| Wylie | e-texts based on the ACIP/ALL Input |
པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲའི་ཞལ་སྔ་ནས་དང། །བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །རྒྱ་གར་སྐད་དུ། ཏ་ཏ་ཏྭཱ་ཨུ་བ་དེ་ཤ་ཤི་ཁ་ར་དོ་ཧ་གཱི་ཏི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ ་མོ་ད?་ཧའི་གླུ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མ་གཡོས་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ། །རྡོ་རྗེ་རྩེ་མོ་ཅིག་ཆར་གླུ་བླངས་དོན། །གང་ཚེ་ལྷན་ཅིག་སྐྱེས་པ་དག། གོ་བ་དགུ་ཡིས་རྟོགས་པར་བྱ། །རྒྱུ་མཚན་གཞལ་བྱ་?། ། ་སོགས་མེད། །དངོས་པོ་རྣམས་ཀྱི་ཁོ་ན་ཉིད། དགག་དང་སྒྲུབ་པ་མེད་པ་སྟེ། དབྱེ་བ་ལ་སོགས་མེད་པར་བཤད། །མི་མཐུན་ཕྱོགས་དང་གཉེན་པོ་མེད། །འཚལ་པའི་ཚུལ་ཁྲིམས་སེར་སྣ་དང། །ལེ་ལེ་ཁོང་ཁྲོ་རྣམ་པར་གཡེང། །མ་རིག་སྤང་བྱ་ལ་སོགས? ་དང། །སྤོང་བྱེད་ཕ་རོལ་ཕྱིན་པ་མེད། །དངོས་ཀུན་མེད་པར་བཤད་པ་སྟེ། །རྟོག་མེད་སྙམ་སེམས་ཀུན་དང་བྲལ། །འཁོར་བ་ལས་གཞན་ཕྱག་རྒྱ་ཆེ། །གཅིག་ཀྱང་ཕོག་པར་མ་བཤད་གང། །དེ་ཉིད་རྫོགས་པའི་སངས་རྒྱས་ལམ། །འདོད ་ཡོན་ལ་སོགས་མ་སྨད་པས། །འབྲས་བུ་རེ་བ་མེད་པ་སྟེ། །སྐུ་གསུང་ལམ་གྱི་ངོ་བོ་གང། །ཅི་ཕྱིར་ཞེན་མི་རྟོག་སྟེ། །ཁོ་ན་ཉིད་ནི་ཇི་ལྟར་རྟོགས། །གཞན་ལ་མི་རེ་གང་གིས་ཕར། །རིན་ཆེན་གཏེར་དང་རྒྱལ་པོའི་དཀོར། །ཕལ་པ་ཡི་ནི་བར་མཛོད་བཞིན། ། ་མཆོག་ཏུ་གཅེས་པ་རང་ལ་གནས། །སེམས་ལས་མ་གཏོགས་ཕྱི་རོལ་དོན། །གཅིག་ཀྱང་ཡོད་པར་མ་བཤད་དེ། །སེམས་ཉིད་ཀུན་ཏུ་འོད་གསལ་བའོ། །དེ་བས་སེམས་ལས་གཞན་པའི་ཆོས། །ཡང་དག་པར་ནི་བརྟགས་ན་མེད། །དངོས་ཀུན་ཟུང་འཇུག་རང་བཞིན་ལ ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ངོ་མ་སྐྱེར་སྟོང་པ་གང། །གཞན་ན་ཡོད་པ་མ་ཡིན་ཏེ། །གཉིས་དང་ཡོད་མེད་ཐ་སྙད་བྲལ། །གཅིག་དང་དུ་མ་ལ་སོགས་ཀྱིས། །བརྟགས་ན་མེད་པ་མ་ཡིན་ཏེ། །ཡོད་པ་མ་ཡིན་མེད་མ་ཡིན། །རིག་པས་འགྲུབ་པ་མ་ཡིན་ནོ། །དངོས་པོར ་སྣང་བའི་ཆོས་རྣམས་ཀུན། །ངོ་བོ་ཉིད་ལས་མ་འདས་ཏེ། །རྒྱ་མཚོ་གཟུགས་བརྙན་མེ་ལོང་བཞིན། །དྲན་མེད་དབྱིངས་ནས་ཀུན་འབྱུང་བས། །རང་བཞིན་ཉིད་དུ་དུས་དེར་རིག། གཉིས་མེད་གཉིས་སུ་མེད་མིན་པས། །མ་འདས་དབྱེར་མེད་རོ་གཅིག་ལ། །གཅིག་ཏུ ་གཞག་པར་བྱ་བ་འང་མེད། །དངོས་མ་དེ་ཉིད་མ་བསླད་པས། །ཁོ་ན་ཉིད་ཀྱིས་གར་མ་གཡོས། །ཁོ་ན་ཉིད་ཀྱིས་ཤེས་པ་ལ། །འཛིན་པ་མེད་དེ་ངོ་བོ་བྲལ། །ཅིར་ཡང་མི་འཛིན་ཆོས་ཀྱི་སྐུ། །ངོ་བོ་ཉིད་ལ་དབྱེ་བ་མེད། །འཛིན་པའི་ཆ་ནས་བརྟགས་པ་གང།། ་སྐྱེ་མེད་དབྱིངས་ཀྱི་རང་བཞིན་ལ། །ཟུང་དུ་འཇུག་པས་ཐ་མི་དང། །སྒྲོ་སྐུར་བྲལ་བས་གཉུག་མར་བཤད། །གཞལ་ཡས་ཁང་དང་མཚན་དཔེ་དང། །སྣ་ཚོགས་སྤྲུལ་སྐུ་གང་སྟོན་པ། །གདུལ་བྱ་ལམ་ལ་ཞུགས་པའི་སྟོབས། །མངའ་བསྣུན་དག་གིས་གང ་སྨྲས་པ། །འདི་ལ་དམིགས་སུ་རྡུལ་ཙམ་མེད། །ཕྱིན་ཅི་ལོག་གི་སྐྱེ་བོ་ལ། །ཉོན་མོངས་ཡུལ་གྱི་དུག་འགྱུར་ཏེ། །ཇི་ལྟར་སྣང་བའི་རིམ་པ་ཡིས། །དབྱེར་མེད་ཚུལ་དུ་གནས་པ་སྟེ། །འོད་གསལ་བ་ཉིད་རྣམ་པར་བཤད། །རང་བཞིན་མེད་པའི་ངོ་བོ་བྲས། །ཐ་ད? ་ཡིན་གཉིས་སུ་མེད། །ཁམས་གསུམ་བློ་འདས་ཡེ་ཤེས་ལ། །འདི་ཞེས་བྱ་བའི་མིང་ངམ་བརྡ། །མདའ་བསྣུན་དག་གིས་བཟུང་དུ་མེད། །དབྱེར་མེད་ར་གཅིག་མ་རྟོགས་ན། །གཉིས་སུ་སྣང་བའི་ཆོས་རྣམས་ཀྱིས། །གལ་ཏེ་བསྐལ་པར་རྙེད་མི་འགྱུར། །མཆོག ་གི་གོ་འཕང་མི་ཐོབ་སྟེ། །ཁོ་ན་ཉིད་ཀྱི་རང་བཞིན་ལ། །དགག་དང་སྒྲུབ་པ་དང་གིས་བྲལ། །གཉིས་མེད་ངང་ལས་མ་གཡོས་པས། །གང་འདིར་ཡིད་ཀྱི་ཡེ་ཤེས་ནི། །གཅིག་ཀྱང་བྲལ་བ་མ་ཡིན་ནོ། །ལྷན་ཅིག་སྐྱེས་གང་བདེ་བའི་རོ། །རྒྱུན་མི་འཆད་པའི་བདག་ཉིད་དེ།། ་ཆུ་བོའི་རྒྱུན་དང་ནམ་མཁའ་བཞིན། །མི་འགྱུར་དུས་རྣམས་ཀུན་ཏུ་གནས། །རྟོག་པ་རྗེས་འབྲངས་མཚན་མའི་བློས། །ནམ་ཡང་ཤེས་པ་མ་ཡིན་ནོ། །བསམ་མེད་ཡུལ་ལ་བརྟག་ཏུ་མེད། །ཡུལ་མེད་བསྒོམ་པར་ག་ལ་འགྱུར། །བསྒོམ་མེད་ཉིད་ཀྱང་ཡོད་མ་ཡིན། །དཔེ ་ཡི་དོན་ལ་གང་དྲིས་པ། །སངས་རྒྱས་ཀུན་གྱི་ཐུགས་དང་མཉམ། །བྲོག་གར་གླུ་དང་རོལ་མོ་ཡིས། །ཕྱོགས་རྣམས་ཀུན་ཏུ་སྒྲ་སྒྲོགས་ཤིང། །རྣལ་འབྱོར་མས་ནིགཡོན་ནས་བསྐོར། །དམིགས་བཏང་བྲལ་བའི་རང་བཞིན་གྱིས། །འབད་པ་མེད་པར་ཀུན་ཏུ་སྤྱད། ། ་གཉིས་སུ་སྣང་བའི་རྟོག་པ་ཐམས་ཅད་བཅོམ་གྱུར་ནས། །བརྗོད་མེད་རྣམ་མེད་འབྲས་བུ་ཐོབ་འགྱུར་ཤོག། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རྩེ་མོ་དོ་ཧའི་གླུ་ཞེས ་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། བྷཱ་བ་སཉྩ་ར་ནཱ་མ། བོད་སྐད་དུ། དངོས་པོ་སྦྱོང་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དངོས་པོ་མེད་ལ་དངོས་པོར་ཤེས། །དངོས་མེད་སྐྱེ་བ་ཡོད་མ་ཡིན། །རྟག་ཏུ་སྐྱེ་བ་དངོས་པོ་ཉིད།། ་