| Wylie | e-texts based on the ACIP/ALL Input |
ཅད་རྒྱ་མཚོ་ཆེན་བོར་གཅིག། གང་ཞིག་ལྟོགས་པའི་དུས་སུ་ཟས་སྟེར་བ། །ནད་རྣམས་གསོ་བ་སྨན་པའི་རྒྱལ་བོ་སྟེ། །ཆུ་བོ་ཆེན་པོ་སྒྲོལ་བའི་མཉན་པ་མཆོག། གནོད་པའི་དགྲ་རྣམས་འདུལ་བའི་དཔའ་བོ་སྟེ། །དགེ་བཤེས ་རྒྱལ་པོ་ཕྱོགས་མེད་ཀུན་ལ་སྙོམས། །མཁས་པ་དག་གིས་འཆའ་ཚོན་ལྟ་བར་བྱ། །གནང་དུ་བསྣུན་པའི་ཚོར་བ་སྤོངས་པ་མེད། །བུང་བ་མེ་ཏོག་དག་ལ་ཆགས་ཞེན་བྲལ། །ཉ་ནི་རྟག་ཏུ་ཆུ་ལས་ཡོང་མི་འདའ་། །རྩི་སྨན་ཡོད་ཀྱང་དུག་ལ་རེག ་ནི་བྱེད། །ཇི་ལྟར་ཕྱུག་པོ་སོ་ནམ་བྱེད་པ་ལྟོས། །སེང་གེའི་འོ་མ་ཀླུགས་པའི་ཁ་བཞིན་བསྡམས། །སྨོན་པ་རང་གི་སྙིང་ལ་མཚོན་བསྣུན་དང། །གཤེད་མས་ཟིན་པའི་ཆད་པས་བཅང་པའི་མི། །ས་བོན་རུལ་བ་མྱུ་གུ་ཡོང་མི་སྐྱེ། ཚེ་ལོ་སུམ་ཅུ་ཉི ་ཤུ་བཅུ་བ་བཞིག་།གང་ཞིག་ཡེ་ཤེས་ཉི་མ་ཤར་ནས་ནུབ། །དབུལ་པོས་ནོར་བུ་རིན་ཆེན་རྙེད་ནས་བོར། །གང་དག་ཅང་ཤེས་རྟ་ལོ་ཞེན་ནས་འབབ། །ཇི་ལྟར་དབུལ་པོའནོར་བུ་རྒྱལ་པོས་ཕྲོགས། །ཡིད་བཞིན་ནོར་བུ་མཆོད་ན་དགོས་འདོད་འབྱུང།། ་དངུལ་དཀར་མེ་ལོང་ཡང་ཡང་ཕྱིས་ན་གསལ། །བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་འབད་བ་མེད། །མེ་ཏོག་པདྨ་བུང་པའི་ཚོགས་རྣམས་འདུ། ། ཨོཾ་ཧཱུཾ་།ེ་མ་ཧོ། །པོ་ཏ་ལ་ལ་ནམ་ལངས་ཉི་ཤར་མཉམ། །འཇིམ་པའི་ལོགས་ལ་གཏབ་པའི་བདེ ་གཤེགས་སྐུ། །མྱུ་གུ་མེ་ཏོག་འབྲས་བུ་རིམ་གྱིས་སྨིན། །དབང་པོ་སྐྱོན་དང་བྲལ་ན་གཟུགས་རྣམས་མཐོང། །ཤེལ་གོང་དྲི་མ་མེད་པ་ཕྱི་ནང་གསལ། །སྒྱུ་མ་མཁས་བ་སྦྲུལ་བ་སྣ་ཚོགས་སྟོན། །རྡོ་རྗེ་ཕ་ལམ་གང་གིས་གཞོམ་པར་མིན། །ཡིད་བཞིན ་ནོར་བུས་མི་མཐུན་གནོད་པ་སེལ། །སེང་གེ་མངལ་རྒྱ་ཁྱུང་ཕྲུག་སྒོང་རྒྱ་བྲལ། །མཁའ་ལ་ཉི་ཤར་འོད་ཟེར་ཕྱོགས་བཅུར་ཁྱབ། །སྲིན་བུ་བུད་པ་གནས་གྱུར་མཁའ་ལ་འཕྱོ། །ཡིད་བཞིན་ནོར་བུ་རྟོག་མེད་དགོས་འདོད་འབྱུང། །རང་གི་གྲིབ་མ་མཐོང ་བས་འབྲོས་པ་དང། །རི་དགས་སྨིག་རྒྱུ་རྙོག་པ་ནོར་བ་སྟེ། །དགྲ་ལ་ཟིན་དུ་མཐོང་ན་ངེས་པར་གསོད། །འཁྱག་པའི་རང་བཞིན་ཆུ་རུ་ཤེས་པར་བྱོས། །ཉི་ཟླའི་ངོས་ལ་འཆར་ནུབ་གསལ་འགྲིབ་མེད། །རིན་ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང། །ེ་མ ་ཧོ། །དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང། །རང་བཞིན་ལས་དང་འབྲས་བུ་གསུམ་དེ་གནས། །གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ན། །དེ་ཕྱིར་སྐུ་གསུམ་གྱིས་གྲུབ་པར་གནས། །རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ། །ལམ་ནི་མཚན་མེད་རྣམ ་པར་ཐར་པའི་སྒོ། །འབྲས་བུ་སྨོན་མེད་རྣམ་པར་ཐར་པའི་སྒོ། །སྒོ་གསུམ་ཕྱེད་པས་སྐུ་གསུམ་ཞལ་མཐོང་འགྱུར། །འོན་ཀྱང་ཐམས་ཅད་བརྫུན་པའི་རང་བཞིན་ལ། །དོན་ལ་ཆེད་དུ་བྱ་བཅི་ཡང་མེད། །ཤིན་ཏུ་གསང་བ་རྡོ་རྗེའི་ཚིག་འདི་དག། ཁྱོད་ཀྱི་ཡེ ་ཤེས་རིག་པས་རྟོགས་པར་གྱིས། །དཔལ་ཤ་བ་རི་དབང་ཕྱུག་དང། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང། །པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། བརྡ་རྒྱུད་གསང་བའི་སྒྲོན་མེ་རྫོགས་སོ།། །། ་རྒྱ་གར་སྐད་དུ་།བཛྲ་གྷི?་ཏི། བོད་སྐད་དུ། རྡོ་རྗེའི་བླུ། བཅོམ་ལྡན་འདས་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པའི་གདོན་ཆེན་པོས། །ཟིན་པར་གྱུར་པའི་སྨྱོན་པ་དག། རྡོ་ཤིང་སོགས་ལ་གསེར་དུ་མཐོང། །དེ་ལ་རིན་ཆེན ་གསེར་ཡོད་མིན། །རྣམ་རྟོག་གདོན་གྱི་རྗེས་འབྲངས་ནས། །སྐད་ཅིག་སྐད་ཅིག་བཅིངས་པར་འགྱུར། །ཤེས་རབ་སྙིང་བརྩེར་བཅས་པ་ཡིན། །དེ་གཞོམ་པ་ལ་འབད་པར་གྱིས། །སློབ་དཔོན་ཆེན་པོ་ནཱ་རོ་པའི་རྡོ་རྗེའི་བླུ་རྫོགས་སོ།། །། ་རྒྱ་གར་སྐད་དུ། བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེའི་གླུ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་གྱུར་ཏོ་རང་གི་སེམས། །ཇི་ལྟར་ཇི་ལྟར་རྣམ་རྟོག་བ། །དེ་ལྟ་དེ་ལྟར་རྣམ་པར་བཅིངས།། ་