| Wylie | e-texts based on the ACIP/ALL Input |
དོན་མེད་སྡུག་བསྔལ་མང་པོ་མྱོང། །འཁྲུལ་པའི་རྗེས་སུ་འབྲངས་པ་ཡིས། །འཁྲུལ་པ་སྤོང་བར་མི་འགྱུར་ཏེ། །དཔའ་བོ་སྙིང་རྗེར་ལྡན་པ་ཡིས། །དེ་བཞིན་ཉིད་ལ་གོམས་པར་ཀྱིས། །ཇི་ལྟར་ཇི་ལྟར་རྣམ་དཔྱད་ན། །དེ་ལྟ་དེ ་ལྟར་རྣམ་པར་བྲལ། །ཤེས་རབ་སྡུལ་གདུག་མགོ་མངས་ཀྱིས། །བདག་ཉིད་ལ་ནི་ཟ་བར་བྱེད། །ཤེས་རབ་སྤྲུལ་གདུག་མགོ་མངས་ནི། །ཏིང་འཛིན་འོ་མས་རྟག་ཏུ་གསོས། །རྣམ་རྟོག་ནེའུ་ལེ་གསོད་པར་བྱེད། །ཤེས་རབ་སྦྲུལ་མགོ་བརྒྱ་པ ་ཡིས། །ནཱ་རོ་པ་ལོ་རྟག་ཏུ་ཟ། །དེ་ནི་སུ་ཡེས་ཤེས་པ་ཡིན། །ནཱ་རོ་པ་ནི་ཉིད་ཀྱིས་ཤེས། །ནཱ་རོ་པ་ནི་ཉིད་ལ་དྲིས། །མཧཱ་ཡོ་ག་ནཱ་རོ་པའི་རྡོ་རྗེའི་གླུ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ་།རྡོ་རྗེའི་གླུ། ཐུགས་རྗེ་ཆེན ་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་ན་ང?། དེ་ལྟར་ན་ཁྱོད། ཐ་དད་པར་བྱེད་པ་རྣམ་པར་རྟོག་པ། བདུད་རྩིའི་རྒྱ་མཚོ་ལས་སྤྲུལ་འོངས། ཆོམ་རྣམ་པར་རྟོག་པ། རྡོ་རྗེའི་གླུ་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་གཱི?་ཏི། བོད་སྐད་དུ། རྡོ་རྗེའི ་གླུ། དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ། །སྨྲའོ། །ནག་པོ་པའི་ཡིད་གང་དུ་ཡང་མི་གནས་པར་ཐམས་ཅད་ཅ་ལེ་ཙལ་ལར?་སྣང་ངོ། །སློབ་དཔོན་ནག་?་ཞབས་ཀྱི་རྡོ་རྗེའི་གླུ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙ་ཏུ་ར་སིདྡྷི་སམ ་བྷེ་དྷ་ཧྲི་དཱ་ཡ་ནཱ་མ། བོད་སྐད་དུ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ཞེས་བྱ་བ། དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡང་དག་དོན་རྟོགས་སངས་རྒྱས་དང་འདྲ་གྲུབ་པའི་ཞབས་ལ་གུས་བཏུད་ནས། །གང་ཞིག་སེམས ་ཅན་འཁོར་བའི་རྒྱ་མཚོར་མི་དགེ་ལས་ཀྱི་ཆུ་སྲིན་གྱིས། །རབ་ཏུ་གཡེངས་ཤིང་ཁྲིད་འགྱུར་དེ་དག་གདོན་ཕྱིར་རྣལ་འབྱོར་དཔའ་བོ་ཡིས། །གྲུབ་པ་དག་གི་ཉམས་མྱོང་རྟོགས་པའི་ལྟ་བ་ཕྲེང་བར་བསྡེབ་པར་བྱ། །གུ་རུ་ལཱུ་ཡི་པའི་ཞལ་ནས། ་ཁྱི་རྒོད་མི་སྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མིན་རྣམས་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེགས། །སྐལ་ལྡན་སྐྱེ་མེད་རྟོགས་པ་རྣམས་ནི་སྣང་བཏུག་ཕྲད་པ་ཅམ་གྱིས་རྣམ་རྟོག ་འཛོམས?། །དཔེར་ན་གླང་ཆེན་རབ་བརྟན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །གུ་རུ་ལི་ལ་པའི་ཞལ་ནས། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་ག་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན།། ་རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལི་ལས་དེ་ལྟར་རྟོགས་ནས་གྲོལ། །གུ་རུ་བིརྦ ་པའི་ཞལ་ནས། །ཕྱག་རྒྱ་ཆེན་པོའི་དང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་རང་གི་དང་ལ་བཞག། ཆད་པར་མི་འགྱུར་ཉམས་སུ་མྱོང་བར་རང་གིས་རིག། རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག། གུ་རུ་ཌོམྦྷི་བའི ་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེང་དུ་སྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །གུ་རུ་ཤ་པ་རི་པའི་ཞལ་ནས། མ་རིག་པ་ཡི་ནགས་ཚལ་དུ། །བཟུང་འཛིན་གཉིས ་ཀྱི་རི་དགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བརྡུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །གུ་རུ་ས་ར ་ཧའི་ཞལ་ནས། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་བརྙེད་བླ་མ་དམ་པའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་འཆད་པ་མེད། །གུ་རུ་ཀཾ་ཀ་ལིའི་ཞལ་ནས། ཇི་ལྟར་ནམ་མཁའ་སྟོང་པ ་