CLOSE WINDOW

N1924: do ha mdzod
Wyliee-texts based on the ACIP/ALL Input

བཅད་པ་ལྔ་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཤི་བཻ་རོ་ཙ་ན་བཛྲས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། དོ་ཧ་ཀོ་?་བོད་སྐད་དུ། དོ་ཧ་མཛོད། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕུང་པོ་ཁམས་དང་སྐྱེ་མཆེད ་དབང་པོ་རྣམས། །ལྷན་ཅིག་སྐྱེས་པའི་རང་བཞིན་ལས། །མ་ལུས་དེ་ལས་བྱུང་ཞིང་དེ་རུ་ཐིམ། །ལྷན་སྐྱེས་དངོས་དང་དངོས་མེད་གཏམ་མི་འདྲི། །སྟོང་པ་སྙིང་རྗེ་དེ་རུ་རོ་མཉམ་འདོད། །ཡིད་ལ་མ་བྱེད་གཉུག་མའི་རང་བཞིན་ལ། །བརྫུན་པ་རྣམས་ཀྱིས་སྐུར་པ་མ ་འདེབས་ཤིག། རང་དབང་ཡོད་པས་རང་ཉིད་འཆིང་མ་བྱེད། སེམས་ལ་མྱ་ངན་འདས་པ་རྒྱབ་ལ་སོད། །ཁམས་གསུམ་སྟོང་པ་གོས་པ་མེད་ལ་འཇུག། སེམས་ནི་མཁའ་འདྲ་མཉམ་པའི་བདེ་བར་ཞུགས། །དབང་པོ་ཡུལ་རྣམས་སྐད་ཅིག་ཙམ་ནི་དེར་མ་མཐོར? ་ཐོག་མ་སྤངས་ཤིང་འདི་རུ་ཐ་མ་སྤངས། །བླ་མ་མཆོག་གི་ཞབས་ཀྱིས་གཉིས་མེད་བསྟན། །སེམས་ནི་གང་དུ་ཞི་གྱུར་པ། །དེར་ནི་རླུང་ཡང་ཐིམ་པར་འགྱུར། །རང་རིག་པ་ཡི་དེ་ཉིད་འབྲས་བུ་ནི། །སུ་ཞིག་ལ་ནི་གང ་གིས་ཇི་ལྟར་བསྟན། །རྨོངས་པའི་འཇིག་རྟེན་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་མིན། །མཁས་པ་རྣམས་ཀྱིས་དེ་ཉིད་བགྲོད་བྱ་མིན། །གང་ལ་བླ་མའི་ཞབས་ནི་མཉེས་པ་ཡི། །ཀྱེ་ཧོ་གང་ཟག་དེ་ཡི་སྤྱོད་ཡུལ་མིན། །རང་རིག་དེ་ཉིད་འབྲས་བུར་ནི། །ཏཻ ་ལོ་པ་ཡིས་དེ་སྐད་བསྟན་པ་ཡིན། །ཡིད་ཀྱི་སྤྱོད་ཡུལ་དུ་ནི་གང་གྱུར་པ། །དེ་ནི་དོན་དམ་མ་ཡིན་ནོ། །དེ་ཉིད་བླ་མའི་གསུངས་གིས་བསྟན་པར་བྱ་བ་མིན། །དེས་ན་སློབ་མས་གོ་པ་ལྟ་ཡིན་ནོ། །ལྷན་སྐྱེས་འབྲས་བུ་བདུད་རྩིའི་རོ། །དེ་ཉིད་སུ་ཞིག་ལ་ནི་ཅི་ཞིག ་བསྟན། །གང་དུ་ཡིན་ནི་ཞི་བ་དང། །ཡིད་དང་རླུང་གཉིས་མཉམ་པར་ཞུ། །དེར་ནི་རྣམ་ཀུན་སྤངས་པ་ལ། །ཁམས་གསུམ་དེ་རུ་གནས་པ་ཡིན། །རྨོངས་པ་གཉུག་མའི་རང་བཞིན་ཤེས་པར་གྱིས། །དེ་ཆོ་གཏི་མུག་དྲ་བ་མ་ལུས་ཆད་པར་འགྱུར། ་ལྷན་ཅིག་སྐྱེས་པའི་སེམས་ནི་ལེགས་པར་སྦྱོངས། །ཚེ་འདིར་དངོས་གྲུབ་ཐར་པ་ལུས་འདིས་རྙེད། །གང་དུ་སེམས་ནི་འགྲོ་བ་དེར། །དེར་ནི་སེམས་མེད་པར་ནི་ལྟོས། །དབྱེ་བ་མེད་པར་རོ་མཉམ་གནས་པར་གྱིས། །སེམས་དང་སེམས་མེད་དེ་ནི་ལེགས ་པར་ཚོལ། །ཚེ་འདི་ཉིད་ལ་དངོས་གྲུབ་ལེགས་པར་གསལ་པོར་རྙེད། །སེམས་ནི་གང་དུ་ཞི་གྱུར་པ། །ཁམས་གསུམ་པོ་ནི་དེ་རུ་ཐིམ། །རང་གཞན་མཉམ་པས་སངས་རྒྱས་རྗེ་བཙུན་འགྱུར། །སེམས་ནི་ནམ་མཁའ་ཨི་དང་དུ་ཞུགས་ནས་ཐིམ། །དེའི་ཚེ་དབང་པོ ་ལྔ་དང་ཡུལ་རྣམས་དང། །ཕུང་པོ་ཁམས་ནང་དུ་ཞུགས་ནས་སོད། །གང་ཞིག་བརྟན་དང་གཡོ་བའི་རྣམ་པ་ཀུན། །སྟོང་པ་གོས་པ་མེད་པ་སྟེ། །འདི་ལ་དཔྱད་པར་མི་བྱའོ། །འདི་ནི་བདག་གོ་འདི་ནི་འགྲོ་པའོ། །གང་ཞིག་དབྱེ་བ་ཡོངས་ཤེས་པ། །དྲི་མེད ་སེམས་ཀྱི་རང་བཞིན་ལ། །གང་ཞིག་རང་རིག་ཤེས་པར་བྱ། །བདག་ཉིད་འགྲོ་བ་བདག་ཉིད་སངས་རྒྱས་ཏེ། །བདག་ཉིད་དྲི་མ་མེད་ཅིང་བདག་ཉིད་ཡིད་ལ་མི་བྱེད་པ། །དེ་ལ་འགྲོ་བ་མེད་ཅིང་གོས་མ་མེད། །ཡིད་ནི་རྗེ་བཙུན་ནམ་མཁའ་རྗེ་བཙུན་མ། །ཉིན ་མཚན་དུ་ནི་གར་བྱེད་ལྷན་ཅིག་སྐྱེས་ལ་རོལ། །སྐྱེ་དང་འཆི་བ་དག་ལས་གྲོལ་བར་འགྱུར། །གཉུག་མའི་ཡིད་ལ་རྒྱུན་དུ་གནས་པར་གྱིས། །འབབ་སྟེགས་དཀའ་ཐུབ་ནགས་ལ་མ་བརྟེན་ཅིག། ཁྲུས་དང་གཙང་སྦྲས་བདེ་བ་མི་རྙེད་དོ། །ཚངས་པ་ཁྱབ་འཇུག་དབང ་ཕྱུག་ལྷ། །བྱང་ཆུབ་ཡོད་བཞིན་གསུམ་ལ་བཀུར་མི་བྱ། །ལྷ་རྣམས་མ་མཆོད་འབབ་སྟེགས་མ་འགྲོ་ཞིག། ལྷ་རྣམས་མཆོད་ཀྱང་ཐར་པ་ཐོབ་མི་འགྱུར་རོ། །རྣམ་པར་མི་རྟོག་སམས་ཀྱིས་སངས་རྒྱས་མཆོད་པར་གྱིས། །སྲིད་དང་མྱ་ངན་འདས་ལ་གནས ་པར་མ་བྱེད་ཅིག། ཤེས་རབ་ཐབས་ཀྱི་ཏིང་འཛིན་ཞུགས། །གང་ཚེ་མི་གཡོ་བར་ནི་བརྟན་པར་བྱེད་ནུས་ན། །དེ་ཡི་ཚེ་ན་ནམས་མྱོང་འགྲུབ་པར་འགྱུར། །ཇི་ལྟར་དུག་ནི་ཟོས་པར་གྱུར་པ་ལས། །དུག་གིས་ཀྱང་ནི་འཆི་བར་མི་འགྱུར་བ། །དེ་ལྟར་སྲིད་པ ་ཟོས་ཀྱང་རྣལ་འབྱོར་པ། །འདོད་ཡོན་གྱིས་ནི་འཆིང་བར་མི་འགྱུར་རོ། །ཀྱེའོ་རྣལ་འབྱོར་པས་ནི་ལས་ལ་སྐུར་མི་འདེབས། །སྐད་ཅིག་བཞི་དང་འགའ་བ་བཞི་རུ་དེ་རུ་སོད། །སྐད་ཅིག་དགའ་བ་དེ་ཡི་བྱེ་བྲག་ཤེས་པར་གྱིས། མཚན་གཞི་མཚན་ཉིད ་སྤངས་པ་ཤེས་པར་གྱིས། །ཀྱེའོ་མཆོག་དང་དགའ་བྲལ་འདི་ནི་དཔྱད་པར་བྱ། །བླ་མ་མཆོག་གི་ཞབས་ལ་གུས་པར་གྱིས་ལ་ལེགས་པར་ལོང། །གང་ཞིག་དགའ་བ་མཆོག་དང་དགའ་བྲལ་གྱིས། །ཀྱེའོ་སྐད་ཅིག་དེར་ནི་ལྷན་སྐྱེས་རྟོགས ་པར་བྱ། །ཡོན་ཏན་རིན་ཆེན་དཔྲལ་བའི་གླད་རྒྱས་གཞག་བྱ་སྟེ། །འདོད་པ་མོ་ཡི་ཟེ་འབྲུ་ལས་ནི་འདི་ཉིད་ཤེས་པར་བྱ། །སྐད་ཅིག་བྱེ་བྲག་དེ་རུ་ལྷན་སྐྱེས་པར་ཤེས་པ། །དེ་ནི་ཚེ་འདི་ཉིད་ལ་རྣལ་འབྱོར་པར་བརྗོད་དོ། །ཐོག་མ་ཐ་མ་གཟུང་བ་ ་འཛིན་པ་སྤངས། །བླ་མ་མཆོག་གི་ཞབས་ཀྱིས་གཉིས་མེད་བསྟན། །མི་གཡོ་དྲི་མེད་རྣམ་པར་རྟོག་པ་མེད། །ཤར་བ་ནུབ་པ་སྤངས་པ་འདི་ནི་སྙིང་པོ་ཡིན། །འདི་ནི་མྱ་ངན་འདས་པར་རབ་ཏུ་བརྗོད། །ཡིད་ཀྱི་ང་རྒྱལ་གང་དུ ་ཆད་གྱུར་པ། །སྐྱོན་དང་ཡོན་ཏན་སྤུངས་པ་འདི་ནི་དོན་དམ་མོ། །རང་རིག་ལ་ནི་གང་ཡང་མེད། །སེམས་དང་སེམས་མེད་རྟག་ཏུ་སྤོངས། །ཀྱེའོ་ལྷན་ཅིག་པའི་རང་བཞིན་དུ་ནི་གནས་པར་བྱ། །སྐྱེ་བ་མེད་ཅིང་འཆི་བ་མེད། །རྩ་བ་མེད་ཅིང ་རྩེ་མོ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། །གང་དུ་ཡང་ནི་མི་གནས་སོ། །བཱ?་མའི་མན་ངག་གིས་ནི་སྙིང་ལ་ཆུད། །ཁ་དོག་ལྗོངས?་ཤིང་རིགས་མེད་པ། །སྣང་བ་ཐམས་ཅད་དེ་ལ་རྫོགས། །ཡིད་ནི་གསོད་ལ་སེམས་ནི་རྩ་བ་མེད་པར་གྱིས། །སེམས ་ཀྱི་ལྷག་མ་ཟུག་རྔུ་ཐོང། །འདི་རུ་སྐུ་བཞི་ཕྱག་རྒྱ་བཞི། །ཁམས་གསུམ་མ་ལུས་དེ་ཚེ་དག་བདག་དང་འགྲོ་བ་ཁམས་གསུམ་སྟོང། །དྲི་མ་མེད་པའི་ལྷན་ཅིག་སྐྱེས་པ་ལ། །དགེ་དང་མི་དགེ་གང་ཡང་མེད། །ཡིད་ནི་གང་དུ་འགྲོ་འདོད་པ། །དེ་ལ ་འཁྲུལ་པར་མི་བྱའོ། །མིག་ནི་མི་འཛུམ་ཊ་པ་དག་གིས། །བསམ་གཏན་གྱིས་ནི་གནས་པར་བྱ། །སློབ་དཔོན་ཆེན་པོ་ཏེ་ལོ་པས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་ཀོ་སཱ་ལར་སྐུ་འཁྲུངས་པའི ་