་མེད། །དེ་ཕྱིར་འགྱུར་མེད་བདེ་བ་ལ། །རྒྱལ་པོ་རྟག་ཏུ་སེམས་ཞུགས་ཀྱིས་ཞེས་གསུངས་སོ། །དེ་ལྟར་གྱུར་པའི་བདེ་བ་ལ་ཡང་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར། །དེ་ལ་དགེ་དང་སྡིག་པ་དག ་ཀྱང་མེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་ནི་འདོད་ཆགས་དང་བྲལ་བའི་སྡུག་བསྔལ་ལོ། །དགེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱང་ཕྱིར་མི་འབྱུང་བའི་བདེ་བའོ། །དེ་ལ་གཅིག་ཀྱང་མེད་ཅེས་བྱའོ། །དེ་ལྟར་དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས ་ཆགས་དང་ཆགས་པ་བྲལ་བ་གཉིས། །ཐོས་ནས་སྲིད་པ་ཉིད་དུ་འགྱུར་ཞེས་གསུངས་སོ། །གསལ་པོར་ནག་པོ་དག་གིས་བསྟན་ཞེས་པ་ནི། འདི་གསལ་བར་ནག་པོ་སྤྱོད་པའི་རྡོ་རྗེས་བསྟན་ཏེ། གཞན་གྱིས་གསལ་པོར་མ་བསྟན་ཞེས་པའི་དོན ་ཏོ། །འདི་ལྟ་བུའི་རྣལ་འབྱོར་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱིས་བདག་ཉིད་ཀྱི་རྣལ་འབྱོར་བྱས་ནས་ཀྱང། །མི་རྟོག་པར་བསྟན་པའི་ཕྱིར་རོལ་འབྱུང་བ་ལྟ་བུ་སྤྱད་བྱས་ནས། ཞེས་བྱ་བ་སྨོས་ཏེ། རང་གི་བློས་ངེས་པར་སྤྱད་པས་སྟོང་པ་ཉིད་ནི། རྣ་བའི་འཁོར ་ལོ་སྟོང་པ་ཉིད་དུ་རྟོགས་པའོ། །སྟོང་པ་མིན་ནི་རང་གི་ལྷ་རྟོག་པའི་རྣལ་འབྱོར་ལ་སོགས་པའོ། །བློ་ཡིས་ཞུགས་ཤིང་དེ་ལ་དམིགས་པར་འགྱུར་བས་སོ། །སྟོང་པ་ཉིད་དང་སྟོང་མིན་གཉིས་སུ་ཞེས་པ་ནི་སྟོང་པ་དང་སྟོང་པ་མ་ཡིན་པ་དག་གིས་དབུས་སུ ་ཀྱེ་རྨོངས་པ་དེ་ཉིད་ཅིག་ཀྱང་མ་མཐོང་སྟེ་མ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཡིན་ན་ཇི་ལྟར་ན་དེ་ཉིད་ཁོ་ན་ཡོད་སྙམ་དུ་དགོངས་པ་ལ། གཅིག་ཏུ་ལྷན་ཅིག་སྐྱེས་པ་དེ་ཉིད་ཡིན་ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པ་འབའ་ཞིག་ཡོད་ན་ནི། ནག་པོ་རྡོ་རྗེ་ཁོ ་ན་ལས་ཤེས་པའོ། །བསྟན་བཅོས་ལུང་ནི་མང་པོ་བཀླགས་གྱུར་ཀྱང། ཞེས་པ་ནི། བསྟན་བཅོས་ནི་ཚད་མ་ལ་སོགས་པའོ། །ལུང་ནི་བྱ་བ་དང་སྤྱོད་པ་ལ་སོགས་པའོ། །དེ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཀློག་པ་དང་ཉན་པ་དང། སེམས་པ་དང་གོམས་པར་བྱས་ཀྱང ་ཅུང་ཟད་ཀྱང་མི་ཤེས་ཏེ། དེ་རྣམས་ལ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྦ་རླབས་མེད་པའི་སྔགས་ནི་ཚུལ་གདམས་དག་ནི། གཞན་ད་ལྟ་བུར་ཤེས་སོ་ཞེས་པའི་དོན་ཏོ། །དེ་ལྟ་བུའི་གདམས་པ་དེ་ཉིད་ཚུལ་དེ་དང་དེས་རྒྱས་པར་བསྟན་པའི་ཕྱིར། སྟེང་དང་འོག་དག་ཏུ ་ནི་མི་རྒྱུ་ཞིང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟེང་དུ་མི་འགྲོ་བ་ནི་འདིའི་ཚུལ་གྱིས་སྲོག་གི་རླུང་འགེགས་པའོ། །འོག་ཏུ་མི་འགྲོ་བ་ནི་ཐུར་སེལ་གྱིས་རླུང་འགེགས་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་བྱེ་བྲག་གིས་ཟླ་བ་དང་ཉི་མ་དང་རཱ་ཧུ་ལ་དང། ་ཆུ་དང་མེ་དང། སྟོང་པ་ཉིད་རང་གི་རིགས་ཀྱི་ལམ་གསུམ་དག་གོ། དེ་ལྟར་སྟེང་དང་འོག་གི་སྲོག་དང་ཐུར་སེལ་གྱི་ལམ་བཀག་པས། །སྔོན་དུ་བསྟན་པའི་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་བས་ན་དེའི་འོག་ཏུ་རྡོ་རྗེ་བཟླས་པའི་ཆོ་གས་སྲོག་དང་རྩོལ་པ ་རྟག་ཏུ་འབྱུང་བར་བྱེད་དོ། །དེ་ལྟར་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། གཟུགས་བརྙན་མཐོང་ནས་བྱུང་བ་ནི། སྲོག་དང་རྩོལ་བ་རྟག་ཏུ་ནི། །སྟེང་དང་འོག་དང་རྩ་གསུམ་ལས། ལུས་ངག་ཡིད་གསུམ་འགག་པའི་ཕྱིར། །ཟླ་བ་ཉི་མ ་རཱ་ཧུ་དང། །དྲི་ཆེན་དྲི་ཆུ་ཁུ་རྒྱུ་བ། །ཟླ་བའི་ཉི་མ་མུན་པ་དང། །ལུས་དང་ངག་དང་ཡིད་ཀྱི་རྩ། །དྲིན་ཆེན་དྲི་ཆུ་དུས་རྒྱུ་བ། །དེ་དག་སྲོག་རྩོལ་རིམ་པས་སོ། །ཟླ་བ་ལུས་ཀྱིས་ཐབས་དང་ནི། །ཤེས་རབ་ཉིད་ནི་ཉི་མའོ། །ཤེས་རབ་ཀྱི་ནི་དྲི་ཆེན་རྩ། །གཙོ ་བོ་དག་ནི་ཆུ་རྒྱུ་བ། །ཆུ་མེ་སྟོད་པ་ས་དང་རླུང། །ཡེ་ཤེས་ཁམས་ནི་རང་རིག་ལ། །ཐབས་ཀྱིས་སེམས་ནི་མུན་ལྷ་མོ། །ཤེས་རབ་བྱང་ཆུབ་སེམས་རྒྱུ་བ། །སྟེང་དང་འོག་ཏུ་རིགས་དྲུག་ནི། །ལུས་དང་དག་ཡིད་བྱེད་པས་སོ། །ཤེས་རབ་ཐབས ་སྦྱོར་དབྱེ་བ་ཡིས། །ལུས་ཅན་ཀུན་ལ་རྣམ་པར་གནས། །དེ་ལྟར་གྱུར་པས་སྲོག་དང་རྩོལ་བས་ཇི་ལྟར་གནས་ཤེས་ན། གཉིས་ལ་མི་རྒྱུ་བ་ནི་རྣམ་པར་གནས་ཤེས་གསུངས་ཏེ། གཉིས་ནི་སྟེང་དང་འོག་གི་རྩོལ་བ་སྟེ། །མི་རྒྱུ་བ་ནི་ཡོངས་སུ ་སྤངས་པ་སྟེ། །དེ་ལྟ་དུ་ངོ་བོ་ཉིད་ཀྱི་མི་གཡོ་བར་གནས་པ་ནི་དབུགས་འབྱིན་པར་མ་མཆོག་ཅེས་བྱ་བ། དེ་ལྟར་ཡང་རིགས་ལྡན་པས། ལྷན་ཅིག་སྐྱེས་པ་ཧེ་རུ་ཀ། བར་མའི་དབུགས་ནི་མཆོག་ཡིན་ཏེ། །དྲི་ཆེན་དྲི་ཆུ་ཁུ་བ་ཉིད། །རྩ་གསུམ་དག ་དང་ལྡན་པའོ། །དངོས་པོ་གསལ་པོ་དེ་ཁོ་ན་ཉིད་རྗེས་སུ་འགྲོ་བ་ལས་ཀྱང། ལྷན་ཅིག་སྐྱེས་རུང་རང་གི་གཞིལ་གནས། །རྟོག་པའི་དྲ་བ་དག་ལས་རབ་ཏུ་གྲོལ། །རང་ཡང་དགའ་བ་བསྐྱེད་པ་བརྗོད་དུ་མེད། །དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞེས ་གསུངས་སོ། །དེ་ལྟར་གྱུར་པས་བྱང་ཆུབ་སེམས་བདེ་བ་ཆེན་པོ་དགག?་པ་སྟན་པའི་ཕྱིར། ཡིད་ནི་གང་དུ་ཡང་མི་གཡོ་བ་ནི་ནག་པོས་གསུངས་ཞེས་པ་གསུངས་ཏེ། སློབ་དཔོན་ནག་པ་ན་རེ་ཡིད་ནི་བྱང་ཆུབ་སེམས་དེ་མི་གཡོ་བ་ནི་གྲང་དུ་ཡང ་ཕྱིར་མི་འབྱུང་བ་སྟེ་སྟེང་དང་འོག་ཏུ་འབྱུང་བ་སྤངས་པས། དུས་ཀྱི་རྩ་ཁམས་གསུམ་དུ་བྱས་བའི་ཕྱིར་རོ། །འདིའི་དགོངས་པ་ནི་རི་བོང་ཅན་གྱིས་ཐིག་ལེ་མ་ལྷུང་པ་འབའ་ཤིག་དའི་སྒྲུབ་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་སྟེང་འོག་གཉིས་སུ་འགྲོ་བའི་ངོ་བོའོ། ་འདི་ལྟ་བུའི་འབྱུང་བ་མེད་པའི་ངོ་བོ་གང་དུ་གནས་ཤེས་ན། མི་གཡོ་རླུང་ཁྱིམ་བདག་མོ་ནི་ཁྱིམ་ན་གནས། ཞེས་གསུངས་སོ། །མི་གཡོ་བའི་རླུང་ནི་འབར་བའི་རླུང་ངོ། །ཁྱིམ་བདག་མོ་ནི་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁྱིམ ་ནི་དེའི་བདེ་བའི་ནམ་མཁའ་ཨི་ཁམས་ཨེ་ཧཾ་གི་རང་བཞིན་གོང་དུ་གསུངས་པ་སྟེ། ཨཱ་བ་དྷཱ་ཏཱིའོ། །དེ་ལ་གནས་པ་ནི་ཁྱིམ་དེར་གནས་པའོ། །འདིའི་དགོངས་པ་ནི་རླུང་གི་འགྲོ་བའི་ཆོས་ཅན་ཏེ། ནམ་མཁའ་ཨི་ཁམས་ལ་བརྟེན་པ། འགྲོ་བ་དང་འོད་བ་ལས ་གྲོལ་བའི་ནམ་མཁའ་ཨི་ཁམས་ལ་ཁྱེར་ཞིང། སེམས་ཀྱི་བཞོན་པ་སྣང་བ་དང་བཅས་པ་ཡེ་ཤེས་གསུམ་དང་ལྡན་པའི་ཐིམ་པར་འགྱུར་རོ། །དེའི་ཕྱིར་དེའི་བདག་ཉིད་བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཞུགས་པ་ཞེས་བརྗོད་དོ། །དེ་སྐད་དུ་ཡང། ་དགོངས་པ་བླ་ན་མེད་པ་ལས། སྣང་བ་སྣང་བ་མཆད་པ་དང། །སྣ་ཚོགས་འདུས་པ་འདི་དག་ནི། །སེམས་ནི་རྣམ་པ་གསུམ་དུ་བརྗོད། །རླུང་ནི་ཕྲ་བའི་གཟུགས་ཀྱིས་ནི། །ཡེ་ཤེས་དང་ནི་འདྲིས་པར་འགྱུར། །དབང་པོ་ལམ་ནས་ཕྱུང་ནས་ནི། །ཡུལ ་རྣམས་ལ་ནི་འཇུག་པར་བྱེད། །སྣང་པ་དང་མི་ལྡན་འགྱུར་ཞིང། །རླུང་གི་བཞོན་པའི་རྒྱུར་གྱུར་པ། །དེ་ལ་འདི་ནི་རང་བཞིན་ཀུན། །རིགས་དང་རིམ་པ་མུན་པར་འཇུག། རླུང་ནི་གང་དང་གང་གནས་པ། །དེ་དང་དེར་ནི་དེ་བཞིན་རྒྱུ། །ཇི་སྲིད་རླུང་ནི ་མི་རྒྱུ་བ། །སྣང་བ་བསྟན་པོར་མི་འགྱུར་རོ། །དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་ཇི་ལྟར་འགྱུར་ཞེ་ན། རི་བོ་མཆོག་རབ་དག་གིས་ཕུག་ཟབ་མོ་ཞེས་གསུངས་ཏེ། མཆོག་ནི་ཕུལ་དུ་བྱུང་བའི་ངོ་བོའི་རི་བོ་སྟེ། །རབ་ནི་སྒལ་ཚིགས་ཀྱི ་བདག་ཉིད་དོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། རྐང་པའི་མཐིལ་དུ་རླུང་གནས་པ། །རླུང་ནི་གཞུ་ཡི་དབྱིབས་ཅན་ནོ། །འདོམས་ཀྱི་སུམ་འདོར་གནས་པ་ནི། །དེ་བཞིན་གྲུ་གསུམ་དམར་པོའོ། །ཟླུམ་པོའི ་གཟུགས་ཀྱི་ངོ་བོ་ཉིད། །ཆུ་ནི་གློ་བར་གནས་པའོ། །སྙིང་ག་རུ་ནི་ས་ཉིད་ཀྱང། །ཀུན་ཏུ་གྲུ་བཞིར་གནས་པའོ། །སྒལ་ཚིག་དབྱུག་པའི་ངོ་བོ་ནི། །དེ་བཞིན་རི་རྒྱལ་ལྷུན་པོའོ། །དེ་ཡི་ཕུག་ནི་རི་ཕུག་གོ། དེ་ལུས་ངག་དང་རྟོག་པའི་སྤྱོད་ཡུལ ་མ་ཡིན་པས་ཟབ་པའོ། །དེས་ཅིར་འགྱུར་ཞེ་ན། འགྲོ་བ་མ་ལུས་པ་ནི་འཆིང་བར་འགྱུར་ཏེ། འགྲོ་བ་མ་ལུས་པ་ནི་ཉིད་འཆིང་བ་འགྱུར་བ་ནི་ཉམས་པ་སྟེ། དེ་ལ་སྟེང་དུ་སྤྱི་བོའི་བར་དུ་དབང་པོ་གཉིས་ཀྱིས་སྦྱོར་བའི་བདེ་བའི་མངོན་པའི་ང་རྒྱལ་གྱི་བྱང་ཆུབ་སེམས་མེད་པའི་ཕྱིར་རོ། ། ་འོན་ཏེ་འགྲོ་བ་ཐམས་ཅད་འདི་ཡིས་བཅིང་བར་ཅིས་ཤེས་ཞེ་ན། དྲི་མ་མེད་པའི་ཆུ་ནི་སྐམས་གྱུར་ཏེ། ཞེས་བྱ་བ་གསུངས་ཏེ། དྲི་མ་མེད་པ་ནི་དོན་དམ་པའི་རང་བཞིན་ནོ། །ཞུ་བ་ནི་ཀུན་རྫོབ་གནད་ལྟ་བུ་སྟེ། དྲི་མ་མེད་པའི་ཆུ་བདེན་པ་གཉིས ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་སྐམས་པར་འགྱུར་ཏེ། །འོག་ཏུ་ལྟུང་བའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་འགྲོ་བའི་ངོ་བོ་ཉིད་དུ་འགྱུར་རོ། །གང་གི་ཆོ་འོ་ག་ཏུ་ལྟུང་བ་དེའི་ཚེ་ཉམས་པར་འགྱུར་པའོ། །དེ་ལྟར་ཡང་དཔལ ་དང་པོའི་སངས་རྒྱས་ལས། ལུས་ཅན་ཐམས་ཅད་འཆི་དུས་སུ། །འོག་ཏུ་ཟླ་བ་བདུད་རྩི་འཛག། རྣམ་ཤེས་རང་བཞིན་མཚན་ཉིད་དང། །ཉི་ཁྲག་རཱ་ཧུ་སྟེང་དུ་འགྲོ། དེས་ཅིས་འགྱུར་ཞེ་ན། དུས་ཀྱི་མོ་ནི་རབ་ཏུ་ཞུ་གྱུར་ན། ཞེས་གསུངས་ཏེ། དུས་ཀྱི ་མེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་འབྱུང་བའི་གནས་སྐབས་ཏེ། ནག་པོའི་ཕྱོགས་ཀྱིས་མཚན་ཉིད་དེ། །འཆི་བའི་དུས་ཀྱིས་ཞེས་བྱའོ། །དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས་ལྷུང་ན་ཆགས་དང་བྲལ་གྱུར་ཏེ། ཆགས་བྲལ་ལས་ནི ་སྡུག་བསྔལ་བསྐྱེད། །སྡུག་བསྔལ་གྱིས་ནི་ཁམས་ཟད་དེ། །ཁམས་ཟད་པས་ནི་འཆི་བར་འགྱུར། །འཆི་བ་ལས་ནི་ཡང་སྲིད་འབྱུང། །དེ་ལྟར་འདོད་ཆགས་བྲལ་བས་བྱུང། །གཞན་དུ་སེམས་ཅན་མི་སྲིད་དོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་བྱུང ་འདོད་ཆགས་སྤང་པར་བྱ། །རྣལ་མ་འབྱུང་མེད་བདེ་བ་ཡིས། །འཁོར་བའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་འབྱུང་བར་འགྱུར་ཞེ་ན། ས་འཛིན་དག་ལས་འདི་ནི་གཟུང་དཀའ་སྟེ། ཞེས་གསུངས་ཏེ། ་གཟུང་དཀའ་བ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རླུང་གཟུང་ཞིང་བྱང་ཆུབ་སེམས་གཟུང་དགོས་པ་སྟེ། དེ་ལ་འདིར་གཟུང་དཀའ་བའོ། །ས་འཛིན་རི་རབ་དང་འདྲ་སྟེ་མིགཡོ་བའོ། །དེ་ཉིད་ཀྱི་ཕྱིར་མཉམ་པ་དང་མི་མཉམ་པ་སྟེ་ཞེས་སྨོས ་ཏེ། སྡུད་པ་དང་འབྱུང་བའོ། །དེ་ལ་མཉམ་པའི་འཕོ་བའི་རིམ་པས་རྒྱུ་བ་ནི་ཉི་མ་རྒྱུ་བ་གཡས་པའི་སྣ་བུག་གོ། མི་མཉམ་པའི་འཕོ་བ་ནི་རིམ་པ་མ་ཡིན་པས་རྒྱུ་བས་ན། མི་མཉམ་པ་སྟེ་ཟླ་བ་རླུང་རྒྱུ་བས་ན་སྣ་བུག་གཡོན་པའོ། །མཉམ ་པ་དང་མི་མཉམ་པ་གཉིས་ད་ལྡན་པའི་ཡིད་ཀྱིས་སེམས་ཀྱི་ཁམས་ལ་ལྟ་བ་ནི་ཡོངས་སུ་སྒོལ་བ་སྟེ། དེ་ལྟ་བུའི་ཤེས་པའི་དོན་ཏོ། །དེ་ལྟར་གྱུར་པའི་ཡིད་ཀྱིས་གལ་ཏེ་མི་ཤེས་ན་ཟླ་བ་དང་ཉི་མ་མི་མཉམ་པ་དང་མཉམ་པ་རྒྱུ་བ་ནི། ་སེམས་ཅན་གྱི་རྣམ་པར་ཤེས་པའི་ཁམས་ནི་གྲོལ་བར་མི་ནུས་པ་དེ་སྤྱི་གཙུག་བར་དུ་འགྲོ་བར་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ནག་པོ་དག་གིས་གསུངས་ཞེས་གསུངས་ཏེ། ནག་པོ་རྡོ་རྗེས་འདོད་ཆགས་དང་བྲལ ་བའི་གནས་སྐབས་སྤངས་པའི་བདེ་བས་ཡེ་ཤེས་ཀྱི་མིག་གིས་མཚོན་པར་བྱས་པས་ན། མཚོན་པར་དཀའ་བ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་དང། རྣམ་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཉེ་བར་རྟོགས་ཤིང་ཉམS ་སུ་མྱོང་བ་དེའི་ཕྱིར་རྟོགས་པར་དཀའ་བའོ། །དེ་ལ་འདི་ལྟ་བུར་གྱུར་བ་ཅིས་རྟོགས་ཤེས་ན། གང་གིས་ཡིད་ཀྱི་རིན་ཆེན་རྟོག། ཤེས་གསུངས་སོ། །གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་ཡིད་ཀྱི་ཉེ་བར ་དམིགས་ཤིང་ཇི་ལྟ་བ་བཞིན་དུ་འགྱུར་བའི་བདག་ཉིད་དགའ་བ་སྟེ། བླ་ན་མེད་པའི་བདེ་བ་འཕེལ་བར་བྱེད་པའི་ཕྱིར། རིན་ཆེན་ནི་ཡིད་ཀྱི་རིན་པོ་ཆེ་སྟེ། སངས་རྒྱས་ཀྱི་གཟུགས་བརྙན་ནོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། ་བྷ་གར་ལིང་ག་བཅུག་ནས་ནི། བྱང་ཆུབ་སེམས་ནི་གཏད་མི་བྱ། །ཁམས་གསུམ་མ་ལུས་པ་རྣམས་ནི། །སངས་རྒྱས་གཟུགས་བརྙན་དག་ཏུ་བསྒོམ། །སྟོང་ཉིད་གཟུགས་བརྙན་རྒྱུ་ཡིན་པས། །འབྲས་བུ་མི་འགྱུར་བདེ་བའོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག ་སྐྱེས་པ་སྤྲོ་ཞེས་གསུངས་ཏེ། ཉི་མ་རེ་རེ་སྐྱེས་པའི་ཐམས་ཅད་སྟོང་པའོ། །འཕྲོ་བ་ནི་ནམ་མཁའ་དང་འཕྲོ་ཞིང་སྣང་བའོ་དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས་ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་འོ་ཆེ། །ཞེས ་གསུངས་ཏེ། དེ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། །བསྙེན་པའི་དུས་སུ་གཙུག་ཏོར་ཆེ། །འབད་པས་གཟུགས་བརྙན་བསྒོམ་པར་བྱ། །ཉེ་བའི་བསྙེན་པའི་དུས་སུ་ནི། །གཟུགས་བརྙན་བདུད་རྩི་འཁྱིལ་པ་ཡི། །སྒྲུབ་པའི་དུས ་སུ་ལྷ་ཡི་གཟུགས། །བསྒོམ་ཞིང་མི་དམིགས་པར་བྱ་སྟེ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཟུགས་བརྙན་སངས་རྒྱས་བཙོ་བོའི་སེམས། །ཞེས་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར་རིག་ལྡན་ལས་ཀྱང། དགོངས་པ་བསྟན་པ་འདི་སྐད་བཞན ་གྱིས་གཙུག་ཏོར་གྱི་གཟུགས་བརྙན་ནི་ཁམས་གསུམ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་བརྙན་ནི་ནམ་མཁའ་ཨི་ཆོས་ཀྱི་འབྱུང་གནས་ལ་སེམས་ཀྱི་རྡོ་རྗེ་རབ་ཏུ་གཞག་པ་སྟེ། །བསྙེན་པའི་དུས་སུ་སོ་སོར་སྡུད་པ་བསྒོམ་པར་བྱ་སྟེ། ་བསམ་གཏན་གྱིས་ནི་བརྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། ཉི་མ་ཅིག་ཏུ་ཡོངས་སུ་བརྟག། གལ་ཏེ་ཡིད་ཆེས་མ་གྱུར་ན། །དེ་ཚེ་ང་ཡིས་བརྫུན་སྨྲས་སོ། །ཞེས་གསུངས་ཏེ། དེ་ཡང ་ཡིད་ཆེས་པའི་དུ་བ་ལ་སོགས་པའི་རྟགས་སོ། །དེ་ལྟར་ཡིད་དུ་འོང་བའི་རིན་པོ་ཆེ་སངས་རྒྱས་ཀྱི་གཟུགས་བརྙན་རྟོགས་པ་འབྱུང་བ་དེ་ནི། ཆོས་ཀྱི་རང་བཞིན་དག་ནི་དེ་ཡིས་ཤེས་གསུངས་ཏེ། རང་བཞིན་དག་ནི་དེ་ཡིས་ཤེས་ན། དེ་གཅིག་བུ་ཆོས་ཀྱི ་རང་བཞིན་མངོན་པར་རྟོགས་པའོ། །གཞན་ལ་བཟླས་སུ་ཟིན་ཀྱང་ཅི་ལ་གོ་ཞེས་པ་ནི། །གཞན་ནི་དབང་པོའི་བདེ་བ་ལ་མངོན་པར་ཞེན་པའོ། །ཅི་ལ་གོ་སྨྲས་ཀྱང་མི་གོ་ཞེས་པའི་དོན་ཏོ། །དེ་ཉིད་རྣམ་པ་གཞན་གྱིས་བསྟན་པ་ནི། རླུང་ནི་གཞོན་པའི ་རྒྱུར་གྱུར་པས་སྣང་བ་གསུམ་གྱི་ངོ་བོ་ཉིད་ཀྱི་རང་བཞིན་བརྒྱ་དྲུག་ཅུའི་ངོ་བོ་ཉིད་དབང་བོའི་སྒོ་ནས་འབྱུང་བ་སྟེ། ཡུལ་རྣམས་ལ་ཉེ་བར་དམིགས་པར་འགྱུར་རོ། །ལམ་འགྲོ་རང་ཉིད་བཅིངས་པར་བྱས་པ་གང་ཞེས། གསུངས་ཏེ། རྣམ་པར ་ཤེས་པའི་ཁམས་འཁོར་བའི་ལམ་དུ་འགྲོ་བའོ། །ཡིད་ནི་ལྷན་ཅིག་སྐྱེས་པའི་གཟུགས་སོ། །བཅིང་བར་བྱ་བ་ནི་གང་གིས་ཡན་ལག་དྲུག་གིས་སྲོག་བརྟན་པར་བྱེད་པ་ནི་བཅིངས་པའོ། །དེ་རྣལ་འབྱོར་གྱི་དབང་ཕྱུག་གིས་བྱེད་པ་དེ་ནི་ཁམས ་གསུམ་མ་ལུས་སྤྲོ་ཞིང་ཡང་དེར་བསྡུ། ཞེས་གསུངས་ཏེ་ཁམས་གསུམ་ནི་སྐུ་དང་གསུངས་དང། ཐུགས་ཀྱི་འཁོར་ལོའོ། །མ་ལུས་པ་ནི་སོ་སོའི་བ་སྡུའི་བུ་གའི་བར་དུ། གཉིད་སད་པའི་གནས་སྐབས་སུ་དགའ་བ་ལ་སོགས་པའི་ཁྱད་པར་གྱི་བྱང་ཆུབ ་ཀྱི་སེམས་རྣམ་པར་སྤྲོས་ནས། ཡང་དེར་སྡུད་པ་སྟེ། སྟེང་དུ་སོང་ནས་བཞི་བ་ཟད་ཅིང་རྒྱུ་མཐུན་པ་ལ་སོགས་པའི་བྱེ་བྲག་གིས། ཨ་བ་དྷུ་ཏཱིར་སྡུད་པ་སྟེ། ཆ་དང་ཐིག་ལེ་ཕྲ་མོ་ལས་འདས་ཤིང་ཐམས་ཅད་སྟོང་པ་ཉིད་ཀྱི་ཁམས་ལ་ཞུགས་ཏེ། ་དེས་རྡོ་རྗེ་འཛིན་པ་ཆེན་པོ་མངོན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བདེ་གཤེགས་ལྷ་མོ་ཁྲོ་བོའི་ཚོགས། །སྲིད་པ་ཅི་ཕྱིར་བྱེད་ཅེས་གསུངས་ཏེ། དེ་བཞིན་གཤེགས་པ་དང། ལྷ་མོ་དང། ཁྲོ་བོའི ་ཚོགས་ལ་སྲེད་པ་ཅིའི་ཕྱིར་བྱེད་ཅེས་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དག་སྤངས་ལ། །ལྷན་ཅིག་སྐྱེས་པའི་དུས་སུ་གནས་སོ། །ཞེས་དགོངས་སོ་ཞེས་བྱ་བ་ལ་དགོངས་པ་འདི་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་དང། ་ལུས་དང་ངག་དང་ཡིད་དང། དཀྱིལ་འཁོར་གྱི་ལྷ་རྣམས་གདམས་ངག་གིས་བདེ་བ་ཆེན་པོ་རོ་གཅིག་པར་གྱུར་པ་དེ་ལྟར་ནའོ། །དེ་ཉིད་དཀྱིལ་འཁོར་ཆེན་པོར་གྱུར་པ་ལས། དེ་ལས་གཞན་དུ་གྱུར་པའི་དཀྱིལ་འཁོར་མེད་དེ? ་ཞེས་བྱའོ། །དེ་ལྟར་ཡང་གསང་བའི་རྒྱུད་ལས། ཡན་ལག་ཀུན་བསྒོམས་ལས་འདས་ཤིང། རྟོག་དང་རྟོག་བྱེད་རྣམ་པར་སྤངས། །ཆ་དང་ཐིག་ལེ་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །དེ་ཉིད་གཞན་གྱི་སྒོ་ནས་དཀྱིལ ་འཁོར་དུ་བསྟན་པ་ནི། གང་གིས་ལྷན་ཅིག་སྐྱེས་པ་བརྟན་བྱས་ཏེ། ཞེས་པ་ལྷན་ཅིག་སྐྱེས་པ་ནི་ལྷན་ཅིག་བྱུང་བའི་ཤེས་རབ་སྟེ། བརྟན་པ་ནི་ཕྱིར་འབྱུང་བ་མེད་པར་བྱའོ། །མཉམ་པར་རོ་གཅིག་པ་ནི་དགའ་བ་བཞི་པོ་གཅིག་པས་རང ་གི་ཡིད་ཀྱི་རྒྱལ་པོ་ནི་ཡན་ལག་མེད་པའི་རྡོ་རྗེའོ། །དེའི་དབུས་ཉིད་དུ་ནི་འགྲུབ་པར་འགྱུར་ཞེས་གསུངས་སོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་གྲུབ་སྟེ། རྡོ་རྗེ་འཆང་ཆེན་པོ་ཐོབ་བོ། །དེའི་དུས་ཉིད་དུས་མ་ཡིན་པ་རྒྱུད་ལ་གཅིག་ཅེས ་བྱའོ། །དེ་སྐད་དུ་ཡང་དཔལ་བདེ་མཆོག་ལས། །མཐོ་རིས་མི་ཡུལ་ས་འོག་གི། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །རང་དང་གཞན་དུ་རྟོགས་པ་ཡིས། །སྐད་ཅིག་ཏུ་ནི་གདོན་མི་འགྱུར་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། རྒ་དང ་འཆི་བའི་འཇིགས་པ་དག་ནི་མེད། ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་བསྟན་པ་ནི། །མི་གཡོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གཡོ་བ་ནི་བྱང་ཆུབ་ཀྱི་སེམས་ཕྱིར་མི་འབྱུང་བའོ། །མི་རྟོག་པ་ནི་ཉམས་སུ་མྱོང་པ་? ་གཅིག་པས། དེ་དང་འདི་ནི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །འགྱུར་བ་མེད་པ་ནི་འདོད་ཆགས་དང། འདོད་ཆགས་དང་བྲལ་བ་དག་གིས་ཅི་བྱ་ཞེ་ན། དེ་དག་ལས་གྲོལ་བའི་ཕྱིར་རོ། །སྐྱེ་འཇིག་སྤངས་པ་ནི། ཟླ་བ་དང་ཉི་མ་བཀག་པའི ་ཕྱིར་རོ། །མཛེས་པ་ནི་ཤིན་ཏུ་མཛེས་པ་སྟེ། བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །སྙིང་པོ་ནི་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེང་འདིར་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པར་བརྗོད་དེ། མྱ་ངན་ལས་འདས་པའོ ་ཞེས། །སྒྲས་སྨྲས་པ་ལ། ཡང་དག་པའི་མྱ་ངན་ལས་འདས་པ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་ཉིད་ཀྱི་ཕྱིར་རོ། །དེ་ཇི་ལྟ་བུའི་ཁྱད་པར་དང་ལྡན་ཞེ་ན། གང་ལ་སེམས་དང་སེམས་ལས་བྱུང་བ་མེད། ཅེས་གསུངས ་ཏེ། གང་ལ་ཇི་སྲིད་སེམས་ནི་རྣམ་པ་གསུམ་སྟེ། སེམས་ལས་བྱུང་བ་ནི་སེམས་ཀྱི་རང་བཞིན་བརྒྱ་དྲུག་བཅུ་དང། ཐིག་ལེས་ཀྱང་ཅི་འང་མི་བྱེད་དེ་དེ་ལྟ་བུའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མི་འབྱུང་ངོ། །ཞེས་པའི་དོན་ཏོ། །དེ་ཉིད་བསྟན་པའི ་ཕྱིར། གང་གིས་ཨེ་བམ་རྣམ་པར་ཤེས་གྱུར་?། །ཞེས་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་ཇི་སྐད་དུ། ལྟའི་དབང་པོས་ཡོངས་སུ་ཞུས་པས། ཨེ་ནི་སྟོང་པའི་རང་བཞིན་ཏེ། བམ་ནི་ཐུགས་རྗེ་ཆེན་པོར་བརྗོད། །ཐིག་ལེ་གཉིས ་མེད་སྦྱོར་བའོ། །འདི་ཡི་ཟུང་འཇུག་དྲན་པར་བྱ། །ེ་ནི་མ་རུ་བརྗོད་པ་སྟེ། བམ་ནི་ཕ་རུ་ཤེས་པར་བྱ། །ཐིག་ལེ་གཉིས་མེད་སྦྱོར་བར་འགྱུར། །དེ་ཡི་སྦྱོར་བ་ངོ་མཚར་ཏེ། ཨེ་ནི་?་གཉིད་དུ་གསུངས། །བམ་ནི་རྡོ་རྗེའི་རང་བཞིན་ནོ། །དེ ་ལས་ཐིག་ལེའི་ས་བོན་འགྱུར། །དེ་ལས་སྲིད་གསུམ་ཡང་དག་འབྱུང། །ེ་ནི་ཤེས་རབ་ཉིད་དུ་འགྱུར། །བམ་ནི་ཐབས་སུ་ཡང་དག་བརྗོད། །ཐིག་ལེ་དེ་ཉིད་མི་ཤིགས་པའོ། །དེ་ལས་ཡི་གེ་མ་ལུས་བྱུང། །གང་གིས ་ཆོས་ཀྱི་ཕྱག་རྒྱ་ནི། །ཡི་གེ་གཉིས་ནི་དེ་ཉིད་ཤེས། །དེ་ཡི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་འགྱུར་རོ། །འགྲོ་བ་གང་གིས་ཡི་གེ་གཉིས། །དེ་ཉིད་མི་ཤེས་རྟག་ཏུ་འདོན། །སངས་རྒྱས་ཆོས་ལ་ཕྱིར་འབྱུང་སྟེ། །ཕྱུག ་པོ་ལོངས་སྦྱོད་སྤངས་བཞིན་ནོ། །ཞེས་གསུངས་སོ། །འདིར་དེ་ལྟ་བུའི་ཨེ་བཾ་ཡི་གེ་ཤེས་པ་ནི་རྟོགས་པ་སྟེ། གང་གིས་ཤེས་པ་དེ་ནི་སངས་རྒྱས་རྟོགས་པའོ། །མ་ལུས་ནི་ཨེ་བམ་གི་ཡི་གེ་སྣ་ཚོགས་ལུས་པ་མེད་པ་སྟེ། དེ་ཉིད་ནི་སྣ ་ཆོགས་གཅིག་གི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཇི་ལྟ་བུར་གྱུར་བ་ཞེས་ན། དེ་ཉིད་ཆོས་ཀྱི་ཟ་མ་ཏོག་ཡིན་ཏེ་ཞེས་གསུངས་ཏེ། ཆོས་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ་དགའ་བ་ལ་སོགས་བའོ། །དེ་རྣམས་ཀྱི་ཟ་མ་ཏོག་ནི ་གནས་སོ། །དེ་ཉིད་བོད་པའི་ཚིག་གོ་དེ་ནི་རང་གི་བདག་པོའི་ཆ་ལུགས་སོ། །ཞེས་གསུངས་ཏེ། རང་གི་བདག་པོ་ནི་ཐུགས་ཀྱི་རྡོ་རྗེའོ། །ཆ་ལུགས་ནི་རྒྱན་ནོ། །དེ་ཉིད་ཀྱིས་འཁྱུད་པར་སྐྱེས་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱིས་སྒྲུབ་པའི ་ཐབས་མདོར་བསྟན་པ་ནི། རླུང་ནི་འགྲོ་བའི་སྒོ་རྣམས་ལ་ཡང་ཞེས་གསུངས་ཏེ། རླུང་འགྲོ་བའི་སྒོ་ནི་སྟེང་དང་འོག་གོ། དམ་པོར་བཅིངས་པ་ནི་དེ་ལ་བརྟན་ཞིང་མི་ཕྱེད་བའི། །ལྕགས་ནི་སྒོ་དྲུག་གི་རླུང་ཁ་སྦྱོར་དུ་བྱ་བ་སྟེ། །ཟླ་བ་དང་ཉི ་མའི་ལམ་བཀག་པས་དུས་ཀྱི་མེ་ཡོངས་སུ་རྫོགས་པར་བྱེད་པ་འདིའི་ལུས་ཀྱི་འཆིང་བའོ། །གལ་ཏེ་ནང་གི་མུན་པ་ནག་པོ་ལ་ཞེས་གསུངས་ཏེ། གལ་ཏེ་དེ་ལ་མི་ཟད་པའི་མུན་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་རླུང་བུམ་པ་ལྟ ་བུའི་ངོ་བོ་ཉིད་གཞོམ་དུ་མེད་པའི་སྒྲ། ཆོས་ཀྱི་དབང་ཕྱུག་ཡིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དེའི་ཚེ་ཉིད་བདེ་བ་ཆེན་པོ་གསལ་བར་བྱེད་པའི་ཕྱིར་མར་མེའོ། །བྱེད་གྱུར་ན་ནི་དུ་བ་ལ་སོགས་པའི་རྟགས་ཀྱིས་གསལ་བར་བྱེད་བའོ། །དེ་སྐད་དུ ་ཡང། དཔལ་གསང་བ་འདུས་པ་ལས། སེམས་ཀྱི་རྡོ་རྗེ་འགོག་པ་ལས། །མཚན་མ་ལ་སོགས་མཐོང་བར་འགྱུར་ཞེས་གསུངས་ཏེ་འདིས་ནི་དག་བཅིངས་པའོ། །རྒྱལ་པོའི་རིན་ཆེན་སྟེང་གི་ནམ་མཁར་བཞུགས་ཞེས་གསུངས་པ་ནི། རྒྱལ ་བའི་རིན་ཆེན་ནི་གཞོམ་དུ་མེད་པའི་སྒྲ་དེ་ཉིད་དོ། །སྟེང་གི་ནམ་མཁར་བཞུགས་པ་ནི་གང་གིས་ཚེ་རྟེན་དུ་གྱུར་བ་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐིག་ལེ་ལ་རེག་པ་སྟེ། དེ་ལ་འཁྱུད་པ་ཞེས་བྱའོ། །དེ་ལྟར་ཡང། མཁའ་འགྲོ་རྡོ་རྗེ ་ནོར་བུ་སྟེ། །སངས་རྒྱས་རྣམས་ནི་སྤྱི་བོར་གནས་ཞེས་གསུངས་ཏེ། འདིས་ནི་སེམས་ཀྱི་བཅིང་བའོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། །རླུང་དང་མེའི་དཀྱིལ་འཁོར་ལས། །རྡོ་རྗེ་པདྨའི་ས་བོན་བསྐུལ། །ཐིག་ལེ་སྒྲ་ཡིས ་ཡང་དག་མནན། ཆར་རྒྱུན་འབབ་པ་དག་ཏུ་དྲན་ཞེས་གསུངས་ཏེ། དེ་ལྟར་ཡང་ཐིག་ལེའི་སྒྲ་དང་ཡང་དག་ལྡན། །གང་ཚེ་རྣམ་པ་ཀུན་འགྱུར་བ། །དེ་ཚེ་འབྲས་བུ་ཞེས་བརྗོད་པར། །མཆོག་གི་རྣལ་འབྱོར་པ་ཡིས་བཤད་ཅེས་གསུངས ་སོ། །དེས་ཅིར་འགྱུར་ཞེ་ན། ཇི་སྲིད་ལོངས་སྤྱོད་པས་ཐར་བསྒྲུབ་ནག་པོས་གསུངས་ཏེ་ནག་པོ་རྡོ་རྗེ་སྲིད་པ་ལ་སྤྱོད་པ་སྟེ། །ཤེས་རབ་ནི་བདེ་བ་ཉམས་སུ་མྱོང་ཞིང་འདོད་ཆགས་བྲལ་བ་ཐམས་ཅད་ལས་ལོག་པའི་ཕྱིར། ཐར་པ ་ནི་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པ་སྟེ་མངོན་དུ་བྱེད་པའོ། །དེ་ལྟར་དཔལ་དང་པོའི་སངས་རྒྱས་ལས། །སྲོག་ནི་དབུས་སུ་བཅུག་པ་སྟེ། ཟླ་པ་ཉི་མ་འགྲོ་བ་གཡས་དང་གཡོན་བཅིང་བ་བྱང་སེམས་ཕྱག་རྒྱ་འགྲོགས་པས་མཆོག་ཏུ་དགའ་བར ་འགྲོགས་ཤིང་རྡོ་རྗེ་བསླང་བར་བྱ། །ཆུ་སྐྱེས་རྡོ་རྗེ་སྒྲའི་རང་ལག་པདྨའི་རོལ་པས་བདེ་བ་ཕྱིར་གསོར་བའམ། །ས་བོན་མི་འཁོར་བ་བདེ་བཅས་ཤིང་འཇིགས་པ་སྤོང་བྱེད་དེ་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་གསུངས་སོ།། ་སེམས་ཀྱི་བཅིང་བ་ཉིད་ཀྱིས་མ་ཐམས་ཅད་འགྲུབ་པར་བསམས་ནས་སེམས་བརྟན་པ་ཉིད་གསལ་བར་སྟོན་ཏེ། བསྟན་པའི་ཡིད་ཀྱིས་སྦྱོར་བས་ན། ཞེས་གསུངས་ཏེ། རྡོ་རྗེ་པདྨ་སྦྱོར་བའི་སྒོ་ནས་བྱང་ཆུབ་སེམས་བརྟན་པའི་སྦྱོར་བ་བྱེད ་པའོ། །དེ་གང་དུ་ཞེ་ན། ཆོས་ཀྱི་ཡི་གེའི་ནང་དུ་ནི། ཞེས་གསུངས་ཏེ། ཆོས་ཀྱི་ཡི་གེའི་གཞོམ་དུ་མེད་པ་སྟེ། བདག་མེད་པའི་ས་བོན་ཏེ། དེའི་ནང་དུ་ནི་དེ་ལ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་དེ་ལས་རླུང་ནི་འགགས་འགྱུར ་ཏེ་ཞེས་ཏེ། རླུང་ནི་སྲོག་གི་རླུང་སྟེ་སྐད་ཅིག་དེ་ལ་འགག་པའོ། །གཞན་ཡང་ཅི་ཞེ་ན། ཡུལ་རྣམས་ལ་ཡང་ཆགས་པ་མེད་པར་འགྲོ་ཞེས་གསུངས་ཏེ། ཡུལ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས། །ཉེ་བར་ལོངས་སྤྱོད་པ་ནི་མངོན་པར ་ཞེན་པ་མེད་པར་འཁོར་བའི་འཆིང་བ་ལས་གྲོལ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཆོས་ཀྱི་ཡི་གེ་གང་དུ་ཤེས་པར་བྱ་ཤེན། གང་ལ་མཆོག་དང་དགའ་བྲལ་དག་ཐོབ་ན་ཞེས་གསུངས་ཏེ། མཆོག་དང་དགའ་བྲལ་ནི་ཟླ་བ་དང་ཉི་མའོ། །དེ་གཉིས ་ཀྱིས་དབུས་མཐོང་བ་ནི་དེ་ལ་ཆོས་ཀྱི་ཡི་གེ་སྟེ། སྔོན་བསྟན་པའི་མཚན་ཉིད་དང་ལྡན་པ་དབུས་སུ་མཚོན་པར་བྱའོ། །གང་ལ་འདི་ལྟ་བུའི་གདམས་དག་གསལ་གྲུབ་ན། ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུའི་གསང་སྔགས་ནི་ཚུལ་གྱི་གདམས་དག ་གིས་གསལ་བར་གྲུབ་སྟེ། ཡོངས་སུ་རྫོགས་པ་གྲུབ་པ་དེའི་ཚེ་ཁྱིམ་བདག་མོ་?་མི་གཡོ་བར་བཅིངས་ཤེས་གསུངས་ཏེ། ཁྱིམ་བདག་མོ་རླུང་གི་སྔོན་དུ་བསྟན་པ་མི་གཡོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་དེ་ལ་རྩོལ་རླུང་བཅིངས་པས་ཆོས ་ཀྱི་ཡི་གེ་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལྟ་བུའི་ངོ་བོ་ཉིད་དུ་གྱུར་བ་གང་ལ་གནས་པར་འགྱུར་ཞེ་ན། རི་བོ་མཆོག་གི་རྩེ་ཐང་སྤངས་པ་ལ་ཞེས་གསུངས་ཏེ། རི་བོ་མཆོག་ནི་རིན་པོ་ཆེའི་རི་བོ་སྟེ། དེ་ཉིད་སྔོན་དུ་བསྟན་བའི་རི་བོའོ། །དེའི་རྩེ་མོ་ནི་རྩེ་མོ་སྟེ། མ་ལུས་པའི་རྒྱུ་བ་དང ་མི་རྒྱུ་བའི་བདེ་བ་ཆེན་པོ་ཉིད་གནས་ཡིན་པའི་ཕྱིར་རོ། །ཐད་སྤངས་པ་ནི་ཡན་ལག་མཆོག་གི་ཐང་སྟེ་སྤྱི་གཙུག་སྟེ། རི་ཁྲོད་མའི་ས་དེར་གནས་བཅས་ལ་ཞེས་པ་ནི་རི་ཁྲོད་མ་དེ་ལྟ་བུའི་བདག་ཉིད་གྲུབ་པའི་ཡི་གེ། བཅོམ་ལྡན་འདས་ཀྱིས་གང་གནས་བྱས་པ ་དེ། དེ་ནི་གནས་བྱས་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སེང་གེ་ཡིས་ཀྱང་མཚོང་པར་མི་ནུས་ཞེས་གསུངས་ཏེ། མཆོད་མི་ནུས་པ་ནི་གཞོམ་པར་མི་ནུས་པའོ། །གང་གིས་ཞེ་ན། སེང་གེའི་ནི་གདོང་པ་ལྔ་པ་སྟེ། དེ་ཉིད་དཀྱིལ་འཁོར་ལྔའི་བདག་ཉིད་ཀྱི ་སྲོག་གི་རླུང་སེང་གེས་གནོན་པར་མི་ནུས་ཏེ། དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གླང་པོ་ཆེ་ཡིས་ཀྱང་སྨོས་ཅི་དགོས་ཞེས་གསུངས་ཏེ། གླང་པོ་ཆེ་ནི་ཕྱུགས་ཏེ། ཉི་མ་དང་ཟླ་བ་སྟེ། དེ་དག་གིས་ཐག་རིང་པོར་བསྒོམས ་དང་གསལ་བར་ག་ལ་ནུས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་བ་ཉི་མ་ཕྱུགས་ཆེན་པོ། །ཞེས་གསུངས་ཏེ། འདིར་དགོས་བ་ནི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་རྒྱུ་བའི་རླུང་ལ་ཞོན་པའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་ཐམས་ཅད་ལས་ཐམས ་ཅད་དུ། །ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་གནས་ཀྱང་མོ་རྟོགས་པའོ། །དེ་ལྟར་ཡང་ལུས་སྐྱེས་པའི་ལུས་ལ་ངེས་པར་གང་དུ་གནས་ཤེས་ན། འདིའི་རིགས་མཆོག་དག་ཏུ་འདིའི་ས་བོན་བསྟན་ཞེས་བྱ ་བ་ལ་སོགས་པ་ཚིགས་བཅད་བྱེད་དང་གཉིས་ནི་རྟོགས་པར་བླ་བས་འདིར་མ་སྨོས་སོ། །གོང་དུ་ཇི་སྐད་བསྟན་པའི་ལས་ཀྱི་ཕྱག་རྒྱ་གང་དུ་མཐོང་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འགྱུར་བའི་བདེ་བ་ཆེན་པོ་རྫོགས་པས། དེ་བསྟན་པའི་ཕྱིར། སྔགས་དང ་རྒྱུད་ནི་གཅིག་ཀྱང་མི་བྱ་ཞེས་གསུངས་ཏེ། གཅིག་ཀྱང་མི་བྱ་སྟེ། གང་མི་བྱ་ཞེ་ན། སྔགས་ཀྱི་བཟླས་པ་ནི་གསང་སྔགས་ཀྱི་བཟླས་པའོ། །རྒྱུད་ནི་རྒྱུད་ཀློག་པའོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། རང་ཁྱིམ་བདག་མོ་ཞེས ་གསུངས་ཏེ། རང་ཁྱིམ་བདག་མོ་ནི་ལྷན་ཅིག་རང་སྣང་བའི་ཡེ་ཤེས་ཀྱང་ཕྱག་རྒྱ་སྟེ། བཟུང་བ་ནི་བླ་མ་དམ་པའི་གདམས་ངག་གིས་སོ། །གྲོལ་འགྱུར་ནི་ཡིད་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་དང་ལྷན་ཅིག་སྐྱེས་པ་རྣམས་ཀྱིས་བྱེད་དེ་ཞེས་བྱ་བའོ། །དེ་ལྟར ་ཡང་དཔལ་དུས་ཀྱིས་འཁོར་ལོ་ལས་སེམས་ཀྱི་སྣང་བ་ཙམ་དུ་ཡིད་ལས་སྐྱེས་པའི་མེ་ལོང་གཟུགས་བརྙན་ལྟ་བུ་སྟེ། རྣལ་འབྱོར་དབང་ཕྱུག་བསྟེན་བྱ་མ་ལུས་སངས་རྒྱས་ལྔ་དང་སྲས་བཅས་རྣམས་ཀྱི་སྟེན་དེའི་ཡེ་ཤེས་འོད་ཟེར ་བསྐྱེད། །རང་གི་ལུས་དང་བཅས་པའི་བདུད་རྣམས་སྒྲིབ་པ་མ་ལུས་སྲེག། འདོད་ཆགས་ལ་སོགས་བསྲེག་ཅིང་ལོ་གཅིག་སྦྱོར་བས་ལུས་ལ་རོ་མཉམ་བདེ་བ་སྟེར་ཞེས་གསུངས་ཏེ། བཅོམ་ལྡན་འདས་དེ་ཉིད་ལ་མངོན་དུ་ཞེན་པའི་རྣལ་འབྱོར་བ ་དེས། སྔགས་དང་རྒྱུད་ལ་འཛིན་ཅིང་ཞེན་པར་མི་བྱའོ། །འདིའི་དོན་ནི་འདི་ཡིན་ཏེ་དེ་ཉིད་གང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཡིད་ཡིན་པར་སྔགས་སོ། །དེ་ཉིད་དུང་ཚོགས་པས་རྒྱུ་ཡིན་པས་ན་སྐད་ཀྱི་དབྱིངས་ཀྱི་རྒྱལ་པོ་ཉེ་བར་འཁོར་འཛིན་པའི་ཕྱིར ་རྒྱུད་དོ། །དེ་ལ་མངོན་པར་དགའ་བས་ཐམས་ཅད་བྱས་པ་ཡིན་ནོ། །ཞེས་པའོ། །དེ་ལྟར་ཡང་དགྱེས་པའི་རྡོ་རྗེ་ལས། སྔགས་བཟླས་དཀའ་ཐུབ་མེད་ཅིང་དཀྱིལ་འཁོར་སྦྱིན་སྲེག་མེད། །དེ་ཉིད་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ་ཉིད ་ཡིན། །དེ་ཉིད་དཀྱིལ་འཁོར་བ་དང་དཀྱིལ་འཁོར་ཉིད་ཅེས་གསུངས་སོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར། །དེ་སྲིད་ཁྱིམ་བདག་མོ་ནི་རང་གི་ཁྱིམ་གནས་མ་གྱུར་ཞེས་གསུངས་སོ། །རང་གི་ཁྱིམ་ནི་ཐམས་ཅད་སྟོང་པ་ཉིད།། ་སྡིག་སྤངས་ཀྱི་གནས་ནི་རང་ཁྱིམ་མོ། །ཕྱག་རྒྱ་ཆེན་པོ་ནི་ཁྱིམ་བདག་མོ་སྟེ། །ཇི་སྲིད་དུ་གནས་པར་མ་གྱུར་པ་ནི་ཐིམ་པར་མ་གྱུར་པའོ། །དེ་སྲིད་འདོད་ཡོན་ལྔ་སྟེ། །རེ་ཞིག་མངོན་པར་བྱང་ཆུབ་པ་ལྔས་སེམས་ཅན་མང་པོས་བསམ་པའི་བྱ་བྲག ་གིས་ཞལ་དང། །ཕྱག་རྒྱ་དང་ཁ་དོག་དབྱིབས་ལ་སོགས་པ་སྣ་ཚོགས་ཀྱི་དེ་ལྟར། །ཇི་ལྟར་གནས་ཏེ་མི་གནས་སོ་ཞེས་བྱའོ། །དེ་ཡང་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་མཉམ་སྦྱོར་ཞིང། །ཡེ་ཤེས་ཕྱག་རྒྱ ་སོགས་དམིགས་ནས། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འབྱུང་མེད་བདེ་བ་དེ་འཕེལ་འགྱུར། །ཀུན་ཏུ་ཞལ་དང་ཕྱག་ལ་སོགས། །ཀུན་ཏུ་དབུ་དང་སྤྱན་དང་གདོད། །ཀུན་ཏུ་འཇིག་རྟེན་ཐོས་པར་ལྡན། །ཐམས་ཅད་ཁྱབ་ནས་གནས ་Fབའོ། །ཞེས་གསུངས་སོ། །དེ་ཉིད་ལྷ་རྫས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་འབྲས་བུའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་གདམས་དག་ངེས་པར་བསྟན་ཅིང་ཡང་དེ་ཉིད་བསྟན་པ་ནི། བཟླས་དང་སྦྱིན་སྲེག་དཀྱིལ་འཁོར་ལས་འདི་ཡིན་ཞེས་གསུངས་ཏེ། ་ཕྱི་རོལ་དུ་གྱུར་བའི་བཟླས་བ་དང། དཀྱིལ་འཁོར་དང་སྦྱིན་སྲེག་གི་ལས་འདིས་ནི་ཉི་མ་རེ་རེ་ཞིང་ཅིའི་ཕྱིར་གནས་ཞེས་བྱ་བ་སྟེ། སྟེང་དུ་ཁ་བལྟས་ཤིང་ཅིའི་ཕྱིར་ཀུ་རེའི་ངོ་བོ་ཉིད་འབྲས་བུ་མེད་ཅེས་བྱ་བའི་དོན་ཏོ། །འདི་རྣམས་ཅིའི ་ཕྱིར་དོན་མེད་པ་ཡིན་ཞེ་ན། དེ་ལྟ་བུའི་གཞོན་ནུ་མ་དང་རྟག་ཏུ་མ་མཇལ་ན་ཞེས་གསུངས་ཏེ། དེ་ཉིད་རྟག་ཏུ་གཞོན་ནུ་མ་ལ་འདོད་ཆགས་ཀྱི་རང་བཞིན་ཡིན་པས། དེ་ཉིད་ལྷ་རྫས་ཀྱི་ཕྱག་རྒྱ་སྟེ། དེ་ལ་རྦ་རླབས་མེད་བའི་རྟག་ཏུ་དགའ་བ ་ལ་སོགས་པའི་རིམ་པ་གང་གི་རྗེས་སུ་ཆགས་པ་སྐྱེ་བ་དེ་རྦ་རླབས་མེད་པའི་མཛའ་བས་སོ། །ལུས་འདི་ཡིན་ཏེ། །བྱང་ཆུབ་ཇི་ལྟར་འགྲུབ་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཇི་ལྟར་འགྲུབ་ཅེ་ན། སྔོན་དུ་བསྟན་པའི་ཨེ་བཾ་གིས ་ཡི་གེའི་ལུས་མེད་ན་མི་འགྲུབ་ཅེས་པའི་དོན་ཏོ། །གང་གིས་རྟག་ཏུ་ལྷན་སྐྱེས་བདེ་རྟོགས་ན་ཞེས་གོ་བླའོ། །གང་གིས་རིན་ཆེན་སེམས་ནི་བརྟན་བྱས་པ་ཞེས་གསུངས་ཏེ། རབ་ཏུ་གཏུམ་པའི་གཏུམ་མོ་མེས་ཞུ་བར ་བྱས། །བསྐྱོད་པར་མི་ནུས་པའི་ཕྱིར་གང་གིས་བརྟན་པར་བྱས་པའི་སེམས་རིན་པོ་ཆེ་བྱང་ཆུབ་ཀྱི་སེམས་སོ། །ཅི་བྱས་ནས་ཞེས་པ་ལ། རང་གི་ཁྱིམ་བདག་མོ་བླངས་ནས། འདི་ཞེས་བྱ་བ་གསུངས་ཏེ། རང་གི་ཁྱིམ་བདག་མོ་ནི་ལྷ ་རྫས་ཀྱི་ཕྱག་རྒྱ་དེ་ཉིད་དེ། །དེ་ལ་ཨེ་བམ་གི་ཡི་གེ་དེ་ལ་བདེ་བ་ཆེན་པོའི་གཟུགས་བཟུང་ནས་དེ་ཉིད་རྡོ་རྗེ་སེམས་དཔའ་མགོན་པོ་སྟེ། །སྐུ་དང་གསུང་དང་ཐུགས་ཀྱི་གཙོ་བོ་སྟེ། །དེ་ཉིད་ནི་བོད་པའི་ཚིག་གོ། མཆོག་གི་དོན་ནི་བདག ་གིས་རབ་བརྗོད་ན། བདག་ནག་པོ་རྡོ་རྗེས་མཆོག་གིས་དོན་མ་བཅོས་པ་འདི་བརྗོད་དོ་ཞེས་པ་སྟེ། དོན་འདི་ལས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། ཚྭ་ནི་ཆུལ་ཞུགས་པ་ཞུ་བ་དེ་བཞིན་དུ་ནི་ཞེས་གསུངས་ཏེ། ་ཚྭ་ཆུ་ལ་ཞུགས་པ་དེ་བཞིན་དུ་ཁྱིམ་གྱིས་བདག་མོ་ཡེ་ཤེས་ཀྱིས་ཕྱག་རྒྱའི་རང་བཞིན་བླངས་བའོ། །སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། རོ་གཅིག་པར་འགྱུར་རོ། །དེ་ལྟར་དཔལ་དགྱེས་པའི་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། ་དེ་ཡིས་བདེ་བ་འདོད་མར་བརྗོད་ཅེས་གསུངས་ཏེ། །ཁུ་བ་དང་བདེ་གཉིད་ཀྱང་རྟེན་དང་བརྟེན་པ་ངོ་བོ་ཉིད་དེ་དག་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་བརྗོད་པ་བདེ་བ་མཉམ་ཞིང་རོ་གཅིག་པ་དེའི་སྐད་ཅིག་ལས་འགྱུར་རོ། །དེ་ལྟར་ཡང ་དཔལ་དང་པོའི་སངས་རྒྱས་ལས། །ཇི་སྲིད་རྟེན་དང་བརྟེན་པའི་སྦྱོར་བ་ཡིས། །དེ་སྲིད་འགྱུར་མེད་བར་དུའོ། །སེམས་ནི་འགོག་པ་ཉིད་མཉེས་ནས། །རྟེན་དང་བརྟེན་པའི་མཚན་ཉིད་ཅེས་གསུངས་ཏེ། དེ་ལྟར་ཡང་ཁ་སྦྱོར་ཐིག ་ལེ་ལས་སྣ་ཡི་བུ་གུ་གཉིས་ནས་ནི། །འཇུག་པ་བདེ་བ་དུས་ཤེས་བརྗོད། །འབྱུང་བ་བདེ་བ་དུས་ཡིན་ཏེ། །དེ་གཉིས་ཉིད་ནི་གཅིག་པར་གྲགས། །གྲོགས་མེད་དག་ནི་གཅིག་བུ་ནི། །བསམ་གྱིས་མི་ཁྱབ་དུས་ཉིད་འགྲོ། །སྲོག་དང་བུར་སེལ་མཉམ་གནས་དང། ། ་འབྱུང་དང་འཇུག་པ་རྣམ་པར་སྤངས། །འགྲོ་དང་འོང་བ་རྣམ་གྲོལ་བ། །དུས་ཅིག་ཏུ་ནི་དེ་བརྗོད་དོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །འདོད་ཆགས་མ་ཡིན་ཆགས་བྲལ་ལམ། །གཉིས་པོ་འདྲེས་པ ་གཞོམ་དུ་མེད། །མར་ནི་མར་དུ་ཞུ་གྱུར་པ། །འདྲེས་པར་གྱུར་པ་རྟོག་མེད་ལྟར། །དེ་བཞིན་འདོད་ཆགས་བྲལ་བ་ལྟ། །སྐད་ཅིག་ལ་ནི་རོ་གཅིག་འགྱུར་ཞེས་གསུངས་སོ། །གང་གིས་དེ་དང་རྟག་ཏུ་གནས་ན་ནི། །ཞེས་གསུངས་ཏེ། གལ་ཏེ་གཉིས ་ཕན་ཚུན་དུའོ། །རྟག་ཏུ་གནས་པ་ནི་རྒྱུན་མི་འཆད་པར་དེའི་ཚེ་ཡང་འདི་ལྟར་འགྱུར་ཞེས་པའོ། །འདིའི་དོན་ནི་དེ་ལྟར་བསྟན་པའི་ཁམས་ཀྱི་ཁུ་བ་དང་ངོ་བོ་དག་ཕན་ཚུན་རྒྱུན་མི་འཆད་པར་བྱའོ། །གལ་ཏེ་གཞན་དུ་འགྱུར་ན། ཁུ་བའི ་ངོ་བོ་ཉིད་ཟླ་བའི་རང་བཞིན་ནོ། །ལོངས་སྤྱོད་བའི་སྐུའོ། །ཁྲག་གི་རང་བཞིན་ཉི་མར་སྣང་བས་སྤྲུལ་བའི་སྐུ་ནུས་པར་གནས་པའོ། །བདེ་བའི་ངོ་བོ་ཉིད་དུ་གནས་པའི་ཁྱིམ་བདག་མོ་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སེམས་འདི་གཉིས་ཀའི་སྦྱོར་བས་གོང་བུར ་གྱུར་ནས་སྐྱེ་བ་དང་འཇིག་པའི་འཁོར་བའི་ལམ་ནས་འདས་ནས། རོ་གཅིག་པ་རྒྱུན་འབྱུང་བའི་དཔལ་ཧེ་རུ་ཀར་འགྱུར་རོ། །དེ་ལྟར་ཡང་དཔལ་ལ་སྦྱོར་ཐིག་ལེ་ལས། །གང་ཚེ་མགྲོན་གནས་ཆགས་ཆེན་པོ། །ཟླ་བའི་གཟུགས་ཀྱིས་གནས་གྱུར་བས། ། ་སངས་རྒྱས་རྣམས་ཀྱི་སྐུ་མཆོག་ཡིན། གང་ཚེ་རྡོ་རྗེ་རྩེ་གནས་པའི། །དེ་ཚེ་རྡོ་རྗེ་སྤྱོད་རྫོགས་པ་ཡི། །སྐུ་ཡང་ནུས་པར་འགྱུར་བ་ཡིན། །པདྨའི་ནང་དུ་གནས་གྱུར་འདོད། །ཡུངས་ཀར་དུ་ནི་རྣམ་པར་གྲགས། །ཉི་མའི་གཟུགས་སུ་ཡང་དག་གྲགས།། ་སྤྲུལ་པའི་སྐུ་རུ་བརྗོད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ལ་སྤྲོ་ཞིང་སྐྱེ་བ་ཡི། །པདྨ་གར་དབང་རྒྱལ་པོ་ནི། །པདྨའི་གཙོ་བོ་རུ་ནི་འབྱུང་ཞེས་གསུངས་སོ། །དཔལ་ནག་པོ་རྡོ་རྗེའི་དོ་ཧ་མཛོད་ཀྱིས་འགྲེལ་པ་པཎྜི་ཏ ་འོད་དཔག་མེད་ཀྱི་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སཾ་ས་ར་མཱ་ན་ནི་ཡ་ཎི་ཀ་ར་ཎཱ་མ་སིངྒཱ་ཏེ། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀོན ་