CLOSE WINDOW

N1943: sangs rgyas 'char ba
Wyliee-texts based on the ACIP/ALL Input

མཁན་པོ་བཛྲ་པཱ་ཎི་དང། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆེས་འབར་གྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བུདྡྷོད་ཡ། བོད་སྐད་དུ། སངས་རྒྱས་འཆར་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་དང་ལྷན་ཅིག ་གཉིས་མེད་པ། །ཆོས་ཀྱི་དབྱིངས་ལ་ཕྱག་བྱས་ནས། །གང་ལས་སངས་རྒྱས་ཉིད་འབྱུང་བ། །དེ་འདིར་བདག་གིས་བརྗོད་པར་བྱ། །བསམ་པ་རྣམས་ཀྱིས་རེག་པ་མེད། །མཉམ་པར་གཞག་པའི་གོ་འཕངས ་ཤར། །ཕུང་པོ་ཁམས་སོགས་དང་བྲལ་བ། །གོས་པ་མེད་ཅིང་རྙོག་པ་མེད། །བདག་དང་གཞན་དུ་ཤར་འདི་ཀུན། །དེ་ཁོ་ན་ལས་མིང་ཙམ་དུའོ། །དེ་ཕྱིར་གཉིས་མེད་པ་འདི་ཉིད། །བརྗོད་པར་བྱ་མིན་ནམ་མཁའ་ཨི་དཔའ་། །དཔེ་རྣམས་ཀུན་ལས ་རྣམ་པར་གྲོལ། །སུ་ཡིས་ཀྱང་ནི་བརྗོད་ནུས་མིན། །རང་དང་གཞན་གྱི་བདག་ཉིད་ལས། །རྣམ་གྲོལ་རྟོགས་པ་གསུམ་སྤངས་སོ། །སྣ་ཚོགས་མན་ངག་དང་བྲལ་ཞིང། །ལྟ་བ་ཐམས་ཅད་དང་བྲལ་བ། །བསམ་པ་ཀུན་གྱི་བསམ་བྱ་མིན། །སློབ་དཔོན་སློབ ་མ་སོགས་ཀྱིས་སྟོང། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང། །བདེ་བ་ཀུན་གྱི་རང་བཞིན་བདག། རྣམ་པར་ཤེས་པའི་མཆོག་དེ་ཉིད། །སེམས་ཀྱིས་ཇི་ལྟར་རྟོགས་པར་བྱ། །གང་གང་ཅུང་ཟད་རྣམ་རྟོག་པ། །དེ་དེ་ཐམས་ཅད་དོན་མེད་དེ། །སྐྲ་རྩེ་བྱེ་བར་ཕྱེ ་བ་ཡི། །དུམ་བུ་ཙམ་ཡང་བསྒོམ་མི་བྱ། །བསྒོམ་དང་གསང་སྔགས་བཟླས་སོགས་དང། །རྡོ་རྗེ་དྲིལ་བུ་སོགས་འཛིན་པ། །རང་གི་གོ་འཕང་མི་ཤེས་རྣམས། །སྦྱར་བའི་དོན་དུ་རྒྱལ་རྣམས་བཞེད། །རྣམ་མི་རྟོག་ལས་སངས་རྒྱས་མིན། །རྣམ་རྟོག ་བཅས་ལས་ཀྱང་ནི་མིན། །འགྲོ་དང་མི་འགྲོ་སོགས་རྣམས་ཀྱི། །ལན་ཅིག་རབ་ཏུ་སྦྱོར་ལས་གྲོལ། །དེ་འདི་མཆོག་དང་དེ་ཁོ་ན། །འགྱུར་བ་མེད་པ་རྟག་ཏུ་ཤར། །ལཱུ་ཡི་ཞབས་ནི་སྒེག་པ་ཡིས། །དམ་པའི་དོན་འདི་སྨྲས་པ་ཡིན། །ལུས་ངག་སེམས ་ལས་རྣམ་གྲོལ་ཞིང། །དབང?་རླབས་མེད་ཅིང་ལུས་མེད་མེད། །བླ་མའི་ཞབས་ལ་གུས་སྤངས་ནས། །སུ་ཞིག་གིས་འདི་ཤེས་པར་ནུས། །སེམས་ནི་ནང་དུ་འཇུག་པ་དང། །ཕྱི་རོལ་ཏུ་ཡང་འཇུག་པ་དང། བར་དུ་འཇུག་པ་དེ་ལ་ཡང། །འདི་ནི་མཐོང་པ ་མ་ཡིན་ནོ། །འགྲོ་བ་ཐམས་ཅད་མཁའ་འདྲ་བ། །གཉིས་སུ་མེད་པ་ཉིད་དུ་སོང། །དེ་ལ་བསྒོམ་པར་བྱ་བ་ཅི། །དེ་ཡི་སྒོམ་པ་པོ་ནི་སུ། །རང་བཞིན་གསལ་བའི་གཟུགས་ཉིད་དུ། །གནས་ལས་རང་བཞིན་འོད་གསལ་བ། །མཛའ་ལས་འདས་པར་ཀུན་ཏུ་སོན། །དེ ་ནི་མཆོག་ཏུ་རྣོན་པོར་བརྗོད། །གང་གིས་འགྲོ་བ་ཀུན་ཁྱབ་པ། །རྣལ་འབྱོར་བྱིས་པས་དེ་མི་ཤེས། །ཡིད་ཆེས་ཉིད་ཀྱིས་འདྲིང་ཚིམ་བྱ། །དེ་ལས་རྣམ་ཀུན་ལྷག་པར་རྟོགས། །བདེན་པ་གཉིས་པོ་ཡང་དག་སྦྱོར། །བདེན་པ་ཡིན་ཏེ་བདེན་པ་བྲལ། །ཐོག་མ ་དབུས་མཛའ་པས་པར་གྲོལ། །སྤོས?་པ་མེད་ཅིང་གནས་མེད་པ། །དེ་ཉིད་སེམས་ཅན་ཀུན་ཡང་བཞིན། །མ་ལུས་འགྲོ་བ་དེ་རང་བཞིན། །རྣམ་ཀུན་?་བཞིན་དེ་ཡོད་ན། །དེ་ཁོ་ན་ལས་མཛའ་དག་རྒྱལ། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །རྣལ་འབྱོར་པ་ཡིས ་རྟག་ཏུ་བལྟ། །དྲི་མ་མེད་པའི་སོམས?་ཡོད་ན། འགྲོ་བ་ཉིད་ནི་དྲི་མེད་པའོ། །སངས་རྒྱས་?་བ་ཞེས་བྱ་བ་དཔལ་ལཱུ་ཡི་ཞབས་ཀྱིས་མཛད་པ་ལ་དཔལ་ཌེ་ཀི་པས་ཞུས་ཆེན་མཛད་པ་རྫོགས་སོ།། །།འདི་ནི་རྒྱ་བར་ཤར་ཕྱོགས ་སན?་ག་རའི་གནས་བརྟན་མཁས་པ་ཆེན་པོ་དཔལ?་ནགས་ཀྱི་རིན་པོ་ཆེའི་ཞལ་སྔར་མན་ངག་དང་སྦྱར་ནས་ལེགས་པར་མཉན་ཏེ་དགེ་སློང་ཆོས་སྨྲ་བ་བསོད་རྣམས་རྣམ་པར་རྒྱལ་བ་ཞེས་བྱ་བས་རང་གི་ཡི་དམ་དུ་བྱ་བའི་ཕྱིར་བསྒྱུར་བའོ།། །། ་བསྒོམ་?་དྲུག་པ་ཞེས་བྱ་བ་ཕྱག་ན་རྡོ་རྗེས་མཛད་པ་བཞུགས། ། *། །རྒྱ་གར་སྐད་དུ། བྷ་?་ཀྲ་མ་ཥ་ཊར?་ནཱ་མ། བོད་སྐད་དུ། བསྒོམ་རིམ་དྲུག་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་ཐུགས་ནི་བླ་མ་སྟེ། ། བླ་མའི་མཚན་ཉིད་བརྟག ་