| Wylie | e-texts based on the ACIP/ALL Input |
གླུ། དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ། །སྨྲའོ། །ནག་པོ་པའི་ཡིད་གང་དུ་ཡང་མི་གནས་པར་ཐམས་ཅད་ཅ་ལེ་ཙལ་ལར?་སྣང་ངོ། །སློབ་དཔོན་ནག་?་ཞབས་ཀྱི་རྡོ་རྗེའི་གླུ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙ་ཏུ་ར་སིདྡྷི་སམ ་བྷེ་དྷ་ཧྲི་དཱ་ཡ་ནཱ་མ། བོད་སྐད་དུ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ཞེས་བྱ་བ། དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡང་དག་དོན་རྟོགས་སངས་རྒྱས་དང་འདྲ་གྲུབ་པའི་ཞབས་ལ་གུས་བཏུད་ནས། །གང་ཞིག་སེམས ་ཅན་འཁོར་བའི་རྒྱ་མཚོར་མི་དགེ་ལས་ཀྱི་ཆུ་སྲིན་གྱིས། །རབ་ཏུ་གཡེངས་ཤིང་ཁྲིད་འགྱུར་དེ་དག་གདོན་ཕྱིར་རྣལ་འབྱོར་དཔའ་བོ་ཡིས། །གྲུབ་པ་དག་གི་ཉམས་མྱོང་རྟོགས་པའི་ལྟ་བ་ཕྲེང་བར་བསྡེབ་པར་བྱ། །གུ་རུ་ལཱུ་ཡི་པའི་ཞལ་ནས། ་ཁྱི་རྒོད་མི་སྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མིན་རྣམས་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེགས། །སྐལ་ལྡན་སྐྱེ་མེད་རྟོགས་པ་རྣམས་ནི་སྣང་བཏུག་ཕྲད་པ་ཅམ་གྱིས་རྣམ་རྟོག ་འཛོམས?། །དཔེར་ན་གླང་ཆེན་རབ་བརྟན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །གུ་རུ་ལི་ལ་པའི་ཞལ་ནས། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་ག་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན།། ་རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལི་ལས་དེ་ལྟར་རྟོགས་ནས་གྲོལ། །གུ་རུ་བིརྦ ་པའི་ཞལ་ནས། །ཕྱག་རྒྱ་ཆེན་པོའི་དང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་རང་གི་དང་ལ་བཞག། ཆད་པར་མི་འགྱུར་ཉམས་སུ་མྱོང་བར་རང་གིས་རིག། རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག། གུ་རུ་ཌོམྦྷི་བའི ་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེང་དུ་སྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །གུ་རུ་ཤ་པ་རི་པའི་ཞལ་ནས། མ་རིག་པ་ཡི་ནགས་ཚལ་དུ། །བཟུང་འཛིན་གཉིས ་ཀྱི་རི་དགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བརྡུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །གུ་རུ་ས་ར ་ཧའི་ཞལ་ནས། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་བརྙེད་བླ་མ་དམ་པའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་འཆད་པ་མེད། །གུ་རུ་ཀཾ་ཀ་ལིའི་ཞལ་ནས། ཇི་ལྟར་ནམ་མཁའ་སྟོང་པ ་ལ། །གཅིག་དང་གཅིག་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས་འདས། །གུ་དུ་མིན་པའི་ཞལ་ནས། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང ་དུ་ཁྱེར། །ཉ་ཆན་ལུས་ལ་བརྟེན་བཅས་ནས། །ལྷ་ཆེན་གདམས་ངག་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མིན་པ་ཞེས་སུ་གྲགས། །གུ་རུ་གོ་ར་ཁའི་ཞལ་ནས། རིགས་ནི་རབ་དང་འབྲིང་དང་ཐ་མ་རུ། །གནས་པའི་རྒྱུ་ལ ་རྐྱེན་གྱི་སྟོབས་ལྡན་པས། །འགག་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །གཙོ་རང་གི་ལ་བྱམས་སེམས་བསྙེན་བཀུར་བྱས། །དེ་རྐྱེན་སྟོབས་ཀྱིས་ས་བོན་རྟས། །མ་ཙིནདྷ་ཡིས་འཆི་མེད་བདུད་རྩི་བརྟན། །གོ་ར་ཁ་ཡིས་གཉིས་མེད་དེ་ཉིད་མཐོང ་སྲིད་གསུམ་བརྗེ་ཡི་རྒྱལ་པོ་ངོ་མཚར་ཆེ། །གུ་རུ་གཙོ་རང་གིའི་ཞལ་ནས། ཐོག་མེད་སྲིད་པ་ཡུལ་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡེ་ཤེས་ཆེན་དེ། །བླ ་མ་དམ་པའི་གདམས་དག་དང། །ཤེས་རབ་གསུམ་གྱི་སྟེའུ་ཡིས། །ཙོ་རང་གི་ཡིས་དེ་ཉིད་བཅད། །གུ་རུ་བྷི་ན་བའི་ཞལ་ནས། །ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་དཔྱད་བྱས་ནས། །མ་གྲོལ་སྐྱེ་མེད་སྒྲ་དཔྱད་པས། །བྷི་ན་བ་ཡིས ་བདག་མེད་རྟོགས། །གུ་རུ་ཤཱནདི?་པའི་ཞལ་ནས། བུ་ཆུང་མ་ཡིས་གསོས་པ་ཡིས། །བྱང་གྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་བླ་མའི་མན་ངག་གིས། །རིམ་གྱིས་བྲིད་པས་ཐེག་པ་ཆེ། །རླུང་ཁྲིས་བདད་དཀན་འདུས་པ་ཡིས། །ནད་རྣམས་སྨན་གྱིས ་སེལ་བ་ལྟར། །ད་དང་བདག་ཏུ་འཛིན་པ་ནི། །བླ་མའི་གང་མས་པས་སྐད?་ཅིག་སྲེག། གུ་རུ་ཏནྟི་བའི་ཞལ་ནས། འཇིག་རྟེན་པ་ཡི་ཐགས་མཁན་རྣམས། །སྣལ་མ་ཐམས་ཅད་ཐགས་སུ་བཏགས། །ད་ཡི་བླ་མའི་མན་ངག་གིས། །ཆོས་རྣམས་ཐམS ་ཅད་ཐགས་སུ་བཏགས། །ཡེ་ཤེས་ལྔ་ཡི་སྟོང་ཉིད་ནི། །སྣལ་མ་མན་ངག་སྟག་སོ་དང། །ཤེས་རབ་ཀྱི་ནི་སྒྲོམ་བུ་ཡིས། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །གུ་རུ་ཙ་མ་རི་པའི་ཞལ་ནས། །རྣམ་རྟོག་མཚན་མའི་ཀོ་པ་འདི། །སྟོང ་ཉིད་རྡོ་རྗེའི་སྤངས་ནད་དུ། །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་བརླུང་དང་བཙམས། །ལྷུན་གྲུབ་ཆོས་?་ལྷམ་བྱེད་པ། །ཅི་མ་རི་པ་ལྷམ་མཁན་མཆོག། གུ་རུ་ཁ་ཌ་ག་པའི་ཞལ་ནས། །འཇིག་རྟེན་པ་ཡི་མཚན ་ཐོགས་དཔའ་བོ་ནི། །རྒྱན་དུ་དགྲ་དང་གཡུལ་འགྱེད་ཀྱང། །བདག་ཉིད་སྡུག་བསྔལ་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནS། །ཁ་ཌ་ག་པ་ནི་ལོངས་སྤྱོད?་བྱེད། །ཀུ་རུ་ནཱ་གཱ་རྫུ་ནའི་ཞལ་ནས། །གང་ཞིག ་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་བཟུང་བ་བཞིན། །རྟོགས་པས་མ་རྟོགས་སྡོང་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་ཟིན་པ་འདྲ། །གུ་རུ་རཏན་པའི་ཞེས་ནས། །ཤིང་རྟའི་འཁོར་ལོ་གཅིག་ཀྱང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས ་ལྟར། །སྦྱིན་སོགས་འབད་པ་བྱས་དང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ་རྫོགས་འདག་གཤོག་རྒྱས་པ་དག་ནི་ནམ་མཁའ་གཅོད་ཅིང་རྒྱུག། བསྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམས་དག་ཁོང་དུ་ཆུད་པས་བདེ། །གུ་རུ ་ཀན་རི་པའི་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག། དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །རྟོགས་པར་འདེང་ན་མ་བཅོས་ཇི་བཞིན་ཞོག། གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །གུ་རུ་ཐ་ཁ་ནའི་ཞལ་ནས། གང་ཞིག་རྣ ་བར་ཆུ་ཁྲུགས་ན། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཟིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་བསྒོམས་པས་བདེན་པ་མཐོང། །གུ་རུ་ནཱ་རོ་པའི་ཞལ་ནས། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། །གླིང་དང་གླིང་ཕྲན་རྣམས་ལ་དབང ་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་འགྱུར་རྣལ་འབྱོར་ནི། །འཁོར་བ་དབང་སྒྱུར་བདེ་བ་ཆེན་པོ་ཡིན། །གུ་རུ་ཤ་ལི་པའི་ཞལ་ནས། ལེགས་བྱས་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང ་ན་བདག་ཉིད་འཇིགས་འགྱུར་ལ། །བརྟགས་ན་མ་གྲུབ་གཟུགས་བརྟན་སྣང། །གུ་རུ་ཏཻ་ལོ་པའི་ཞལ་ནས། །རི་རབ་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་གསེར་དུ་སྣང། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ནས་བདེ་བ་ཆེ། ། ་གུ་རུ་ཙ་ཏྲ་པའི་ཞལ་ནས། རྣལ་འབྱོར་པ་ཡིས་གང་སྣང་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོགས་པ་སློབ་དཔོན་མཆོག། བྱིས་པ་རྣམས་ཀྱི་གཉིས་འཛིན་རྟོག་པ་ཡིན། །དགེ་དང་སྡིག་པའི་འབྲས་བུ་དེ་ལ་གཉིས་སུ་འབྱུང། །གུ་རུ་བྷ་དྲ་པའི་ཞལ ་ནས། །སྟོང་ཉིད་དོན་རྟོགས་འཁྲུལ་བ་བཞི། །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་གོམས་པ་ཡིས། །མི་མཐུན་རོ་གཅིག་འབྲས་བུར་རྟོགས། །གུ་རུ་དྷ་ཁན་དྷའི་ཞལ་ནས། ཀུན་རྫོབ་བསྐྱེད་པའི་རིམ་པ་དང། ། ་དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆད། །གུ་རུ་ཨ་ཛོ་ཀའི་ཞལ་ནས། བླ་མ་དམ་པའི་གདམས་དག་གིས། །སྟེང་སྒོ་ནས་རྩེ་ཐིག་ལེར་བསྒོམས། །དེ་ཉིད་ལ་ནི་བློ་བརྟན ་པས། ཡུལ་ལས་དཀར་སྟོང་དམིགས་པ་སྟོར?། །གུ་རུ་གལ་པའི་ཞལ་ནས། འགྲོ་པ་འདི་དག་ཐོག་མེད་དུས་ནས་འཁྲུལ། །དེ་ཡིས་འཇིག་རྟེན་ཐམས་ཅད་མ་སྙོམས་གྲགས། །བླ་མའི་གདམས་ངག་བདུད་རྩིའི་སྨན་གྱིས་ནི། །འཁྲུལ་པའི་ནང་རྣམས ་སྐད་ཅིག་གཅིག་ལ་སྲེག། གུ་རུ་ཌོམྦྷི་བའི་ཞལ་ནས། ཡུན་རིང་དུས་ནས་དྲི་མ་འཁྲུད་བྱས་ཀྱང། །སོལ་པའི་རང་བཞིན་དཀར་པོར་འགྱུར་པ་མེད། །རང་བཞིན་རྣམ་དག་སྟོང་ཉིད་དག་པར་འགྱུར། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག ་གུ་རུ་ཀཾ་ཀ་ནི་ཞལ་ནས། རྟོག་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་བྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །གུ་རུ་ཀམ་པ་ལའི་ཞལ་ནས། རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར ་བུས་གང་བ་ལ། །གླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་པ་དང་ལྡན་ལོངས་སྤྱོད་ངོ་མཚར་ཆེ། །གུ་རུ་དྷེ་ཀི་པའི་ཞལ་ནས། རྟ་དང་གླང་པོ་རྒྱ ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུང་མིག་དང་འཁོར་ལོ་ལྟ་བུས་འབྲས་བུ་ཐོབ། །གུ་རུ་བྷནདྷེའི་ཞལ་ནས། །མངོན་ཞེན་མེད་པ་བྱམས་པའི་མཆོག། ་གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་པ་དགའ་བ་སྟེ། །ཆོས་རྣམས་རོ་ཅིག་བཏང་སྙོམས་རྫོགས། །གུ་རུ་ཏེནྟ་ནའི་ཞལ་ནས། །ཇི་ལྟར་དྲན་རིག་སྣ་ཚོགས་དག། རྟོག་མེད་དབྱིངས་སུ་ཟད་ཅིང་འགག། དེ་བཞིན་སྣང་སྲིད་ཆོས་རྣམས ་ཀུན་?་སྟོང་ཉིད་དབྱིངས་སུ་ཟད་ཅིང་འགག། གུ་རུ་ཀུ་ཀུ་རི་པའི་ཞལ་ནས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང། །འདོད་དང་འབད་རྩོལ་ཡོང་ན་སངས་རྒྱས་མིན། །བླ་མ་དམ་པའི་བྱིན་རླབས་ཉམས་མྱོང་དཔལ། །ཆ་ལྡན ་རང་ལ་ཡོད་ཀྱང་མ་མཐོང་ངོ། །གུ་རུ་ཀུ་ཅི་པའི་ཞལ་ནས། གང་པ་ལྷན་ཅིག་སྐྱེས་པ་ནི། །གླང་པོ་ཆེ་ཡི་མིག་བཞིན་དུ། །བཟེ་རོ་བསྐྱེད་ན་ཟུག་རྡུ་འབྱུང། །ཀློད་ནས་མ་ཞེན་བསམ་གཏན་མཆོག། བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི ་མཛའ་མ་རྙེད། །གང་ཞིག་མ་རྙེད་དེ་མཛའ་འོ། །མཛའ་དེ་རྟོགས་ན་དོན་གྱི་མཆོག། གུ་རུ་དྷ་མའི་ཞལ་ནས། གཉིས་ལས་མ་རིག་དུག་དག་གིས། །རིག་པ་སྐྱེས་པ་རྒྱུན་དུ་ཟིན། །བླ་མའི་གསུང་གི་འོད་ཟེར་གྱིས། །སྣང་སྲིད་འཁྲུལ་པའི་དུག་ནང་སེལ ་གུ་རུ་མ་ཧི་ལའི་ཞལ་ནས། །མ་རིག་པ་ཡི་ང་རྒྱལ་གྱིས། །མ་རྟོགས་ཡིད་བཞིན་ནོར་བུ་བསྒྲིབས། །སྤྱོད་པར་འདོད་པས་དགོས་འདོད་འབྱུང། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །གུ་རུ་ཨ་ཙེ་?་ཞལ་ནས། དམིགས ་མེད་ཕྱག་རྒྱ་ཆེན་པོ་རུ། །འཁུལ་པའི་དྲན་ཡིད་སྣ་ཚོགས་སྟོར། །ཡེ་ཤེས་རིག?་པའི་སྣང་བ་ཡིས། །གང་སྣང་ཕྱག་རྒྱ་ཆེན་པོར་མཐོང། །གུ་རུ་པ་ཧའི་ཞལ་ནས། །བདེ་བོ་བདེ་པ་དངོས་མེད་བདེ། །ཞེན་པ་མེད་པས་དངོས་མེད་པ་དེ། །བརྟགས་པ་ཐིང? ་དེར་ཤེས་བདེ། །བསྒྲུབ་པ་མེད་པའི་གསང་བ་བདེ། །གུ་རུ་ནི་ལ་ནའི་ཞལ་ནས། སྤྱི་བོའི་འདབ་མ་འདབ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་པོའི་འབྱིན་པ་མཆོག་ཏུ་དགའ་། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ། །གུ་རུ་བྷུ་སུ་ཀུའི་ཞལ ་ནས་བདག་ཉིད་མ་རྟོགས་པར་དུར་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཐ་དད་ཆེ། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་པའི་རིན་ཆེན་བཞིན། །གུ་རུ་ཨིནྡྲ་བྷུ་ཏིའི་ཞལ ་ནས། དུས་ཀྱི་སྣ་རྩེ་དག་ནི་བྱིན་རླབས་དག་དང་མི་ལྡན་ན། །ཕྱི་དང་ནང་དུ་སྤྱོད་པ་དག་གི་རྣལ་འབྱོར་འཚང་མི་རྒྱ། །དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པ་ནི། །ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ ་དགའ་། །གུ་རུ་མ་ཀོ་པའི་ཞལ་ནས། བླ་མ་དམ་པ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་སྣང་བ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨོན་པའི་བརྟུལ ་ཞུགས་སྤྱོད་པར་བྱ། །གུ་རུ་ཀོ་ཏ་ལའི་ཞལ་ནས། །བདེ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང། །གཉུག་མའི་བདེ་བ་ཆེན་པོ་ཕོབ་མི་འགྱུར། །ཐ་མལ ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་པ་རྒྱུན་མི་འཆད། །བཏགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམས་དང་བསྒོམ་མེད་གཉུག་མའི་ངང་ལ་ཞོག། གུ་རུ་ཀི་རི་པའི་ཞལ་ནས། རང་བཞིན་གཟུགས་ཀྱི་སོལ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལར་སྣའི་སྤུད་པ་བུས་།དྷུ་ཏཱི་ཡེ་ཤེས་མེ་སྤར་ནས། །དུས་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །ཀམ་རི་པ་ཡིས་རྟོགས་ནས་གྲོལ། །གུ་རུ་ཛ་ལནདྷ?་རའི་ཞལ་ནས། །ཁམས་གསུམ་ལུས་ངག་ཡིད་གསུམ་གྱིས། །དྲན་རིག ་རྣམ་རྟོག་སྣ་ཚོགས་ཀུན། །ལ་ལར་ས་ན་དྷ་ཏི་རུ། །བྱིན་རླབས་ཅི་ཕྱིར་བཅིང་མི་བགྱི། །གུ་རུ་རཱ་ཧུ་ལའི་ཞལ་ནས། །ཕྱི་ཡི་སྒྲ་གཅད་བཟང་པོ་ཡིས། །ཟླ་པའི་སྣང་བ་གཉིས་མེད་ཟོས། །ཀུན་རྫོབ་?་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས ་མེད་ཟོས། གུ་རུ་དྷརྨ?་པའི་ཞལ་ནས། སྣང་སྲིད་ཆོས་ཀྱི་སྣོད་དུ་ནི། །བྱང་ཆུབ་སེམས་ཀྱི་མར་ཁུ་བླུགས། །ཚོགས་དྲུག་རྣམས་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མ་སྦར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ་།གུ་རུ་དྷོ་ཀ་རིའི་ཞལ་ནས། ཆོས ་དབྱིངས་རང་བཞིན་སྨོད?་ནང་དུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག། དབྱིངས་རིག་གཉིས་ཀྱི་འབྲས་བུ་ནི། །སྐལ་ལྡན་རྣལ་འབྱོར་རིགས་པས་རྟོགས། །གུ་རུ་མེ་དྷི་ནིའི་ཞལ་ནས། རིག་པ་གཉུག་མའི་ཤེས་རབ་དང། །ཉོན་མོངས་གོས་པའི་ཐབས ་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས། །གུ་རུ་བཾ་ཀ་ཛའི་ཞལ་ནས། ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་ངག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་འཆིང་བུ་མཉམ། །བླ་མ་དང་ནི་རྟོགས ་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེ་ལྷུན་གྲུབ་འབྲས་བུ་རྟོགས། །གུ་རུ་བཾ་ཀ་ཛའི་ཞལ་ནས། ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་འཆིང་བུ་མཉམ། །བླ་མ་དང་ནི་རྟོགས ་པས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བྷ་མེ་ཁྱེར་ཡཇི་བཞིན་ནོ། །གུ་རུ་གྷནདྷ་པའི་ཞལ་ནས། །ལ་ལར་སྣ་དྷུ་ཏE་གསུམ། བླ་མས་བྱིན་རླབས་བཅིང་བར་བྱ། །བདག་དང་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས ་པས་བསྟེན། །གུ་རུ་ཛོ་གི་པའི་ཞལ་ནས། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བའི་ཡིད་གོམས་པས། །བརྟན་ཞིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་ཐིམ་པར་འགྱུར། །གུ་རུ་ཙ་ལུ་ཀའི་ཞལ་ནས། ་བླ་མ་དམ་པའི་གདམས་པ་ནི། །ཡུན་རིང་དུས་ནི་གོམས་པ་ཡིས། །ས་སོགས་རིམས་པས་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །གུ་རུ་གོ་ཏུ་རིའི་ཞལ་ནས། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བའི་དོན་རྟོགས ་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །གུ་རུ་ལུ་ཙི་ཀའི་ཞལ་ནས། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་པའི་རྒྱ་མཚོར་ཡུན་རིང་འཁྱམས། །གྲུ་མཆོག་བླ་མ་དམ་པ་ཡིས། །རྒལ་དཀའ་ཨི ་མཚོ་ལས་དེ་རིང་བརྒལ། །གུ་རུ་ནར་གུ་ནའི་ཞལ་ནས། ཆུ་རླབས་ལྟ་བུའི་ཉམས་བསྟན་ནས། །སྤྱོད་པ་ཐབས་ཀྱིས་གཞོལ་བར་བྱ། །བླ་མ་དམ་པའི་གདམས་དག་གིས། །ཆགས་སྡང་རྟོགས་པ་རང་ཞིར་བྱས། །གུ་རུ་ཛཱ་ནན་ཏའི་ཞལ་ནས། ་ཡེ་ཤེས་རིག་པའི་ཏིང་འཛིན་ནི། །ཐོག་མ་མེད་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མུན། །གུ་རུ་པ་ཙ་རིའི་ཞལ་ནས། གར་ཡང་མི་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ།། ་སྔགས་ཀྱི་གསང་བསྣོབས?་བརྗོད་ནས། །རྣལ་འབྱོར་རྟགས་ནི་དགུ་པར་བྱ། །གུ་རུ་ཙམ་པ་ཀའི་ཞལ་ནས། ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། །བླ་མ་ཆུ་བོ་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པ་དཔག་བསམ་ཤིང་དག་ལས། ། ་འབྲས་བུ་སྐུ་གསུམ་རང་གསལ་རབ་ཏུ་རྫོགས། །གུ་རུ་བྷི་ཀྵ་ཎིའི་ཞལ་ནས། བླ་མེད་དུར་ཁྲོད་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་ཆེན་བགྲོད་དཀའ་ཨི་ལམ་བསྟན་པས། །ཕྱག་མཚན་བྲལ་བའི་དབང་ཕྱུག་རྣལ་འབྱོར་མཆོག། བླ་མའི་གདམས ་པའི་དྲིན་གྱིས་དེ་ཉིད་རྟོགས། །གུ་རུ་དྷེ་ལི་བའི་ཞལ་ནས། །བདག་ཉིད་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །དབང་བླངས་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །གུ་རུ་ཀཾ་པ་ལའི་ཞལ་ནས། རྒྱུ་འཐུན་ལས ་ཀྱི་འཁོར་ལོ་ཡིས། །སྲིད་པའི་གླུ་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །འཁྲུལ་བའི་དྲི་མ་མ་ལུས་བསྲེགས། །གུ་རུ་དྷརྨཱ་པའི་ཞལ་ནས། །སྔགས་པ་ཀུན་གྱི་སྡོམ་པ་མཆོག། རང་གི་རྟོགས་ལ་ཞེན་མེད་དེ། །གཉུག་མ་སེམས་ཀྱི་རྟོགས ་?་གང། །སངས་རྒྱས་ཐམས་ཅད་དེ་མཐོང་ཡིན། །གུ་རུ་མ་ཎི་བྷ་དྲའི་ཞལ་ནས། །གང་ཞིག་མི་རྟོག་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲང། །དེ་ཕྱིར་རང་བཞིན་མངོན་དུ་གྱུར། །གང་སྣང་རང་བཞིན་དེ་དེ་ཉིད། །གུ་རུ་མེ་ཁ་ལཱི་ཞལ་ནས། ཕྱི་དང་ནང་ཀུན ་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་བསྒོམ་པའི་མཆོག། གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །གུ་རུ་ནཱ་ཀལྒའི་ཞལ་ནས། གོ་ཆ་ཆེན་པོ་བགོས་ནས་ཀྱང། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས།། ་རི་མོའི་ཁོང་པར་ངེས་པར་ཞུགས། །གུ་རུ་ཀ་ལ་ཀ་ལའི་ཞལ་ནས། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །སྐྱེ་མེད་འབྲུག་སྒྲ་ལེགས་སྒྲགས་ལས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུ་མཛེས། །གུ་རུ་ཀནྟ་ལའི་ཞལ་ནས། ་བླ་མ་དམ་པའི་ཁབ་དག་དང། །སྙིང་རྗེ་ཡི་ནི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམས། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །གུ་རུ་དྷ་ཧུ་ལའི་ཞལ་ནས། །ཟུང་འཇུག་རིག་པ་རིན་ཆེན་མཛོད། །གཉིས་མེད་དང་སྟེ་བཙལ་བས་མིན། །བྱ་བ་བཏང ་བའི་སེམས་བཞིན་དུ། །ཇི་ལྟར་གཞག་པ་དེ་ལྟར་བདེ། །གུ་རུ་ཨུ་བྷི་ལའི་ཞལ་ནས་།ཇི་ལྟར་རྣལ་འབྱོར་རྗེས་འབྲངས་འཁྲུལ། །མ་འབྲེལ་བག་ཆགས་མ་བཏང་ཟུང། །གང་ལ་མི་གནས་འགྲོ་བ་ཟུང། །གཞན་ལ་བཙལ་བ་དེ་ཡང་མིན། །གུ་རུ་ཀ་པཱ་ལའི ་ཞལ་ནས། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོད་པ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང། །རང་གིས་བཙལ་བས་རྙེད་མ་ཡིན། །གུ་རུ་ཀིར་བ་པའི་ཞལ་ནས། །ཇི་ལྟར་མ་རྟོགས་བར་དུ་རང་གཞན་རྟོག་པས་བཅིངS ་དེ་ཚེ་རྟོག་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དགས་ཡིན། །དེ་ཉིད་སྤྲོས་དྲལ་མ་བཅོས་རང་སར་རང་བཞིན་ཟུང། །གུ་རུ་པ་ག་རའི་ཞལ་ནས། འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཆར ་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིག་འཛིན་པོ་མོ་ལ། །གསང་སྔགས་རིག་པའི་ཆར་དབབ་པོ། །གུ་རུ་སརྦ་བྷི་ཀྵའི་ཞལ་ནས། གང་ཞིག་མ་རྟོགས་དུས་ངན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག ་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང། །དེ་ཉིད་རྟོགས་ན་འཁོར་བ་མྱང་འདས་བདེ་བ་ཆེ། །གུ་རུ་ནཱ་ག་བོ་དྷིའི་ཞལ་ནས། ས་ལ་གནས་ན་ཐམས་ཅད་སྐལ་པ་བཟང། །རྒྱ་མཚོའི་གཏིང་དུ་ཕྱིན་ན ་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་འཕྲད། །གུ་རུ་དྷ་རི་ཀ་པའི་ཞལ་ནས། བདེ་བ་ཆེན་པོ་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །བདེ་གསལ་འདོད་པའི་བསོད་ནམས་ཡེ་ཤེས ་ཚོགས་བསགས་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང། །བླ་མ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །གུ་རུ་སུ་ཏ་པའི་ཞལ་ནས། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློས་གཞག་ལོག་པའི་ལམ་སྤངས ་ནས། །སྙིང་བོའི་ལམ་ལ་བརྩོན་བྱས་ན། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གིས་བླ་མ་དམ་པ་ལས། །དབང་རྣམས་ལྷན་ཅིག་སྐྱེས་པ་དེས། །རོ་ཡིས་ཀུན་ལ་ཁྱབ་བྱ་སྟེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །གུ་རུ་པ་ན་ཧའི་ཞལ་ནས། སྙིང་པོ་གཉུག་མའི ་དོན་བསམས་པས། །ཇི་ལྟར་བསམས་པས་དེ་ལྟར་རྟོགས། །དེས་ན་དེ་ཉིད་རང་དགར་གནས། །འདོད་དགུ་ལྷུག་པར་ཐམས་ཅད་འབྱུང། །གུ་རུ་ཀོ་ཀི་ལའི་ཞལ་ནས། བྱ་བ་བཏང་བ་མན་ངག་ཡིན། ཞེས་འདོད་མེད་པ་རྟོགས་པ་ཡིན། །བདེ་བ་དངོས་མེད ་བསྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་འབྲས་བུའི་མཆོག། གུ་རུ་ཨ་ནང་གོའི་ཞལ་ནས། འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡིས། །དུག་གིས་བཟུང་ནས་བདེ་བར་འཛིན། །མངོན་ཞེན་དུག ་ནད་སྤངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །གུ་རུ་ནཱ་ལི་ཀྵ་ནའི་ཞལ་ནས། དང་པོར་བློ་ལྡན་རྟོགས་པ་བསྐྱེད། །གཉིས་པ་གནས་ལུགས་མ་ཡེངས་བསྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྦྱོད་པ་བགས་ཀྱིས་སྤྱད་པར་བྱ། །གུ་རུ་ས་མུ་དྲའི ་ཞལ་ནས། སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་མོ་ལག་ཏུ་བུ་ཁྱེར་འདྲ། །ཉམས་མྱོང་གནས་ལུགས་དག་དང་མ་འབྲེལ་ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། །གུ་རུ་བྱ་ལི་པའི་ཞལ་ནས། བླ་མ་དམ་པ་མཐོང་ན་དེ་ཉིད ་མཐོང། །ནམ་མཁའ་ཨི་མཐོང་སུ་བསྒོམས་ན་དཔེན་པའི་མཆོག། ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའ་ཨི་འོ་མ་འཐུངས་ན་འཚོ་བར་འགྱུར། །སྐལ་ལྡན་དག་གི་དོན་ཕྱིར་བླ་མ་རྣམས་ཀྱི་རྟོགས་པའི་སྙིང་པོ་ཀུན། །ཚད་མེད་བློ ་ཡིས་ལེགས་བསྡུས་བསོད་ནམས་རྒྱ་ཆེན་བདག་གིས་གང་ཐོབ་དེས། འགྲོ་རྣམས་བླ་མ་དང་འཕྲད་བྱིན་རླབས་ཡང་དག་སེམས་ལ་ཞུགས་གྱུར་ནས། །གནས་ལུགས་དོན་ཉིད་ཡང་དག་སེམས་རྟོགས་རྒྱལ་པའི་ས?་ལ་གནས་གྱུར་ཅིག། ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའོ།། །།རྒྱ་གར་སྐད་དུ། ཙརྱཱ་ཀོཥྚཱི་པྱཱ?་ཎཱི་བྲིཏྟི་ནཱ་མ། བོད་སྐྲད་དུ། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ ་