CLOSE WINDOW

N1945: na mo bud+d+hA ya'i 'grel pa
Wyliee-texts based on the ACIP/ALL Input

སུ། །ཆོ་གའི་རིམ་པ་བརྩམ་བྱ་ཞིང། །འཇམ་པའི་བསྟན་ལ་འཁྲུལ་འཁོར་བཅས། །བར་ཅོད་བསལ་ཕྱིར་གོ་ཆ་བགོ། ཚོགས་ཆེན་རྣམས་གཉིས་བསགས་པའི་ཕྱིར། །བླ་མ་སྤྱི་བོར་རྗེས་དྲན་བྱ། །དབང་པོ་གཉིས་ཀྱི་བྱེ་བྲག་གིས ་དང་པོ་ལྟ་བ་ཐག་བཅད་དེ། །ཏིང་འཛིན་ངོ་བོ་བརྟག་པར་བྱ། །རྟོགས་ཐོབ་དུས་མཉམ་བྱུང་མ་བྱུང། །རང་དང་བླ་མའི་ཉམས་ལས་ཤེས། །ཕྱི་རོལ་སྤྱོད་པ་དེ་བཞིན་ཤེས། །མ་བྱུང་རིག་པ་ཉམས་སུ་བླངས། །རོ་སྙོམས་བཞི་ལ་རིམ་གྱིས་བསླབ ་ཡང་ན་ལུས་ངག་ཡིད་གསུམ་སྤྱད། །ཐ་མ་འགྲོ་སར་གཏང་བར་བྱ། །གལ་ཏེ་དུས་མཉམ་བྱུང་བ་ན། །གཞི་དང་ལམ་དང་འབྲས་བུ་གསུམ། །བརྡ་ཡིས་ཕྱེ་ལ་དོན་དུ་དྲིལ། །གཞི་གཏན་ལ་འབེབས་པའི་ཆོས་དྲུག། གཞི་སྨིན་པར་བྱ་བའི ་ཆོས་གསུམ། །གཞི་གྲོལ་བར་བྱེད་པའི་ཆོས་གསུམ་སྟེ། གཞི་ལ་བརྡ་ཆོས་བཅུ་གཉིས་བསྟན། །ལམ་ལ་ཉེ་དང་རིང་བ་དང། །ཉེར་དི་མེད་པའི་ལམ་དང་གསུམ། །རེ་རེ་ལ་ཡང་ལྔ་ལྔར་བརྟག། ལྔ་གསུམ་བཅུ་ལྔ་ལམ་གྱིས་ཆོས། ། ་འབྲས་བུའི་མཚན་ཉིད་བསྟན་པ་ཡང། །སྐུ་བཞི་རྒྱུན་ཆད་མེད་པ་ལ། །ངོ་བོ་བསམ་བརྗོད་བྲལ་བ་སྟེ། །གདགས་བྱ་སྣ་ཚོགས་མི་འགག་སྟེ། །ཡིད་བཞིན་ནོར་བུ་བུམ་པ་བཟང། །དཔག་བསམ་ཤིང་ཆེན་ལྟ་བུའོ། །བསྒོམ་རིམ་དྲུག ་པ་ཞེས་བྱ་བ། །སངས་རྒྱས་གཉིས་པ་ལྟར་གྲགས་པའི་བཛྲ་པཱ་ཎིས་མཛད་པ་རྫོགས་སོ།། །།ལོཙྪ་བ་ནགས་ཚོས་བསྒྱུར་བའོ། །ན་མོ་བུདྡྷ་ཡ་ན། སྐྱེ་བ་མེད་ཅིང་འགགས་པ་མེད། །གཟུགས་མེད་གཟུགས་དང ་ལྡན་པ་?་མེད། །འཁོར་མེད་མྱ་ངན་འདས་པའང་མེད། །ནའི?་ཡི་གེས་བརྗོད་པའོ། །མོ། གཏི་མུག་རྟག་ཏུ་འཇིགས་པར་བྱེད། །ཐར་པ་གཅིག་པུར་ལེགས་པར་སྟེར། །བདུད་དང་ཉོན་མོངས་འཇོམས་པར་བྱེད། །ཡི་གེ་མ་ཡིས་བརྗོད་པའོ ་དུང། སངས་རྒྱས་ཀྱིས་ནི་ཕ་རོལ་གཤེགས། །སངས་རྒྱས་འགྲོ་བ་ཕན་པ་མེད། །སངས་རྒྱས་ཉོན་མོངས་དག་བ་ནི། །ཡི་གེ་བུད་ཀྱིས་བརྗོད་པའོ། །དྷཱ་ཆོས་རྣམས་ཐམས་ཅད་འཛིན་བ་ཡིས། །ཆོས་ཀྱི་དབྱིངས་དང་བཅས་པར་ནི། །ཆོས་རྣམས་ཉིད་ནི ་ཆོས་ཀྱིས་མཆོག། ཡི་གེ་དྷཱ་ཡིས་བརྗོད་པའོ། །ཡ། ཇི་ལྟར་གནས་པ་དེ་བཞིན་འཇིག། ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །ཡི་གེ་ཡ་ཡིས་བརྗོད་པའོ། །ན་མོ་བུདྡྷ་ཡའི་འགྲེལ་བ་རྫོགས་སོ།། །། ་དོ་ཧ་མཛོད་བཞུགས་སོ། ། *། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ། བོད་སྐད་དུ། དོ་ཧ་མཛོད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ནི་ང་རྒྱལ་བྱེད། །ད་ནི་དོན་དམ་འཇུག་པའོ་ཞེས། །གོས་པ་མེད་ལ་ཞུགས་པ་ནི། །བྱེ་པའི ་ནང་ནས་གཅིག་ཙམ་སྲིང། །ལུང་དང་རིག་བྱེད་རྙིང་པ་ཡིས། །མཁས་པ་ང་རྒྱལ་བྱེད་པ་དག། དཔལ་འབྲས་སྨིན་པ་ལ་ནི་བུང་བ་ནི། །ངེས་ནི་ཕྱི་རོལ་དག་ཏུ་འཁོར་བར་བྱེད། །བྱང་ཆུབ་སེམས་དང་རྡུལ་གྱིས་བརྒྱན། །མི་བསྐྱོད་པ་ནི་གོས ་འགྱུར་བས། །པདྨའི་ས་བོན་རང་བཞིན་ལ། །དག་པ་གཉུག་མའི་ལུས་ལ་མཐོང། །ནམ་མཁའ་ཨི་ཆུ་དང་འོད་དཔག་མེད་ཀྱི་འདམ། ངེས་ནི་རྩ་བ་རབ་ཏུ་སྤངས་ནས་བྱས། ། བ་དྷུ་ཏཱིས་རྩ་བ་སྡོང་པོ་བྱས། །ཧམ་གྱི་ཡི་གེའི་རྣམ་པར་སྐྱེས་གྱུར་པ།། ་རོ་མ་དང་ནི་རྐྱང་མ་གཉིས་ཀྱིས་ནི། །གཡས་དང་གཡོན་ཕྱོགས་གཉིས་ཀྱི་སྡོང་བུར་བྱས། །པདྨ་འདབ་མ་བཞི་དང་རྩ་བ་བཞི། །བདེ་བ་ཆེན་པོ་དག་ནི་ཚར?་ན་གནས། །ེ་བམ་ས་བོན་དག་ནི་བླངས་ནས་ནི། །མེ་ཏོག་པདྨ་བཞིན་དུ་རྒྱས་པར ་བྱེད། །བུང་པའི་གཟུགས་ཀྱིས་བདེ་ཆེན་དཔའ་བོ་ནི། །སྦྲང་རྩི་དག་ནི་རབ་ཏུ་འཐུང་བར་བྱེད། །འབྱུང་བ་ཆེན་པོ་ལྔ་ཡི་ས་བོན་ནི། །བླངས་ནས་རྫོགས་པ་དག་ཏུ་བྱེད་པར་འགྱུར། །སྲ་བར་གྱུར་པ་དག་ནི་ས་ཡིན་ནོ། །ཆུ་ནི་རླན་པ་ཚ་བ་མེ་ལས་ ་