| Wylie | e-texts based on the ACIP/ALL Input |
མཁན་ཞབས། སློབ་དཔོན་ཕུ?་ར་བ། ཤྲཱི་བཻ་རོ་ཙ་ནའོ།། །། *། །ལམ་འབྲས་གསུངས་མདོ་བཞུགས་སོ།། *། །བླ་མ་དམ་པའི་ཞབས་པད་ལ་བཅུད་དེ། །ལམ་འདྲས་གསུང་མདོ་བྲི་བར་བྱ། །སེམས་ཅན་ལ་ཉོན་མོངས་པའི་སྡངས་བ་ལ་མ་དག་པའི་སྣང ་བ་ལ། །རྣལ་འབྱོར་པ་ཏིང་ངེ་འཛིན་པ་ཉམས་ཀྱི་སྣང་བ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བའོ། །ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད། ལུས་ཐབས་རྒྱུད་སོགས་ལ་གདན་སོགས་གསུམ་པ་བཞི་ཡིས ་རྒྱུའི་དབང། ལམ་དུ་སྐྱེད་རིམ་ལ་སོགས་ལྔ་པ་བཞིས་བསྟན། མཉམ་གཞག་གི་དམ་ཚིག་སོགས་བསྲུང་།རྡོ་རྗེ་མཁའ་འགྲོ་ལ་སོགས་ཀྱིས་ཉམས་ཆགས་བསྐང། འདོད་ཡོན་སོགས་ལྔ་ཡིས་མཉེས་པ་སོགས་བྱ། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས། ལུས་ལ ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་བཀག་ཅིང་འཚང་རྒྱ་བར་གསལ་བས་བཤད་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ནི། འབྲས་བུའི་དབང་བཞི་ཡིས་ཐམས་ཅད་མཁྱེན་ཏོ། །ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས། འགལ་འདུས་སྐྱོན་མེད་སོགས་གསུམ་གྱིས་བསམ་གཏན་གྱི་ ་དུག་དབྱུང། ཟས་སྤྱོད་ལམ། རླུང་ཐིག་ལེ། ཕྱག་རྒྱ་མ་བསྟེན། དངས་མ་ལྔའི་བདེ་བ་དང། དབང་པོ་ལྔ་ཉམས་དང་མ་བྲལ་བས་བདུད་རྩི་བསྟེན། འཁོར་བའི་རྩ་བཞི་དང། འཁོར་ལོ་རྣམ་ལྔ་གཞན་རྣམས་དང་།ས་ཐོག་མཛའ་ལ་རེ་རེ། གསུམ ་པ་བཅུས་པར་གྱི་རྩ་མདུད་དྲལ་བསལ་དོར། འཇུག་པ་སེལ་བའི་ལམ་ཡིད་འདག་པའི་རྣམ་རྟོག་བསྒོམས་པས་ལྟ་བའི་དུག་དབྱུང། རྣམ་ཤེས་ལྔས་ཡུལ་ལྔ་མ་སྤངས་པས་བདུད་རྩི་བསྟེན། དག་པའི་ཆོས་རྣམས་གདོད་ནས་སྟོང་པར་ཤར་བས་ལ་དོར། གསང་སྔགས ་སྙན་རྒྱུད་ལ་སོགས་བཞི་མཆད་པས། ལུས་ཁྱད་པར་ཅན་ལ་བསྟེན་ནས་དངོས་པོའི་མཛའ་རྟེན་ཅིང་འབྲེལ་བར་འབྱུང་བ། གཞན་དབང་རྟེན་འདྲེལ་བྱང་ཆུབ་ཆེན་པོའི་ལམ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མའོ། །ཀུན་གཞི་རྣམ་ཤེས ་དག་པའི་བྱང་ཆུབ་ཆེན་པོ། རྟེན་ཅིང་འབྲེལ་པར་འབྱུང་བ་ལྔ་ཡིས་ལམ་ཡོངས་སུ་རྫོགས་པའོ། །ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་ནི། དད་པ་བརྟན་པོས་བསྲུང་བའི་འཁོར་ལོ། སྔགས་ཟློས། སྔགས་མདུང། ཆོས་རྣམས་སེམས་ཉིད ་སྣང་བ། གཞན་དབང་རྟེན་འབྲེལ། གཟུགས་བརྙན་ཡིན་ཕྱིར། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བས་བསྲུང། ཤེས་རབ་ལ་ཕྱིའི་བདུད་ལམ་གཉིས། ལྟ་གྲུབ་བརྒྱད་བསྒྱུར་བའོ། །ནང་གང་བདུད་ལམ་ལ་སོགས་བཅུ་དང་བརྡ་མ་ཤེས་ན་འོང་བརྡ་ཤེས་པས ་བསྲུང། གྲིབ་དང་སྒྲིབ་པ་ཐིག་ལེ་འཛག་པ་བསྲུང། ཚོགས་ལམ་ནས་ཐ་མལ་པའི་ལུས་ངག་ཡིད་དང་བྲལ་བས་བྲལ་བའི་འབྲས་བུ་བཞི་ཐོབ་ནས། ཁམས་འདུ་ལུགས་གསུམ་གྱིས་ཕྱོགས་མེད་རྣམས་དང། རླུང་སེམས་བདག་བྱིན་གྱིས་བརླབས་ནས། བྱང་ཆུབ་ཀྱི ་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་དགྲོད་ན། སྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ལས་ཀྱི་རླུང་ཕོ་མོ། མ་ནིང་གི་རླུང། ཐོད་རྒལ་གྱི་ཡེ་ཤེས་ཀྱི་མེ་འབར་བས། ཁམས་འདུས་པ་དང་པོ། རྒྱུན་གྱི་རླུང་པོ་ལག་ཅ་ཅན་གྱིས་རྩ་དྲལ། ་སེམས་གནས། རྟ་རྨི། རྩ་རླུང་གི་ཟུག་འབྱུང། སྣ་ཚོགས་འདུད་ལ་སོགས་གཞི་རྩ་བའི་རླུང་ལ་སོགས་ཟིན་པའི་བྱེ་བྲག་བདུན་གྱིས་ཡན་ལག་གི་རླུང་རིམས་ཀྱིས་ནང་དུ་འགག་དེ་ཙ་ན་ཐིག་ལེ་མང་དུ་ཁ་འབུ། རྟེན་མཉམ་དུ་འདྲེ། དེ་ལ་རྟེན་ནས་སེམས་ནང་དུ་གནས། རྣམ ་ཤེས་ལྔ་ནང་དུ་འདུས། ཕུང་པོ་ལྔ་དུལ། ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད། སྒོམ་པ་མི་འཆོར་བའི་མཐོང་སྣང་རྨི་ལམ་ཉམས་གསུམ་གསུམ་ནི་རྣམ་རྟོག་སྔོན་དུ་སོང་བ་ལྟར་ཁམས་གསུམ་ཀུན་ཏུ་སྣང་ངོ། །ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཆུ་མོ་ལ་ཐིམ་ན་དུ་བ། མེ་རླུང་ལ་ཐིམ་ན ་སྲིན་བུ་མེ་ཁྱེར་།རླུང་རྣམ་པར་ཤེས་པ་ལ་ཐིམ་ན་མར་མེ་འབར་བ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་ན་ནམ་མཁའ་སྤྲིན་མེད་ལྟ་བུ། ས་ཆུ་མེ་རླུང་དང་རླུང་སེམས་མཉམ་པར་འདུས་ན་ཁམས་གསུམ་ཀུན་ཏུ་མེ་འབར་བ་ལྟ་བུར་སྣང། ཆུ་རླུང་ལ་དང་སྤུ་ལུས ་གྲང། རླུང་གི་རླུང་འདུ་འཕྲོ་དང་རང་འཕུང་བྱ་འབྱུང། འབྱུང་བ་བཞིའི་རླུང་མཉམ་རྒྱུ་དང། ལྷ་མོ་སྣ་ཚོགས་ཀྱིས་གང་མཆོད། འབྱུང་པ་བཞིའི་རླུང་མཉམ་རྒྱུ་དང་ལྷ་མོ་སྣ་སོགས་དང་དྲི་རོ། །ནམ་མཁའ་དང་མཉམ་པ་དང་རྫ་ལུས་བདེ། བདུད་རྩི་ལྔ་དང་དེ་བཞིན་གཤེགས་སྐུ ་སོགས། སི་ཧལ་དང་ཉི་མ། ག་བུར་དང་ཟླ་བ། རྩ་བྲན་རྣམས་སུ་ཐིག་ཕན་དང་སྐར་མ། རྩ་འཛིན་ལ་སོགས་སུ་ཤིང་སྡོང་ལ་སོགས་།ཆགས་སྡང་རྣམ་པོ་ལྔ་དང། ཉམ་པ?་མྱ་ངན་འདྲེའི་རྩ། མཆི་མའི་རྩར་གཡལ་དང་མཆི་མ། ལྟེ་བར་དང་པོ་ཆགས་པའི་འདིར?་དྲུག་ཡི་གེར་རླུང ་སེམས་མཉཾ་པར་འདུས་ན་།རིཌ་དྲུག་གི་གར་སྔགས་དེར་ཁྲིད་པ། རྨི་ལམ་ཉམས་ལྟ་བུ་ཁཾས་ཀུན་ཏུ་སྣོང་ངོ། །ོཾ་ལS་བསཾ་གཏན་སོགས་ཀྱི་ཏིང་ངེ་འཛིན་ཡུམ་གྱི་མཁའ་། ཨཱ་ལས་ཡང་དག་པར་ཐིམ་ན་ཁམས་གསུམ་ནམ་མཁའ་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཉུ་ཕྱིན་མ་ལ་སོགས་ཀྱི་ཕོ་བྲང་དུ་ཐིམ ་ན་ཆོས་སྐུ་ཉམས་སུ་མྱོང་ཞིང་བཟུང་འཛིན་གྲོལ། ཧཱུཾ་ལས་གསལ་ཞིང་ཡང་ལ་རང་འབྱུང་གི་ཡེ་ཤེས་ནམ་མཁའ་ཤིན་ཏུ་དྲི་མ་མེད། ཁམས་འདུས་པ་བར་པ་རླུང་པོ་ལག་ཅ་བྲི་བས་རྩ་དྲལ། ཐིག་ལེའི་ཟུག་དང་མཐོང་སྣང་བརྟན་ནོ། །མདོར་ན་རཀཤ་ལ་སོགས་སུ་སྲིན་པོ་སོགས།། ་དྲིལ་ཅན་གྱི་སྒྲ་ལྟའི་མིག་རྣམ་པར་དག་པ་བཞིན། སྲིད་པའི་རྩེ་མོ་མན་ཅད་ཏིང་ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ། བཤད་ཀྱིས་མི་ལང་བ་མཚོན་ཅིང་ལྔ་བཅུ་ལ་གསང། སྒོམ་པ་མི་འཆོར་བའི་ཕྱིའི་རྟེན་འབྲེལ་རླུང ་ལོག་སོགས་གསུམ་གསུམ་ནི། ནང་གི་མཁའ་འགྲོ་མ་ལྔ་དེ་བཞིན་གཤེགས་པའི་སྐུ་ལྔ། བྱང་ཆུབ་ཆེན་པོའི་རྟེན་འབྲེལ་མཛད་པས། དངོས་གྲུབ་རྣམས་རང་ལ་འབྱུང་བར་ཤེས་ཤིང་རེ་ཞིང་སོལ་བའི་བློ་སེལ་ཏོ། །བདུད་དང་གོལ་ས་རྣམས་རང་གི ་ལམ་དང་རྟེན་འབྲེལ་དུ་ཤེས་པས་སྐྱོན་ཡོན་ཏན་དུ་བསླར་ཞིང་རིམ་པ་ཡིན་མེན་དུ་སྐྱེ་བའི་དྲོད་བྱུང་རྒྱལ་དུ་གཏང། ཤེས་རབ་ཀྱི་ཕྱོགས་སུ་ལྟུང་བའི་ལམ་ལ། ལྷའི་བུའི་བདུད་འོངས་པས་སད་པ་བཞེས་བསྲུང། སྒོམ་པ་མི་འཚོར་བའི་དྲན་པ་ཉེ་བར་གཞག ་པ་བཞི་ནི། ཡུལ་འགགས་པས་རང་ཡི་དམ་གྱི་ལྷ་དང། གུག་སྐྱེད་ཀྱི་དགོས་པ་བསམ་ཞིང་ཏིང་ངེ་འཛིན་ཆ་བསྙམ་པས། ཁམས་འདུས་པ་ཐ་མ་རླུང་པོ་ལག་ཅ་བྲལ་བས་རྩ་དྲལ། སྐྱེ་མཆེད་དྲུག་གི་ནང་དུ་ཐིག་ལེ་འདུས་པས་རྗེས་སུ་དྲན་པ་དྲུག་ཡང ་དག་པར་ཤེས། སྤྲུལ་སྐུ་འགའ་མཐོང། སྒོམ་པ་མི་འཆོར་བའི་ཡང་དག་པར་སྤོང་བ་བཞི་ནི། སྤྲུལ་སྐུ་ལས་དབང་གསུམ་གྱི་རྗེས་ལས་བྱུང་བའི་ཤེས་པ་བསམ་ཞིང་།དགྱེས་སོགས་པད་ཅན་བཅུ་གཉིས་མའི་རྩ་བརྩལ་ཞིང། སྙིང་པོའི་ཨ ་ཀུན་དྷར་གྱི་སྣ་རྩེར་དལ་རྒྱུ་ལ་སོགས་རིག་པ་ཡིད་འཇུག་པས། ལུས་ངག་ཡིད་གསུམ་རྡོ་རྗེ་དཀྱིལ་ཀྲུང་བཅས། ཐིག་ལེ་རླུང་ནོན་པས་རྔ་སྒྲ་ལ་སོགས་མི་ཐོས་པས། ཆོག་ཤེས་པ་སོགས་ཀྱི་བདུད་ཆོམས་པའོ། །ནང་གིས་སངས་རྒྱས་རྣམས ་ཀྱི་ལམ་སྲིད་པའི་རྩེ་མོར་ཕྱིན་ཅིང་མ་སྐྱེས་པའི་ཆོས་ལ་བཟོད་དཀའ་བ་སྟོང་པ་ཉིད་ཀྱི་བཟོད་པའོ། །དབུ་མར་སེམས་རྟོག་མེད་ལོག་སེམས་འཕོས་ན་བཟོད་པ། འཁོར་བའི་ཆོས་ལས་འདས་ཤིང། མྱ་ངན་ལས་འདས་པའི་ལམ་ཆོས་རྣམས་རྫོགས་པས ་ཆོས་རྣམས་ཀྱི་ནང་ན་མཆོག་གོ་།དེ་ལྟར་ཉམས་སྐྱོན་ཅན་སྐྱོན་མེད་དང། ཕྱི་དབྱིབས་ཀྱི་ཨ་ནས་ཡར་རླུང་སེམས་མཉམ་པར་འདུས་ནས་ལམ་དུ་འབྱུང་བ་རྣམས་ངོ་བོ་རང་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པའི་ལམ་ལ། ཕྱི་ནང་རྟེན་ཅིང ་འབྲེལ་བར་འབྱུང་བའི་ལམ་གྱིས། སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ལུས་དག་པར་བྱེད་པ་བུམ་པའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་།རྩ་རིན་པོ་ཆེའི་ཕོ་བྲང་བཞི། །གཙོ་བོ་གསུམ ་སྟེ་ལུས་ཀྱི་དཀྱིལ་འཁོར་མཐོང་བས་རྟོག་པའི་འགྲོ་ལྡོག་བྱེད། སྤྲུལ་སྐུའི་ཞིང་ཁམས་བརྒྱ་སྒུལ་ཞིང་ཉམས་སྦྱིན་རྒྱ། འོད་བརྒྱ་འགྱེད། མར་བརྒྱ་འཆད། །ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་ནུས། །རིགས་དྲུག་གི་རྩར་ཁྱད་པར ་དུ་མའི་རྟེན་མཐོང་ནས་དགའ་ལ་གཡང་ཟ། ངོ་ཚ་ལ་སྐྱུག་བྲོ། སྔོན་བླ་མས་རྒྱུ་དུས་ན་བསྟན་པའི་འཁོར་འདས་དབྱེ་མེད་དེ་ཙ་ན་རྟོགས། སྙིང་རྗེ་སྐྱེ། མཆི་མ་ལྟུང། གཞན་གྱི་སེམས་སྣ་ཚོགས་ཤེས། འདོད་ཡོན་སྣ་ཚོགས་མཐོང་བས་དགོང ་བྲོ། རྫུ་འཕྲུལ་སྣ་ཚོགS་སྐད་ཅིག་མས་འབྱུང་བ་རྣམས་ནང་གི་ཞིང་ཁམས་མཐོང་བས་སོ། །ནང་མ་མཐོང་བར་ཕྱི་མི་མཐོང། དེ་ཙ་ན་ལིངྒ་བརྟན། རྡོ་རྗེའི་རྩེར་ལྷན་ཅིག་སྐྱེས་པའི་སར་ཐིག་ལེ་གནས་པ་བལྟས་ལུས་བདེ་བས་མྱོས་ཤིང་བརྒྱལ་།རང ་གཞན་ངོ་མི་ཤེས། ནང་རྟགས་རླུང་སོར་གཅིག་འགགས། ཕྱི་རྟགས་གསང་གནས་ཕྱེད་ཐིག་ལེས་བསྟན་ས་དང་པོའོ།། །།ཡང་སྤྲུལ་སྐུ་ལས་དབང་བཞི་བཞི་སྒོམ་ལམ་ས་གཉིས་པ་ནས་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་ལ་སོགས་པ་སྦྲུལ ་བ་ལ་སོགས་པ་ནུས་།ཡོན་ཏན་ལ་སོགས་འཕེལ། འགྲོ་ལྡོག་ལ་སོགས་འགགས་།ནང་རྟགས་རླུང་སོར་དྲུག་འགགས། ཕྱི་རྟགས་གསང་གནས་ལྟེ་བའི་སྙིང་།ཐིག་ལེས་བརྟན། ལོངས་སྐུ་འགའ་མཐོང། སྒོམ་ལམ་ས་དྲུག་གོ། །། ་ཡང་ལོངས་སྐུ་ལས་དབང་བཞི་བཞི་བདག་བྱིན་གྱིས་བརླབས་པའི་རིམ་པའི་ལམ་ནས། །ལོངས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། དག་དག་པ་གསང་བའི་དབང་མཐར་ཕྱིན། དེ་ཁོ་ན་ཉིད་ཀྱི་རྟགས་དབང་པོ ་ལྔ་དང་དངས་མའི་རླུང་ལྔ་ལ་མངའ་བརྙེས། ནུས་པ་ལྔ་དང་ལྷ་སྟངས་རྣམས་ལ་ཐོགས་པ་མེད། ལྷ་གའི་དཀྱིལ་འཁོར་དུ་རིགས་དྲུག་གིས་ས་བོན་མཐོང། །ས་བཅོ་དྲུག་ལ་མངའ་བརྙེས། སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་ཅིང་ཆོས ་སྤྱི་དང་རང་གི་མཚན་ཉིད་ལ་ཐོགས་པ་མེད། །ལྟེ་བར་ཡི་གེའི་ཕྱི་མོ་བརྒྱད། །ཱ་ལི་ཀཱ་ལི་མཐོང་ནས། མདོ་སྡེའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་པ་མེད། །བདུད་བརྩི་ལྔ་དང་པོ་ཕྲུག་ལ་ལོངས་སྤྱོད། ཚངས་པའི ་དབྱངས་སུ་གྱུར་པ་རྣམས། ཨ་ནི་ཡིག་འབྲུ་ཅེས་པ་དྲུག་གིས་གསལ་ལོ། །ས་བདུན་ཡན་ཆད་ལོང་སྐུའི་ཞིང་ཁམས་འཁོར་བཞིང་བརྒྱ་དུང་ཕྱུར་ལ་སོགས་སྐུལ་བ་ལ་སོགས་པ་ནུས། ནང་རྟགས་རླུང་སོར་བཅུ་འགགས། །ཕྱི་རྟགས་མགྲིན ་སྨིན་ཐིག་ལས་བརྟན། སྒོམ་ལམ་ས་བཅུའོ།། །།ཡང་དབང་བཞི་བཞི། སེམས་དག་པ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་ནས་ཆོས་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། ཤེས་རབ་དང་ཡེ་ཤེས་ཀྱི་དབང། མཐར ་ཕྱིན་ཏ?་དེ་ཁོ་ན་ཉིད་ཀྱི་རྟགས། སྟོབས་ལྡན། བྱང་ཆུབ་ཀྱི་སེམས་ཀྱི་རླུང་ལྔ་བསྐྱོད་པའི་དངས?་མའི་དངས་མ་།རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ནས། རྟགས་བསྟན་པ། སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་དབང་ཐོབ་ནས། བདུད་རྩི ་ལྔ་གར་བདུ་མཐོང་ན་སངས་རྒྱས་རྣམས་གཞན་དོན་མཛད་པ་མཐོང། སྦྲུལ་པ་བདེ་ཆེན་ཐིག་ལེ་འདུ་བ་མཐོང། སངས་རྒྱས་རྣམས་འོག་མིན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང། །ལྟེ་བ་སྤྲུལ་བར་བདུད་རྩི་ལྔ་དང་རླུང་ལྔ་འདུས་པ ་མཐོང་ན། ལོངས་སྐུའི་རིགས་ལྔ་ཡུམ་གྱི་བྷ་ག་ན་བཞུགས་ནས་སྐལ་ལྡན་བྱང་ཆུབ་སེམས་དཔའ་ལ་གསང་བ་སྒྲོགས་པ་མཐོང། ཕྱག་རྒྱ་མའི་དངས་མའི་དངས་མ་མཐོང་ན་མངོན་ཤེས་ལ་ཐོགས་པ་མེད་།རྩ་ཡིག་རྣམས་སུ་དངས་མ་འདྲོངས་ན་རྫུ་འཕྲུལ ་ལ་ཐོགས་པ་མེད། དེ་ཉིད་སླར་སྤོས་ན་སྔོན་གྱི་གནས་རྗེས་སུ་དྲན། ནང་རྟགས་རླུང་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧྲིལ་ཐིག་ལེས་བརྟན། ས་བཅུ་གཉིས་སོ།། །།ཡང་དབང་བཞི་བཞི་མཐར་ཕྱིན་གྱི་ལམ་ནས་མཐར་ཐུག།? ་རྟེན་འདྲེལ་མཐར་ཐུག་འདའ་བ་རྗེའི?་རླབས་ཀྱི་ལམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རིག་མའི་སྐྱེས་བུ་།སྲིད་པ་རྣམ་པར་དག་པའི་ལམ། ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། བཞི་པ་ལུས་ངག་ཡིད་ཀྱི་དབང་མཐར་ཕྱིན། ་དེ་ཁོ་ན་ཉིད་ཀྱི་རྟགས་འཕགས་པའི་ལམ་ཡན་ལག་བརྒྱད་ནི། རྣམ་ཤེས་བརྒྱད་འདག་ཀར་འབྲས་བུ་གཉིས་འཐོབ་སྟེ། ས་ཆེན་འདི་ནི་དགའ་ཞིང་རངས་ལ་མགུ། དེ་རྣམ་པ་དྲུག་དུ་གཡོ། བདུད་གནས་སུ་སྒྲ་གྲག་།ཕྱག་རྒྱ་མའི་གནས ་སུ་ཁམས་གསུམ་མཐོང། མཁའ་འགྲོ་མ་རྣམས་རིང་ནས་འདུ། ཧ་རི་མ་ལ་སོགས་པ་དབང་ཕྱུག་གི་དོན་བརྒྱད་འཆར། ནང་རྟགས་སྲོག་རྩོལ་ཨ་བ་དྷུ་ཏཱིར་འཇུག་།ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལས་བརྟན། ས་ཕྱེ་དང་བཅུ་གསུམ་མོ།། །། ་བཞི་པ་ཡིད་ཀྱི་དབང་མཐར་ཕྱིན་།དེ་ཁོ་ན་ཉིད་ཀྱི་རྟགས་འབྲས་བུའི་ཕྱོགས་གཅིག་འཐོབ་སྟེ། འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་།བྱང་ཆུབ་སེམས་ཀྱིས་ནི་འབིགས། འབྲས་བུ་ལྔས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་པ ་སྒུལ་བ་ལ་སོགས་པ་ནུས། ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ་།སློབ་དཔོན་དུས་གསུམ་བདེ་བར་གཤེགས་བཅུད་འདུས་ཡིན། །ཡི་དམ་ལྷ་དང་བླ་མ་དབྱེར་མེད་ལ། །བྷ་ཀར་དངོས་གྲུབ་ལེན་པའི་རྟེན་འབྲེལ་གྱིས།། ་སྲིད་པ་རྣམ་པར་དག་པའི་ལམ། །ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པར་བྱེད་པ། འབྲས་བུ་ལོངས་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་བསྐུལ་བ་ལ་སོགས་པ་ནུས། ནང་རྟགས་སྲོག་རྩོལ་ཨ། ་བ་དྷུ་ཏིར་འགགས། ཕྱི་རྟགས་གཙུག་ཏོར་ཧྲིལ་ཐིག་ལེས་བརྟན། །ཕྱི་ནང་གི་རྟེན་འབྲེལ་འགྲོས་བཞི་ཐིམ་པ་རྣམས་ཀྱིས་སྒོམ་ཉམས་སྐྱོན་ཡོད་མེད་ཕྱེད་པ་ས་བཅུ་གསུམ་པའོ།། །།ཐམས་ཅད་མཁྱེན་ཏོ། །བཅུ་གསུམ་རྡོ་རྗེ་འཛིན ་སར་རྟེན་འབྲེལ་འགྲིག་པ་ལྷར་སྣང་འཚད་རྒྱ་ཀར་འཁོར་ཚོམ་བུ་ཅིག་འཚང་རྒྱའོ། །གསང་སྔགས་རྡོ་རྗེའི་ཐེག་པ་ནི། །རྒྱུ་དང་ལམ་དང་འབྲས་བུའི་དབང། །རྟོགས་པས་བརྟགས་པས་རྟོག་མེད་རྟོགས། །ཡེ་ཤེས་སྣང་བ་རེ་བཞིན་ནོ། །ལམ་ཟབ ་བླ་མ། དམ་ཚིག་ལུས་སོ་སོར་བཤགས་པའི་འགོག་པ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང་མན་ངག་དུ་བཅས་པ་རྫོགས་སོ།། །།ས་མ་པ་ཐ་མི་ཏི། །*། །རྒྱ་གར་སྐད་དུ། མ་ཧཱ་མུ་ཏྲ་ཨུ་བ་དེ་ཤ། ་