| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། སྭ་ཨ་དྷིཥྞྜ?་ན་ཀྲ་མ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདག་ལ་བྱིན་གྱིས་བརླབ་པའི་ཆ་ཡི་ཁྱད་པར་བསྟན་པས་སྤྲུལ་པ་སྒྱུ་མའི་བདག། དཔལ་ལྡན་རྡོ་རྗེ་སྒེག་མོ་ཉིད ་ལ་ལྷག་བར་རོལ་པའི་རོ་གང་ཅི་ཡང་རུང། །རྡོ་རྗེ་བདུད་རྩི་དཔལ་ལྡན་གང་ལ་གང་གིས་བསྟོད་པ་དེ་ལྟ་འང་འཁྲུལ་པའི་རང་བཞིན་ན། །ཇི་ལྟར་བརྗོད་པ་འདི་ལས་གཞན་སུ་བཅོམ་ལྡན་དེ་ལ་ཀུན་ནས་ཕྱག་འཚལ་ལོ། །གང་ལ་སྤྲོས་པ་དཔལ་ལྡན་བདེ་བའི་རང་བཞིན་རྡོ་རྗེའི་མཚོན་འཛིན ་གཅིག་པུ་ཉིད། །སུ་ཡང་མཁས་རྣམས་སྙིང་གར་གཉིད་སད་མི་འགྱུར་བ། །གང་ཞིག་ཤར་བས་མཉམ་པའི་དུས་ན་དབང་པོ་དང། །ཡུལ་རྣམས་བཅས་པ་ནུབ་པ་དེ་ལ་ཕྱག་འཚལ་ལོ། །གང་ལ་སྤྲོས་པ་དཔལ་ལྡན་བདེ་བའི་རང་བཞིན་རྡོ་རྗེའི་མཚོན་འཛིན ་ཅིང། །གང་ཞིག་ཆ་བྱད་སྤྲོས་བྲལ་དྲི་མེད་ཤེས་རབ་རང་བཞིན་ཀུན་ཏུ་འགྲོ། དཔག་བསམས་ལྕུག་མས་མངོན་མཚུངས་གནས་གསུམ་ཉོན་མོངས་དྲ་བ་གཅོད་པ་གང། །དཔལ་ལྡན་རྡོ་རྗེ་ཚིག་མཚན་བཙུན་མོ་དེ་ལ་ཀུན་ནས་ཕྱག་འཚལ་ལོ། །གང ་ཞིག་རྡོ་རྗེ་ཡན་ལག་མ་ཞེས་ཀུན་ནས་དྲན་པས་ཀྱང། །ཉོན་མོངས་བྲལ་བའི་བདེ་བ་འབའ་ཞིག་སར་ནི་བདེ་འགྲོ་བ། །དེ་ལ་མི་ཕྱེད་གུས་པའི་ཁུར་གྱི་ལྕིད་ཀྱིས་མགྲིན་སྨད་ནས། །དེ་ཡི་ཞབས་ཀྱི་པདྨའི་རྡུལ་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གིས ་བཀའ་དྲིན་ཟེར་གྱིས་སྦྲོས་པ་བདག་གིས་དེ་ཉིད་ནི། །རིན་ཆེན་འོད་ཀྱིས་བསྐོར་བས་མུན་བའི་ཚོགས་ནི་རབ་བཅོམ་ཞིང། །རྙོག་མེད་མིག་གིས་རང་གི་རྣམ་པར་རོལ་པ་རིང་མཐོང་བའི། །བླ་མ་རྣམ་པར་སྣང་བྱེད་དེ་ལ་ཡང་དག་འདུད། །གང་ཞིག་སྲིད་པ་དང་ནི་ཞི་གནས་འགྲམ ་དུ་དགའ་བ་རྒྱུ་འཐུན་འབབ། །ཡེ་ཤེས་ནམ་མཁའ་ཨི་ཆུ་བོས་ཡིད་རྒྱས་དཔལ་ལྡན་བླ་མ་གསུམ་པ་ཉིད། །དཔལ་ལྡན་རྡོ་རྗེ་སྒེག་མོ་བཙུན་མོ་ཚོགས་རྣམས་ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །གང་ཞིག་གནས་གསུམ་སྟོན་པ ་གཅིག་པུ་དམ་པའི་དབང་ཕྱུག་དམ་པའི་སེམས་ལ་བདག་སྐྱབས་མཆི། གང་གིས་སེམས་ནི་མཉམ་པ་ཉིད་ཀྱི་ཡུལ་དུ་འཇོག་ཅིང་དུག་འདྲ་བའི། །འཁོར་བ་བཅུད་ཀྱིས་ལེན་གྱིས་རྣམ་པར་མཛད་པ་རང་དབང་སྔགས་འདྲ་བ། གང་གིས་ས་སྟེ་དབང ་པོའི་བློ་ཡི་ས་མིན་འགྲོ་གསུམ་ཁང་ཆུང་གི། དྲི་མ་འཁྲུད་ནུས་གཅིག་པུ་བླ་མ་དམ་པའི་དག་ལ་ཕྱག་འཚལ་ལོ། །གང་གང་དྲན་པར་ཡང་དག་གནས་པས་སྙིང་ག་པདྨའི་མདུད་པ་ནི། །དབུགས་འབྱིན་གྲོལ་བར་སྦྱོར་བའི་བླ་མའི་བཀའ་ལུང་དེ་དེས ་ནི། །ཉི་ཕྱེད་འོད་འདྲའི་ཚོགས་ཀྱིས་གནས་གསུམ་ཁང་བུའི་མུན་འཇོམས་ཤིང། །རྨོངས་དང་འགལ་ལ་བདག་ནི་དུལ་བར་བཅས་པས་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་རྡུལ་འདི་ཉུང་ཟད་དྲན་པ་ཡི། །ཡོན་ཏན་སྤྲོས་པ་ཡོངས་སུ་གྱུར་པས་དཔལ ་ལྡན་པ། །མི་བདེ་བ་ཡི་བདག་ཉིད་ཀྱང་ནི་མཆོག་བདེ་བར། །གལ་ཏེ་གྲུབ་ན་འདི་ལས་བསྒྲུབས་བྱ་གཞན་མེད་དོ། །བདག་ནི་བླ་མའི་ཞབས་ཀྱི་རྡུལ་ལ་གུས་དང་ལྡན་པས་རྒ་ཤི་དང། །ནད་དང་སྡུག་བསྔལ་སྣ་ཚོགས་མདའའདྲའི་ཟུག་རྔུའི་ཚོགས་འདིས་ངལ་བ ་མེད། །ལུས་ཅན་རྣམས་ལ་ཡེ་ཤེས་བདུད་རྩི་སྐལ་བ་མ་བགོས་མི་ནུས་པས། །གང་ཞིག་བདག་གིས་སྤྱད་པ་དེ་ནི་འདི་ནི་ཡོངས་སུ་གདུད་བ་ཆེ། །བློ་ཡི་ཡུལ་མིན་དེས་ན་གང་གི་སྤྱོད་ཡུལ་མིན། །གཞི་ཡི་གཏམ་གྱི་རིམ་པ་བླ་མས་གསུངས་པ་རིང། །དེ ་ཡི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་དག། དང་ལྡན་རྣམས་ལ་སྙིང་གི་གནས་སུ་རང་ཉིད་སྐྱེ། །དངོས་པོ་འདི་ཀུན་གཅིག་པ་དང། །དུ་མའི་རང་བཞིན་ཆ་བྲལ་ཏེ། །འདི་ནི་ཞེན་པའི་སྦྱོར་བྲལ་བས། །རྩོལ་བའི་རྣལ་འབྱོར་རྣལ་འབྱོར་འགྱུར། །སྤུ་ལངས ་མྱུ་གུའི་ཚོགས་ཀྱིས་རབ་དགའ་ཡི། །མཆི་མས་མིག་དང་རྫི་མ་བཀྲུས་ནས་སུ། །ཆེས་བརྟན་གུས་པའི་ཁུར་གྱིས་མགོ་འཛིན་ནི། །དཔག་བསམ་བླ་མ་དམ་པ་ལ་འདུད་དོ། །གསལ་བར་སྤྱི་བོར་ལག་སྔར་ཅུང་ཟད་བྱེད། །རབ་དགའ་བཅས་པ་ནོར་འཛིན ་ཡན་ལག་འཁྱུད། །ཡང་དག་གུས་པའི་སྐུད་པས་ཡིད་ཀྱི་མེ་ཏོག་ནི། །མདུད་བར་རྒྱུས་པའི་བདག་གི་ཕྲེང་བ་འདི་བཞེས་ཤིག། མགོན་པོ་ཁྱོད་ཀྱི་བཀའ་གནང་ཉུང་འདུས་ཤེས་རབ་ནི། །རྒྱལ་པོའི་བུ་མོ་ཆལ་མཁས་འདྲ་དབང་དུ་བྱེད། །འགྲོ་བ་རྣམས ་ཀྱི་རང་བཞིན་རོལ་པའི་རོ་ཡི་བདེ་བ་ནི། །འབའ་ཞིག་རྗེས་སུ་མྱོང་བ་དེ་ནི་ཡིད་ཅིག་བསོད་ནམས་ཅན། །ལང་ཚོའི་སྙིང་རྗེས་བརླན་པས་ཁྱོད་ཀྱིས་སྟོན་མེད་ལམ་གསུངས་པ། །འགྲོ་བོ་བགྲོད་བྱ་མེད་དང་འགྲོ་མེད་ཅེས་བྱ་ངོ་མཚར་ཆེ། །གོང་དུ་གོ་མ་? ་བོར་བ་ཙམ་གྱིས་མཉམ་མེད་བདེ་བའི་རྒྱུན་བཅས་པ། །གང་ཚེ་སྲིད་དང་ཞི་བ་ཅུང་ཟད་ཐ་དང་མ་མཐོང་ངོ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་རེ་ཧ་ཆེན་པོས་མཛད་པ་བདག་བྱིན་གྱིས་བརླབས་པ་གྲུབ་པ་རྫོགས་སོ།། །། ་པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲའི་ཞལ་སྔ་ནས་དང། །བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །རྒྱ་གར་སྐད་དུ། ཏ་ཏ་ཏྭཱ་ཨུ་བ་དེ་ཤ་ཤི་ཁ་ར་དོ་ཧ་གཱི་ཏི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ ་