CLOSE WINDOW

N1938: dngos po'i gnas lugs bsgom pa zhes bya ba
Wyliee-texts based on the ACIP/ALL Input

ལོཙྪ་བ་བནདེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ།། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་བཞི་པ་ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། དམ་ཚིག་གི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོའོ། །དེ་ལ་ལས ་ཀྱི་ཕྱག་རྒྱ་ནི། བུད་མེད་དེ་ལོ་བཅུ་གཉིས་སམ་། བཅུ་དྲུག་གམ་། ཉི་ཤུ་རྩ་བཞི་མའོ?། །དེ་ཡང་ཡུལ་དབུས་སུ་སྐྱེས་པ་དབང་པོ་ཚང་བ་གནས་ཉི་ཤུ་རྩ་བཞིར་སྐྱེས་པ། དབང་བསྐུར་ཐོབ་པ། སྒོམ་པ་ངང་བཟླས་པ་ཤེས་པ། སྔགས ་ལས་སྐྱེས་པ། སློབ་ལམ་དག་པ། སྔགས་ཀྱི་ནུས་པ་དང་ལྡན་པ། ཡེ་ཤེས་ལས་སྐྱེས་པའོ། །དེ་ཡང་ཨ་བ་དྷྲུ་ཏཱའི་རིད་པ་འམ་། ཨ་བ་དྷུ་ཏཱི་སྟོན་པའི་ནུས་པ་ཅན། དུང་ཅན་མ་དང། པདྨ་ཅན་དང། རི་བོང་ཅན་དང། རི་དགས་ཅན་ནོ། །དེ་ནི་སེམས ་ཏིང་ངེ་འཛིན་དང་ལྡན་པ་ཡང་རུང། མི་ལྡན་པ་ཡང་རུང་སྟེ། བདེ་བ་སྐྱེས་པ་ནས། སྐྱུ?་མ་དག་ནི་ཐམས་ཅད་ལས་། བུད་མེད་སྐྱ་མ་ཁྱད་པར་འཕགས་ཞེས་སློབ་དཔོན་ནཱ་གཱ་རྫུ་ནས་གསུངས་པའོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་ན། ཡིད་ཀྱི་མངོན་སུམ་གྱི་ཡུལ ་གཟུགས་ཡིད་དུ་འོང་བ་དང། སྒྲ་སྙན་པ་དང། དྲི་ཞིམ་པ་དང། རོ་ཡིད?་དུ་འོང་བ་དང། རེག་ཡིད་དུ་འོང་བ་སྟེ། དོན་དུ་ཕྱི་རོལ་ཏུ་མ་བརྟོགས་པ་ཤེས་པའི་སྣང་བ་ཙམ་སྟེ། ང་ལ་དང་པོ་དགའ་བ་དང། མཆོག་དགའ་ཨི་ལུས་ཀྱི་བདེ་བ་དང། ཕྱི་ནས་ཡིད ་བདེ་བ་ལྷན་ཅིག་སྐྱེ་དགའ་སྟེ། དེ་ལྟར་འདོད་པའི་ཡོན་ཏན་ལྔ་ལ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་འབྱུང་ངོ། །དེའི་སྟེང་དུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྣང་སྟོང་གཉིས་མེད་བསྒོམ་མོ། །དེ་ལ་སྐྱོན་དགའ་བྲལ་དུ་འགྱུར ་རོ། །དམ་ཚིག་གི་ཕྱག་རྒྱ་ནི་དེ་ལ་བཞི་སྟེ། གཏུམ་མོ་འབྱེད་འཛུམས་དང། གཏུམ་མོ་མར་མེ་གསོ་བ་དང། གཏུམ་མོ་སྲུབ་ཤིང་གི་འཁོར་ལོ་དང་གཏུམ་མོ་བ་སྤུའི་བུ་ག་བསྒོམ་པའོ། །དེ་ལ་དང་པོ་ནི་སྤུ་མཚམས་ནས་ལྟེ་བའི་བར་དུ་མར་མེ ་སོར་བརྒྱད་པ་ཞིག་བསམས་ནས། བཤད་པའི་ལམ་འབྱེད་འཛུམས་བྱེད་པའོ། །གཉིས་པ་མར་མེ་གསོ་བ་ནི་སྤྲུ་མཚམས་ནས་ལྟེ་བར་ཕྱིན་པས་ལྟེ་བའི་བྱང་ཆུབ་ཀྱི་སེམས་འཇག?་པས་གསོ་བའོ། །གསུམ་པ་ནི་ཨ་བ་དྷཱུ་ཏཱི་བསྲུབ་ཤིང་ལལ་ནཱ་དང ་ར་ས་ནཱ་ལྟེ་བ་ཁྲག་གི་ཐིག་ལེ་ལས་འབར་བས་སྙིང་གའི་བྱང་ཆུབ་ཀྱི་སེམས་ཞུ་ནས་བདེ་བ་ཆེན་པོ་བསྒོམ་མོ་། བཞི་པ་བ་སྦུའི་བུ་ག་ནི་ལྟེ་བའི་དབུས་སུ་བུ་ག་ཕྲ་མ་འཁྱིལ་བ་བསྒོམས་ལ་སྟེང་གི་རླུང་མནན་པར་བྱའོ། །དེ་ལྟར་བསྒོམ་པ་དང་ལྡན ་པའི་ཚེ་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་མཐོང་བ་དང། ཆུ་མ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་མཐོང་བ་དང། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་མཐོང་བ་འབྱུང་བ་དང། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནམ་མཁའ་ལྟ་བུ་འབྱུང?་བ་དང། རྣམ ་པར་ཤེས་པ་རྟོག་པ་ཡིན་ཏེ། ནམ་མཁའ་མི་རྟོག་པ་ལ་ཐིམ་པས་ན། ནམ་མཁའ་སྟོང་པ་ལྟ་བུའི་རྟགས་འབྱུང་ངོ། །དེ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། རྒྱ་དགུས་གདབ་པར་བྱའོ། །གཟུང་བ་མེད་དེ་རང་གི་སྣང་བ་ཡིན་པས་རྣམ་པར་སྣང་མཛད་ཀྱི ་རྒྱས་བཏབ་པའི་བདེ་བ་ཆེན་པོ་དང། འཛིན་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་མི་བསྐྱོད་པའི་རྒྱས་བཏབ་པ་དང། སེམས་རང་རིག་གཉིས་མེད་པར་ཡང་མི་བསམ་སྟེ། བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་བསམ་གྱིས་མི་ཁྱབ་པ་ཡིན་པས ་རྡོ་རྗེ་སེམས་དཔའ་ཨི་རྒྱས་གཏབ་པ་དང། བསྒོམ་པར་བྱ་བ་དང། སྒོམ་པར་བྱེད་པ་དང། སྒོམ་པར་བྱེད་པ་དང། སྒོམ་པ་པོ་རོ་གཅིག་པ་གཉིས་སུ་མེད་པའི་རྒྱས་གདབ་པ་དང། སྦྱོར་?་དངོས་གཞི་དང་རྗེས་རོ་གཅིག་པར་རོ་མཉམ་པའི་བདེ་བ ་ཆེན་པོས་རྒྱས་གདབ་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འོད་གསལ་བའི་དང་དུ་རྒྱས་གདབ་པ་དང། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་བརྟན་པ་དང་གཡོ་པ་རྣམས་ཧེ་རུ་ཀ་ལ་རོལ་པས་རྒྱས་གདབ་པའོ། །དེ་ལྟར་རྒྱ ་དགུས་སྣོད་བཅུད་ཀུན་བདེ་སྟོང་གཉིས་ཀྱིས་རྒྱས་གདབ། སེམས་ནི་འོད་གསལ་རྒྱ་མཚོ་ལས། །གློ་བུར་རྦ་རླབས་ཚུལ་དུ་བརྟག། སེམས་ནི་ནམ་མཁའ་སྟོང་པ་ལས། །གློ་བུར་སྤྲིན་གྱི་ཚུལ་དུ་བརྟག། བསྒོམ་དུ་མེད་པ་ལྷུན་གྲུབ་བསྒོམ། །རྟོག་པའི ་དྲ་བ་དང་གིས་སྟོང། །མངོན་སུམ་ཚད་མས་མཐོང་བ་ཉིད། །ཤེས་བྱ་རྣལ་མ་ཡིན་པར་གསལ། །རྟོག་པ་ཐམས་ཅད་འགོག་པ་དང། མི་རྟོག་ཡེ་ཤེས་ངང་ལ་བཞག། བསྒོམ་དུ་མེད་པ་བསྒོམ་པ་ཡིན། །ལྷུན་གྱིས་གྲུབ་པ་བསྒོམ་པ་ཡིན། །རྣམ་པར ་རྟོག་པ་མེད་པ་ལ། །རྣམ་རྟོག་མེད་པའི་སྒྲོ་མི་གདགས། །དངོས་པོ་གདོད་ནས་གཉིས་མེད་ལ། །གཉིས་མེད་ཅེས་བྱ་བསམ་མི་བྱ། །བདེ་ཆེན་སྒྲོས་སྐུར་བྲལ་བ་ལ། །བྲལ་ལོ་སྙམ་དུ་བསམས་ན་སྐྱོན། །ཉམས་མྱོང་འོད་གསལ་དག་པ་ལ། །དག་གོ ་ཞེས་ཀྱང་རློམ་མི་བྱ། །རྙོམ་སེམས་མེད་པ་གནས་པའི་ཚེ། །རྟོག་པ་རང་གི་ངང་གིས་འགག། ཆོས་དང་གང་ཟག་བདག་མེད་ཅེས། །རྟོག་པའི་ངོ་བོ་ཉིད་ཡིན་ཏེ། །རྟོག་པའི་རང་བཞིན་འོད་གསལ་བར། །ཤེས་ན་དེ་ཚེ་ཉིད་ན་འགག། གཉེན་པོའི་རྒྱལ་པོ་ ་མངོན་སུམ་ཡིན། །གཅིག་དང་དུ་བྲལ་གཏན་ཚིགས་རྣམས། །འོད་གསལ་ཤེས་ན་དགོས་པ་མེད། །གླང་པོ་དངོས་སུ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་དམ། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ལུས་དང་རྗེས་དཔག་བཙལ་མི་དགོས།། ་མྱོང་བ་དངོས་པོའི་གཤིས་ཡིན་པས། །ཆད་པར་ལྟ་བའི་དོགས་པ་མེད། །གང་ལ་དེའོ་མི་སེམས་པས། །སྒྲོ་འདོགས་པ་ཡི་དགོས་པ་མེད། །སྣོད་བཅུད་བདེ་ཆེན་རྒྱས་གདབ་པས། །ཉོན་མོངས་དགྲ་ལས་ལྡང་དོགས་མེད། །ལས་ལ་བྱེད་དོ་བྱའོ་ཞེས།། ་དགེ་སྡིག་གང་ལ་འང་མི་སེམས་ཤིང། །རྨི་ལམ་ལས་ལ་ཁྱད་མེད་པས། །ངན་སོང་གསུམ་གྱི་དོགས་པ་མེད། །གང་དང་གང་ལ་སེམས་པ་ན། །བདེ་ཆེན་དེར་སྣང་དོ་ཤེས་ན། །གཉེན་པོ་གཞན་ཞིག་བཙལ་མི་དགོས། །བྱ་བ་བཏང་པའི་སེམས་ཉིད ་ནི། །ལྷུན་གྱིས་གྲུབ་པར་རྣམ་པར་གནས། །ཇི་ལྟར་ཆུ་ལ་ཆུ་གཞག་དང། ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདི་ཕྱག་ཡིན། །དེ་ཉིད་གཉིས་མེད་མཆོད་པ་ཡི། །གཉེན་པོ་སྟོང་ཉིད་ལྟ་བ་འདི། །སྡིག་པ ་བཤགས་པའི་མཆོག་ཡིན་ཏེ། །མེ་དང་གྲང་བའི་རེག་པ་བཞིན། །བདེ་སྟོང་མངོན་སུམ་འདི་དང་འགལ། །རྗེས་སུ་ཡི་རང་ལ་སོགས་དང། །ཆོས་སྤྱོད་སྡོམ་པའི་ནང་ནས་ཀྱང། །དོན་དམ་བྱང་ཆུབ་སེམས་འདི་མཆོག། སྟོང་ཉིད་མངོན་སུམ་མཐོང་སྟེ་མཆོག། ་དཀྱིལ་འཁོར་སྦྱིན་སྲེག་བཟླས་བརྗོད་ཀྱི། །ནང་ན་བདེ་ཆེན་དཀྱིལ་འཁོར་མཆོག། གང་དང་གང་ལ་བློ་གཞག་པ། །དེ་དང་དེ་ནི་བདེ་ཆེན་དུ། །ཤེས་ན་མལ་ཆ་སྟན་དག་དང། །གཡོག་འཁོར་གཉེན་བཤེས་སྣང་བ་ཀུན། །བདེ་ཆེན་ཤེས་པ་བསྒོམས་པས ་མཆོག། སྣོད་ནི་གཞལ་ཡས་ཁང་ཡིན་ལ། །བཅུད་ནི་ལྷ་དང་ལྷ་མོ་ཡིན། །འགྲོ་བ་རིས་དྲུག་བདེ་གཤེགས་དྲུག། དམྱལ་པའི་འཇིག་རྟེན་བདེ་བ་ཅན། །ཡི་དགས་དུད་འགྲོ་བདེ་ཆེན་གྱི། །དང་དུ་ཤེས་པ་ལྷ་ཡི་སྐུ། །སེམས་ལ་བཀག་པ་མེད་པ་ཉིད། །གཉེན ་པོ་མཆོག་ཏུ་ཁོ་ཡིས་མཐོང། །དཔེར་ན་རྨི་ལམ་གནས་སྐབས་ན། །བདེ་དང་སྡུག་བསྔལ་སྣང་བ་ཀུན། །སད་པར་གྱུར་པ་རོ་གཅིག་ལྟར། །དེ་བཞིན་འཁོར་བའི་བདེ་སྡུག་ཀུན། །སྐྱེ་མེད་དང་དུ་མཉམ་པས་ན། །རྣལ་འབྱོར་སེམས་ལ་བླང་དོར་མེད། །དགྲ ་སྡང་རྨི་ལམ་འདྲར་ཤེས་ནས། །ཆགས་སྡང་གཉེན་པོ་བསྒོམ་མི་དགོས། །སེམས་ཀྱི་རང་བཞིན་ཡོངས་ཤེས་ན། །ཆོས་ཉིད་གཞན་དུ་བསྒོམ་མི་དགོས། །དུས་གསུམ་ཁམས་གསུམ་ཐ་སྙད་དུ། །བེམས་པོ་བློ་བུར་ཡིན ་ཤེས་ན། སེམས་ཀྱི་རང་བཞིན་བཅོས་མི་དགོས། །སྐྱེ་འགག་ནམ་མཁའ་ཨི་སྐྲ་ཤད་བཞིན། །སྔ་ཕྱི་སྐྱེ་བས་སྟོང་པས་ན། །མ་སྐྱེས་ཞེས་སུ་བསྒོམ་པ་མེད། །རྒྱལ་བའི་ཐུགས་གཞི་རྟོག་མེད་ལ། །སྐྱེ་བ་མེད་པ་ཞེས་སུ་བསྒྲགས། །གཉེན་པོ་སྤང ་བྱ་དབྱེར་མེད་ཀྱི། །དོན་ལ་བྱ་བཙལ་མེད་པ་ཉིད། །བཏང་སྙོམས་ཆེན་པོ་བསྒོམ་པའི་མཆོག། དཔེར་ན་མི་དགའ་བརྩོན་བྱས་ན། །དེ་ཡ་འབད་རྩོལ་གྱིས་འབྲོས་ལ། །དེ་ཉིད་བརྩོན་པར་བཏད་ནས་ནི། །འབད་རྩོལ་མེད་པར་གནས་པ་བཞིན། །ཉོན་མོངས ་འབད་པས་བཀག་ཀྱང་ནི། །ཆེད་ཀར་འབྱུང་བར་འགྱུར་བ་ལ། །དེ་ཉིད་བདག་ཉིད་ལྕགས་བཀྲོལ་ནས། །ཡུལ་ལ་རང་དགའ་བཏང་ན་ནི། །རང་གི་ངང་གི་རྟོག་མེད་སྐྱེ། །དེས་ན་ཐབས་ལ་མཁས་པ་ཡིན། །འབྲས་བུ་ལམ་དུ་བྱེད་པར་གསུངས། །བླུན ་པོ་ཡོད་མེད་སྡུག་བསྔལ་ཀྱང། །གདོད་ནས་སྐྱེ་བ་མ་མྱོང་ལ། །མཁས་པ་འགག་པ་སེམས་ལ་མེད། །ཆེད་དཀར་གཉེན་པོ་བསྒོམ་མི་དགོས། །རྣལ་འབྱོར་ནང་དུ་ཁ་བལྟས་ལ། །སེམས་ལས་མ་གཏོགས་མྱོང་མེད་པས། །སྣང་སིད་རྟག་དང་མི ་རྟག་ལ། །བཀག་པ་དང་ནི་སྒྲུབ་པ་མེད། །སེམས་ཀྱང་ཡེ་ཤེས་ཡིན་ཤེས་ན། །མྱ་ངན་འདས་པ་བསྟན་མི་དགོས། །གལ་ཏེ་ཆགས་སྡང་སྐྱེས་གྱུར་ཀྱང། །གཉེན་པོ་མི་སྡུག་བྱམས་སོགས་ནི། །འགྲོ་བའི་སེམས་རྒྱུད་གཉིས་མི་འཆང། །ཇི་ལྟར་སྤྲིན ་ནི་སྣ་ཚོགས་དག། ནམ་མཁའ་ཨི་དབྱིངས་སུ་ཐིམ་པ་ལྟར། །དང་པོ་འོད་གསལ་གློ་བུར་བཅས། །ཕྱིས་ནི་རིང་གི་ངང་འགགས་ན། །གཉེན་པོ་དག་ནི་སུ་ལ་བསྒོམ། །མ་རིག་འཁྲུལ་པའི་བག་ཆགས་ཀྱིས། །སེམས་ལ་སྨིག་རྒྱུ་བཞིན་སྣང་ན། །མི་མཁས ་སྨིག་རྒྱུ་འཆོས་པ་བཞིན། །གཉེན་པོ་བསྒོམ་པ་ཀྱེ་རེ་འཚར། །སེམས་ཀྱི་རང་བཞིན་འོད་གསལ་པ། །སྐྱེ་བ་ཉིད་ཀྱང་མི་བརྟན་ན། །གློ་བུར་བརྟགས་པར་གལ་འགྱུར། །དེ་བས་གཉེན་པོ་མི་བསྒོམ་སྟེ། གཉེན་པོ་མེད་ཅིང་བསྒོམ་པའང་མེད། །མཚན ་མར་མི་འཛིན་རྣལ་འབྱོར་པ། །འདི་དང་འདི་འགའ་སེམས་པ་མེད། །འགྲིབ་པ་མེད་ཅིང་འགག་པ་མེད། །འདུ་མི་བྱེད་པ་ནམ་མཁའ་འདྲ། །འདུ་ཤེས་ལས་བྱུང་ཏིང་འཛིན་སྐྱོན། །འདུ་མི་བྱེད་ཅེས་སེམས་པ་མེད། །མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། ། ་བསྒོམས་སོ་ཞེས་སུ་ཐ་སྙད་འདོགས། །རྟོག་མེད་ཡེ་ནས་སྐྱེ་ན་ཡང། །སྒྲོ་འདོགས་སེལ་བ་བསྒོམ་པ་ཡིན། །བཅོས་མེད་རང་གསལ་མ་བྱས་ན། །ནན་གྱིས་མི་རྟོག་བསྒོམས་གྱུར་ཀྱང། །མི་རྟོག་པ་ཉིད་སྒྲིབ་པའི་རྒྱུ། །དཔེར་ན་སྨན་ཉིད་མ་ཞུ་ན། །ནད་ཀྱི ་ནང་ན་དེ་ཉིད་ལྕི། །འབད་མེད་བསྒོམས་ལ་སྦྲོ་འདོགས་གཅད་ཅེས་བྱ། །སྒྱུ་མཆུ་ཟླ་བཞིན་དུ་ཤེས་མེད་ན། །སྟོང་ཞེས་བརྗོད་པས་སེམས་ལ་ཡོངས་མི་འགོ། སེམས་ཀྱི་རང་བཞིན་སྣང་སྟོང་རྟོགས་ན་ནི། །འགྲོ་བ་རྣམས་ལ་སྙིང་རྗེ་དང་གིས ་སྐྱེ། །བདག་དང་གཞན་དག་དབྱེ་བ་མེད་པར་ཡང། །ཆུ་ཡི་ཟླ་བ་ལྟ་བུ་བློ་ནི་སྐྱེ་འགྱུར་ན། །བདེ་བ་ཆེན་པོ་སྒོམ་ཞེས་དེ་ལ་བྱ། །གང་ཞིག་བྷ་གར་བདེ་བ་རྟོག་མེད་མྱོང། །གང་ཞིག་མེ་ལོང་གཟུགས་བརྙན་སྣང་བ་དང། །གང་ཞིག་གཏུམ་མོ་དྲོད ་ལས་བདེ་མྱོང་དང། །གང་ཞིག་རྒོད་དང་ལྟ་རང་ལག་བཅངས་དང། །འོ་བྱས་འཁྱུད་པ་བདེ་བ་དམ་པ་མྱོང། །རྟོག་མེད་མྱོང་བར་གྱུར་ཀྱང་བདེ་ཆེན་གྱིས། །རྒྱས་མ་བཏབ་ན་བྱང་ཆུབ་མེད་དོ་ཞེས། །རྡོ་རྗེས་འཆང་བ་གསུང་ཞིང་ཚད་མས་གྲུབ། །བདེ་བ་སྟོང ་པ་ཉིད་ཀྱི་རྒྱས་གདབ་བྱ། །རྒྱས་གདབ་ཅེས་བྱའི་དོན་གྱི་ངོ་བོ་ཡང། །དམིགས་པའི་ཡུལ་ལ་སྒྱུ་མར་མ་ཟད་ཀྱི། །རང་གི་མྱོང་བ་སྐྱུ་མར་མངོན་སུམ་དུ། །རིག་པ་དེ་ལ་རྒྱས་གདབ་རྗེས་སུ་བརྗོད། །རྟོག་པར་རེས་བཅས་པ་རྒྱས་བཏབ་མིན། །དེ་བཞིན་རྗེས་དཔག ་བསྒོམ་བ་རྒྱས་བཏབ་མེད། །ཤེས་བྱའི་དཀྱིལ་འཁོར་སྤྲོས་དང་བྲལ་བ་ཡི། །མངོན་སུམ་དེར་སྣང་རྒྱ་ཡི་རྣམ་པར་བྱུང། །དེས་ན་རྒྱས་གང་བ་ཅེས་ནི་བྱ་བར་བཤད། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དག། བདེ་ཆེན་མཉམ ་པར་ཤེས་ཏེ་བསྒོམས་པས་ན། །འདའ་ཀའི་མན་ངག་གཞན་ནས་བཙལ་མི་དགོས། །སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུར་ཤེས་ན། །འབྲས་བུ་ཐོབ་བྱ་གསར་དུ་བཙལ་པ་མེད། །སེམས་ཀྱི་ངང་ལས་འཕེལ་འགྲིབ་མེད་ཤེས་ན། །བསྒོམ་པ་ཤོར ་ཡང་སྤོགས་པ་བཙལ་མི་དགོད། །ལེགས་བྱས་ཉེས་བྱས་གློ་བུར་ཡིན་ཤེས་ན། །དམ་ཚིག་ཉམས་ཆགས་བཤགས་པ་དེ་ཉིད་ཡིན། །ཇི་ལྟར་སྣང་བ་དེ་ལྟར་བདེན། །ཇི་ལྟར་བཏགས་པ་དེ་ལྟར་མེད། །ཇི་ལྟར་བཙལ་བ་དེ་ལྟར་སྐྱོན། །ཇི་ལྟར ་བསམS་པ་དེ་ལྟར་བྲལ། །ཡུལ་ནི་གང་དང་གང་དག་ལ། །རྟོག་བྲལ་གསལ་བ་སྐྱེས་གྱུར་ན། །དེ་ཚེ་འོ་མའི་སེམས་ཉིད་ལ། །དེ་ནི་སྟོང་ཉིད་བསྒོམ་པ་ཡིན། །རང་རིག་གཉིས་མེད་བསྒོམ་བ་ཞེས། །གང་ལ་གདམས་ངག་ཕོག་གྱུར་ཀྱང། །གཉིས་མེད ་ཉིད་དུ་མ་མྱོང་ན། །གང་ཞིག་བསྟན་ཀྱང་མིང་དུ་ཟད། །ཡུལ་ནི་གང་དང་གང་དག་ལ། །ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་ངག་གི། གནས་པ་རྣ་བས་སྒྲ་དག་གམ། གནས ་པ་སྣ་ཡི་དྲི་དག་གམ། གནས་པས་ལྕེ་ཡི་རོ་དག་གམ། གནས་པས་ལུས་ཀྱི་རེག་དག་གམ། གནས་པ་ཡིད་ཀྱི་ཆོས་དག་ལ། །ཤེས་པའི་བློ་དེ་རྟོག་བྲལ་ཡིན། །རྟོག་པའི་སྐྱེ་དང་འགག་པ་དང། །རང་རིག་ཉིད་ཀྱིས་མྱོས་པས་ན། །རྟོག་དང་བྲལ ་བས་སྔོན་དུ་གྲུབ། །གང་ཞིག་རྟོག་བྲལ་དོན་དེ་ལ། །ཚོར་པ་བདེ་བ་ལ་བརྟེན་ནས། བསྒོམས་པས་ཕོ་ཉའི་ལམ་དུ་གྱུར། །གང་ལ་དང་པོ་རྟོག་མེད་ལ། །དགའ་བ་ཞེས་སུ་བཤད་པ་ཡིན། །རྟོག་བྲལ་བདེ་ཆེན་གཉིས་པ་ལ། །མཆོག་དགའ་ཞེས ་སུ་བཤད་པ་ཡིན། །དེ་ནི་ལུས་ཀྱི་བདེ་བ་སྟེ། །ཡིད་འོད་ཡུལ་ལས་བྱུང་བའོ། །རྟོག་དང་བྲལ་བ་གསུམ་པ་ནི། །ལྷན་ཅིག་སྐྱེས་དགའ་ཞེས་བཤད་དེ། །ཡིད་ཀྱི་མངོན་སུམ་བདེ་བ་ཡིན། །གཟུགས་འཛིན་དྲི་མ་དང་བྲལ་བས། །མྱོང་བ ་གསལ་བ་སྐྱེ་བ་ནི། །རང་རིག་བདེ་ཆེན་ཞེས་སུ་བཤད། །གང་ཞིག་རྟོག་པས་སར་བཅད་ན། །དགའ་བདེའི་ཏིང་འཛིན་ཉམས་འགྱུར་བས། ཕྱག་རྒྱ་བཞི་ཡི་ཡུལ་རྣམས་ལས། །ཚོར་པ་བདེ་བ་སྐྱེས་གྱུར་པས། །རྒྱུ་རྐྱེན་ཚོགས་པའི་སྟོབས ་ལྡན་པས། །རྟོག་དང་བཅས་པས་སྐྱེ་མི་འགྱུར། །དེ་བས་བདེ་བའི་ཏིང་འཛིན་ལས། །རྣལ་འབྱོར་པ་ཡི་ཡིད་བཞག་ནས། །གཉིས་མེད་བདེ་ཆེན་བསྒོམ་པར་བྱ། །གང་ཞིག་བདེ་པའི་ཏིང་འཛིན་ལས། །སེམས་འཇོག་པ་ནི་ཞི་གནས་ཡིན། །དེས ་ན་དགའ་དང་མཆོག་དགའ་དང། །ལྷན་སྐྱེས་དགའ་བ་ཕུལ་བྱུང་ཡང། །ཞི་གནས་སེམས་ལས་མི་འདའ་སྟེ། །ལུས་དང་ཡིད་ཀྱི་བདེ་པར་ཟད། །བདེ་ཆེན་དོན་གྱིས་རྒྱས་གདབ་ན། །ལྷག་མཐོང་ཕུལ་དུ་བྱུང་བར་འགྱུར། །གང་ཞིག་བདེ་བའི་ཆོས ་ཅན་ལ། །སྟོང་ཉིད་སྒྲུབ་པ་གང་ཡིན་པ། །ལྷན་ཅིག་སྐྱེས་དགའ་ཡིན་སྙམ་སྟེ། །དེ་ནི་རྗེས་དཔག་བསྒོམ་པའི་ལམ། །སོ་སོར་རྟོག་པའི་རྣལ་འབྱོར་ཏེ། །བདེ་པ་ཆེན་པོ་མྱོང་བ་འང་མེད། །འོད་གསལ་བདེ་བའི་རྒྱ་མཚོ་ལས། །དགའ་བདེ་རྦ་རླབས ་ཚུལ་དུ་ཤེས། །དེ་ཉིད་སྤྱོད?་པ་བསྒོམ་པ་ཡིན། །བདེ་དང་ཡིད་བདེ་གང་ཡིན་ལས། །དེ་ཡི་རང་བཞིན་སྟོང་ཤེས་པ། །གཏན་ཚིགས་ལ་སོགས་དོན་མེད་ཡིན། །ཆུ་ནི་དང་བར་གྱུར་པ་ལ། །ཉ་དག་མྱུར་དུ་འཕར་བལྟར། །དེ་བཞིན་སྟོང་གསལ ་རང་བཞིན་ལས། །སྣ་ཚོགས་ཤེས་པ་ལྡང་ཞིང་འགག། སྣོར་བཅུད་བདེ་ཆེན་རྒྱས་བཏབ་པས། །སེམས་ཀྱི་གླང་པོ་ཡན་བཏང་ཡང། །གནས་མ་རྙེད་ནས་ལྡོག་པར་འགྱུར། །དངོས་པོ་གསར་པ་མཐོང་ན་ཡང། །དེ་དེ་བདེ་བས་རྒྱས་བཏབ ་ནས། །གཡེང་བ་ཉིད་ཀྱང་གཡེང་བ་མིན། །སྤྱོད་ལམ་རོ་མཉམ་མིན་ཤེས་ནས། །འགྲོ་བ་ཉིད་ནི་འགྲོ་འོད་མེད། །རྒྱུ་འབྲས་མེད་ཀྱང་རྒྱས་བཏབ་བས། །སྐྱེ་བ་ཉིད་ནའང་སྐྱེ་བ་མེད། །འགག་པ་ཐིམ་པའི་རྒྱས་བཏབ ་པས། །བཀག་ཙམ་ཉིད་ནའང་འགག་པ་མེད། །བདེ་གཤེགས་རྣམས་ནི་བདེ་ཆེན་ཉིད་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་བདེ་གཤེགས་ཉིད་དང་མཉམ། །བྱིས་པའི་བློ་ཅན་དངོས་ལ་ཞེན་པ་རྣམས། །རྣམ་པར་རྟོག་པས་བརྟགས་པ་ཉིད་ལ་སྤྱོད།། ་དངོས་རྣམས་ཐམས་ཅད་བཅོས་སུ་མེད་ན་ཡང། །གྲུབ་མཛའ་ངན་པས་བསླད་པས་འཆོས་པར་བྱེད། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །བདེ་གཤེགས་ཆོས་ཀྱི་སྐུ་ཡིས་མཁྱེན་པར་མཉམ། །འཁོར་བའི་ཕུང་པོ་སྒྱུ་མར་རྣམ་དག ་ཤེས། །ལོངས་སྤྱོད་རྫོགས་སྐུ་སྤྲུ་མར་ཡང་དག་མཉམ། །གལ་ཏེ་སྒྱུ་མའི་རྒྱུན་ལ་བདེ་སྡུག་དང། །དགའ་དང་གདུད་བའི་བྱེ་བྲག་ཡོད་མིན་ཡང། །དེར་སྣང་སྐད་ཅིག་རེ་རེར་གནས་པ་ལས། །བདེ་ཆེན་བདེ་བ་ཆེན་པོ་ཉིད་དུ་གཅིག། རྣམ་པར་རྟོག་པ ་ཐ་དད་མེད་ན་ཡང། །མི་རྟོག་ངང་ལས་རོ་ཅིག་གྱུར་པར་སྣང། །དང་པོའི་ལས་ཅན་སོ་སོའི་སྐྱེ་པོ་ལ། །བདེ་བ་ལམ་དུ་བྱེད་པར་གསུངས་ན་ཡང། །གང་ཞིག་བླ་མའི་ཕན་པའི་ལུང་ཐོབ་ནས། །བདེ་སྡུག་ཐམས་ཅད་བདེ་བ་ཆེན་པོར་འགྱུར། །གང ་ཞིག་སྟོང་ཉིད་མི་ཤེས་པ། །དེ་ལྟ་ཐར་པའི་སྐལ་པ་མེད། །འགྲོ་དྲུག་སྲིད་པའི་བརྩོན་ར་རུ། །རྨོངས་པ་དེ་ནི་འཁྱམ་པར་འགྱུར། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་བསྒོམ་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་པ་ཉིད ་དུ་ཐེ་ཚོམ་མེད། །སེམས་ཅན་གང་ཡིན་ཐམས་ཅད་སྔོན། །ཕ་མ་མཛའ་བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེན་བཏགས་པས་ན། །བྱས་པ་གཟོ་བ་ཉིད་དུ་བྱ། །སེམས་ཅན་ལ་བརྟེན་བླ་མེད་པའོ། །སངས་རྒྱས་གོ་འཕང་ཉིད་འཐོབ་ན། །ཚངས་དབང ་དྲག་པོ་འཇིག་རྟེན་སྐྱོང། །སོགས་པ་འཐོབ་པ་མཚར་ཅི་ཆེ། །སེམས་ཅན་ཕན་པ་བྱས་ཙམ་གྱིས། །འགྲོ་བ་གསུམ་པ་དམ་པར་སྐྱེ། །སེམས་ཅན་གནོད་པས་སྡུག་བསྔལ་ནི། །རྣམ་པ་དུ་མའི་ཚུལ་དག་གིས། །དམྱལ་བ་ཡི་དགས་དུད་འགྲོ་རུ། །སེམས ་ཅན་རྣམས་ནི་ཉེ་བར་སྤྱོད། །དངོས་པོ་ཀུན་གྱིས་མགུ་བྱ་བ། །རང་ལུས་བཞིན་དུ་བསྲུང་བར་བྱ། །འབད་པས་སེམས་ཅན་མི་དགའ་བ། །དུག་དང་འདྲ་བར་སྤང་བར་བྱ། །སེམས་ཅན་ཡོངས་སུ་མ་བཏང་བས། །སངས་རྒྱས་བྱང་ཆུབ་ཀུན་ཏུ་འཐོབ། ། ་གཞན་གྱི་གནོད་པ་མ་བཟོད་པས། །མནར་མེད་དུ་ཡང་སྐྱེ་བར་བྱེད། །རང་གི་ལུས་དང་ནོར་སྦྱིན་པ། །འདི་ནི་མཚར་ཞིང་འདི་ནི་བསྔགས། །འདི་ནི་འཇུག་པ་མཆོག་ཡིན་ནོ། །མཚར་ཞེས་བྱ་བ་འདི་མིན་ཏེ། །ཆོས་འདི་སྟོད་པར་ཤེས་ནས་སུ། །ལས་ཀྱི་འབྲས་བུ་བསྟེན་བྱེད་པ། །མཚར་བབས་ཀྱང་འདི་མཚར་ཞིང། །ངོ་མཚར་བས་ཀྱང་ངོ་མཚར་རོ། །སེམས་ཅན་བསྐྱབ་པའི་བསམ་པ་འདིས། །སྲིད་པའི་འདམ་དུ་སྐྱེད་མོས་ཀྱི། །པདྨ་ལ་ནི་ཆུ་བཞིན་དུ། །སྲིད་པའི་སྐྱོན་གྱིས་དེ་མ་གོས། །བཟང་པོ་ལ་སོགས ་རྒྱལ་བའི་སྲས། །འདི་ན་ཡེ་ཤེས་མེ་ཡིས་ནི། །ཉོན་མོངས་བུད་ཤིང་བསྲེགས་བཞིན་དུ། །འོན་ཀྱང་ཐུགས་རྗེས་བསླབས་པ་མཛད། །བྱང་ཆུབ་ཆེ་དང་འཆི་དང་སྐྱེ། །དུར་ཁྲོད་གཤེགས་དང་དཀའ་སྤྱོད་མཛད། །བདུད་སྡེ་རབ་ཏུ་འཇོམས་པ་དང། །ཆོས ་ཀྱི་འཁོར་ལོ་བསྐོར་བ་དང། །ལྟ་ཡུལ་གཤེགས་དང་མྱ་ངན་འདས། །དེ་བཞིན་ཁྱིམ་ནས་བྱུང་བ་རྣམས། །སྙིང་རྗེ་དབང་གིས་འཇུག་པ་ཡིས། །འགྲོ་བའི་མགོན་པོ་སྟོན་པར་མཛར། །ཚངས་དབང་ཉེ་དབང་དྲག་སོགས་ཀྱིས། །གཟུགས་ཀྱིས་རབ་ཏུ་འཇུག ་མཛད་ཅིང། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེས་ཐུགས་ཀྱིས་རོལ་པ་མཛད། །ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་བྱུང་བསན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་བསོ་དོན་དེ་དེ་ཉིད་མིན། །ཉན་ཐོས་དེ་དག་དེ་སྲིད ་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་དྲེགས་པས་མྱོས་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང། །བསོད་ནམས ་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །བག་ཆགས་ལས་ནི་བྱུང་བས་ན། །བག་ཆགས་ས་བོན་དག་ཏུ་བཤད། །བག་ཆགས་རྗེས་མཐོང་ཚོགས་པ་ན། །སྲིད་པའི་མྱུ་གུ་དེ་བསྐྱེད་དོ། །སྟོང་ཉིད་སྨྲ་བས་སྨྲ་བྱེད་ཅིང།། ་རྟོག་ཏུ་ལུས་ངག་ཡིད་གསུམ་གྱིས། །འདི་ལྟར་སེམས་ཅན་དོན་བྱེད་པ། །ཆད་པར་སྨྲ་བ་ཡོད་མ་ཡིན་ཞེས་གསུངས་སོ། །དཔེར་ན་གསེར་འགྱུར་ཟངས་ལྕགས་ཐམས་ཅད་ལ། །གསེར་འགྱུར་རྩི་ཡི་ནུས་པའི་ཐབས་རྙེད་ན། །ཐམས ་ཅད་ཁ་དོག་གསེར་དུ་འགྱུར་བ་ལྟར། །སེམས་ཀྱང་བདེ་ཆེན་དང་དུ་རོ་གཅིག་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་རྣམས། །རྟོག་དང་བྲལ་བའི་སྟོང་པའི་རྣམ་པ་སྐྱེས། །དེ་བཞིན་སྒྱུ་འདྲར་སེམས་ཀྱི་སྒྱུ་འདྲར་ཤེས། །བདེ་ཆེན་རྒྱས་བཏབ ་བདག་བྱིན་བརླབ་པ་ལ། །སྒྱུ་མའི་དཔེ་ཡི་དོན་རྣམས་བཙལ་མི་དགོས། །ཐམས་ཅད་སྒྱུ་འདྲ་མི་འདྲར་དགག་སྒྲུབ་བྱེད། །ཕྱག་རྒྱའི་ལམ་ལ་བདེ་བ་སྟོང་པ་ཤེས། །ཆོས་ཀྱི་མདོ་དོན་སེམས་ཀྱི་སྟོང་པར་ཤེས། །ཆོས་རྣམས་ཀུན་ལ་ཡོད་མེད ་དགག་སྒྲུབ་མེད། །རྟོག་མེད་མངོན་སུམ་ལམ་ལ་བློ་གཞག་པས། །རྟགས་ཀྱིས་རྗེས་འབྲངས་གཞན་སེལ་དགོས་པ་མེད། །དུས་གསུམ་བདེ་གཤེགས་ཇི་ལྟར་སངས་རྒྱས་ལྟར། །གང་དུ་ཁ་བལྟས་སེམས་ཀྱི་གསང་ཤེས་པས། །སྒྲིབ ་པ་ཀུན་ཟད་ཡེ་ཤེས་ཕུན་ཚོགས་ཤིང། །སངས་རྒྱས་ཞིང་གྲོལ་སེམས་ཅན་ཐམས་ཅད་སྒྲོལ། །ཐམས་ཅད་བཟང་རྒྱུ་ཉིད་དུ་གྱུར་པས་ངེས། །ཇི་ལྟར་སྦྲུལ་གྱི་རང་བཞིན་ཤེས་པ་ན། །དེ་ཡི་དུག་ནི་གནོད་པར་མི་འགྱུར་ཏེ། །གང་ཞིག་ཉོན་མོངས ་འཁོར་བའི་རང་བཞིན་ཤེས། །དེས་ནི་དེ་མ་ཐག་ཏུ་དེས་གྲོལ་འགྱུར། །དེ་ཉིད་ཀྱིས་ནི་སངས་རྒྱས་ཤིང། །དེ་ཉིད་ཀྱིས་ནི་ཉོན་མོངས་འཇོམས། །བདེ་ཆེན་ལམ་ལ་བརྟེན་ནས་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །རྣམ་པར་རྟོག་པ ་རྣམ་སྤངས་ཤིང། །གཟུང་དང་འཛིན་པ་དང་བྲལ་པས། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྤངས་པ་ཡིན། །རུ་ནི་བཀོད་པར་དང་བྲལ་བ། །ཀ་ནི་གང་དཱུང ་མི་གནས་པ། །སེམས་ཀྱི་ངང་ལ་རྣམ་གནས་ན། །མྱ་ངན་འདས་པ་བསྟན་དུ་མེད། །བདེ་ཆེན་རྟོགས་པའི་མན་ངག་འདི། །སྡེབ?་སྦྱོར་གོ་རིམ་བསྒྲིགས་པ་མིན། །ཉམས་མྱོང་རྟོགས་པའི་ཕན་པའི་ལུང། །དམ་པའི་སྤྱི་བོས་བླང་བར་མཛོད། །དངོས་པོའི ་གནས་ལུགས་བསྒོམ་པ་ཞེས་བྱ་བ། །ནོར་བུ་གླིང་པའི་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ་རྫོགས་སོ།། །།མི་གུས་དད་མེད་བརྩོན་ཆུང་གཏུམ། །བླུན་ཞིང་ལེག?་ལྟ་སྐུར་འདེབས་ལ། །ཟབ་མོའི་དོན་བསྟན་གཉིས་འཕུང་འགྱུར། །དེས་ན ་ཟབ་མོ་གསང་བར་གསུངས། །། *། །ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ་བཞུགས་སོ། ། *། །རྒྱ་གར་སྐད་དུ། ཙ་ཏུ་རྨུ་དྲ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ་