| Wylie | e-texts based on the ACIP/ALL Input |
བླ་མ། དམ་ཚིག་ལུས་སོ་སོར་བཤགས་པའི་འགོག་པ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང་མན་ངག་དུ་བཅས་པ་རྫོགས་སོ།། །།ས་མ་པ་ཐ་མི་ཏི། །*། །རྒྱ་གར་སྐད་དུ། མ་ཧཱ་མུ་ཏྲ་ཨུ་བ་དེ་ཤ། ་བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག། དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་གྱུར་ཀྱང། །དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པའི། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ ་འདི་ལྟར་བྱས། །ཀྱེའོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། དེས་ན་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་མཐོང། །འཁོར་གཡོགས་ཆགས་སྡང་ཉེ་འབྲེལ་ཀུན་སྤོངས་ལ། །གཅིག ་བུ་ནགས?་འདག་རི་ཁྲོད་དགོན་པར་བསྒོམས། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས་ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོག་།འཁོར་བའི་ཆོས་འདི་དོན་མེད་ཆགས་སྡང་རྒྱུ། །བྱས་ཆོས་སྙིང་པོ་མེད་པས་དོན་དམ་སྙིང་པོ་ལྟོས། །བློ་ཡི་ཆོས་ཀྱིས།། ་བློ་འདས་དོན་མི་མཐོང། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྙེད། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག་།རྟོག་པ་དྲི་མའི་ཆུ་དེ་དངས་སུ་ཆུག། སྣང་བ་དགག་བསྒྲུབ་མི་བྱ་རང་སོར་ཞོག། སྤོང་ལེན་མེད་ན ་ཕྱག་རྒྱ་ཆེན་པོར་གྲོལ། །དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །རྩ་བཅད་ཡལ་ག་ལོ་འདབ་ཁྲི་འབུམ་བསྐམས། །དཔེར་ན་བསྐལ་སྟོང་བསགས་པའི་མུན་པ་ཡང། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམS ་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རིག་པ་དང་ལ་མི་གནས་བར་དུ་བཅུན།། ་དཔེར་ན་ནམ་མཁའ་ཨི་དཀྱིལ་ནི་བརྟག་བྱས་ན། །མཛའ་དང་དབུས་སུ་འཛིན་པ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན། །རྣམ་རྟོག་ཚོར་འགག་སེམས་ཀྱི་རང་བཞིན་མཐོང། །དཔེར་ནས་རླངས་སྤྲིན་ནི་ནམ་མཁར་དེངས། །གར་ཡང ་སོང་མེད་གང་ཡང་གནས་པ་མེད། །དེ་བཞིན་སེམས་ལས་བྱུང་བའི་རྟོགས་ཚོགས་ཀྱང། །རང་སེམས་མཐོད་པས་རྟོག་པའི་རྦ་རླབས་དེངས། །དཔེར་ན་ནམ་མཁའ་ཁ་དོག་དབྱིབས་ལས་འདས། །དཀར་ནགས་དག་གིས་གོས་མེད་འགྱུར་བ་མེད། །དེ་བཞིན་རང ་སེམས་འོད་གསལ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་གནག་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་གསལ་དག་ཉི་མའི་སྙིང་པོ་དེ། །བསྐལ་བ་སྟོང་གི་མུན་པས་སྒྲིབ་མི་ནུས། །དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །བསྐལ་པའི་འཁོར་བས། ་སྒྲིབ་པར་མི་ནུས་སོ། །དཔེར་ན་ནམ་མཁའ་སྟོང་པ་རབ་བརྟགས་ཀྱང། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང། །བརྗོད་པར་འདི་འདྲ་གྲུབ་ཅེས་གདགས་གཞི་མེད། །དཔེར་ན་ནམ་མཁའ་གང་ལ་གང་གིས་བརྟེན་ ་དེ་བཞིན་རང་སེམས་ཕྱག་ཆེན་རྟེན་ཡུལ་མེད། །མ་བཅོས་གཉུག་མའི་དང་དུ་གློད་ལས་ཞོག། བཅིངས་པ་གློད་གྱུར་གྲོལ་བར་ཐེ་ཙོམ་མེད། །དེ་ལྟར་སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ལུས་ཀྱི ་བྱ་བ་ཡོ་ཐོད་རྣལ་མར་ཞོག་།དག་གི་སྨྲ་བརྗོད་མ་མང་བྲག་ཅ་འདྲ། །ཡིད་ལ་མི་སེམས་ལ་ཟླའི་ཆོས་ལ་ལྟོས། །ལུས་ལ་སྙིང་པོ་མེད་པས་སྡུག་སྡོང་འདྲ། །སེམས་ནི་ནམ་མཁའ་ཨི་དཀྱིལ་ལྟར་བསམ་ཡུལ་འདས། །དེ་དང་བཏང་གཞག་མེད་པར་གློང? ་ལས་ཞོག། སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་འཐོབ། །དམིགས་པའི་ཡུལ་མེད་སེམས་ཀྱི་རང་བཞིན་གསལ། །བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །བསྒོམ་མེད་གོམས་པས ་བླ་མེད་བྱང་ཆུབ་འཐོབ། །བཟུང་འཛིན་ཀུན་འདས་ལྟ་བའི་རྒྱལ་པོ་ཡིན། །བྱ་བརྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །དེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་བྲལ། །མཉམ་རྗེས་མི་བྱ་སྐྱེ་མེད་སྟིང? ་བོར་ཞོག། སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད། །མུ་མཛའ་ཡོངས་གྲོལ་ལྟ་པའི་རྒྱལ་པོ་ཡིན། །མུ་མེད་གཏིང་ཡངས་བསྒོམ་པའི་རྒྱལ་པོ་མཆོག། བྱར་མེད་རང་གནས་སྦྱོད་པའི་རྒྱལ་པོ་མཆོག། རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་མཆོག། ་ལས་ནི་དང་པོ་གཅོད་དོང་ཆུ་དང་འདྲ། །པར་ནུ?་ཆུ་བོ་གང་གླ་དལ་བུས་འབབ། །ཐམ་ཆུ་བྲན་མ་བུ་ཕྲད་པ་འདྲ། །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང། །རང་རང་གཞུང་དང་གྲུབ་པའི་མཛའ་ཡིས་ཀྱང།། ་འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་རྦ་རླབས་དང་འདྲ། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་སྒྲིབས། །རྟོགས་པ་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །མི་གནས་མི ་དམིགས་དོན་ལས་མི་འདའ་ན། །དམ་པ་ཉམས་ལེན་མུན་པའི་སྒྲོན་མེ་ཡིན། །ཞེ་འདོད་ཀུན་བྲལ་མཛའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །དོན་འདིས་མཉམ་གཞག ་མ་ལུས་སྡིག་སྒྲིབ་སྲེག་།བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། །དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་པར་ཟད། །ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ། །སྡུག་བསྔལ་ཐར་འདོད་བླ་མ་མཁས་པ ་བསྟེན། །བྱིན་བརླབས་ཞུགས་པས་དང་སེམས་གྲོལ་བར་འགྱུར། །ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཐབས་དང་ཤེས་རབ་བྱིན་བརླབས་སྙོམས་པར་ཞུགས། །དལ་བར་དབབ་ཅིང་དཀྱིལ་བཟློག་དྭང་བ་དང། །གནས་སུ་བསྐྱལ་དང ་ལུས་ལ་ཁྱབ་པར་བྱ། །དེ་ལ་ཞེན་མེད་བདེ་སྟོང་ཡེ་ཤེས་འཆར། །ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས། །བཀྲག་མདངས་གསལ་ཞིང་སྟོབས་ཀྱང་སེང་གེ་འདྲ། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ། །ཕྱག་རྒྱ་ཆེན་པོ་གནོད་ཀྱི ་གདམས་པ་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག། དཔལ་ཏེ་ལོ་པས་ནཱ་རོ་པ་ལ་ཆུ་བོ་གང་གའི་འགྲམ་དུ་གསུངས་པ་ལེགས་པར་རྫོགས་སོ།། །།*། །བདུད་རྩི་གྲུབ་པ་བཞུགས་སོ། །*། །རྒྱ་གར་སྐད་དུ། ་