| Wylie | e-texts based on the ACIP/ALL Input |
ངག་སྙན་ནས་སྙན་དུ་བརྒྱུད་པའི་གདུང་བ་བཅད་པའི་གདམས་པ་ཞེས་བྱའོ། །སྤྲུལ་པའི་རྣལ་འབྱོར་པས་གཞུང་དུ་བཀོད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་བཛྲ་གཱི་ཏི་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ན་མོ་དྷརྨ་ཀཱ་ཡ་མཧཱ་སུ་ཁ་ཡེ། ཀྱེ་འོ་གཉིས་མེད་རྡོ་རྗེ་འདི་ལྟར་ཉོན། །གང་ཞིག་མིག་མེད་པ་ཡིས་ལམ་མཁན་བསྟེན། །བུ་ཆུང་དཔའ་བོ་མ་ལ་རག་ལུས་ཏེ། །མེ་ལོང་བསྟན་པས ་བཞིན་གྱི་དཀྱིལ་འཁོར་གསལ། །ངང་པའི་མཆུ་ཡིས་ཆུ་དང་འོ་མ་འབྱེད། །བསྐལ་པའི་མུན་པ་སེལ་བྱེད་སྒྲོན་མེ་སྟེ། །གཏེར་གྱི་བང་མཛོད་འབྱེད་པའི་ལྡེ་མིག་མཆོག། མི་ཟད་གཏེར་ཆེན་འབྱིན་པའི་རྒྱལ་པོ་བསྟེན། །དབུལ་པོ་བསྟེན་པས་བདག ་ཉིད་དབུལ་པོར་འགྱུར། །ནམ་མཁའ་རྒྱ་མཚོ་ཉི་ཟླ་གསུམ་ལྡན་བསྟེན། །ནེ་ཙོའི་ཁ་ཐོན་སྙན་པས་ཅི་ཞིག་ཕན། །འདབ་ཆགས་བུ་ནི་མཁའ་ལ་སྤུར་ན་བདེ། །དུད་འགྲོ་གཡང་ལ་བསྐྱུར་ན་གསོན་མི་རུང། །ཉི་ཟླ་གཟའ་བྲལ་སྤྲིན་པ་རླུང་བཏབ་གསལ།། ་སྦྱིན?་སངས་གྱུར་ཀྱང་?་ཟིན་སྣང་བ་མེད། །ཆུ་སྐྱེས་པདྨའི་བཅུད་ནི་བུང་བས་ལེན། །འདི་སྦལ་དྲུང་ན་གནས་ཀྱང་དེ་ལྟ་མིན། །ཆུ་ཤེལ་ཆུ་ནི་རྐྱེན་དང་འཇོམ་པ་ཅེས། །སེང་གེའི་འོ་མ་སྣོད་ངན་ཕལ་པར་མ་ནི། །ོཾ་ཨཱ:ཧཱུཾ་ཨེ་མ་ཧོ། །སྣང་? ་ཐམས་ཅད་ནམ་མཁའ་ཉིད་ལས་བྱུང། །ནམ་མཁའ་ཡོད་མེད་ཕྱོགས་རྒྱུ་ཁ་དོག་བྲལ། །ཐོག་མ་བར་དང་ཐ་མ་འགྲོ་འོང་མེད། །འབྱུང་བཞི་རབ་ཏུ་འཁྲུགས་ཀྱང་འགྱུར་མི་སྲིད། །རྐྱེན་གྱིས་དཀར་ནག་སྣང་ཡང་དཀར་ནག་མེད། །རྒྱལ་མཚོ་གཏིང་ཟབ ་རྒྱ་ཆེ་སྣ་ཚོགས་འཚར། །རྦ་རླབས་རི་བོ་འདྲ་ཡང་རྒྱུ་མཚོའི་དང། །འཁྱག་རོམ་བྲག་འདྲ་ཆུ་ལས་ཡོངས་མ་འདས། །ས་ལ་སྣ་ཚོགས་འཁྲུངས་ཀྱང་ཟད་པ་མེད། །བསྲེགས་བཅད་བདར་ཡང་གསེར་གྱི་ངོ་མི་འགྱུར། །མེ་ནི་ཚ་ཞིང་ཆུ་ནི་རླན་མི་འབྲལ། །སྤྲུལ་པ་དྲུག་ནི་རབ ་ཏུ་རྟོགས་པར་གྱིས། །ནམ་མཁའ་སྟོང་ལས་སྟོང་པ་འབྱུང་བ་སྟེ། །རྐྱེན་གྱིས་མེ་ཆུ་འབྱུང་ཡང་ཤེལ་གྱི་ངོ་མི་འགྱུར། །བཀའ་རྟགས་ཕྱག་རྒྱ་གཉུག་མ་ཞེས་བརྗོད་དོ། །ས་འོག་གསེང་དང་གྱད་ཀྱི་ནོར་བུ་དང། །དབུལ་པོའི་གཏེར་དང་བུམ་པའི་མར་མེ ་ལྟོས། །ནོར་བུ་རིན་ཆེན་མི་གཙང་འདམ་དུ་བྱིང?། །སྒྱུ་མར་མ་ཤེས་རྒྱལ་པོ་ཨ་ཐང་ཆད། །ཐག་བ་སྤྲུལ་དུ་མཐོང་བས་བརྒྱལ་ནས་ཤི། །མར་མེ་ཉི་མ་དམུས་ལོང་མུན་པར་སྣང། །མི་གཙང་དྲི་ཟ་ཙན་དན་སྒྲིལ་འཕྲོས?། །མིག་སྐྱོན་ཅན་གྱིས་ཟླ་བ ་གཉིས་སུ་མཐོང། །གླང་པོ་བཞག་ནས་གླང་པོའི་རྗེས་ཚོལ་བ། །བུ་ཆུང་མེ་ལོང་གཟུགས་བརྙན་མཐོང་བས་དགའ་། །རི་དགས་འཁྲུལ་པ་སྨིག་རྒྱུ་ཆུ་ལ་སྙེག་།གསེར་མ་ཤེས་པ་དག་ན་ཕྱེ་མ་འཆང། །སྐོ་ཆུ་གླང་རྗེས་ཆུ་ནི་མྱུང་དུ་སྐམ། །རྒྱལ་མེད ་པ་དག་རྒྱ་མཚོར་ཞུགས་ན་འབྱིང། །ལམ་མཁན་མེད་པར་དམུན་ལོང་ལམ་འགྲོ་དང། །འདབ་གཤོག་མེད་པའི་བྱེ་བྲུག་འཕུར་ན་ལྟུང། །དུག་ལོ་བྲེགས་ནས་བསྐྱུར་བྱང་ཅི་ཞིག་ཕན། །མུན་ཁྲུང?་དག་ཏུ་སྒྲོན་མ་བཏེག་པས་བསལ། །ཐག་པ་གཅིག ་ཆོད་མདུད་པ་བརྒྱ་སྲོལ?་ཏེ། །ཐག་པ་མེས་ཚིག་དག་གིས་འཆིང་མི་ནུས། །གསེར་འགྱུར་རྩི་ཡིས་ཟངས་ལྕགས་གསེར་དུ་འགྱུར། །རྨ་བྱ་བཅན་དུག་ཟོས་བས་སྤུ་ཐོག་རྒྱས། །མིག་དང་ལྡན་པས་རྐང་པ་གར་བཞག་ཕྱིན། །དབང་གི་རྒྱལ་པོ་གཅིག ་ལ་འདོད་དགུ་རྫོགས། །ཁྱུང་ཕྲུགས་གཤོག་རྫོགས་མཁའ་ལ་སྤུར་ན་བདེ། །མར་མེ་བཏེག་པས་མུན་པའི་ལམ་གསལ་ཞིང། རུང?་ཤེས་སྒྲག་ཏུ་བཅུག་པ་ཕྱེ་བས་གྲོལ། །དང་པ་ཆུ་ལ་འོ་མ་ལེན་པ་ལྟོས། །དགྲ་སྐུགས་བཙལ་བས་འཇིགས ་པ་སངས་ནས་འགྲོ། །ནམ་མཁའ་ཨི་མ་མཐོང་ནམ་མཁའ་མཐོང་བ་སྟེ། །རྒྱ་དང་རྒྱའི་འབུང་ནི་ལོག་པར་འབྱུང། །མར་མེ་བསད་པས་ལུས་དང་གྲིབ་མ་མེད། །སྒྱུ་མ་བཤིག་པས་འདུ་ཤེས་རྣམ་ལྔ་སྤངས། །ཆུ་ལ་ཆུ་བཞག་དེ་ཉིད་དབྱེར་མེད་འགྱུར།། ་ནམ་མཁའ་ཨི་མེ་ཏོག་རི་བོང་རྭ་ཞེས་བྱ། །གཟིངས་ལ་འཕུང་བའི་བྱ་ནི་སླར་ལ་ལྡོག། གང་ཞིག་འཁྱག?་རོམ་སྤངས་ནས་ཆུ་ཚོལ་པ། །རྒྱུ་རྐྱེན་རྩོལ་བས་བྱས་པ་རང་འབྱུང་མིན། །དབུལ་པོ་མི་ནོར་རྒྱ་ཡིས་འདེབས་པ་དང། །ས་བོན་འབྲས་བུ་ཐ་དད་འཛིན ་པ་འཁྲུལ། །རྐུན་མོ་ངོས་མ་ཟིན་པར་?་མངའ་སྤྲོན། །ཀྱེ་མ་འདི་ནི་སྤྲུལ?་དང་རིགས་སྔགས་མཚོན་ཆ་འདྲ། །རྟ་རྔས?་སྒྲལ?་ལ་མདུད་པ་བརྒྱལ་བགྲོལ། །མཁའ་ལ་མདུང་བསྐོར་ལས་ཟིན་སྐྱེས་བུ་བདེ། །ཁྱུང་ཆེན་མཁའ་ལྡིང་ཉམ་པ་འཇིགས་པ ་མེད། །རི་མཐོན་ཁ་ན་ཡུལ་ཁམས་སྣ་ཚོགས་གསལ། །བུ་ཡི་སྡུག་བསྔལ་མ་ཡིས་མཐོང་མི་བཟོད། །རལ་གྲི་བར་མས་དངོས་པོ་མ་ལུས་གཅོད། །སྨྱོན་པར་གྱུར་ཀྱང་དུག་ལ་རེག་མི་བྱེད། །བུ་ཆུང་ཡོན་ཡང་གཙུག་གི་ནོར་མི་འབྲལ། །: ་ཨོཾ་ཧཱུཾ། ཨ་མ་ཧོ། །མེ་དོན་གཉེར་བས་དུ་བ་ཤུགས་ཀྱིས་འབྱུང། །ནོར་བུ་རྙེད་ན་སོ་ནམ་འབད་མི་དགོས། །མི་གཅིག་སྐྱེས་པས་ཤིང་ལ་འདོད་ལྔ་འབྱུང། སྐྱུར་བོ་ཟོས་ན་མཐོང་པས་ཉམས་སུ་མྱོང། །སྔར་འདྲིས་མི་དང་ཕྲང་ན་ཐེ་ཚོམ་མེད། ། ་སྐྱེས་བུ་ནམ་མཁའ་བཟུང་པ་ཐར་མི་སྲིད། །རྨི་ལམ་སྒྱུ་མའི་མཚོན་གྱིས་གནོད་པ་མེད། །དངུལ་རྡོ་འོ་མ་བུར་ཤིང་ཏིལ་མར་ལྟོས། །ཆུ་ནི་མཐོང་དང་ཐོས་པས་སྐོམ་མི་སེལ། །སྨན་པའི་དག་མི་ཉན་པའི་ནད་པ་དེ། །ཟས་ནོར་བྱིན་པས་རང་ཉིད་བཀྲེས་ནས་ཤི།། ་གཏེར་མཛོད་བགྲངས་པས་རང་གི་ཐོབ་པ་མེད། །འོ་ན་པ་སིལ་སྙན་ལོང་པ་རི་མོ་མཁན། །བྱིས་པ་མན་གཏམ་དམུས་ལོང་ཡུལ་ཁམས་སྟོན། །སྒོ་ད་མ་ཡིས་གབ་ན་བྱི་ཕྲུག་སྨིན། །རྡོ་ལ་གཞུ་བརྟུལ་བྱས་ན་རིན་ཆེན་ནོར། །སྦང ་མ་མནན་ནས་བསིངས་པས་གར་ཆང་འབྱུང། །བུ་ཆུང་གསོས་པས་དཔའ་པོའི་ལས་རྣམས་ནུས། །རྒྱལ་བུ་ཚར་ནས་ཡུལ་ཁམས་དབང་ཐོབ་སྟེ། མཁའ་ལ་སྤྲིན་དེངས་འཁྱག་པ་ཆུར་ཐིམ་འགྱུར། །མཁའ་ལྡིངས་རྒྱལ་པོ་སྤྲོ་བསྡུ་མེད་པར ་གནས། །ཆུ་ནི་མ་རྙོགས་རང་དངས་ཉིད་དུ་ཞོག། ཇི་ལྟར་མཁས་པ་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་མེད། །བྱ་ནི་ནམ་མཁར་རྟེན་མེད་གནས་པར་བྱེད། །ཆོས་མ་རྣམས་ཀྱིས ་རས་གོས་དག་པར་བཀྲུ། །མཁར་སྦེ་རྩི་གསན་འགྲམ་གཞི་ལེགས་པར་ཐིམ། །མ་ཡི་སྡུག་བསྔལ་བུ་ཡིས་མཐོང་བར་གྱིས། །ཡིད་བཞིན་ནོར་བུ་སྤྱི་བོའི་གཙུག་ཏུ་གཞག། ནམ་མཁའ་ལྔ་ན་འཇའ་ཚོན་ལུས་སུ་བསྒྱུར། །དམུ་རྒོད་རྟ་ནི ་ཐབས་ཀྱིས་ཟུང་ལ་ཚོས། །རི་གཟར་འབབ་ཆུ་ཡང་ཡང་བརྡབས་ན་དྲུངས། །སྤྲེའུ་ཟིན་ན་ཀུན་ལ་ཡང་རྩལ་སྦྱངས། །བསགས་པའི་ཡོ་བྱད་ཆགས་མེད་ཀུན་ལ་སྦྱིན། །བྱིང་ཞིང་རྨུགས་ན་འདབ་ཆགས་མཁའ་ལ་སྦུར། །ཡང་ན་བུང་པ་ཁ ་སྤྱོད་རླུང་གིས་ཁོང། རྒོད་ན་ཁང་སྟོང་རྐུན་མ་སྦྲིན་ལ་ལྟོས། །རྒྱ་མཚོའི་རྦ་རླབས་ཆུ་ཟླར་ཤེས་པར་བྱ། །རྐུན་མ་མཐོང་ཞིང་ཚོར་ན་ལྡོག་པར་ངེས། །རྩ་བ་སྨན་ན་ཐམས་ཅད་སྨན་ཞེས་བྱ། །ནོར་བུ་རིན་ཆེན་ས་ཡི་གཏེར་དུ་སྦ། །ཡང་ན་རི ་དགས་གར་སོང་དད་ལ་གསོད། །ལྟོགས་ན་དུགས་ལ་སྔགས་ཀྱིས་བཏབ་ལ་བཟའ་། །སྙོམས་ལས་བྱིས་པའི་ཉམ་ད་གཡང་ས་ལྟོས། །སྙིང་ལ་གཅེས་པ་དུར་ཁྲོད་གནས་སུ་སྐྱོལ། །ན་ཚ་བྱུང་ན་རྒྱལ་པ་སྟོང་པར་གྱིས། །དེ་ལ་བུ་ག་ཐོད་ལ ་མེས་ཆིག་མེ་ལ་གདུངས། །སྨན་མ་ཞུན་སླར་ཡང་ནད་དུ་འགྱུར། །རྩ་དང་གསར་གཉིས་འཆིང་བྱང་ཁྱད་པར་མེད། །ཤེས་པ་འཐུམས་ན་ཡུལ་ཁམས་སྐོར་ཞིང་བལྟ། །རྐང་འགྲོས་བུལ་ན་འོག་རྟ་རོལ་ལ་སྦོས། །དཔའ་རྩལ་ཞན་ན་དཔའ་རྩལ?་ཀུན་ལ ་སྦྱང། །མེ་དོན་གཉེར་བས་གཙུབ་ཤིང་དྲག་ཏུ་བསྲུབ། །རི་བོ་མི་བསྐྱོད་ཆུ་བོ་རྒྱུན་ཆད་མེད། །གསེར་གླིང་ཕྱིན་ནས་ས་རྡོ་བཙལ་མི་རྙེད། །ཤིང་བལ་འདབ་མ་ཤིན་ཏུ་ཡང་ལ་སོགས། །ཡིད་བཞིན་ནོར་བུ་ཡོད་ན་དགོས་འདོང་འབྱུང། །ཱཾ(རྒྱུད་འགྲེལ་ཨེ་མ་ཧོ། །བྱ་འཕུར་ནམ་མཁའ་དག་ལས་མི་འདའ་སྟེ། །སྣ་ཚོགས་ནང་བུ་ཆེན་གྱི་ཁ་དོག་སྣང། །གསེར་དང་གསེར་གྱི་རྒྱུན་ལ་འགྱུར་བ་མེད། །འདམ་སྐྱེས་པདྨ་འདམ་གྱིས་མི་གོས་སོ། །གང་དག་འཇིགས་སར་སྐྱེལ་མ་སངས་ནས་འགྲོ། །རྒྱལ ་པོ་གང་ཞིག་རྒྱལ་སྲིད་པོར་ནས་འཁྱམ། །སུམ་ཅུ་རྩ་གསུམ་ཐོས་པ་ནེ་ཙོའི་ཆོས། །ཆུ་ལ་མར་ཁུ་བླུགས་པས་འདྲེ་བར་མིན། བྱ་རྒོད་སྙིས་ཟིན་གླང་ཆེན་འདམ་དུ་བྱིང། །ནོར་བུ་རིན་ཆེན་ལུང་ཁུང་དག་ཏུ་བོར། །རྒྱལ་བློན་འཛོམ་ན་རྒྱལ་སྲིས་མངའ་ ་ཐང་འཕེལ། །མིག་དང་རྐང་པར་ལྡན་པས་དོན་སར་ཕྱིན། །དཔའ་པོའི་གོ་མཚོན་བློན་པོ་བཀའ་རྩགས་ཁྱེར། །རྩིས་མེད་སྨྱོན་པ་ཞེན་མེད་བུ་ཆུང་དང། །རྟོག་མེད་ཕག་དང་གླང་ཆེན་ཆུར་འཇུག་ལྟོས། །ཕག་རྒོད་རྣམས་ནི་དུ་ཀ་སྦྲུལ་མི་གཏོང ་ཟ། །དབུལ་པོ་རིན་ཆེན་རྒྱལ་པོའི་མཁར་དུ་སྦ། །གསོ་སྦྱོང་སྦྱད་རྣམས་རིག་པ་མདའ་ཡིས་བསྣུན། །ཡུལ་ཁམས་ཀུན་གྱི་དགྲ་རྣམས་སྲིད་དུ་བཅད། །དཔའ་བོ་གང་ཡིན་དེ་ཡིས་དགྲ་རྣམས་འདུལ། །མཁའ་ལྡིང་རྒྱལ་པོ་ཕྱེ་ལེབ་སྤྱོད་ཡུལ་མིན། ། ་རིགས་བན་རྒྱལ་པོ་ཝ་ཡིས་སེང་པགས་གྱོན། །ནགས་ལ་མེ་མཆེད་?་དུ་གར་བབ་སྲེག། མེ་འབར་བ་ལ་རླུང་གིས་བསྐྱོད་ན་འབར། །རིན་ཆེན་སྣོད་སྦྱར་ཕྱིས་པ་བསད། །སྨྱོན་པ་བུ་ཆུང་ཁྱི་ཕག་སེང་གེ་བཞིན། །:ོཾ་ཧཱུཾ། ཨེ་མ་ཧོ། །ཆུ་རྣམས་ཐམས ་ཅད་རྒྱ་མཚོ་ཆེན་བོར་གཅིག། གང་ཞིག་ལྟོགས་པའི་དུས་སུ་ཟས་སྟེར་བ། །ནད་རྣམས་གསོ་བ་སྨན་པའི་རྒྱལ་བོ་སྟེ། །ཆུ་བོ་ཆེན་པོ་སྒྲོལ་བའི་མཉན་པ་མཆོག། གནོད་པའི་དགྲ་རྣམས་འདུལ་བའི་དཔའ་བོ་སྟེ། །དགེ་བཤེས ་རྒྱལ་པོ་ཕྱོགས་མེད་ཀུན་ལ་སྙོམས། །མཁས་པ་དག་གིས་འཆའ་ཚོན་ལྟ་བར་བྱ། །གནང་དུ་བསྣུན་པའི་ཚོར་བ་སྤོངས་པ་མེད། །བུང་བ་མེ་ཏོག་དག་ལ་ཆགས་ཞེན་བྲལ། །ཉ་ནི་རྟག་ཏུ་ཆུ་ལས་ཡོང་མི་འདའ་། །རྩི་སྨན་ཡོད་ཀྱང་དུག་ལ་རེག ་ནི་བྱེད། །ཇི་ལྟར་ཕྱུག་པོ་སོ་ནམ་བྱེད་པ་ལྟོས། །སེང་གེའི་འོ་མ་ཀླུགས་པའི་ཁ་བཞིན་བསྡམས། །སྨོན་པ་རང་གི་སྙིང་ལ་མཚོན་བསྣུན་དང། །གཤེད་མས་ཟིན་པའི་ཆད་པས་བཅང་པའི་མི། །ས་བོན་རུལ་བ་མྱུ་གུ་ཡོང་མི་སྐྱེ། ཚེ་ལོ་སུམ་ཅུ་ཉི ་ཤུ་བཅུ་བ་བཞིག་།གང་ཞིག་ཡེ་ཤེས་ཉི་མ་ཤར་ནས་ནུབ། །དབུལ་པོས་ནོར་བུ་རིན་ཆེན་རྙེད་ནས་བོར། །གང་དག་ཅང་ཤེས་རྟ་ལོ་ཞེན་ནས་འབབ། །ཇི་ལྟར་དབུལ་པོའནོར་བུ་རྒྱལ་པོས་ཕྲོགས། །ཡིད་བཞིན་ནོར་བུ་མཆོད་ན་དགོས་འདོད་འབྱུང།། ་དངུལ་དཀར་མེ་ལོང་ཡང་ཡང་ཕྱིས་ན་གསལ། །བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་འབད་བ་མེད། །མེ་ཏོག་པདྨ་བུང་པའི་ཚོགས་རྣམས་འདུ། ། ཨོཾ་ཧཱུཾ་།ེ་མ་ཧོ། །པོ་ཏ་ལ་ལ་ནམ་ལངས་ཉི་ཤར་མཉམ། །འཇིམ་པའི་ལོགས་ལ་གཏབ་པའི་བདེ ་གཤེགས་སྐུ། །མྱུ་གུ་མེ་ཏོག་འབྲས་བུ་རིམ་གྱིས་སྨིན། །དབང་པོ་སྐྱོན་དང་བྲལ་ན་གཟུགས་རྣམས་མཐོང། །ཤེལ་གོང་དྲི་མ་མེད་པ་ཕྱི་ནང་གསལ། །སྒྱུ་མ་མཁས་བ་སྦྲུལ་བ་སྣ་ཚོགས་སྟོན། །རྡོ་རྗེ་ཕ་ལམ་གང་གིས་གཞོམ་པར་མིན། །ཡིད་བཞིན ་ནོར་བུས་མི་མཐུན་གནོད་པ་སེལ། །སེང་གེ་མངལ་རྒྱ་ཁྱུང་ཕྲུག་སྒོང་རྒྱ་བྲལ། །མཁའ་ལ་ཉི་ཤར་འོད་ཟེར་ཕྱོགས་བཅུར་ཁྱབ། །སྲིན་བུ་བུད་པ་གནས་གྱུར་མཁའ་ལ་འཕྱོ། །ཡིད་བཞིན་ནོར་བུ་རྟོག་མེད་དགོས་འདོད་འབྱུང། །རང་གི་གྲིབ་མ་མཐོང ་བས་འབྲོས་པ་དང། །རི་དགས་སྨིག་རྒྱུ་རྙོག་པ་ནོར་བ་སྟེ། །དགྲ་ལ་ཟིན་དུ་མཐོང་ན་ངེས་པར་གསོད། །འཁྱག་པའི་རང་བཞིན་ཆུ་རུ་ཤེས་པར་བྱོས། །ཉི་ཟླའི་ངོས་ལ་འཆར་ནུབ་གསལ་འགྲིབ་མེད། །རིན་ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང། །ེ་མ ་ཧོ། །དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང། །རང་བཞིན་ལས་དང་འབྲས་བུ་གསུམ་དེ་གནས། །གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ན། །དེ་ཕྱིར་སྐུ་གསུམ་གྱིས་གྲུབ་པར་གནས། །རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ། །ལམ་ནི་མཚན་མེད་རྣམ ་པར་ཐར་པའི་སྒོ། །འབྲས་བུ་སྨོན་མེད་རྣམ་པར་ཐར་པའི་སྒོ། །སྒོ་གསུམ་ཕྱེད་པས་སྐུ་གསུམ་ཞལ་མཐོང་འགྱུར། །འོན་ཀྱང་ཐམས་ཅད་བརྫུན་པའི་རང་བཞིན་ལ། །དོན་ལ་ཆེད་དུ་བྱ་བཅི་ཡང་མེད། །ཤིན་ཏུ་གསང་བ་རྡོ་རྗེའི་ཚིག་འདི་དག། ཁྱོད་ཀྱི་ཡེ ་ཤེས་རིག་པས་རྟོགས་པར་གྱིས། །དཔལ་ཤ་བ་རི་དབང་ཕྱུག་དང། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང། །པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། བརྡ་རྒྱུད་གསང་བའི་སྒྲོན་མེ་རྫོགས་སོ།། །། ་