| Wylie | e-texts based on the ACIP/ALL Input |
དགེའོ། །*། །འཕགས་པ་ཀླུ་གྲུབ་ཞབས་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་ལྔའི་འགྲེལ་པ་བཞུགས་སོ།། *། །སློབ་དཔོན་ཀླུ་གྲུབ་སྙིང་པོའི་ཞལ་སྔ་ནས། །རེ་བའི་དཔེ་ནི་སེར་སྐྱ་འདྲ། །དོགས་པའི?་རྒྱལ་བུ་གཞོན་ནུ་སྟེ། །གཞན་དུ་འཛིན་པ་སྨིག་རྒྱུ་ཆུ། །བདག ་འཛིན་ཕུང་བྱེད་ཉི་ཟེར་གཟུགས། །སྣང་བ་གཉིས་ལྡན་ནི་ཙོའི་བྱ། །དོར་བ་ཕྲུལ་མ་འཁྲུལ་པའི་གཟུགས། །ལྟ་བས་ང་རྒྱལ་ཆོས་ཀྱི་ཝ། །སྒོམ་ལ་དེར་འཛིན་ཨ་ནུ་ལྟ། །སྤྱོད་པས་ང་རྒྱལ་འཛིན་ན་པ། །དཀའ་བས་རློམ་སེམས་བཟང་སྐྱོད་བུ། །དབང་གི་བུ་གྲོལ ་འདོད་ཀོས་ལ། །རྟོགས་པས་ཆོག་ཟེར་དཔལ་གྱི་བུ། །བླ་མ་བླ་བྲལ་བླ་མེད་གང་ག་མོ། །བཀའ་ལ་སྐུར་འདེབས་ཀྲིཥྞ་པ། བདེ་བས་གྲུབ་འདོད་ཐངས་བཟངས་ཀྲུང། །སྟོང་པས་དེ་བཞིན་གདོལ་པ་མཛའ་། །དེ་རྣམས་བྲལ་བའི་ཤེས་པ་ནི། །ནོར་བུ་རིན་ཆེན་ཐོབ་པ་འདྲ ་སྔོན་ཡུལ་བར་ན་སེར་ཁྱིམ་བདག་པྲ་མོ་ཧ་དང། སེར་སྐྱ་མོ་གྲུ་སྤྱན་མོ་གཉིས། ཆུ་བོ་ན་རཉྫ་ནའི་འགྲམ་ནེའུ་སིང་སྤོས་ངང་ཅན་དུ་དུས་བྱས་པ་ལས། མོས་ཉིན་མཚན་ལྔ་ཞིག་ཏུ་བསྡད་ཀྱང་འོངས་པར་མ་གྱུར་ཏོ།། ་དེ་ནས་ཡི་མུག་སྟེ་མའི་དྲུང་དུ་ཕྱིན་པ་དང། མས་སྨྲས་པ། ཀྱེ་བུ་མོ་མདངས་རབ་ཏུ་ཞུམ་པར་གྱུར་པ་ཅིའི་ཕྱིར། ཞེས་པ་དང། བུ་མོས་སྨྲས་པ། ཀྱེ་མཚན་མོ་གཉིས་དང་གཉིས་གསུམ་པར། །ཁྱིམ་བདག་གཞོན་ནུ་ལ་བསྡད་པས། །ཡིད་གཏུངས ་པས་ནི་ཡི་ཆད་གྱུར། །ཟས་དང་བྲལ་བ་ལྟོ་བ་ལྟོགས། ཞེས་ཟེར་བ་ལ། མས་འབྲས་ཆན་པ་ན་ལི་གང་བྱིན་པས། མྱུར་དུ་ཟོས་པས་གློ་བའི་སུལ་དུ་སོང་ནས་མགོ་འཁྲུགས་སོ། །དེ་ནས་སྨན?་པ་བཤེས་གཉེན་ཆེན་པོ་ལ་བལྟས་པ་དང། འདི་དག ་ནི་ཚུལ་ཇི་ལྟ་བུ་ཡིན་ཞེས་པ་དང། གོང་གི་ཚུལ་བཤད་དོ། །སྨན་པས་སྨྲས་པ། གང་གིས་གང་ལ་རེ་བ་ནི། །ཞི་བར་མི་འགྱུར་བ་དེར་མི་འགྱུར། །སྡུག་བསྔལ་སྣ་ཚོགས་འཕེལ་བ་སྟེ། །རེ་བ་མེད་པས་བདེ་པའི་མཆོག། འདི་དག་ནི་རེ་བས་འཕུང་བར ་འགྱུར་བ་བསྟན་པས་སྟེ། རེ་བ་མེད་པར་བྱ་བའི་མན་དག་སྟེ་དང་པོའོ།། 1་།།སྔོན་གྱི་དུས་ན་རྒྱལ་བུ་མགྲོན་བཟང་ཞེས་བྱ་བ་ཞིག་ལ། ཡབ་ཐུ་བའི་སྟོངས་ཀྱིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ། ཀྱེ་རྒྱལ་བུ་སྒོ་སྲུངས་ལ་ནན ་ཏན་གྱིས་ཤིག་ཁྲི་གཞན་ལ་མ་ཤོར་བར་བྱ་བ་ལ་བརྩོན་པར་གྱིས་ཤིག། ཞེས་སྨྲས་ནས་ཚེའི་དུས་བྱས་པར་གྱུར་ཏོ། །དེ་ནས་ཆོས་སྦྱིན་བྱེད་པའི་དུས་སུ་བྲམ་ཟེ་མདུན་ན་འགྲོ་རྒྱལ་པོའི་ཕོ་བྲང་དུ་བྱུང་བ་ལ་ཁྲི་ཕྲོགས་ཀྱིས་དོགས་ཏེ་ལངས་ནས་སྒོའི? ་བྱ་བ་ལ་ཕྱིན་པ་དང། །ནུ་བོ་འགྲོ་བས་རྟེན་པས་ཁྲི་ཕྲོགས་སོ། །དེ་ནས་སེར་སྐྱ་མས། ཁྱོད་འོ་ན་འབད་པར་འགྱུར་བ་ཅིའི་ཕྱིར་ཞེས་པ་དང། རྒྱལ་པོ་ནི་བབས་ཀྱིས་སྨྲས་པ། བདག་ལ་ཡབ་ཀྱིས་གདམས་པ་བཞིན། །ཁྲི་སྟན་ཤོར་གྱིས་དོགས་པ་ན། །སྒོའི་བྱ ་བ་ལ་ཕྱིན་པས། །ནུ་འོས་བདག་གིས་བདེ་བ་ཕྲོགས། །ཞེས་པ་དང་བྲམ་ཟེས་སྨྲས་པ། དོགས་པ་དང་བཅས་སེམས་ཀྱིས་བདེ་མི་རྙེད། །ཉམ་པ་དང་བཅས་རྟག་ཏུ་བདེ་མི་འགྱུར། །གང་ལ་ངོགས་ཡོད་དེ་འཇིགས་ཡོད་པའི་ཕྱིར། །མཁས་པ་རྣམས་ཀྱིས་དོགས ་པ་སྤང་པར་བྱ། །དོགས་པ་དང་བྲལ་བར་བྱ་བའི་མན་ངག་སྟེ་གཉིས་པའོ།། 2་།།སྔོན་རི་བྱ་རྐང་ལ། དགེ་སློང་སོག་མ་མེད་ཀྱི་ཕྱིན་པ་དང། རབ་ཏུ་སྐོམ་གྱིས་གདུངས་པར་གྱུར་པ་ལ། སྨིག་རྒྱུ་ཞིག་ཆུ་རུ་འཁྲུལ་ཏེ། འཐུང་དུ་ཕྱིན་པ་དང། རབ ་ཏུ་ངལ་བར་གྱུར་ནས་སྔོའི་ལྡུམ་བུ་ཟ་ཞིང་འདུག་པ་ལ་དྲང་སྲོང་རྐང་རྨིག་གིས་སྨྲས་པ། བགྲོད་བཀའ་འཁོར་པའི་ཐང་ཆེན་ལ། །གཞན་དུ་བཙལ་འདོད་མི་དག་ནི། ཉོན་མོངས་ཐོ་བས་གདུངས་འགྱུར་ཏེ། སྒོམ་པ་སྨིག་རྒྱུའི་ཆུ་འཚོལ་འདྲ་ཞེས་སོ། །དེ་དག་ནི ་སྒོམ་བྱ་སྲང་པར་བྱ་བའི་མན་ངག་སྟེ་གསུམ་པའོ།། ?་།།སྔོན་རྒྱལ་པོ་བརླ་སྐྱེས་ལ། བཙུན་མོ་ལྔ་བརྒྱ་ལ་བུ་སྟོང་ཡོང་དེ། སྲས་ནམ་ག་རུ་དྲང་སྲོང་དཔལ་དགའ་མོ་བླངས་ཏེ། དེ་གཅིག་པུ་མེད་པས་རབ་ཏུ་གཅེས་པར་བྱས། རྒྱལ་བུ་ཡང་དག ་ལ་ནི་གཅེས་པ་མེད་དེ། བདག་ལ་ནི་སྡུག་བསྔལ་ཟུག་རྡུ་ཅུང་ཟད་ཙམ་ཡང་བྱུང་བར་བདས་པས། བདག་ཚེའི་དུས་བྱས་ན་འཁོར་ཐམS་ཅད་འཕུང་བར་འགྱུར་རོ་སྙམ་སེམས་སོ། །དེ་ནས་ནང་པར་ཞིག་ཁྲུས་བྱས་ཏེ། ཁང་བཟང་གི་རྩེ་མོར་ཁ་ཤར་ཕྱོགས་སུ་བལྟས ་ཏེ། ཉི་ཟེར་ལ་མིག་ཅུང་ཟད་མཙུམས?་ནས་བསྡད་པ་དང་ཉི་ཟེར་གྱི་བྱ་གྱུ་ལ་དུར་ཁྲོད་བྱུང་བར་མཐོང་ནས། བདག་ལ་དྲི་མས་གོས་པར་འགྱུར་སྙམ་ནས་བྲོས་པ་དང། ཁང་བཟང་གི་རྩེ་མོ་ནས་ལྷུང?་སྟེ། ཆེའོ་དུས་བྱས་སོ། །དེ་ནས་དགེ་བསྙེན་བློ་གྲོས་བཟང་པོས ་སྨྲས་པ། བདག་ཏུ་འཛིན་པ་ཆེས་པས་སྡུག་བསྔལ་འབྱུང་བ་སྟེ། །བདག་བདེ་འདོད་པས་གཞན་གྱི་གནོད་པ་བྱུང། །བདག་ཏུ་འཛིན་པ་ཡོངས་སུ་དོར་བྱས་ནས། །སེམས་ཅན་ཀུན་ཀྱང་སྨན་པ་བཞིན་དུ་བྱ། །བདག་ཏུ་འཛིན་པ་དང་བྲལ་བར་བྱ་བའི་མན་ངག ་སྟེ་བཞི་པའོ།། 4་།།སྔོན་ཛེ་ཏའི་འཚལ་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དང། བདུད་ནག་པོ་ལྷ་སྦྱིན་གཉིས་བྱ་ནི་ཙོའི་ལུས་གཅིག་ལས། མགོ་བོ་གཉིས་སུ་གྱེས་པ་ཅིག་ཏུ་སྐྱེས་པར་གྱུར་ཏོ། །དེ་ནས་ལྷས ་སྦྱིན་གྱི་མགོ་བོ་གཉིད་ལོག་པའི་དུས་སུ། །དོན་གྲུབ་ཀྱིས་ཤིང་གི་རྩ་བརློག་པ་དང། སྨན་ཡ་སྨྲ་དང། དུག་ཧ་ལ་གཉིས་རྙེད་པ་ལ། བཅུད་ནི་མཉམ་པོར་ཕན། རོ་ནི་བདག་?་མྱང་ངོ། ཞེས་ནས་སྨད?་ཆོས་པ་དང། བདུད་ལྟ་སྦྱིན་སྨན་གྱི་སྒྲེགS་པ་བྱུང ་?། །དེ་ནས་རབ་ཏུ་ཁྲོས་པས་ལྷ་སྦྱིན་བྱིས་དུག་པོས་པས་གཉིས་ཀ་འབུད་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དེ་ཉིད་མཐོང་བའི་མཁས་པ་ཡིས། །སྨན་ལྟ་བུའི་བསོད་ནམས་མི་བསླད་ཞིང། །དུག་ལྟ་མི་མཐུན་དོར་མི་བྱ།། ་བླང་དང་དོར་བས་འཕུང་བར་འགྱུར། །བླང་དོར་དང་བྲལ་བར་བྱ་བའི་མན་ངག་སྟེ་ལྔ་པའོ།། 5་།།སྔོན་གྲོང་ཁྱེར་སེར་སྐྱར་བྲམ་ཟེ་ཉི་མ་སྦྱིན་ཞེས་བྱ་བ་ལ། རིམས་ནང་སེལ་བར་ནུས་པའོ། ནོར་བུ་ཆེན་པོ་མུ་རིག་ལ་བ་ཞེས་བྱ་བ་ཡོད་དེ། ་ཁྱིམ་བདག་དེ་ལ་ཁྱིམ་ཐབ་གཉིས་ཡོད་པ་ལས། གཉིས་ཀ་ལ་བུ་མེད་པར་གྱུར་ནས། གྲོང་ཁྱེར་བདེ་བ་ཅན་དུ་ཁྱིམ་བདག་མོ་ས་མན་ཏ་ཞེས་བྱ་བ་དང། འདོད་པའི་དུས་བཏབ་ནས་ཕྱིན་པ་དང། སྔར་གྱི་ཁྱིམ་བདག་མོ་གཉིས་ཕྱི་བཞིན་དུ་བྱུང་བར་གྱུར་ཏོ།། ་དེ་ནས་ཤིང་སྡོང་པོ་རུལ་བ་གཅིག་གི་ཁོང་དུ་གབ་པོ། །དེ་ནས་ཁྱིམ་ཐབ་གཉིས་ཕྱིར་ལོག་པ་དང། ཁྱིམ་ཐབ་མོས་མན་ཏ་དང་ཕྲད་ནས་ཉལ་པོ་བྱས་པ་དང། ཁྱིམ་བདག་གི་མགོའི་ཅོད་པན་ལ་གསེར་གྱི་ཐུར་མ་གཉིས་གྱེན་དུ་འགྲེང་པ་ལ། མིག་ཡོར་གྱི་མི ་གཉིས་སུ་འཁྲུལ་ཏེ་བྲམ་ཟེ་ལ་སྨྲས་པ། ཀྱེ་བཞིན་བཟང་པོ་སྐོལ་ནི་མི་གཉིས་ཀྱིས་ཉེ་བ་ཉིད་དུ་ནོན་ནས་གདའ་ཨོ། །ཞེས་པ་དང་བྲམ་ཟེ་ལ་སྨྲས་པ། དེ་ནི་དའི་ཁྱིམ་བདག་མོ་གཉིས་ལགས་ཏེ། འོ་སྐོལ་གྱི་སྤྱོད་ལམ་རྒྱལ་པོ་ལ་སྨྲས་མ་ངེས་པར་ཆད་པ་གཅོད? ་པར་འགྱུར་བས་ས་ཕྱོགས་གཞན་ཞིག་ཏུ་བྲོས་ལ་གཤེགས་སོ་ཞེས་ན། ན་དཔེའི་ཚལ་དུ་ཕྱིན་པ་དང། ཐུང་མར་ཡིན་པ་དོ་ཤེས་ཏེ། ས་མན་ཏ་རབ་ཏུ་འཁྲུལ་པས་འགྱེད་པས་སྨྲས་པ་དང། །ཁྱིམ་བདག་མོས་མན་ཏས་བླུ་བླངས་པ། འོ་སྐོལ་མི་ཡིས ་སྐྲག་ནས་བྲོས་པ་དང། འཁོར་བ་དོར་བར་འདོད་ན་སྒྲུབ་པ་འདིས། དང་པོ་བཞི་སྟོང་པ་ཉིད་ནས་སྡུག་བསྔལ་བྱུང་སྟེ། གཉིས་མེད་ལ་གཉིས་སུ་བརྟགས་པས་གདུངས་པར་འགྱུར། །བླང་དོར་དང་བྲལ་བར་བྱ་བའི་མན་ངག་སྟེ་དྲུག་པའོ།། ?་།། ་སྔོན་མི་ཡུལ་མ་ག་ཏ་ཆོས་མ་ཀཽ་རིམ་ཞེས་བྱ་བ་གྲོང་ཁྱེར་གྱི་མཛའ་ཨི་སྤྱིལ་པོ་ཞིག་ན། ངུར་སྨྲིག་གི་ཚོས་བླུག་པའི་བུར་སྣོད་ཅིག་གི་ནང་དུ་ཁ་ཤིང་ལོས་གཅང་དེ། །མོ་རང་གི་མེ་ཏོག་ཐུར་ཕྱིན་པ་དང། །དུད་ཁྲོད་ཀྱི་ཝ་གཅིག་གིས་ཚོས་ཀྱི་སྟེང་དུ ་ཕྱིན་པས་སྡིབ་སྟེ། ལུས་ཆོས་ཀྱི་མདོག་གིས་སྤངས་སོ། །དུར་ཁྲོད་ཏུ་ཕྱིན་པ་དང། སྤྱད་ཀི་དང་ཕྲད་ནས། ཀྱེ་ཆ་ཞེ་མཆོག་ཏུ་གྱུར་པ་ཁྱེད་སུ་ཡིན་ཞེས་པ་ལ། །མོ་ན་རེ་བདག་ནི་ལྷའི་རི་དགས་ཤར་ན་ཞས་བྱ་བ་ཡིན་ཏེ། ལུས་དྲི་དང་མདོག་ཏུ་ལྡན་པའོ ་དེ་ནས་དོམ་དང་སྟག་དང་སྦྲེའུ་དང། སེང་གེ་རྣམས་ལ་སྤྱད་ཀིས་ཆེད་དུ་བརྗོད་པ་ཀུན་ཀྱང་འཁོར་བར་གྱུར་ཏོ། །དེ་ནས་ཟླ་བརྒྱས་པ་ཉའི་དུས་སུ་མའི་དྲུང་དུ་ཕྱིན་ཏེ། ད་ནི་མཆོག་གོ། བླ་ན་མེད་པའོ།། ཕུལ་ལོ། །རི་དགས་ཀྱི་རྗེ་མོར་བྱུང་པའོ། །ཞེས ་པ་ལས་མས་སྨྲས?་པ། ཀྱེ་བུ་མོ་ཚད་པའི་ཆུ་ལས་ཁྲུས་བྱས་ནས། །སྨན་པའི་ས་ལ་གནས་ན་བདེ། རྒྱུད་ངན་པགས་པས་ང་རྒྱལ་པ། །ཡུན་དུ་འགྲོགས་ན་འཕྲུང་བར་དེས། ཞེས་བརྗོད་པ་ལ། བགས་པའི་ང་རྒྱལ་སྟོང་དུ་མ་བཏུབ་པོ། །དེ་ནས་ལོག ་སྟེག་ཅན་ཟན་གྱི་ཚོགས་སུ་ཕྱིན་པ་དང་ཡང་གིས་སྐད་སྟོན་པས་ཝར་གྱུར་ཅིག། །སེང་གེའི་སྐད་སྟོན་པས་བརྒྱལ་ལོ། །དེ་ནས་རི་དགས་ཅན་ཟན་ཐམས་ཅད་ཀྱི་སྤུ་ཚོམ་པ་རེ་བཏོགས་ཏེ་རྟུག་པ་དང་བསྲེས་སོ། །དེ་ནས་ལྷའི་བུ་རྣམས་ཀྱིས་ཚིགས་སུ ་བཅད་དེ་སྨྲས་པ། སེམས་ཀྱིས་སྟོབས་ཀྱིས་མི་འགྲོ་ཞིང། པགས་པས་ང་རྒྱལ་འགྲོ་བྱེད་པ། །རྒྱུན་ཏུ་བདེ་བར་མ་གྱུར་ཏེ། །སྤུ་དང་བྲལ་བས་ཝ་ཉིད་ཕུང། །བདེ་བས་འབྲས་བུ་སྒྲུབས་པ་ལ། །ཞེ་འདོད་མེད་པས་མི་འགྲོ་ཞིང། ་གྲུབ་མཛའ་ང་རྒྱལ་འགྲོ་བྱེད་པ། །ཝ་བཞིན་ཐལ་བར་བརླག་པར་འགྱུར། །རང་གི་ལྟ་བ་ང་རྒྱལ་བ་དང་བྲལ་བར་བྱ་བ་སྟེ་བདུན་པའོ།། 7་།།སྔོན་ཀོ་ས་ལའི་ཡུལ་དུ། དགེ་སློང་ཡ་ཤུ་ཧ་ཞེས་བྱ་བ་ཅིག་གིས། ཚིགས་དྲུག་འགེགས ་པའི་བསམ་གཏན་བྱས་པ་ལས་རླུང་འབྱུང་འཇུག་འཕོ་བ་དང་བྲལ་བས་ལོ་ལྔ་བརྒྱ་སྙེད་ཐུབ་བོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་སྦྱངས་མདངས་ཀྱིས། སྨྲས་པ། དགེ་སློང་སེམས་ཀྱིས་སེམས་ལ་ལྟོས། །ཤེས་རབ་ཕ་རོལ་ཕྱིན་དྲུག ་པས་བསྟན་པ་ལ་སྐུར་པ་བཏབ་ནས། སྔར་གྱི་འདུ་ཤེས་མེད་པ་ལ་ཞེན་པས། ལྷ་ཚེ་རིང་པོར་སྐྱེས་སོ། །དེ་ནས་ཡང་སྐྱེ་བ་དྲན་པས་བསྟན་པ་ལ་བསྐུར་པ་བཏབ་པ་དང། དངོས་སུ་སས་ཐོབས་ཕྱེ་ནས། མནར་མེད་པའི་དམྱལ་བར་སེང།། ་དེ་དག་ནི་སྒོམ་པ་དམིགས་པ་དང་བྲལ་བར་བྱ་བ་སྟེ་བརྒྱད་པའོ།། 8?་།།སྡོན་བྲམ་ཟེའི་འཛིན་པ་ཞེས་བྱ་བ་བསིལ་ཁོང་ན་ཉལ་བའི་རྨི་ལམ་ན། རིགས་ཀྱི་བུ་གཙང་མའི་སྤྱོད་པ་ལོང་ཞིག། དེ་ལས་བྱང་ཆུབ་མཆོག་ཏུ་སྐྱེད་ནས། ཤེས་རབ་དང ་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་མཆོག་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་མིང་ཙམ་ཡང་མི་གྲོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་ཕྱིར་རོ། །ཞེས་རྗོད་ཀྱང་མངོན་པར་ཞེན་པ་དང་མ་བྲལ་ལོ། །དེ་བདུད་དགའ་ར་བ་དབང་ཕྱུག ་གིས་བྱིན་གྱིས་བརླབས་ནས། སྲིད་པའི་རྩེ་མོའི་བདེ་བ་ཐོབ་སྟེ། སླར་ངན་སོང་དུ་ལྷུང་ངོ། །སྤྱོད་པའི་ཞེན་པ་དང་བྲལ་བར་བྱ་བ་སྟེ་དགུ་པའོ།། ?་།།སྔོན་རྒྱལ་པོ་བཟང་སྐྱོང་བྱ་བའི་བུ་མོས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཞེས་བྱ་བ་ལ། ལུས་ངག ་ཡིད་གསུམ་ལོངས་སྤྱོད་ཀྱི་སྒོ་ནས། ལོ་དྲུག་ཏུ་བསྙེན་བཀུར་བྱས་སོ། །ཚོགས་ཀྱི་ལམ་རྟགས་བཅུ་གསུམ་དང་ལྡན་པའི་སྤྱོད་པ་བཅུ་ཕྲག་གཉིས་སུ་བྱས་སོ། །དུས་ཇི་སྙེད་དུ་ཐོས་པ་ཡང་དེ་སྙེད་དུ་སྦྱངས་པ་ལས། དགེ་སློང་མ་དཔལ་མོ་ཞེས་བྱ་བས ་སྨྲས་པ། ཀྱེ་བདག་གིས་འཁོར་པ་ཐམས་ཅད་ཀྱི་སྙིང་པོ། མྱ་ངན་ལས་འདས་པའི་དེ་ཁོ་ན་ཉིད་ཁྱོད་ལ་སྦྱིན་གྱི། ཁྱོད་འཁོར་བའི་དོགས་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །ཞེས་པ་དང། བུ་མོས་སྨྲས་པ། ཀྱེ་དགེ་སློང་མ་སྔ་མའི་དགའ་བ་དེ་རྣམས ་ཀྱི་འབྲས་བུ་མཆོག་གོ། དེ་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ནི་མི་འབྱུང་བའི་ཕྱིར། །ཁོ་མི་མི་འདོད་དོ། །ཞེས་པ་དང། དཔལ་མོས་སྨྲས་པ། ཆོས་ཀྱི་གསང་ཉིད་མི་ཤེས་པར། །བྱ་དཀའ་བྱས་བས་འབྲས་འདོད་པ། །རྒྱལ་པོ་བདག་གི་ཕོ་ཉ་བཞིན། ་དཀའ་བས་མང་ཡང་དོན་ཆུང་འགྱུར། །དཀའ་བས་མང་པོ་བྱས་པ་ཆོག་པར་འཛིན་པ་དང་བར་བྱ་བ་སྟེ་བཅུ་པའོ།། 10་།།དཔལ་མཆོག་དང་པོའི་རྒྱུད་ལས། དཔལ་མཆོག་དང་པོ་དབང་ལས་འབྱུང། །ལུས་ངག་ཡིད་ཀྱི་ཐ་བ་དག། དབང ་གིས་རབ་ཏུ་སྨིན་བྱས་ན། །དཔལ་མཆོག་དང་པོ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་རྒྱལ་པོ་ཀོ་ས་ལས་མཐོང་ནས། །རྒྱལ་པོ་ཨིནྡྲ་བོ་དྷི་ལ། དབང་ལན་བཅུ་བདུན་དུ་བྱས་སོ། །དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི། ཀྱཻ་རྒྱལ་པོ་དམ་པ་ནི་ས་བོན་ལྟ་བུའོ། །རྒྱན ་དུ་གོམས་པ་ནི་ཆུ་ལུད་ཀྱིས་མྱུ་གུ་སྐྱེད་པ་ལྟ་བུའོ། །སྤྱོད?་བ་ནི་ལོ་ཏོག་འོས་སུ་རུང་བར་བྱེད་པ་ལྟ་བུའོ། །དེས་ན་རྒྱལ་པོ་ཆེན་པོ་སྒོམ་པ་གོམས་པར་བྱ་བར་རིགས་སོ། །ཞེས་བརྗོད་ཀྱང། སྔར་གྱི་ལུང་གི་ངེས་པར་བློ་སྒྱུར་དུ་མ་བཏུབ་པོ། །དེར་མཁའ་འགྲོ་ ་མས་ཚིགས་སུ་བཅད་པ་སྨྲས་པ། དབང་གིས་ཡེ་ཤེས་མཚོན་བྱས་ཤིང། །འོས་སུ་རུང་བར་བྱར་འདོད་ཀྱང། །གོམས་བྲལ་ཆུ་ཤིང་འབྲས་བུ་ལྟར། །ལན་ཅིག་སྐྱེད་ན་ཟད་འགྱུར་ཉིད། ཅེས་པའི་ཕྱིར་ན་གོམས་པར་བྱའོ། །དབང ་ཁོ་ནས་ཆོག་པར་འཛིན་པ་དང་བྲལ་བར་བྱ་བ་སྟེ་བཅུ་གཅིག་པའོ།། 11་།།དཔལ་ཌོཾ་བྷི་ཧེ་རུ་ཀའི་སློབ་མ། ཤི་རི་སིདྷི་ཞེས་བྱ་བ་ཞིག་གིས། མཁའ་འགྲོ་མ་དང། རྣལ་འབྱོར་པ་ཕོ་མོ་ཚོགས་ཀྱི་འཁོར་ལོ་ཚོགས་པའི་དུས་སུ་སྨྲས? ་པ། ཆོས་རྣམས་སྟོང་པར་རྟགས་པ་ཡིས། །དེ་ཡི་མཛའ་ལ་སྦོམ་དུ་མེད། །གལ་ཏེ་སྒོམ་ན་དམན་འགྱུར་ཏེ། །དཔེར་ན་རྒྱལ་པོ་རྒྱལ་པོར་ནི། །སླར་ཡང་འདོད་པ་མེད་པ་བཞིན། །བུདྡྷ་ཐམས་ཅད་སྟོང་ཉིད་དུ། །གཅིག་པར་རྟོགས་ན་སྒོམ་མི་དགོས ་སྦོམ་སོགས་སྦྱིན་སྲེག་ཐལ་བ་འདྲ། ཞེས་པ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས། ཀྱེ་བུདྡྷའི་གསང་བའི་ཡོངས་སུ་འཕྲོགས་པར་བྱེད་པའི་ལོག་སྲེད་ཅན་ཁྱོད་ཉོན་ཅིག། ཚེས་གཅིག་གི་ཟླ་བ་མཐོང་བས། ཉ་གང་བ་ཡིན་ནམ། བྱས་པ་ནས་ཙས་མ ་ཐོགས་ནས་སྟོབས་རྫོགས་པ་ཉིད་དམ། ས་བོན་བཏབ་པ་ཉིད་ནས་འབྲས་བུ་ཕུན་སུམ་ཚོགས་པ་ཉིད་དམ། རྒྱ་མཚོ་ནང་གི་ནོར་བུ་མཐོང་བས་ལག་ཏུ་ཡེངས་པ་ཉིད་དམ། སེམས་བསྐྱེད་པ་ཙམ་གྱིས་སེམས་ཅན་གྱི་དོན་ནུས་པ་ཉིད་དམ། ཟས་མཐོང ་བ་ཙམ་གྱིས་བཀྲེས་པ་གསོས་པ་ཉིད་དམ། མི་རིགས་པའི་ཕྱིར། རྟོགས་པའི་གཙོ་བོ་ལ་གགས་གོམས་པའི་འཁོར་གྱིས་མཉེས་པར་བྱ་ན། ཟུང་དུ་འཇུག་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །རྟོགས་པས་ཆོག་པར་འཛིན་པ་ནི་སྲུན་པའོ། །ཕྱི ་རོལ་པའོ། །བདུད་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབ་པའོ། །རང་ཉིད་འཐུང་བར་བྱས་པའོ། །ཞེས་ནས་བསད་དེ་མཁའ་འགྲོ་མའི་ལོངས་སྤྱོད་དུ་བྱས་སོ། །རྟོགས་པས་ཆོག་པར་འཛིན་པ་དང་བྲལ་བར་བྱ་བས་ཏེ། བཅུ་གཉིས་པའོ།། 12་།།རྒྱལ་བོ་དྷརྨཱ ་པཱ?་བའི་བུམོ། །གང་གཱ་མོ་བྱ་བ་ཞིག་གིས། དེ་བཞིན་གཤེགས་པའི་མདོ་རྒྱུད་ཐམས་ཅད་བལྟས་པ་ལས། རྟོགས་པ་ཇི་ལྟ་བ་སྐྱེས་ཏེ་བསྒྱོམས་སོ། །དེ་ནས་བྱང་ཆུབ་ཆེན་པོ་ལ་སྲིན་པོའི་མཆོད་པའི་ནུབ་མོ། །རྣལ་འབྱོར་པ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་བྱེད་པའི ་སར་གང་གཱས་ཕྱིན་པ་དང། རྣལ་འབྱོར་པས། ཐམས་ཅད་མཁའ་འགྲོ་མས་བྱིན་གྱིས་བརླབས་ནས། ལུས་འདེགས་སོ། །དག་གིས་སྤྲོ་བ་བྱས་སོ། །ཡིད་ཀྱིས་ཀུན་ཏུ་ཞེ་སྡང་བར་བྱས་སོ། དེ་ནས་བང་གཱ་མོའི་སྔར་གྱི་རྟོགས་པ་མེད་པར་གྱུར་ནས། རྣལ ་འབྱོར་པ་རྣམས་ལ་སྨྲས་པ། ཀྱེ་བདག་གིས་འོས་སུ་མ་རུང་བ་ཅི་བྱས་པ། ཁྱེད་ཀྱིས་བཤད་དུ་གསོལ་ཞེས་པ་དང། རྣལ་འབྱོར་པ་རྣམས་ཀྱིས་གསུང་མགྲིན་གཅིག་ཏུ་སྨྲས་པ། །བླ་མ་ལས་ནི་དངོས་གྲུབ་རྙེད། །རིག་མ་ལས་ནི་བདེ་བ་འབྱུང། །བླ་མ་བྲལ ་པའི་དངོས་གྲུབ་ནི། །ཁྲི་ཕྲག་འབད་ཀྱང་ཐོབ་མི་འགྱུར། །གཞན་གྱིས་དངོས་གྲུབ་འབྱུང་བྱེད་པ། །དུག་དང་བཅས་པའི་ཟས་བཞིན་ནོ། །མཁའ་འགྲོ་ཀུན་གྱི་འཚེ་བ་དང། །བར་ཆད་སྣ་ཚོགས་འབྱུང་བར་འགྱུར། །ཞེས་བྱ་བས་དད་པར་བྱས་སོ། །བླ་མ་ལ་མ་བལྟོས ་པ་སྤང་བར་བྱ་བ་སྟེ་བཅུ་གསུམ་པའོ།། 13་།།ཀརྣའི་རྒྱལ་པོའི་བུ་སྲིད་སྣ་ཞེས་བྱ་བས། དབུ་མ་མཆོག་ཏུ་བྱས་ཏེ། དཀའ་དང་བསྟན་བཅོས་ཐམས་ཅད་སྐུར་པ་བཏབ་པ་དང། བྱང་ཕྱོགས་ཀྱི་གནོད་སྦྱིན་གྱིས་བཟུང་ནས། སྨྱོ་བར་གྱུར་ཏེ། དེ་ནས་ཡབ ་རྒྱལ་པོས་སྔགས་མཁན་རྣམས་ལ་ཞུ་བ་བྱས་ཏེ། བགེགས་བསྐྲད་པའི་སྦྱོར་བ་བྱས་པ་དང། དཔལ་ནཱ་རོ་པའི་ཞལ་ནས། སངས་རྒྱས་དགོངས་པ་དཔག་བསམ་ཤིང་ལྟ་བུའི་གསུང་དག་ལ། སེམས་ཅན་བློ་ཡིས་ཐེག་པ་སྣ་ཚོགས་བྱས། །ཕྱོགས་མདོ་ཕྱོགས ་སུ་འཛིན་པའི་བདུད་ཆེན་གྱིས། །འདི་དང་མ་འོངས་གཉིས་ཀར་བསླུ་བར་འགྱུར། །འགྲོ་བའི་བློ་ལ་ཐམས་ཅད་བདེན་པ་ཉིད། །དོན་དམ་ཡུལ་དུ་གང་ཡང་ཡོང་མ་ཡིན། །དེ་ཉིད་རྣལ་འབྱོར་སེམས་སུ་དབྱེར་མི་ཕྱེད། །བཀའ་ལ་སྐུར་པ་འདེབས་པ་དམྱལ་བའི ་གནས་སུ་འགྲོ། །དེའི་ཕྱིར་བཀའ་མཛའ་དག་ལ་སྐུར་པ་མི་བྱ་བ་སྟེ་བཅུ་བཞི་པའོ།། 14་།།རྒྱལ་པོ་ཐང་བཟང་གླུ་ཞེས་བྱ་བ་ཞིང། དཔལ་ཀམ་པ་ལ་ལ་དབང་སླངས་ཏེ། ཨུ་རྒྱན་གྱི་དུར་ཁྲོད་ན། བདེ་བ་བསྒོམ ་ཞིང་འདུག་པ་ལས། དུར་ཁྲོད་ཀྱི་ཡི་དགས་ཐམས་ཅད་ཀྱིས། བར་དུ་གཅོད་ཅིང་སེམས་རབ་ཏུ་ཡོངས་སོ། །དེ་རྣལ་འབྱོར་མ་ལེགས་སྨིན་ཀར་ལ་ཞུས་པ་དང། དེ་ཡིས་སྨྲས་པ། ལས་ཀྱི་ཕྱག་རྒྱ་བདེ་བའི་གྲུ། །སྟོང་པའི་སྐམ་ས་རྙེད་ནས་ཅི་བྱར་ཡོད། །བཅོས་མའི་བདེ་ལ ་བཅོས་?་ཡིད་ཞེན་ན། །འཁོར་བའི་མཚོ་ཆེན་རྒལ་བར་ནུས་མ་ཡིན་ཞེས་པ། ལྷ་ལྕམ་ལ་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པར་བྱས་སོ། །བདེ་བ་ལ་ཞེན་པ་སྤང་བར་བྱ་བ་སྟེ། བཅཝ?་ལྔ་པའོ།། 15་།།གདོལ་པ་ཛ་ཞེས་བྱ་བ་ཞིག ་གིས། སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་ལ་བརྟེན་ཏེ། དོན་དམ་སེམས་ལ་དམིགས་པའོ། །རྫོགས་པའི་རིམ་པ་ཕྱོགས་གཅིག་པ་བསྒོམ་པ་ལས། ཆོས་ཐམས་ཅད་བརྟེན་མེད་དུ་ཞེན་པར་འགྱུར་རོ། །དེ་ནས་ཡུལ་ཛཱ་ལནད་རར། རིམས་ནད་ཀྱིས་ནི། ཕལ་ཆེར ་ཚེའི་དུས་བྱས་སོ། །ལོ་ཏོག་ཐམས་ཅད་སེར་བས་བཅོམས་སོ། །ལོ་ལྔར་ཆར་མ་བབ་ནས། བྲམ་ཟེ་གསང་ཚིབ་མཁན་ལ་དྲིས་པ་དང། ས་ཕྱོགས་འདི་ནི་མི་ནང་པ་སངས་རྒྱས་པ་ལ་གནས་ཐས། ཕྱི་རོལ་གྱི་གྲུབ་མཛའ་གསང་བར་སྨྲ་བ་ལ། ཕྱོགས ་ཏེ་གནས་པས། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། འཇིག་རྟེན་འདི་ལ་གཞན་འཕུང་ཞིང། མ་འོངས་པ་ལ་རང་ཕུང་བར་བྱེད་དོ། །ཞེས་པ་དང། དཔལ་ཀུ་ཀུ་རི་པས་ཐོས་ཏེ། གདོལ་པ་ཛའི་བྱུང་དུ་བྱོན་ནས་སྨྲས་པ། དང་པོ་དངོས་པོའི་ཆོས་རྣམས་ནི་།སྟོང ་པ་ཉིད་ཀྱིས་བཟློག་པར་བྱ། །སྟོང་པ་ཉིད་ལ་ཞེན་ཆེས་ནས། །དངོས་འཛིན་པས་ཀྱང་འཕུང་བར་གྱུར། །དུག་སྦྲུལ་ཤིན་དར་ཡ་ཀན། །དུག་ལ་སྔགས་བཏབ་སྨན་གྱི་མཆོག། གང་ལ་རྒྱས་བཏབ་བདེ་འགྱུར་ཕྱིར། །ཞེན་པ་མཐོང་ལ་གཉིས་མེད་བསྒོམས། ་ཞེས་ནས་དབང་གསུམ་པ་མཛད་དོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་འདས་པའི་དཔེ་བཅུ་བརྗོད་པས་།མདོ་རྒྱུད་དང་འཐུན་པའི་ཕྱིར། སངས་རྒྱས་སངས་རྒྱས་རིག་པར་བྱའོ། །མ་འོངས་པའི་དཔེ་དྲུག་བརྗོད་པས་གྲུབ་པ་ཐོབ་པ་དང་མཐུན་པའི་ཕྱིར་ཐམས ་ཅད་མཁྱེན་པར་རིག་པར་བྱའོ། །སྦྱོན་བཅུ་དྲུག་དང་བྲལ་བའི་ཤེས་པ་ནི། སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར། ནོར་བུ་རིན་པོ་ཆེ་དང་འདྲའོ། །སློབ་དཔོན་ཀླུ་གྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པའི་ཚོགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ། དེའི ་འགྲེལ་པ་རྫོགས་སོ།། །།དཔལ་གྱི་རིལ་མངའ་བདག་ཆེན་པོས། རྗེ་བཙུན་རི་ཁྲོད་ཀྱིས་གནང་པའོ། །དེས་རྗེ་བཙུན་ཀ་རོ་པ་ལ་བརྒྱུད་དོ། །དེས་རྗེ་བཙུན་ནཱ་རོ་པ་ལ་བརྒྱུད་དོ།། །། *། །རྣམ་པར་མི་རྟོག་པ་རབ་ཏུ་བྱེད་པ་ཨཱརྱ་དེ་བས ་མཛད་པ་བཞུགས། ། *། །རྒྱ་གར་སྐད་དུ། ནི་དྲི་ཀལྦ་པྲ་ཀ་ར་ཎ། བོད་སྐད་དུ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ། བླ་མ་དང་སངས་རྒྱས་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་དང་གང་བརྟགས་པ། །ཡོངས ་