CLOSE WINDOW

N1925: dpal birba pa'i tshigs rkang brgyad cu rtsa bzhi pa
Wyliee-texts based on the ACIP/ALL Input

འཁྲུལ་པར་མི་བྱའོ། །མིག་ནི་མི་འཛུམ་ཊ་པ་དག་གིས། །བསམ་གཏན་གྱིས་ནི་གནས་པར་བྱ། །སློབ་དཔོན་ཆེན་པོ་ཏེ་ལོ་པས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་ཀོ་སཱ་ལར་སྐུ་འཁྲུངས་པའི ་རྣལ་འབྱོར་བ་ཆེན་པོ་མཁས་པ་དཔལ་རྣམ་པར་སྣང་མཛད་རྡོ་རྗེའི་ཞལ་སྔ་ནས་རང་འགྱུར་དུ་གསུངས་པའོ།། །།རྒྱ་གར་སྐད་དུ། ཤཱི་བི་རཱུ་པ་ཙ་ཨུ་ར་སི། བོད་སྐད་དུ། དཔལ་བིརྦ་པའི་ཚིགས་རྐང་བརྒྱད་ཅུ་རྩ་བཞི་པ། །བླ་མ ་རྣམས་ལ་ཕྱག་འཚལ་ལོ། །ཉིན་མཚན་རྟག་ཏུ་བླ་མ་མཆོག་གི་ཞབས་ལ་འདུད། །གཞུང་འདི་ལྷན་ཅིག་སྐྱེས་པས་འཕྲོས་ནས་བྱུང། །དེས་ནི་རྒ་ཤི་རྣམས་ལ་བཞད་གང་བྱས་།སེམས་ནི་མི་གཡོ་བརྟན་པར་རྩེ་གཅིག་བྱ། །དེས་ན ་བསམ་བྱ་བ་བསམ་གཏན་དཀྱིལ་འཁོར་ཕྱག་རྒྱ་མེད། །དེ་རྣམས་བསྒོམས་པས་རྣམ་པར་དག་མི་འགྱུར། །ལྟ་སྟངས་མཆིངས་དང་ལས་རྣམས་བྱེད་པ་དང། །སྒོ་རྣམས་དགག་པར་བྱ་བ་མ་ཡིན་ནོ། །དེས་ནི་ལྷན་ཅིག་སྐྱེས་པའི་ལམ་མི་ཤེས ་གང་ཞིག་སྲོག་དང་རྩོལ་བ་གང་པ་ཅན་དང་ནི། །བུམ་པ་ཅན་གྱི་རླུང་ལ་བསྟོད་བྱེད་པ། །དེས་ནི་བདག་ཉིད་ངེས་པར་སླུ་བར་བྱེད། །གང་གིས་ལྟེ་བའི་དཀྱིལ་འཁོར་ཉིད་དུ་ནི། །གཏུམ་མི?་སྤོར་བར་བྱེད་ཅིང་ནན་ཏན་གྱིས། །སྒོ་བཅུ་ལ་ནི་སྒོ ་ལྕགས་འཇུག་པར་བྱང། །གང་ཞིག་སྤྱི་བོར་པདྨ་དཀར་པོ་བསྒོམ། །རྨོངས་པ་དེས་ནི་དང་པོའི་ཐར་པ་མི་རྙེད་དོ། །དྲིལ་ཅན་རྐན་དང་སྣ་རྩེར་བསམ་བྱེད་དང། །སྟེང་དང་འོག་དང་བསྡོམས་ནས་ཤིང་བཙུགས་དང། །མགྲིན་པའི་ཕུགས་སུ་འོད་ཟེར་འབར ་བྱེད་དང། །དཔྲལ་བར་ཟླ་བ་རྟག་ཏུ་སྒོམ་བྱེད་པ། །ནམ་མཁའ་ཨི་རྩེ་མོར་མི་གཡོའི་སྣ་རྩེར་བསྒོམ། །ལ་ལ་འོག་ཏུ་པདྨ་རྡོ་རྗེ་ལྟ། །ལ་ལ་དབུ་རྒྱན་འཆིང་ཞིང་འདེགས་པར་བྱེད། །ལ་ལ་ཚངས་པའི་གནས་གཞི་སྒོམ་པར་བྱེད། །ལ་ལ་རང་གྲིབ་སྟོང་པར ་བྱས་ནས་ཚེས་ལ་ལྟ། །ལ་ལ་དཀྱིལ་འཁོར་ཏིལ་གྱི་འབྲུ་ཙམ་བསྒོམ། །ལ་ལ་བར་སྣང་སྐུ་གཟུགས་སྒོམ་བྱེད་པའི། །བྱོལ་སོང་རྣམས་ནི་རང་ཉིད་ཆོས་རྣམས་ཤེས་པར་སྨྲ། །དེ་རྣམས་ཀྱིས་ནི་སྐྱེ་བ་འབྲས་བུ་མེད། །བློ་རྣམས་ཟད་ཅིང་སྡིག་པ་རྣམས ་ལ་སྤྱོད། །དེས་ནི་ལྷན་ཅིག་སྐྱེས་པའི་མཚད་ཡང་མ་མཐོང་ངོ། །དེ་ནི་ནམ་མཁའ་དང་ནི་ས་འོག་དང། །ས་སྟེངས་དང་ནི་ཚངས་པའི་གནས་སུ་འང་མེད། །དམན་པའི་སློབ་དཔོན་བསྟེན་པར་མ་བྱེད་ཅིག། དེས་ནི་སྡིག་པའི་ལས་རྣམས་མ་སྤངས་པར།། ་བ་ནི་འགུལ་ཞིང་འགུལ་ཞིང་རེ་ལ་གནས། །རང་གིས་སྟོང་པ་སྙིང་རྗེ་བྱེད་པར་རྩོམ། །དེས་ནི་སྲིད་པ་སྤོ་ཐབས་མི་ཤེས་སོ། །སྟོང་པ་སྙིང་རྗེ་རྟོགས་ཞེས་ཟེར་ཞིང་གནས། །དཔལ་ལྡན་བདེ་ཆེན་གཏམ་ཡང་མེ་འདྲིའོ། །ལ་ལ་དབང་ཕྱུག་ཨུ ་མ་རེ་ལ་གནས། །བདག་ཉིད་སྲིད་པའི་འཆིང་བའི་ཞགས་པས་བཅིངས། །ལ་ལ་ཁུ་བ་ཁྲག་དང་རྣམ་སྣང་ཟ། །བྱ་རོག་བྱ་རྒོད་བཞིན་དུ་བདག་ཉིད་འཁོལ། །ལ་ལ་གནས་གསུམ་སྐད་ཅིག་གསུམ་དུ་བསྒོམ། །ལ་ལ་སྙིང་གའི་པདྨ་འཁོར་ལོ ་འཆང། །ལ་ལ་ཧཱུཾ་ཕཊ་ཟེར་ཞིང་ཕྲེང་བ་འགྲང། །བྱོལ་སོང་རྣམས་ནི་འཁྲུལ་པ་རྒྱུན་མི་འཆད། །དབང་དང་དབང་བསྐུར་མང་པོ་གསུངས་པ་རྣམས། །བླ་མ་རྣམས་ལ་སློབ་མས་ལེན་པར་བྱེད། །དེ་ནས་བརྩམས་ཤིང་བརྩམས་ཤིང་སློབ་མ་རྣམས་ལ་འཆད།། ་དབང་བསྐུར་གྱི་ནི་ཕྱོགས་ཀྱང་མ་མཐོང་ངོ། །ལ་ལས་གསེར་འགྱུར་རྩི་ནི་ལྟ་བྱེད་པས། །དེས་ནི་ཁྱིམ་པ་རྣམས་ནི་དབུལ་པོར་བྱས། །ལྷ་རྣམས་ཀྱིས་ཀྱང་མི་བདེ་བ་ལ་སྦྱར། །ནགས་ལ་སྐྱེས་པའི་རྩཝ་དང་ཤིང་རྣམས་དང། །ཤིང་ལོ་མེ་ཏོག་རྣམས་ཀྱིས་སྐྱིད ་མ་བསྟན། །དུས་སུ་བསམ་གཏན་འཇིག་རྟེན་པ་རྣམས་བྱེད། །དེས་ནི་མཆོག་གི་ཐར་པ་མི་ཤེས་སོ། །ཅལ་ཅོལ་མང་པོས་སྨྲས་པས་ཅི་ཞིག་བྱ། །ཇི་ལྟར་སྨྲས་པ་དེ་དག་ཐམས་ཅད་བརྫུན། །གདམས་ངག་པ་རྣམས་གསལ་པོའི་གནས་ལུགས་ཉོན། །གང་གིས ་གསལ་བོར་ཐར་པ་གྲོལ་བརྙེད། །སེམས་ནི་གཡོ་ཞིང་སྨྱོན་པ་ལྟ་བུར་མཐོང། །སྐྱེ་དང་གནས་དང་འཇིག་པ་གསུམ་པོ་རྟོགས་པར་གྱིས། །མགུལ་རྒྱན་དང་ནི་ཕྱག་རྒྱ་མ་ལུས་མཐོང། །དེས་ནི་མགོན་པོ་ཇི་ལྟར་མཐོང་བར་འགྱུར། །འཇིག་རྟེན་པ་ནི་ཡི་གེ་རྣམས ་ལ་གཏོད། །ཡི་གེ་མེད་པ་དེ་ནི་སྙིང་ལ་མཆུད་དོ། །གདམས་ངག་པ་རྣམས་ཉོན་ཅིག་ངས་ནི་བཤད་པར་བྱ། །ཁམས་གསུམ་བོར་ནས་དཔལ་ལྡན་ཐེག་པ་ཆེ། །དང་པོའི་མགོན་པོ་ལ་ནི་དགེ་དང་མི་དགེ་མེད། །མ་ལུས་ཁྱད་ཅིང་བདེ་ཆེན་སྟོང་པ་ཉིད། །བྱེད་པ་འཕྲོག་པ་རང ་ཉིད་སྤྱན་རས་གཟིགས། །ཟད་པ་མེད་ཅིང་གཞན་དུ་སོང་བ་མེད། །དེ་ནི་མཆོག་གི་དབང་ཕྱུག་དམ་པའོ། །བསམ་གཏན་གྱིས་ནི་ཏིང་འཛིན་སྐྱེས་བྱས་ཀྱང། །དང་པོའི་མགོན་པོ་དེ་ནི་མ་མཐོང་ངོ། །དེ་ལྟའི་སེམས་ནི་སྙིང་ལ་མ་ཆུད་དོ། །དེ་ལ་ལུས་དང་ངག་དང་ཡིད་མེད་དེ། །དཔའ་ ་བོ་དྲི་མེད་དེ་ནི་ནམ་མཁར་ཐིམ། །?་དྲ་བ་ཡི་སེམས་ཅན་དོན་དུ་བྱས། །དོན་དམ་འདི་ནི་གདམས་ངག་པ་རྣམས་ཉོན། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བཻརཱུ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་བ་རྫོགས་སོ།། །།ཡུལ་ལྷོ་ཕྱོགས་ཀོ་སཱ་ལར་སྐུ ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་ནས་གསུངས་པའོ།། །། *་། །དོ་?་མཛད་རྣལ་འབྱོར་གྱི་དབང་ཕྱུག་གི་བིརཱུ་པས་མཛད་པ་འཐུགས་སོ།། །*། །རྒྱ་གར་སྐད་དུ། དོ་ཧ་ཀོཥ་ནཱ་མ། བོད་སྐད་དུ། ་