CLOSE WINDOW

N1942: snying po kun nas btus pa'i rab tu byed pa
Wyliee-texts based on the ACIP/ALL Input

ཆ་དུ་མས་ཐ་དད་པའི་ཕྱིར་རོ། །གཅིག་གི་རང་བཞིན་མེད་ན་དུ་མའི་རང་བཞིན་ཡོད་པ་མ་ཡིན་ནོ། །ཁ་དོག་གམ་དབྱིབས་དམིགས་པ་མ་ཡིན་གྱི་འོན་ཀྱང་སྐྱེ་བའོ་ཞེ་ན། དེ་ཡང་མི་འཐད་དོ་རང་དམ?་གཞན་ནམ་གཉིས་ཀ ་ལས་སམ་རྒྱུ་མེད་པར་མི་རུང་བའི་ཕྱིར་རོ། །དེ་ལྟ་ན་ནི་གལ་ཏེ་ཐམས་ཅད་མེད་པ་དེའི་ཚེ་ན་ཕྱི་རོལ་དང་ནང་དུ་སྣང་བ་འདི་དག་ཅི་ཞིག་ཡིན་ཞེ་ན། སྨྲས་པ། མགལ་མེའི་འཁོར་ལོ་སྤྲུལ་པ་དང། །རྨི་ལམ་སྒྱུ་མ་ཆུ་ཟླ་དང། །སྒྲ་བརྙན་དང ་ནི་སྨིག་རྒྱུ་དང། །དུ་བའི་མཚན་མ་ལ་སོགས་བཞིན། །དེ་སྐད་དུ་ཡང། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ།། ་དམིགས་པ་མེད་པའི་ཆོས་འདི་ཀུན། །དམིགས་པ་མེད་པར་རབ་ཏུ་བཤད། །དམིགས་པ་མེད་པའི་བློར་བྱས་ན། །དམིགས་པ་མེད་པར་འགྱུར་བ་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་རྟག་ཏུ་བརྟེན། །དུས ་མི་རིང་བ་ཉིད་དུ་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །མ་རྟོགས་རྟོགས་པར་བྱེད་པ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས ་འབར་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སརྦ་སཱ་རS་མུཙྪ་ཡ་པྲ་ཀ་ར་ཎ། བོད་སྐད་དུ། སྙིང་པོ་ཀུན་ནས་བཏུས་པའི་རབ་ཏུ་བྱེད་པ། བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་དེ་དགའ་བའི་རང་བཞིན་གྱིས། །སྙིང་ལ་བདེ ་བྱེད་ཉམས་མྱོང་བ། །དེ་ཡང་ཀུན་ཏུ་རྟོགས་པ་?། །འདོད་ཆགས་བྲལ་བའི་དངོས་པོ་གང། །དེ་ནི་ཅིག་ཏུ་སྲིད་རྒྱུའི་མཆོག། གང་ཞིག་ཡིད་ཀྱིས་བསྐྱེད་པ་ཡི། །རྣམ་པ་རྟོག་པ་གང་དག་ཀྱང། །དེ་ཉིད་རང་བཞིན་ཡིན་ཕྱིར་ཏེ། །སྣང ་ཞིང་རྒྱུ་བ་འདི་དག་ལས། །མྱ་ངན་འདས་པ་གཞན་དུ་ནི། །ཡོད་མིན་ཡུལ་ནི་ཅི་ལ་ཡང། །རྣམ་པར་མི་རྟོག་བདག་ཉིད་སེམས། །རྣམ་རྟོག་སྤངས་པ་དེ་བཞིན་ཏེ། །མྱ་ངན་འདས་པ་ཞེས་བརྟག་གོ། གཉིས་མེད་མྱ་ངན་འདས་པ་མིན། །འཁོར་པ་འང་མ ་ཡིན་པ་ཁོ་ན། །སོ་སོར་འགེགས་ཚིག་གང་ཡིན་དང། །སོ་སོར་འགགས་བྱར་འགེགས་པ་ཡི། །གསུམ་གྱི་དངོས་པོ་འང་མེད་པས་ན། །གང་གིས་གང་ཞིག་ཇི་ལྟར་འགྲུབ། །ཡུལ་ནི་དངོས་མེད་གཉིས་ཡིན་ནོ། །སོ་སོར་འགེགས་པའི་བྱེ་བྲག་ཅི།། ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པས། །ཅིར་ཡང་མཐོང་ཞིང་རྒྱས་པ་བཞིན། །སྐྱེ་བ་མེད་པའི་རང་བཞིན་གྱིས། །བདེན་པའི་དངོས་པོ་སྦྱིན་སྣང་པ། །རྣམ་རྟོག་སྟོབས་ལས་གསལ་བ་ལ། །བུས་པའི་འབྲས་བུ་དེ་མཚར་ཆེ།། ་ཇི་ལྟར་བུས་པ་བཀྲེས་པ་དག། སོར་མོ་རང་གི་ཁར་བཅུག་ནས། །ནུ་ཞོ་འབབ་པ་ལྟ་བུ་ནི། །མཆིལ་མ་འཐུང་བས་དུ་བ་མེད་། དེ་ལྟ་བས་ན་འབྲས་རྨོངས་པས། །མྱ་ངན་འདས་ལ་སོགས་པར་བྱེད། །བདེ་བ་ཐོབ་པར་འདོད ་པ་ཡི། །སོ་སོའི་སྐྱེ་པོ་དེ་ཉིད་དམན། །འགྲོ་རྣམས་དེ་ལྟར་སྡུག་བསྔལ་བས། །ཐོབ་པར་གྱུར་པ་མི་མཉམ་སྟེ། །དྲུལ་བ་ལས་བྱུང་མེ་ཡིས་ནི། །འོད་མ་ཚིག་གྱུར་ཇི་བཞིན་ནོ། །ཆགས་དང་ཆགས་བྲལ་ཞེས་བྱ་བ། །རྣམ་པར་སྤངས་ནས་མཉམ ་གཞག་ན། །སྡུག་བསྔལ་མེད་ཅིང་བདེ་བ་མེད། །དེ་ཉིད་མཐོང་བར་སོམ་ཉི་མེད། །སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ། །སློབ་དཔོན་ཆེན་པོ་ཤྲཱི་ཨནནད་བཛྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི ་མཁན་པོ་བཛྲ་པཱ་ཎི་དང། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆེས་འབར་གྱིས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བུདྡྷོད་ཡ། བོད་སྐད་དུ། སངས་རྒྱས་འཆར་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་དང་ལྷན་ཅིག ་