| Wylie | e-texts based on the ACIP/ALL Input |
དུ་མཛད་པའོ།། ། *། །ངོ་ཧ་མའོ་གྱི་སྙིང་པོ་དོན་ཀྱི་ཀླུའི་འགྲེལ་བ་བཞུགས་སོ། *། །རྒྱ་གར་སྐད་དུ། རྡོ་ཧ་ཀོཥ་ཧྲི་ད་ཡ་ཨརྠ་གཱི་ཏ་ཊཱི་ཀཱ་ནཱ་མ། བོད་སྐད་དུ་།དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ ་ལ་ཕྱག་འཚལ་ལོ། །སྤུལ་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་དང། །དཔལ་ལྡན་རྣལ་འབྱོར་དབང་ཕྱུག་ཆེན་པོ་མངའ་བསྣུན་གྱི། །ཇི་བཞིན་དགོངས་པ་ལོན་པ་དཔལ་ལྡན་སར་བའི། །ཞབས་ཀྱི་རྡུལ་ལ་སྒོ་གསུམ་དང་བས་ཕྱག་འཚལ་འདུད། །སྙིང་པོའི་དོན་ནི་བློ་ཡི་ཡུལ ་དུ་མ་གྱུར་པས། །བདག་འདྲས་ཚིག་ཏུ་བརྗོད་ཀྱང་དོན་དང་ཤིན་ཏུ་རིང། །ཆིག་དང་དོན་གྱི་འབྲེལ་བ་མེད་དེའོ་ན་ཡང། དྲན་རིག་སྒྲོན་མེ་འདི་ལ་བརྟེན་བའི་དོན་འགྲེལ་འདི། མུ་སྟེགས་ས་ལ་སོགས་གཞན་གྱི་གཞུང་ལ་མི་སྨོད་དེ། །རྟོགས་ན་དེ་དག་སྙིང་པོའི་དོན་ལས་མ་གཡོས ་པས། འོན་ཏེ་ལོག་པར་རྟོགས་པས་གྲོལ་བར་མི་འགྱུར་ཏེ། །དོན་ལ་དགོས་པ་མེད་པས་ཞིབ་ཏུ་མ་གསུངས་སོ། །གཞན་གྱི་གཞུང་གི་རྩ་བའི་རྗེས་ལ་འགྲེལ་བས་བཤད། །བདག་འདྲའི་ལུགས་ཀྱིས་བཤད་པའི་རྗེས་ལ་རྩ་བ་བྲི། །དེ་ཡང་སྡེ་སྣོད་རྣམས་ཀྱི་ལུང་ཚིག་མི་འདྲེན་ལ།། ་སྔགས་དང་རྒྱུད་རྣམས་ལུང་ཆིག་བྲིས་པས་རྫོགས་པ་མེད། །དཔལ་ལྡན་རི་ཁྲོད་ཞབས་ཀྱི་ཐུགས་དགོངས་འབའ་ཞིག་ལ། །བསྟེན་ནས་གསུང་གི་བདུད་རྩིའི་ཐིགས་པའི་བརྗེད་བྱང་འདི། བདག་དང་བདག་འདྲ་མོས་པ་རྣམས་ཀྱི་དོན་དུ་ནི། །དོན་གྱི་གདམ་དག་འབའ་ཞིག་བསྡུས་ནས་བྲི་བར ་བྱ།། །།དེ་ལ་རེ་ཞིག་དོ་ཧ་ཀོ་ཥ་གྲཱི་ཏི་འདི་ལ་དོན་རྣམས་པ་གཉིས་སོ། །སྙིང་པོའི་དོན་ས་རྟོགས་པ་ལ་བརྒལ?་བ་དང། རྟོགས་པ་གསལ་བར་བྱེད་པའོ། །མ་རྟོགས་པ་ལ་བརྒལ་བ་ནི། ཕྱི་རོལ་མུ་སྟེགས་པ་དང། ནང་པ་སངས་རྒྱས་པ་ལའོ། །དེ་ཡང་མུ་སྟེགས་བདག་ཏུ་ལྟ ་བ་ལ། རྟག་པ་དང་བདེ་བ་དང། ཁྱབ་པ་དང། གཅིག་བུ་དང་བཞི་ཁས་ལེན་ཏེ། མི་གསལ་བའི་མཚན་མ་དང། གསལ་བའི་མཚན་མ་ཞལ་བཞི་པ་ལ་བཞེད་རེ། །དེ་ལས་འགྲོ་བའི་དོན་དུ་རིགས་རྣམ་པ་བཞིར་གཟིགས་ནས། སྟོན་པ་རྣམ་པ་བཞིར་སྤྲུལ་པ། ཚངས་པ་དང། དབང ་ཕྱུག་ཆེན་པོ་དང། ཁྱབ་འཇུག་དང། དྲག་པོ་འཇིགས་བྱེད་དང་བཞིའོ། །དེ་ཡང་མ་འོངས་པའི་དུས་ན། བྲམ་ཟེའི་རིགས་དང། རྗེ་རིགས་དང། རྒྱལ་རིགས་དང། དམངས་རིགས་རྣམས་ཀྱི་དོན་དུའོ། །དེ་ལ་བདག་རྟག་པ་ནི། ཚངས་པའི་ཞལ་ནས་གསུངས། བདག་བདེ་བ་ནི་དབང་ཕྱུག ་ཆེན་པོ་ཡབ་ཡུམ་གྱི་ཞལ་ནས་གསུངས། བདག་ཀུན་ལ་ཁྱབ་པ་ནི་ཁྱབ་འཇུག་གི་ཞལ་ནས་གསུངས། བདག་གཅིག་པུ་ནི་དྲག་པོའི་འཇིགས་བྱེད་ཀྱི་ཞལ་ནས་གསུངས། དེ་ལ་ཚངས་བའི་ཞལ་བཞི་ནས་བྲམ་ཟེའི་དོན་དུ་རིག་བྱེད་བཞི་གསུངས་ཀྱང་དོན་དམ་པའི་ལྟ་བ་མ་རྟོག ་པས། དེ་ཉིད་མི་ཤེས་བྲམ་ཟེ་ནི། དེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་?་ཀྱི་རིག་བྱེད་དང། སྲིད་སྲུངས་ཀྱི་རིག་བྱེད་བཞི་པོ་ཚུལ་ཙམ་བསྒོམས་པས་མ་རྟོགས་པས། གྱི་ན་རིག་བྱེད་བཞི་དག་འདོན། ལུས་དག་པར་བྱེད་པས། དག་དག་པར་བྱེ ་པ་ཆུ། སེམས་དག་པར་བྱེད་པ་རྩཱ?་ཀུ་ཤ། རང་བཞིན་དག་པར་བྱེད་པའི་སྐུད་པའི་སྤྱོད་པས་མ་རྟོགས་པས། ས་ཆུ་ཀུ་ཤིའི་དག་བྱེད་དང། སྦྱིན་སྲེག་ཕྱི་ནང་གི་སྲོག་དང་མ་བྲལ་ཡང་ཕུང་པོ་མེ་ལ་སྲེག། དོན་དམ་པའི་འབྲས་བུ་མ་རྟོགས ་པའི་ཕྱིར་ན། ཁྱིམ་ན་གནས་ཤིང་མེ་ལ་སྲེག། ཚེ་འདི་ལ་ནི་ཚ་བའི་སྡུག་བསྔལ་ལ་སོགས་པའི་དོན་མེད། ཕྱི་མའི་ཚེ་ལ་ནི་གྲོལ་བར་མི་ནུས་པས། དོན་མེད་སྦྱིན་སྲེག་བྱེད་པ་ནི། ཡང་དག་པའི་ལྟ་བ་ནི་མ་རྟོགས། སྒྲིབ་པ་འབའ་ཞིག་དང་ལ་གནོད་པས། དུ ་བས་མི་ལ་གནོད་པ་བས། ད་ནི་དབང་ཕྱུག་ཆེན་བོའི་ཞལ་ནས་གསུངས་པ་རྗེའུ་རིགས་ཀྱི་ཆོས། ལེགས་ལྡན་དང། དབྱུ་གུ་པ་དང། ཐ་དད་པ་དང། དང་པའི་སྤྱོད་པ་དག་ལ་བརྒལ་བ། ཉི་མ་དང། ཟླ་བ་ལ་ཕྱི་རོལ་གྱི་དབྱུག་གུ་ལ་བརྩིས་ནས་སམ། ཕོ་སྨོས་ཀྱི་བདེ་བ་ལ ་བརྟེན་ནས་ལེགས་པས་གྲོལ་བས་མཐོང་བས། དབྱུ་གུ་དབུག་གསུམ་ལེགས་ལྡན་གཟུགས། དེ་ཡང་བདག་ལ་ཡབ་ཡུམ་གཉིས་སུ་བསྒོམས་པ་འམ། ཕོ་སྨོས་དང་བ་ལྟར་འགྲོགས་པ་འམ། རླུང་དང་པ་ལྟར་ཤེས་ནས་གྲོལ་པར་འདོད་པས། ཐ་དད་པ་དང་དད ་པའི་བསྟན་པ་དག། ཕོ་སྨོས་ཀྱི་བདེ་བ་འམ། དབྱུ་གུ་རླུང་རྒྱུ་བའི་བདེ་བ་མྱོང་ན་དཀར་པོའི་ཆོས་སམ་ནག་པོའི་ཆོས་ལ་ཁྱད་མེད་པས། ཆོས་དང་ཆོས་མིན་མི་ཤེས་པར་མཉམ་ཞིང། དོན་དམ་པའི་བདེ་བ་མ་ཡིན་པ་ལ་དོན་དམ་པ་ཡིན་སྙམ་པས། འགྲོ་བ་རྣམས ་ནི་བརྫུན་པ་ཉིད་དུ་གོལ། ད་ནི་ཁྱབ་འཇུག་གི་ཞལ་ནས་གསུངས་པ་རྒྱལ་རིགས་ཀྱི་ཆོས། བརྟན་པ་དང་གཡོ་བ་ལ་ཁྱབ་པའི་ཨེ་རི་ལ་བརྒལ་བ། དེ་ཁོ་ན་ཉིད་ནི་མ་རྟོགས་པའི་ལྕི་བ་འམ། མི་རུས་ཀྱི་ཐལ་བས་ལུས་ལ། ཨེ་རི་ཐལ་བས་ལུམ་ལ་བྱུག་གས་སུ། ཁྱབ ་འཇུག་མགོ་བོ་ལ་ཡོད་པར་བསམས་ལ་སྤྱོད་པ་བྱེད་པས། མགོ་ལ་རལ་པའི་ཁུར་བུ་ཁུར་བར་བྱེད། བསྒོམས་པ་ནི་སྙིང་གར་མར་མེ་ལྟ་བུ་ནང་གི་ཕྱོགས་བཞིའི་མར་མེ་ཕྱིའི་ཁྱིམ། ཁྱིམ་དུ་མར་མེ་བཏད་ནས་གནས་ཟུར་བཞིར་བུད་མེད་བཞི་གཞག་ལ་རང ་དབུས་སུ་མཚན་མ་འགྲེང་བས་མཚམས་སུ་འདུག་ནས་དྲིལ་བུ་དཀྲོལ། མན་ངག་ནི་སྙིང་ཁའི་མར་མེ་རླུང་གིས་ཏིལ་གྱིས་བསྐུལ་བའི་དུས་སུ། སྐྱིལ་དཀྲུང་བཅས་ནས་མིག་བཙུམ་སྟེ། རྙིང་དང་འདྲ་བའི་སློབ་མ་ལ་སྙིང་ཁར་རྣ་བ་གཏོད་པའི་དུས་སུ་ཧཾ་གུའི་སྒྲས། ་རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བར་བྱེད། གང་སླུ་བ་ཞེན་ཐབས་མེད་པ་མོ་རེད་མོ་འམ། གོ་པ་མེད་པ་སྐྲ་མེད་པ་ཡིན་པ་ཡིན་པས། ཁྱོ་མེད་སྐྲ་མེད་འདི་འདྲ་གཞན་ལ་སྟོན། སྙིང་གར་ཨ་ཧཾ་གི་སྒྲ་ཐོས་པ་ཙམ་དྲིས་པ་ལ། དབང་ཐེབ་པོ་ཟེར?་ནས་ཡོན་འདོད། ་དབང་རྣམས་བསྐུར་ཞིང་བླ་མའི་ཡོན་རྣམས་ལེན། དག་པོ་འཇིགས་བྱེད་ཀྱི་ཞལ་ནས་གསུངས་པ། དམངས་རིགས་གྲངས་ཅན་ལ་བརྒལ་བ། འདོད་པ་ལ་ཡོངས་པའི་སྐྱེ་བོ་རྣམས་ནི་སེན་མོ་བཅད་ཅིང་བྱི་དོར་བྱས་སོ། །ད་ནི་འདོད་པ་སྤངས་པའི་ཆེད་དུ་སེན་མོ་རིང ་ཞིང་ལུས་ལ་དྲི་མས་གཡོགས། དགེ་སྦྱོང་ནི་ངོ་ཚ་ཤེས་པས་ཆོས་གིས?་དང་སྐྲ་སྤུ་གྲིས་བཞེད་ལ། ང་ནི་ངོ་ཚ་དོན་དམ་པར་མེད་པས། གོས་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད། ལྟ་བ་ནི་སྟོན་ཀའི་ནམ་མཁའ་ལ་བལྟས་པས་ཡིད་ཆགས། རང་ལ་རང་གི་གནོད་པ་སྐྱེལ ་བ་དེ་ལམ་ཡིན་པས། ནམ་མཁའ་ཨི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས་བདག་དང་འགྲོ་བའི་ཆེད་དུ་སྡུག་བསྔལ་དུ་བྱས་ན་ཐར་པ་ཐོབ་ཟེར་བས། ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་སླུ། རྒོལ་བའི་རྣམས་ནི་གོ་བླའོ། །དེ་ཉིད་མ་རྟོགས་པའི་ནང་པ་སངས ་རྒྱས་པ་ལ་བརྒལ་བ། དེ་ཡང་འཁོར་བ་དང། མྱ་ངན་ལས་པའི་འདམ་གྱིས་མ་གོས་པའི་དོན་དམ་པའི་བདེན་པ་ནི་ངོ་མ་ཤེས་པས། ཐེག་པ་ཐུན་མོང་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང་མི་གྲོལ་བས། བདེ་བའི་དེ་ཉིད་དང་ནི་བྲལ་གྱུར་ཞིང། དེ ་ཡང་སེམས་ཀྱི་དཀའ་ཐུབ་ཀྱི་མན་ངག་ནི་མ་རྟོགས་སོ། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་གིས་མི་གྲོལ་བས། ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པས། དེ་ཡང་ཐེག་པ་གསུམ། གནས་པ་ནི་བཞི། སྦྱོར་བ་ནི་དགུ་ཁོ་ནའོ། །དེ་རྣམས་ཀྱི་དོན་ལྟ་བ་དང། སྤྱོད ་པ་དང། བསྒོམ་པ་དང། བསམ་གཏན་གྱི་དྲི་མ་ནི་གཞན་ན་གསལ་པས་འདིར་མ་བྲིས་སོ། །དེ་ལ་ཉན་ཐོས་ཐ་མ་འབྲིང་རང་གསུམ་ནི་དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱའོ། །ཆོགས་ལ་སྤྱོད་པ་དང་བསེ?་རུ་ལྟ་བུའི་རང་རྒྱལ་བ་ནི། དནདེ?་རྣམས་ནི་དེ་ལྟར ་རབ་བྱུང་ནས། ཐེག་པ་ཆེན་པོའི་ཐ་མ་མདོ་སྡེ་པ་ནི། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག། །འབྲིང་པོ་སེམས་ཙམ་རྣམ་བཅས་དང་རྣམ་མེད་ནི། སེམས་ཀྱི་ཉམས་མྱོང་ལས་མ་བྲལ་བས། ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང། །རབ་དབུ་མ ་ནི་ཆོས་ཐམས་ཅད་སྒྱུ་མ་དང་གཉིས་སུ་མེད་པར་སྨྲ་བ་དང། རྣམ་གྲངས་མ་ཡིན་པ་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་རྒྱུ་མཚན་ཉིད་ཐེག་པ་ཡིན་པས་ཁ་ཅིག་ཐེག་ཆེན་འདི་ལ་སྒྱུ་བྱེད་ཅིང། །དེ་ལ་ལུང་དང་བསྟན་བཅོས་དང། ཚད་མས་ཤེས་བྱ་གཏན ་ལ་ཕབ་པ་ལ། བསྐལ་པ་དུ་མའི་བར་དུ་གཞུང་ལ་ཞུགས་པའི་ཕྱིར་ན། དེ་ནི་གཞུང་ལུགས་ཆད་མའི་བསྟན་བཅོས་ཡིན། དེ་ལ་འབྲས་བུ་རྡོ་རྗེ་ཐེག་པ་ནི། འཁོར་ལོ་སྡོམ་པ་འམ། དགྱེས་པའི་རྡོ་རྗེ་ལ་སོགས་པ་བསྐྱེད་བའི་རིམ་པ་བསྒོམས་པས། གཞན་ཡང ་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། དེ་ཡང་དབང་བཞི་པ་ལ་བརྟེན་ནས་འཁོར་ལོ་བཞི་པ་ལ་ཐིག་ལེ་བཞི་པའི་མན་ངག་རྫོགས་པའི་རིམ་པ་འཆད་པས་ན་ཁ་ཅིག་བཞི་པོའི་དོན་འཆད་པ་ལ་ཞུགས། དེ་ཡང་སྟོང་པ་ཉིད་ཀྱི་ཞི་གནས་མཐོང་བས། ལ ་ལ་ནམ་མཁའ་ཨི་ཁམས་ལ་རྟོགས་པར་སྣང། ལ་ལ་ནི་སྣ་ཚོགས་དང། སྟོང་པ་ཉིད་ནི་དབྱེར་མེད་པ་ཅིག་ལ་ལྟ་བ་བྱས་པས། གཞན་དག་སྟོང་པ་ཉིད་ལྟ་བར་བྱེད་པ་སྟེ། ལ་ལ་ན་རེ་སྣང་བ་ནི་བེམས་པོ་མ་ཡིན་ལ། ཤེས་པ་ནི་རིག་པ་མ་ཡིན་པས་ལྟའི་དཀྱིལ ་འཁོར་དང་ཤེས་པ་ལ་འབྲེལ་པ་མེད་དོ་ཞེས། ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་ངོ་མ་ཤེས་པས་ན། གཞན་གང་གིས་ཀྱང་མི་གྲོལ་བས?། ལྷན་ཅིག་སྐྱེས་བྲལ་གཞན་དང ་གིས་།དེ་ཡང་ཞི་གནས་ཕྱོགས་གཅིག་པས་ཐར་བ་མི་ཐོབ་པས། མྱ་ངན་འདས་གང་བསྒོམ་བྱེད་པ། འདི་ནི་ཞི་གནས་སོ། །འདི་ནི་ལྷག་མཐོང་ངོ། འདི་ནི་མཉམ་གཞག་གོ། འདི་ནི་རྗེས་ཐོབ་བོ་ཞེས་བྱ་བ་ལ་སོགས་པའི་རློམ་སེམས་ཀྱིས་དོན་དམ་པ་ལ་མི་རེག་པས། ་དེ་དག་འགས་ཀྱང་དོན་དམ་ནི། དོན་དམ་པ་ནི་བློས་རེག་ཏུ་མི་གཏུབ་པས། བརྗོད་པ་བྲལ་བ་དེའི་ཕྱིར་ན་མིང་གདགས་སུ་མ་བཏུབ་པ་དེ་ཤེས་བྱའི་ཡུལ་མ་ཡིན་པས། ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཅིག་ཤོས་ནི་བློས་མི་དེག་ལ། ཞི་གནས་ལ་སོགས་པ་ནི ་བློ་མོས་པ་ཡོད་པས། གང་ཞིག་ལ་མོས་པར་གྱུར་པ་དེས། མོས་པའི་ཕྱིར་ན་ཡང་དག་པ་མ་ཡིན་པས། སངས་རྒྱས་ཀྱི་དགོངས་པ་མི་འཐོབ་པས། བསམ་གཏན་པས་ཐར་པ་ཐོབ་བམ་ཅི། ཡང་དག་པའི་ལྟ་བ་རྟོགས་ན། མཆོད་པའི་རྣམ་པ་འམ་འོད ་གསལ་བ་འམ། སྟོང་པ་འམ། མི་རྟོག་པ་མི་དགོས་པས་ན། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། ཡང་དག་པའི་ཇི་ལྟ་བ་བཞིན་དུ་རྟོགས་ན། ཕྱིའི་སྔགས་ནི་ཁྲོ་བོའི་སྔགས་དང། ནང་གི་སྔགས་ནི་རླུང་རྒྱུ་བ་ལ་སེམས་འཛིན་པ་དང། གསང་བའི ་སྔགས་ཡིད་སྐྱེབ་པ་མི་དགོས་པས། དེ་ལ་ཅི་བྱས་གསང་སྔགས་བརྟེན་པས་ཅི་ཞིག་དགོས། ཕྱི་རོལ་པ་བཞིན་དུ་འབབ་ཆུའི་སྟེགས་ལ་བརྟེན་པ་འམ། ནགས་སུ་འགྲོ་ནས་དཀའ་ཐུབ་བྱ་བ་མི་དགོས་པ་བཞིན་དུ། ནང་གི་འཁོར་ལོའི་རིམ་པ་ནས་བྱང ་ཆུབ་སེམས་དཔའ་སེམས་དབབ་པ་དང། འཁོར་ལོ་ཡི་རིམས་པས་སྟེགས་བྱ་བ་དང། བྱང་ཆུབ་ཀྱི་སེམས་དེ་ཉིད་གྱེན་ལ་བཟློག་ནས་འགྲོ་བ་དང། དེ་ལ་བརྗོད་དུ་མེད་པའི་དཀའ་ཐུབ་མི་དགོས་པས། འབབ་སྟེགས་འགྲོ་དང་དཀའ་ཐུབ་ཅི་དགོས ་ཏེ་ཕྱི་རོལ་པ་བཞིན་དུ་ཁྲུས་བྱས་པ་འམ། སྔགས་པ་བཞིན་དུ་མི་གཙང་བ་ལ་གཙང་བར་བསྒོམས་པས་ཐར་པ་མི་ཐོབ་པས། ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི་ཐབས་དང། སྣང?་བ་དང། དྲན་པ་དང། བད་པ་དང། གསལ་བ་དང། བྲལ་བའི་སྟོང་པ ་ཉིད་ཀྱི་ཞི་གནས་འབའ་ཞིག་ལ་ཞུགས་པ་དེ། དོན་མ་ཡིན་པས་སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང། དེས་ཕྱག་རྒྱ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་མི་མཐོང་བས། དས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཡང་ན་ཐབས་ཀྱི་རྣམ་གྲངས་དུ་མ་ཡོད་ཀྱང། ་བློའི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་རྟོགས་ན། བསྒོམ་པ་ནི་ཚུ་རོལ་ཡིན་པས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང། བསྒོམ་པ་ནི་ཡིད་ལ་བྱས་པས་ཁམས་གསུམ་ལས་མི་ཐར་པས། འཁོར་བ་འདིར་གནས་ཐང་པ་ཐོབ་མི་འགྱུར། ་དེ་ཡན་ཅད་དུ་གཞན་གྱི་གཞུང་བསྟན་ཟིན་ཏོ།། །།ད་ནི་རང་གི་གཞུང་གསལ་བར་བསྟན་པར་བྱ་སྟེ། དེ་ལ་ལྟ་བ་ལ་སོགས་པ་ནས་འབྲས་བུ་རེ་དོགས་པས་མཇུག་བསྡུས་ལ་དཔེ་སུམ་ཅུ་རྩ་ལྡས་རྩ་བའི་དཔེས་བསྡུ་བར་བྱའོ། །སུམ་ཅུ་རྩ་ལྔ་དེ་དག་ནི། ་སྙིང་པོའི་དོན་ཡིད་ལ་མ་བྱས་པ་ལྟ་བར་འགྱུར་བ་མེད་པ་ལག་མཐིལ་དུ་གནས་པའི་དཔེ་དང། སྤྱོད་པ་འཁྲུལ་དང་མ་འཁྲུལ་དབྱེར་མེད་པ་ལ་ཆུ་ལ་ཆུ་གཞག་པའི་དཔེ་དང། བསྒོམ་པ་ཞེན་པ་ལ་བརྒལ་ནས་རང་གཞུང་བསྟན་པ་ནི་སྒྱུ་འཕྲུལ་དྲ་བ་པད་དུ་འཁྱུད ་པའི་དཔེ་དང། འབྲས་བུ་མཚོན་དུ་མེད་པ་ནམ་མཁའ་ཨི་དཔེ་དང། སེམས་ཉིད་ཡི་དམ་གྱི་ལྷར་ཤེས་ན་ཡིད་བཞིན་གྱི་ནོར་བུའི་དཔེ་དང། དེའི་ཡོན་ཏན་སྦྱོད་བ་བཞིན་ནམ་མཁའ་ཨི་དཔེ་དང། རྒྱུན་མི་འཆད་པའི་བསམ་གཏན་རྟོགས་ན་སྙིམ་པ་ཆུས་བཀང་བའི་དཔེ་དང། ་སོ་མ་དང་བཏང་ལྷུག་པ་ནི་རྔ་མོའི་དཔེ་དང། རླུང་གི་རྣལ་འབྱོར་ལ་བརྒལ་ནས་རང་གི་གཞུང་བསྟན་པ་ནི་ཤིང་གི་རྣལ་འབྱོར་གྱི་དཔེ་དང། དེ་དོགས་མེད་པ་བུ་ཆུང་གི་དཔེ་དང། རང་གི་ཉམས་སུ་མྱོང་ཡང་གཞན་ལ་བསྟན་དུ་མེད་པ་གཞོན་ནུ་མའི་བདེ་བའི་དཔེ་དང། ཡུལ་གྱི ་འདམ་གྱིས་མ་གོས་པ་ཨུཏཔ་ལའི་དཔེ་དང། ཉོན་མོངས་པས་མི་གནོད་པ་དུག་ཅན་སྔགས་ཅན་གྱི་དཔེ་དང། མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་པ་གླང་ཆེན་ལོ་མ་པའི་དཔེ་དང། ཆོས་སྐུ་ལས་མ་གཡོས་པ་གཟིངས་ལ་འཕུར་བའི་བྱ་དོག་གི་དཔེ་དང། ཡུལ་གཉིས ་ཀྱི་སྐྱོན་གྱིས་འཆིང་བ་ནི་ཐག་པ་ལ་སྤྲུལ་དུ་མཐོང་པའི་དཔེ་དང། འདོད?་པའི་ཡོན་ཏན་ལྔས་འཆིང་བ་ནི་ཉ་དང་ཕྱེ་ལེབ་གླང་ཆེན་བུད་བ་?་དགས་ཀྱི་དཔེ་དང། ཆོས་ཉིད་རྟོགས་ན་འདོད་ཡོན་སྤྱོད་ཀྱང་མི་གནོད་པ་ཆུ་དང་རླབས་ཀྱི་དཔེ་དང། རྣམ་རྟོག་གློ་བུར་བ་ཆོས་སྐུ ་ལ་ནུབ་པ་ཉི་རྡུལ་གྱི་དཔེ་དང། དུ་མ་རོ་གཅིག་ནི་ཆུལ་ཆུ་གཞག་པའི་དཔེ་དང། ཐུག་ཕྲེད་ཀྱི་རྣལ་འབྱོར་ནི་ནགས་ལ་མཆེད་པའི་མེ་ལྕེའི་དཔེ་དང། གང་ལ་ཞེན་པ་འགལ་བ་ནི་ཏིལ་གྱི་ཤན་པའི་དཔེ་དང། དབང་པོའི་མངོན་སུམ་དང་རྣལ་འབྱོར་གྱི་མངོན་སུམ་འདྲ་ལ་མི་འདྲ ་བ་ནི་ཕག་དང་གླང་པོའི་དཔེ་དང། རིག་པ་མེད་ཀྱང་འགྲོ་དོན་བྱེད་པ་ཡིད་བཞིན་ནོར་བུ?་པ་དང། སྣོད་བརྟག་པ་འམ་དྲན་དུ་མ་བཏུབ་ཀ་ལ་ཀུ་ཏིའི་དཔེ་དང། ཆོས་ཉིད་ཀྱི་རོ་མ་སྟེར་བ་ནི་ལན་ཚྭ་ཆུལ་ཐིམ་པའི་དཔེ་དང། སེམས་དང་སེམས་ལས་བྱུང་བ་དབྱེར་མེད་པ་ནི ་ཆུ་ནང་གི་མར་མའི་དཔེ་དང། སྣ་ཚོགས་ཆོས་སྐུ་ལས་མ་གཡོས་པས་རྒྱལ་པོ་ལ་སྒྱུ་མི?་བསྟན་པའི་དཔེ་དང། རིག་པ་ཟས་སུ་ཟོས་པ་ཆུང་མས་ཁྱོ་ཟེས་པའི་དཔེ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ལྷན་ཅིག་སྐྱེས་པའི་སྡོམ་པ་མེ་ཤེལ་གྱི་དཔེ་དང། ཆོས་སྐུ་?་རེག ་རེག་འདྲ་སྟེ་མི་རེག་པ་ནི་གདོལ་བའི་རིགས་བྱེད་ཀྱི་དཔེ་དང། ལོངས་སྐུ་མ་རྟོགས་ཀུན་ཏུ་རུལ་འཚོལ་ན་སྨིག་རྒྱུའི་ཆུའི་དཔེ་དང། བཞི་པའི་མན་ངག་རྟགས་ན་ཟླ་བའི་ནོར་བུའི་དཔེ་དང། སྤྲུལ་སྐུ་རྟོགས་ནས་སེམས་ཡན་པར་གླང་པོ་ཆེ་སྐྱོང་པའི་དཔེ་དང། ངོ་བོ་དབྱེར་མེད་པར ་རྟོགས་ན་ཚུལ་ཆུ་བུར་གྱི་དཔེའོ།། །།དཔེ་དེ་རྣམས་གསལ་བར་བྱ་བ་ནི། དང་པོ་ཁོ་ན་དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ལྟ་བ་རྟོགས་བྱ་མ་ཡིན་པ་རྟོགས་དགོས་ཏེ། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་ཇི་སྙེད་པ ་གཅིག་གཉིས་སུ་མེད་པར་ཤེས་དགོས་སོ། །འདི་ལ་བརྗོད་བྱ་མང་པོ་ཡོད་དེ་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་ཐ་མ་དང་འབྲིང་དང་རབ་ཀྱི་དབང་དུ་བྱས་ན་ཐ་མ་སྣར་སྟོང་དབྱེར་མེད་ལྟ་བ། བདེ་སྟོང་དབྱེར་མེད་བསྒོམ་པ། སྐུ་གསུམ་དབྱེར་མེ?་འབྲས་བུའོ ་རྣལ་འབྱོར་འབྲིད་པོ་ན་རེ། རྣལ་འབྱོར་ཐ་མ་ནི་རྣམ་པར་རྟོག་པ་འབའ་ཞིག་ལ་མིང་དུ་བརྟགས་པའོ། །རྣམ་རྟོག་དེ་ཡང་དྲན་པ་ཙམ་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང། མན་ངག་གིས་དྲན་མེད་མྱོང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སྐྱེ་མེད ་ངོས་བསྟན་པས་སོ་སོར་རྟོག་པའི་ཡེ་ཤེས་དང་བྱ་བ་རྩལ་དང་བྲལ་བ་རྟོགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་དང། བསམ་དུ་མེད་པ་ཤིན་དུ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་དབྱིངས་དེ་དག་མན་ངག་གིས་ཉམས་མྱོང་བས་རྣལ ་འབྱོར་འབྲིང་པོ་ཞེས་བྱའོ། །རྣལ་འབྱོར་རབ་ན་དེ། རྣལ་འབྱོར་འབྲིང་པོས་ཡེ་ཤེས་སུ་མིང་དུ་བརྟགས་པ་ནི་སཕུ?་མ་ལྟ་བུ་དྲན་པ་དང་ཡིད་ལ་མ་བྱས་པ་དབྱེར་མི་ཕྱེད་པ་ཟུང་འཇུག་རབ་ཏུ་མི་གནས་པ་ཙམ་ཡིན་གྱིས། གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེ ་སྟོང་ཉིད་རབ་ཏུ་མི་གནས་པ་དང། སྐྱེ་བ་མེད་ཆེད་དགག་ཏུ་མེད་པ་དེ་བཏང་སྙོམས་རབ་ཏུ་མི་གནས་པ་དང། གང་གིས་བློས་མི་རིག་པ་བསམ་དུ་མེད་པས་རྒྱུན་ཆད་རབ་ཏུ་མི་གནས་པའོ། །དེ་ཡང་རབ་ཏུ་མི་གནས་པ་དེ་དག་ཡིད་ལ་མི་བྱེད་པ་དང་དབྱེར ་མི་ཕྱེད་པས། གང་ཡང་གཉིས་པོའི་སྦྱོར་བའི་ནུས་པ་དེས་འཁོར་བ་རྣམ་པ་གསུམ་དང་མྱ་ངན་ལས་འདས་པ་གསུམ་ནི་སེམས་དང་ཡེ་ཤེས་ཀྱི་སྤྲུལ་པའོ། །སེམས་དང་ཡེ་ཤེས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ ་ལ་གནས་པར་མི་བྱ་སྟེ། ཆོས་ཉིད་སྐྱེ་བོ་མེད་པ་དེ་ནི་སེམས་ལས་བྱུང་བ་དྲན་པ་འདི་ལ་གནས་པར་མི་བྱ་ལ། སེམས་ཉིད་དྲན་མེད་ཤེས་བྱ་ཡིན་པས་གནས་པར་མི་བྱེད་པས་འཁོར་བར་མི་གནས་མྱ་ངན་འདས་མི་གནས། སྐྱེ་བ་མེད་པ་དེ་ཡང་དྲན་པ་དང ་དྲན་མེད་ལ་བརྟེན་ནས་རྟོགས་པར་འགྱུར་གྱི། དཔེར་ན་བུད་ཤིང་མ་ཟད་ཀྱི་བར་དུ་མེ་གནས་པར་འགྱུར་གྱི། བུད་ཤིང་ཟད་པ་དང་མེ་ལ་གནས་མེད་པ་བཞིན་དུ། དྲན་དང་དྲན་མེད་མ་ཟད་བར་དུ་སྐྱེ་བ་མེད་པ་ཞེས་གནས་པར་འགྱུར་གྱི། དེ་གཉིས་རྨི་ལམ་གྱི ་སྒྱུ་མ་ལྟ་བུར་ཤེས་པས། སྐྱེ་བ་མེད་པ་དེ་དམིགས་སུ་མེད་པའི་ཕྱིར་ལོང་བ་ལྟ་བུ་ཡིན་པས་བརྗོད་དུ་མེད་པ། ཀྱེ་ལགས་གང་སྨྲས་བརྫུན་པས་ལོང་བ་ངོ་བོར་ལ། སེམས་ལ་སྣང་བ་ནི་རྐྱེན་བག་ཆགས་ལ་དག་ལུས། སེམས་ལ་སྟོང་པ་ནི་ལྟོས་པའི་ཆོས་ལ་དག་ལུས ་སེམས་སྐྱེ་བ་མེད་པ་དེ་གཉིས་ལ་དག་ལུས་པས། སྣང་བ་དང། སྟོང་པ་དང། སྐྱེ་བ་མེད་པ། གང་ལ་ཞེན་པ་ཡོད་པ་དེ་ཡང་མཐོང། བཞིས་བསྡུས་ཀྱི་ཆོས་ཐམས་ཅད་ཡིད་ལམ་བྱས་པ་ཐུག་ཕྲང་དུ་རྟོག་པས། རྟོགས་པར་གྱུར་ན་དེ་ཡིན་ཏེ། ཡིད་ལ་མ་བྱས་པ་བླ་མ ་དམ་པས་བརྡ་དང་ཐབས་ཀྱིས་བསྟན་ཡང་རྟགས་དེ་མ་ཡིན། དཔེར་ན་བྲམ་ཟེ་མ་ཡིན་པ་བོས་ཤིག་བྱས་པས། གཞན་ནི་ངོས་བཟུང་བ་མེད་པ་དེ་བཞིན་དུ། དེས་གཞན་ཞིག་ནི་ཤེས་པར་བྱ་བའི་ཡུལ་མ་ཡིན་པས། དེ་ལས་གཞན་ཞི་གསུམ་ཀྱང་ཤེས་མི་འགྱུར། ་དེ་ཡང་ཐོས་པའི་ཤེས་རབ་དང། བསམ་པའི་ཤེས་རབ་དང། བསྒོམ་པའི་ཤེས་རབ་སྐུ་གསུམ་ཤེས་པས། ཀློག་པ་དེ་ཡིན་འཛིན་དང་བསྒོམ་པ་དེ་ཡིན་ཏེ། དེ་ཉིད་ཐོག་མ་མེད་པ་ནས་འགྱུར་བ་མེད་པ། སྲིད་པ་ཆགས་པ་དང་དེའི་བསྟན་བཅོས་ཀྱང་དེ་ལས ་གཞན་མ་ཡིན་པས། བསྟན་བཅོས་སྙིང་ལས་འཆད་པ་འང་དེ་ཡིན་ནོ། །བླ་མ་དམ་པས་བརྡ་དང་ཐབས་ཀྱི་སྒོ་ནས་ཡིད་ལ་མི་བྱེད་པའི་ལྟ་བ་མ་མཚོན་ན། གཞན་རྣམ་རྟོག་ཡིད་ལ་བྱས་པས་ལྟ་བ་འགྱུར་བ་མེད་པ་ནི་མ་རྟོགས་པས་དེ་མི་མཚོན་པའི ་ལྟ་བ་ཡོད་མིན་ཏེ། འོ་ན་ཡིད་ལ་བྱས་པའི་ལྟ་བ་དེ་རྟོགས་སུ་རུང་བ་ཡིན་ན་ཤེས་བྱ་ཡིན་ལ། མ་རྟོགས་ན་ཉོན་མོངས་པ་ཡིན་ནོ། །དེ་བས་ན་བརྒྱུད་པའི་བླ་མ་དང་དངོས་ཀྱི་བླ་མས་བརྡ་དང་ཐབས་ཁྱད་པར་ཅན་གྱིས་བསྟན་དུ་ཡོད་པས། འོན་ཀྱང་གཅིག ་ཏུ་བླ་མའི་ཞལ་ལ་ལྟོས་པ་ཡིན། བརྒྱུད་པའི་བླ་མས་བརྡས་བསྟན་ལ། །དངོས་ཀྱི་བླ་མས་ནི་ཐབས་ཀྱིས་རྟོགས་པ། སྙིང་གི་དཀྱིལ་འཁོར་ལ་གནས་པས། བརྒྱུད་པའི་བླ་མས་སྨྲས་པ་དངོས་ཀྱི་བླ་མའི་གང་གི་སྙིང་ཞུགས་པ། དཔེ་ཅི་དང་འདྲ་ཞེ་ན། ཡིད་བཞིན་ནོ ་བུ་འམ། ནོར་ལྷ་བསྒྲུབས་པའི་སྐྱེས་བུའི་ལག་པའི་མཐིལ་ནས་ཅི་བསམ་པ་འགྲུབ་པ་དེ་བཞིན་དུ། ལྟ་བར་འགྱུར་བ་མེད་པ་རྟོགས་ན་ཟང་བ་མེད་ཅིང་འཕེལ་བ་མེད་པས། ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ་།ད་ནི ་ལྟ་བ་རྟོགས་པའི་རྣལ་འབྱོར་གྱི་སྤྱོད་བ། ཆུ་ལ་ཆུ་གཞག་གི་དཔེས་བསྟན་པར་བྱའོ་།དེ་ཡང་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་སྣང་ཡང། གཉུག་མའི་ངང་དུ་གཉིས་སུ་མེད་དོ། བྱིས་པ་སོ་སོའི་སྐྱེ་བོ་ལ་གཞུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་ཡོད ་བ་དེ་མ་མཚོན་པའི་དུས་སུ་ཡིད་ལམ་བྱས་བ་རྟོགས་ན། གཞུག་མའི་རང་བཞིན་བྱིས་པས་མ་མཚོན་པར། གཉུག་མ་མ་བཅོས་པར་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དེ་ཉིད་བརྡ་ཡིས་མ་མཚོན་པར་སྒྲ་དང་ཐ་སྙིང་ཀྱིས་མཚོན་པ་ཙམ ་འཁྲུལ་བས། འདི་གཙང་འདི་མི་གཙང་འདི་དགེ་མི་དགེ་ལ་སོགས་པ་བསླབས་ཤིང་བཅོས་པས་བུས་པ་བསླུས་པ་ན། འཁྲུལ་པས་བུས་པ་བསླུས་ཞེས་མངའ་སྣུན་སྨྲ། དོན་དམ་པའི་ལྷན་ཅིག་སྐྱེས་པ་དེ་བསྒོམ་དུ་ཡང་མེད་ལ། དེ་ལས་ཁྱད་པར ་འཕགས་པ་ཡང་མེད་པས། བསམ་གཏན་མེད་ཅིང་རབ་ཏུ་བྱུང་བའང་མེད། འོ་ན་ཡུལ་དང་ཡུལ་གྱི་དགའ་པ་སྤངས་དགོས་སམ་ཞེན་མ་ཡིན་གྱི་?་དྲེན་པའི་ཁྱིམ་ན་གནས་ཤིང་དྲན་མེད་ཀྱིས་ཆུང་མ་ཤེས་རབ་མ་རྣམ་པ་གསུམ་དང་བྲལ་བར། ཁྱིམ ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ་།འོ་ན་ཕྱིའི་ཡུལ་ནི་འདོད་ཡོན་ལྔ། ནང་གི་ཡུལ་ནི་དྲན་བས་མི་འཆིང་དམ་ཟེར་པ་ལ་རྟོགས་ན་གྲོལ་བས། གང་ཞིག་ཡུལ་གྱི་དགའ་བས་བཅིངས་པས་མི་གྲོལ་ན། དེ་ཉིད་ཡིད་ལ་བྱས་ནས་?་པ་བྱས་པས། མངའ་བསྣུན་ངས་ནི་དེ་ཉིད ་ཤེས་པ་ཡིན་ཞེས་སྨྲ་།གལ་ཏེ་རྒྱུན་མི་འཆད་པའི་བསམ་གཏན་བཞི་རྟོགས་ན། ཡིད་ལ་བྱས་པའི་བསམ་གཏན་བྱ་མི་དགོས་པས་གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། ཡང་ན་རྒྱུན་མི་འཆད་པའི་བསམ་གཏན་བླ་མ་དམ་པས་བསྟན་བས་མ་རྟོགས་ན། ཡིད ་ལ་བྱས་པ་ཡལ་བས?། གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་ས་དང་གནས་པ་དང། འགགས་ས་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་ན། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་དྲན ་པ་དང་བཅས་པ་ཞིག་ཡིན་ནམ། དྲན་པ་མེད་པ་ཞིག་ཡིན་ནམ་ཞེ་ན་མ་ཡིན་གྱི་དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ་རྒྱུ་ན་མི་འཆད་པའི་བསམ་གཏན་སེམས་མ་ལུས་པ་ཡོང་པ་ངོ་མ་ཤེས་པས། མངའ་བསྣན་འོ་དོད་རྟག་ཏུ་འབོད་པར་བྱེད། སེམས་ཅན་ཐམས ་ཅད་ཀྱིས་མ་རིག་ལ་ངེས་སྐྱེ་རྒ་ན་འཆིང་འགྱུར་བས་གང་ཞིག་བླངས་ནས་སྐྱེ་ཤིའི་གནས་གྱུར་བ། མ་རིག་པ་དེ་ཉིད་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བའི་དུས་སུ་མ་རིག་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་པས་གློས་མ་རིག་པས་དོན་དམ་པ་ཡིན་པས། དེ་ཉིད་བླངས ་ནས་བདེ་ཆེན་མཆོག་སྒྲུབ་བྱེད་ཅེས། དེ་ཡང་འདམ་གྱིས་མགོས་པ་བདེ་བ་ཆེན་པོ་དེ་ཉིད་བརྡའི་སྐད་དུ་སྐད་སྤྲུལ་སྐུའི་གསང་བ་ལོངས་སྐུའི། མཐོན་པོ་ཆོས་སྐུ། མ་རྟོགས་པས་སྐད་གསངས་མཐོན་བོས་མངའ་བསྣན་སྨྲ་བྱེད་ཀླད?། ཁམས་གསུམ་གྱི་སེམས ་ཅན་རྣམས་ཀྱིས་རང་ལ་ཡང་པ་ངོ་མ་ཤེས་བས། བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ་བོ་ཞིང་རྟོགས་ན་བསམ་དུ་ཡོད་དམ་ཞེ་ན། བསྒོམ་པ་དང་བསམ་པ་དང། དྲན་པ་ནི་རྣམ་པར་རྟོག་པ་ཡིན་པས། དོན་དམ་པ་ན་བསམ་བསྒོམ་ལས་འདས་པས། བློས ་མ་རེག་པའི་དབྱིངས་དེ་།བསམ་གཏན་དྲལ་བས་ཅི་ཞིག་བསམ་དུ་ཡོང་འོན་བསམ་དུ་མ་བཏུབ་པ་ན། སློབ་དཔོན་དང་སླེབ་བུ་བཤད་པའི་འབྲེལ་པ་ཡོད་དང་ཞེ་ན། བློའི་ཡུལ་དུ་མ་གྱུར་པས་ཚིག་གིས་བརྗོད་པར་མི་ནུས་པས། བརྗོད་དུ་མེད་གང་ཇི་ལྟར ་བཤད་དུ་ཡོང། བཤད་པར་བྱེད་ན་དྲན་དགོས་ཏེ། དྲན་པའི་རྣམ་པར་རྟོག་པ་ནི་འཁོར་བ་ཡིན་ལ་དེ་ཉིད་ཡལ་བར་མི་ཤེས་པས། སྲིད་བའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། དྲན་པ་ནི་རང་བཞིན་གྱིས་ཡལ་གཉུག་མ་ནི་ཤེས་བྱ་བ་མ་ཡིན་པས། རང་བཞིན ་གཉུག་མ་སུས་ཀྱང་བླངས་པ་མེད། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་ལ། རྒྱུད་གསུམ་འམ་ལྔ་མེད། ཕྱི་ནང་གསང་བའི་སྔགས་མེད་དེ་ལ་བརྟེན་ནས་བསྒོམ་བྱ་བསྒོམ་བྱེད་མེད་པས་རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད།། ་བསྒོམ་པ་བསམ་པ་དྲན་པ་ཡིད་ལ་བྱེད། །དེ་ཀུན་རང་ཡིད་འཁྲུལ་པར་བྱེད་པའི་རྒྱུ། །ཤེས་དང་ཤེས་བྱ་ལ་སོགས་པའི་དྲི་མ་རང་བཞིན་གྱིས་དག་ལ། བྱས་པའི་བསམ་གཏན་གྱིས་བསང?་དུ་མི་བཏུབ་པས། རང་བཞིན་དག་པའི་སེམས་ལ་བསམ་གཏན་དག ་གིས་མི་བསླད་དེ། དབང་གི་ཉམས་སུ་མྱོང་བའི་བདེ་བས་ལུས་དང་སེམས་དང་སྣང་བའི་བདེ་བ་མྱོང་བར་འགྱུར་ཡང་གློ་བུར་བ་ཡིན་པས་བདག་ཉིད་བདེ་ལ་གནས་ཤིང་གདུད་བར་མ་བྱེད་ཅོག། དེ་ལ་མ་འཁྲུལ་པ་ཚངས་པ་དགུའི་མན་ངག་བསྟན་པར་བྱའོ།། ་དེ་དག་གང་ཞེ་ན། ཚོགས་ཀྱི་འཁོར་ལོ་དང། ལས་ཀྱི་ཕྱག་རྒྱ་དང་།ཆོས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་དང། དོན་དམ་ཚིག་གི་ཕྱག་རྒྱ་དང། དོན་གྱི་ལུས་དང། དོན་གྱི་ངག་དང། དོན་གྱི་ཡིད་དང། དེ་དག་དབྱེར་མེད་པའོ། །དེ་ལ་ཚོགས་ཀྱི་འཁོར་ལོ་ལ། བྱི་དང ་ནད་དང་གསང་པའོ། །ཕྱི་ནི་རྣལ་འབྱོར་ཕོ་མོ་ཡབ་ཡུམ་ཚོགས་པའི་དུས་སུ། ཟ་ཞིང་འཐུང་ལ་གཉིས་སྤྲོད་དགའ་ཞིང། ལུས་ལྷའི་འདུ་ཞེས་དང། དག་སྔགས་ཀྱི་འདུ་ཤེས་དང། སེམས་དེ་ཁོ་ན་ཉིད་ཀྱི་འདུ་ཤེས་དང་མ་བྲལ་བར་བསྐྱེད་པའི་རིམ་པ་བསྒོམས ་པས། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། འབྲས་བུ་རྡོ་རྗེ་ཐེག་པའི་བསྐྱེད་པའི་རིམ་པ་ལ་སོགས་པ་རྔ་བཞིན་པ་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། དེ་མ་རྟོགས་ན། རྨོངས་པའི་མགོ་བོར་རྡོག་པས་མནན་ནས་སོང། ནད་གི་ཚོགས ་ནི་བདུད་རྩི་ལྔ་དང་ཤ?་ནི་ཟ་ལ། རྡོ་རྗེ་ཆུ་འཐུང་གི་མན་ངག་གིས་འཐུང་ལ། བདེ་པ་དང་སྟོང་པ་དབྱེར་མི་ཕྱེད་པས་ཟ་ཞིང་འཐུང་ལ་གཉིས་སྤྲོད?་ཀྱིས་དགའ་ཞིང། འཁོར་ལོ་རིམ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བས་འགེངས་པས་ན། རྟག་ཏུ་ཡང་དང་ཡང ་དུ་འཁོར་ལོ་འགེངས། ཐབས་ཁྱད་པར་ཅན་གྱི་མན་ངག་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། དེ་སྟ་བུའི་ཆོས་མ་རྟོགས་ན་རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང། གསང་པའི་ཚོགས་ནི་ཟས་སུ་དྲན་པ་ཟ། སྒོམ་དུ་མ་དྲན་པར ་འཐུང་ལ། །སྐྱེ་བ་མེད་པ་དབྱེར་མེད་བས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང། དྲན་དང་དྲན་མེད་སྤྲུལ་པའི་སྐུ་ཡིན་པ་དང། སྐྱེ་བ་མེད་པ་ལོངས་སྐུ་བློས་མ་རེག་པ་ཆོས་སྐུ་ཡིན་པས། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། དེ་ལྟ་བུའི་ཆོས་ཉིད་ཡང ་དག་པར་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། ཆོས་ཉིད་བློ་ལས་འདས་པ་མི་རྟོགས་པས། རྨོངས་པའི་འཇིག་རྟེན་མགོ་པོར་རྡེག་པས་མནན་ནས་སང། ད་ནི་ལས་ཀྱི་ཕྱག་རྒྱའི་དཔེ་དོན་གཉིས་ལ། དཔེ་ལས་ཀྱི་ཕྱག་རྒྱ་ནི་གཞན་གྱིས ་བཤང་ཟིན་ཏོ། །དོན་ལས་ཀྱི་ཕྱག་རྒྱ་ནི། རང་གི་བྱང་ཆུབ་སེམས་ཐིག་ལེ་རྣམ་པ་བཞི། དེ་ཡང་མན་ངག་གིས་བསྟན་པའི་དུས་སུ་དྲན་པའི་ཐིག་ལེ་འཁོར་བ། དྲན་པ་མེད་པ་མྱ་ངན་ལས་འདས་པ་སྐྱེ་བ་མེད་པའི་མཚན་ཉིད་ཡིད་ལ་མ་བྱས་པ། བློ་ལས་འདས་པའི ་མཚན་ཉིད་ཡིད་ལ་མ་བྱས་པའི་དུས་སུ། བླ་མའི་མན་ངག་གིས་རྣམ་རྟོག་མི་རྒྱུ་རིག་པ་མི་རྒྱུ་བས། གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང། དུས་དེ་ལ་དྲན་པའི་ཉི་མ་སྣང་བ་མི་འཇུག། དྲན་པ་མེད་པ་ཟླ་བ་ནི་སྣང་བ་མི་འཇུག་པས། ཉི་མ་ཟླ་བ་འཇུག?་པ་མེད་གྱུར་པ། ཤེས ་བྱ་ཤེས་བྱ་མ་ཡིན་ལ། བླ་མའི་མན་ངག་བསྟན་པའི་དུས་སུ་སེམས་ངལ་སོས་ཡིན་ལ། དྲན་དང་དྲན་མེད་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང། སྐྱེ་བ་མེད་པ་རྡོ་རྗེ་འཆང་གི་དབུག་དབྱུང་བ་དང། བློ་ལས་འདས་པ་བདེ་བ་ཆེན་པོའི་དབུགས་འབྱུང་བས། མི་ཤེས་པ ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཞིག། བླ་མ་དང་སློབ་མའི་ངན་ངག་བསྟན་དུ་བཏུབ་པས། མངའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང། དཔེ་ཆོས་ཀྱི་ཕྱག་རྒྱ་དང། དོན་གྱི་ཆོས་ཀྱི་ཕྱག་རྒྱ་གཉིས་ལ་དཔེའི་ཆོས་ཀྱི་ཕྱག་རྒྱ་ནི་གཞན་གྱིས་བཤད་ཟིན་ནོ།། ་དོན་གྱི་ཆོས་ཀྱི་ཕྱག་རྒྱ་ནི། ཆོས་མ་ལུས་པ་སེམས་ལ་བསྡུས། དེ་ཡང་སེམས་རྩ་གསུམ་ལའོ། །དྲན་པའི་རྩ་ནི་རོལ་མོ་མཁན་དང་འདྲ་བསལ་ལ་ནཱའོ། །དྲན་པ་མེད་པའི་རྩ་ནི་མཉམ་པ་ཉིད་ལ་གནས་པས་རས་ནཱ་དེ་གཉིས་ལས་གཞན་སྐྱེ་བ་མེད ་པ་ངོས་བསྟན་ཡོད་ལ་ངོས་གཟུང་མེད་པས་ཨ་བ་དྷཱུ་ཏཱིའོ། །དེ་ལས་དྲན་པ་དང་མ་དྲན་པ་བྱུང་ཡང་དབྱིངས་དེ་ལ། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། དྲན་པ་སྐུའི་རིགས། དྲན་མེད་གསུང་གི་རིགས། སྐྱེ་མེད་ཐུགས་ཀྱི་རིགས། དབྱིངས་དེ་ལ་ཇ་མི ་དང་པས། རིགས་ལ་བྱེ་བྲག་དག་ཏུ་མ་བྱེད་པར། དྲན་པ་ལ་ཆགས་ན་འདོད་པའི་ཁམས་ཀྱི་རྒྱུ། དྲན་མེད་ལ་ཆགས་ན་གཟུགས་ཀྱི་ཁམས་ཀྱི་རྒྱུ། སྐྱེ་མེད་ལ་ཆགས་ན་གཟུགས་མེད་པའི་རྒྱུ་ཡིན་ལ། སེམས་ཀྱི་ཆོ་འཕྲུལ་ཡིན་པས་དེ་ལ་ཡང་དག ་ཏུ་མི་འཛིན་པས་ན། ཁམས་གསུམ་མ་ལུས་འདི་ཐམས་ཅད་ནི། དེའི་ཕྱིར་བློས་མ་རེག་པའི་བདེ་བ་བླ་མ་དམ་པས་བསྟན་པ་དེ་ལ་ཆོས་མ་ལུས་པ་དེའི་ངང་ལས་མ་གཡོས་པས་འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར་ཅིག་དང། ཕྱག་རྒྱ ་ཆེན་པོ་རང་བཞིན་གྱི་རྣམ་པར་དག་པ་ལ་ནི་དཔེས་མཚོན་པར་བྱ་བ་མ་ཡིན་གྱིས། དོན་འདི་ལྟ་བུ་ཞེས་མཚོན་དུ་མེད་དོ། །འོ་ན་ཡང་བླ་མ་དམ་པའི་གདམས་ངག་གིས་བསྟན་མ་ཐག་ཏུ་རྣལ་འབྱོར་མངོན་སུམ་རྐྱེན་གསུམ་གྱིས་མ་བསླད་པ་དེ་ནི ་དུས་གསུམ་མཉམ་པ་ཉིད་སྤྲུལ་པའི་སྐུ་གནས་པས། དེར་ནི་ཐོག་མ་བར་མཛའ་མེད། སྲིད་པ་དང་མྱ་ངན་ལས་འདས་པ་སྐྱེ་བ་མེད་པའི་དབྱིངས་སུ་ལོངས་སྐུ་གནས་པས། སྲིད་མེད་མྱ་ངན་འདས་པ་མིན། འཁོར་བ་དང་མྱ་ངན་ལས་འདས་པའི་འདམ ་གང་གིས་ཀྱང་མ་གོས་པས་ནི་ཆུའི་ནང་གི་ཟླ་བ་བཞིན་དུ་འདྲེས་ལམ་འདྲེས་པ་ཆོས་ཀྱི་སྐུ་ནི་བླ་མའི་ཞལ་ལས་ཤེས་པར་བྱས་ལ་དེ་ཡང་རྐྱེན་གསུམ་གྱིས་མ་བསླད་པས། བདེ་བ་ཆེན་པོ་མཆོག་འདི་ལ། བདག་གི་དོན་དང་གཞན་གྱི་དོན་གཉིས་མ ་གྲུབ་པས་ན། བདག་དང་གཞན་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ཐ་དད་པས་མ་ཡིན་ཏེ། གློ་བུར་གྱི་དྲན་པས་མ་བྱུང་བའི་ངོ་བོ་ཉིད་ཀྱི་སྤྲུལ་སྐུ་དང། དྲན་མེད་མ་བྱུང་བའི་ངོ་བོ་ཉིད་ཀྱིས་ལོངས་སྐུ་དང། སྐྱེ་མེད་མ་བྱུང་བའི་ངོ་བོ་ཉིད་ཀྱིས་ཆོས་སྐུ་དེ་ལ ་བདག་དོན་དང་གཞན་དོན་དང་གཉིས་སུ་མ་གྲུབ་པས། བདག་དང་གཞན་ནི་ཡོད་མ་ཡིན། དམ་ཚིག་གི་ཕྱག་རྒྱ་དཔེ་དོན་གཉིས་ལ། དེབ་ནི་གཞན་གྱིས་བཤད་ཟིན་ཏོ། །དོན་ནི་ད་ལྟར་གྱི་དྲན་པའི་དས་སྣ་ཚོགས་སུ་སྣང་བས་རྣམ་པར་སྣང་མཛད ་མདུན་དུ། དེའི་ཕ་རོལ་ན་དྲན་པ་མེད་པའི་སྣང་བས་ཁྱབ་པས་སྣང་པ་མཛའ་ཡས་རྒྱབ། དེ་གཉིས་དབྱེར་མེད་པ་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སྣ་ཚོགས་འབྱུང་བས་རིན་ཆེན་འབྱུང་ལྡན། སྣ་ཚོགས་དེ་ཉིད་ལས་འགྲོ་དོན་མཛད་པས་དོན ་ཡོང་གྲུབ་པ། རང་གི་ངོ་བོས་ལས་མ་གཡོས་པས་མི་བསྐྱོད་པ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་དག་དང་པོ་རྒྱུ་མེད་པ་དེ་ཉིད་རྒྱུ་གཅིག་བར་རྟོགས་པ་བྱམས་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཐབས་སྙིང་རྗེ་རྟོགས་ནས་བྲལ་དེ་མེད་པ ་དགའ་བ། དེ་ཉིད་བློའི་ཡུལ་ལས་འདས་པ་བཏང་སྙོམས། དེ་རྣམས་ཡིད་ལ་མ་བྱས་པས་རྡོ་རྗེ་སེམས་དཔའ་སྟེ་བཅུའོ། །དེ་གང་ལྟར་བལྟས་ཀྱང་དེ་ལས་མ་གཡོས་པ་ནི། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །ཡང་ན་བསྐྱལ་ས་གང་དུ་བསྐྱལ་བ ་བསྟན་པ་ནི། རང་གི་ཤེས་པ་ལ་སྣང་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང། རང་གིས་ཚོར་བས་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང། དེ་ཉིད་ཀྱི་འདུ་ཤེས་སུ་ཡོད་པས་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཛའ་ཡས་དང། དེ་ལྟར་འདུ་བྱེད ་ཀྱི་རྣམ་པ་ནི་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང། ཤེས་པས་མ་རྟོགས་པས་བཞན་མེད་པས་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ནི་ཡེ་ཤེས་ལྔ་སྟེ་འཇིག་རྟེན་པའི་ཕུང་པོ་ལྔའོ། །མན་ངག་གིས་བསྟན་པ་དེ་ནི་དྲན་པ་མེད་ཅིང་ཡིད་ལ་བྱ ་བ་མེད་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང། དེ་ཉིད་རྒྱུན་མི་འཆད་པ་ཏིང་ངེ་འཛིན་གྱི་ཕུང་པོ་རིན་ཆེན་འབྱུང་ལྡན་དང?་དེ་ཉིད་བློས་མི་རིག་པ་ཤེས་རབ་ཀྱི་ཕུང་པོ་སྣང་བ་མཛའ་ཡས་དང། དེ་ཉིད་གང་གིས་ཀྱང་མ ་བཅིངས་པ་རྣམ་པར་གྲོལ་བའི་ཕུང་པོ་དོན་ཡོད་གྲུབ་པ་དང་།གང་གིས་ཀྱང་མ་བཅིངས་པའི་དེ་ཉིད་ལ་སངས་རྒྱས་ཀྱི་དགོངས་པ་ཡོད་པས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་མི་བསྐྱོད་པ། དེ་དག་ཡེ་ཤེས་ལྔས་རྒྱས་བཏབ་པ་ནི ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། རྣལ་འབྱོར་པ་འགའ་ཙམ་གྱི་སྤྱོད་ཡུལ་ལོ། །མ་རྟོགས་ན་འཇིག་རྟེན་པའི་ཕུང་པོ་དང་འགྲོགས་ལ། རྟོགས་ན་འཇིག་རྟེན་ལས་འདས་པའི་ཕུང་པོ་དང། ལྷན་ཅིག་ཏུ་སྒྱུ་མ་ལྟ་བུས་ཆགས་དང་གྲོལ་བའི་ལམ་གཉིས ་ལས། འཇིག་རྟེན་པའི་ཕུང་པོ་ལྔ་ནི་ཆགས་པའི་ལམ་དང། འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་ནི་གྲོལ་བའི་ལམ་གཉིས་ལ་གནས་པས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། གང་ལྟར་བལྟས་ཀྱང་ཡིད་ལ་མ་བྱས་པའི་དེ་ཁོ་ན་ཉིད་དང་མི་འབྲལ་བ་ཡིན ་པས། གད་གང་མཐོང་བདེ་དེ་ཉིད། བླ་མ་དམ་པས་བརྡས་བསྟན་པའི་དུས་སུ། རྩ་རྡུལ་ཙམ་གྱི་ཐེ་ཙོམ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དོན་རྟོགས་པས་དེ་རིང་ཉིད་དུ་མགོན་པོ་ད་ལྟར་འཁྲུལ་པ་ཆད། དྲི་མ་དང་དྲི་བའི་ལན་ནི་དྲན་པ་འབའ་ཞིག་ཡིན ་ལ། ཅིག་ཤོས་ནི་གཏན་ཡིད་ལ་བྱར་མེད་པས། ད་ནི་སུ་ལའང་དྲི་བར་མི་བྱའོ། །ལྷན་ཅིག་སྐྱེས་པའི་ལུས་ལ་དཔེ་དོན་གཉིས་ལས། དཔེའི་ལྷན་ཅིག་སྐྱེས་པའི་ལུས་ནི་ཐིག་ལེ་དཀར་དམར་གཉིས་ལ་མིག་གི་དབང་པོ་ལ་སོགས་པ་མེད། དོན་གྱི་ལྷན ་ཅིག་སྐྱེས་པའི་ལུས་ལ་ཡང་དཔེ་དོན་གཉིས། དཔེ་ནི་བག་ཆགས་དང་བཅས་པ་དང། བག་ཆཌ་མེད་པའོ། །བག་ཆགས་དང་བཅས་པ་ནི་ཡིད་ཀྱི་གཟུགས་ལ་བལྟས་པའི་དུས་སུ་ལུས་དེ་ལ་ཤ་ཁྲག་དང་དབང་པོ་གང་ཡང་མེད། བག་ཆགས་མེད་པ་དཔེའི་ལུས་ནི་རང་གིས ་མ་ཕྱིན་པའི་སར་ཡིད་ཀྱིས་བལྟར་མེད་པའི་ཕྱིར། ཡིད་ཀྱི་གཟུགས་མེད་པའི་ཕྱིར་དབང་པོ་མེད། དེ་དག་གིས་མ་མཚོན་པའི་དུས་གསུམ་མཉམ་པ་ཉིད་དུ་འདུ་ཤེས་པས་དུས་གསུམ་རྩ་བ་དང་བྲལ་ལ་གནས་པ་དོན་གྱི་ལུས་ནི་བརྒྱུད་པའི་བླ་མ་དམ ་པས་བསྟན་པས། དབང་པོ་གང་དུ་ནུབ་འགྱུར་ཞིང། དེ་ལ་བདག་དང་བདག་གི་བགྱི་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་རང་གི་ངོ་བོ་འང་ཉམས་པར་འགྱུར། དེ་ལྟར་དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ཡིད་ལ་བྱ་བ་མ་ཡིན ་པ་ནི་མ་རྟོགས། ཡིད་ལ་བྱས་པ། འདི་དག་གིས་འཁོར་བ་ལས་ཐར་པ་མི་ཐོབ་པས། སྡིག་པའི་གྲོགས་པོ་ཡིན། དོན་དམ་པ་ནི་ཡིད་ལ་བྱར་མ་བཏུབ་པས་ལྷན་ཅིག་སྐྱེས་པ་རྟོགས་ན་དགེ་བའི་བཤེས་གཉེན་ཡིན་པས། གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི ་ལུས། དེ་ཡང་བརྒྱུད་པའི་བླ་མ་དམ་པའི་ཞལ་གྱིས་བརྡས་བསྟན་མ་ཐག་ཏུ་དངོས་ཀྱི་བླ་མ་ཡིད་ཀྱི་བརྡས་ཐེ་ཚོམ་མི་ཟ་བ་དེ་།དཔེའི་ལྷན་ཅིག་སྐྱེས་པ་ལ་མ་དྲི་བར། དོན་གྱིས་ལྷན་ཅིག་སྐྱེས་པ་བླ་མ་དམ་པ་ལ་རག་ལུས་པས། བླ་མ་དམ་པའི ་ཞལ་ལ་གསལ་བར་དྲིས། ད་ལྟར་གྱི་དག་ནི་དབྱངས་དང་གསལ་བྱེད་དང་ཡིད་དང་རླུང་རྒྱུ་བ་ལས། བརྗོད་བྱ་དོན་ཇི་བཞིན་པ་ཚོལ་བ་ཡིན་གྱི། ཇི་བཞིན་བ་དེ་བརྗོད་བྱ་མ་ཡིན་པ། དེ་ཡང་དཔེའི་ལྷན་ཅིག་སྐྱེས་པའི་དབང་གི་ཐིག་ལེ་དཀར་དམར་གྱི་བར་ཡིད་ཀྱི་རླུང་མི་རྒྱུ ་བའི་དུས་སུ་སྣང་བ་ནི་ནུབ། སྟོང་པ་ནི་མ་ཤར་བ་དེ་བཞིན་དུ། དོན་དམ་པའི་དག་ལ་ཡིད་དང་སེམས་དང་རིག་པ་དང་རྣམ་པར་ཤེས་པའི་དྲན་པའི་རླུང་མི་རྒྱུ། ཡིད་ནི་གར་འཆི་རླུང་གར་དེངས། དེ་ལ་སངས་རྒྱས་ཀྱི་ཡོན་ཏན་སྐུའི་རྣམ་པའི་གཞིར་གྱུར ་པས་ས་སྟེངས་འདི་ན་ཡན་ལག་ཐམས་ཅད་གནས། གང་དུ་ཤེས་པར་བྱ་ཞེ་ན། དཔེའི་ཐིག་ལེ་དཀར་དམར་གཉིས་སམ་ཉི་ཟླའི་བར་ན་བརྗོད་དུ་མེད་དེ། དོན་གྱི་ཐིག་ལེ་དྲན་དང་དྲན་མེད་ཀྱི་མཚམས་སུ་ཤེས་པས། དེ་ནི་རྨོངས་པས་མཚམས་སུ་ ་ཡོངས་ཤེས་བྱ། དེ་ཡང་ཤེས་དང་ཤེས་བྱ་མ་ཡིན་པ་ནི་ཟབ་པ་དང་བརྗོད་དུ་མེད་པ་དེ་ཉིད་ཤེས་པས། གཏི་མུག་རྒྱ་མཚོ་འཆད་པས་གང་ཤེས་པ། ད་ལྟར་གྱི་སེམས་ནི་རྐྱེན་དང་བག་ཆགས་ལ་སོགས་པས་བསྐུར་བའི་ཕྱིར་ན་དཔེ་ཙམ ་དུ་ཤེས་པར་བྱའོ། །དོན་དམ་པའི་སེམས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །རྟོག་པ་མེད་པ་དེ་ཡང་ཐོག་མ་མེད་བས་ན་གློ་བུར་གྱི་དྲན་པའི་འདམ་དང། དྲན་མེད་ཀྱི་འདམ་གང་གིས་ཀྱང་མ་གོས་པས། འདི་ནི་བདེ་ཆེན་མཆོག་ཡིན་ཏེ། རྟོགས་པའི་རྣལ ་འབྱོར་པ་རྣམས་ཀྱི་འགྲོས་ནི། ལུས་ཀྱི་ཐིམས་དྲན་མེད་སྤྲུལ་སྐུའོ། །ངག་གི་ཐིམས་སྐྱེ་མེད་ལོངས་སྐུ་ལའོ། །ཡིད་ཀྱི་ཐིམས་བློ་ལས་འདས་པ་ཆོས་སྐུ་མན་ངག་གིས་བསྟན་པས། ས་ར་ཧ་ཡིས་བསྟན་ནས་འགྲོ། འོ་ན་བསྟན་དུ་ཡོད་དམ་ཞེ་ན། དྲན་པ་འདི་ཉིད་ཀྱི ་སྒྲོན་མ་ལ་བརྟེན་ནས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་ངོ་བསྟན་པ་ནི། ཀྱེའོ་འདི་ནི་རང་རིག་སྟེ། དོན་གྱི་ངོ་བོ་ལ་ནི་འཁྲུལ་པ་མེད་དེ། དེ་མ་རྟོགས་པའི་དབང་གིས་དྲན་པའི་འཁྲུལ་པས་འཁྲུལ་ཞིང་གདའ་ན། རྟོགས་པའི་དབང་གིས་དྲན་པ་དབྱིངས་སུ ་དག་ནས་བློའི་ཡུལ་དུ་མ་གྱུར་པ་དེ་ལ་ནི་ཐེ་ཚོམ་མི་ཟ་བས། འདི་ལས་འཁྲུལ་པར་མ་བྱེད་ཅིག། དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ནི། དངོས་པོ་ཇི་ལྟ་བ་བཞིན་ཡིད་ལ་བྱས་པས་འཆིང་ལ། དངོས་པོ་མེད་པ་སྟོང་པ་ཉིད་ཇི་ལྟ་བ་བཞིན ་ཡིད་ལ་བྱས་པས་ཀྱང་འཆིང་བས་དངོས་དང་དངོས་མེད་བདེ་བར་གཤེགས་པ་འཆིང་བ་སྟེ། ཇི་སྲིད་གཟུང་དང་འཛིན་པ་ནི་སྲིད་པའོ། །གཟུང་བ་དང་འཛིན་པ་མེད་པའོ་ཞེས་དེ་ཡང་ཡིད་ལ་བྱས་ན་དྲན་པ་དང་རང་གི་སྲིད་པའོ། །ཆོས་རྣམས་ཀྱི་ངོ་བོ་ཡིད་ལ་མ ་བྱས་པ་དེ་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་དེ་མིང་ཙམ་ཡིན་པས། སྲིད་དང་མཉམ་པ་ཉིད་ཐ་དད་མ་བྱེད་པར། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པའི་རང་བཞིན་ནི་ཡིད་ལ་བྱར་མེད་དོ། །རྣམ་པར་རྟོག་པ་ནི་ཡིད་ཡིན་པས་དྲན ་པའོ། །དྲན་པ་དེ་ནི་ན་བུན་བཞིན་དུ་ཡལ་བས། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། དེ་ཡང་ནམ་དྲན་?་འདི་ལ་མངོན་པར་ཞེན་ན། ཆུ་ལ་འབྲུ་མང་ཐིགས་པ་གནས་པ་བཞིན་དུ། སྤྲོས་པ་དང་བཅས་པ་ཡིན་ནོ། །དྲན་པ་འདི་ཉིད་གློ་བུར་བར་ཤེས་ན་ཆོས ་ཐམས་ཅད་ནི་ཆོས་ཉིད་དུ་ཐིམ་པས། ཆུ་ལ་ཆུ་གཞག་བཞིན་དུ་ཤེས་པར་བྱས།། །།ད་ནི་བསྒོམ་པ་འཁྲུལ་པ་དང་མ་འཁྲུལ་བ་སྒྱུ་འཕྲུལ་དྲ་བ་པར་དུ་འཁྱུད་པའི་དཔེས་བསྟན་པར་བྱའོ། །སྣང་སྟོང་དང་བདེ་སྟོང་དང་གསལ་སྟོང་དང་རིག་སྟོང་དང་ཟུང ་འཇུག་ལ་སོགས་པའི་བསམ་གཏན་ཡིད་ལ་བྱས་པས་ཐར་པ་མི་ཐོབ་བོ། །ཡིད་ལ་བྱས་པས་ནི་ཁམས་གསུམ་ལས་འདའ་བར་མི་ནུས་སོ། །ལ་ལ་ན་རེ་ཞི་གནས་ལ་མཉམ་པར་གཞག་ནས། ལྷག་མཐོང་དང་རྗེས་ལས་ཐོབ་པའི་ཤེས་པ་དེ་ཉིད་ཇི་ལྟ་བ་བཞིན་དུ ་རྟོགས་པ་ལ་མ་ཡེངས་པར་བྱས་ན་ཐར་པ་ཐོབ་ཟེར་ཏེ། རྟག་ཏུ་མཉམ་གཞག་ཡིན་པར་མ་ཤེས་ན་ཡིད་ལ་བྱས་པའི་མཉམ་གཞག་གིས་ནི་ཐར་པ་མི་ཐོབ་པས། བསམ་གཏན་བརྫུན་པས་ཐར་བརྙེད་མིན་ནོ། །རྒྱུན་མི་འཆད་པའི་བསམ་གཏན་མ་ཤེས་ན། གློ་བུར་དུ་དྲན ་པའི་བསམ་གཏན་ནི། དཔེར་ན་སྒྱུ་མ་མཁན་གྱིས་རི་མོ་མཁན་བསླུས་པའི་སྒྲུང་བརྒྱུད་དང། ཚོད་དཔོན་གྱི་བུ་རིན་ཆེན་གླིང་དུ་སོང་བ་སྨད་འཚོང་མ་སྒྱུ་འཕྲུལ་ཞེས་བྱ་བས་བསླུས་པ་དང། ཚོང་དབོན་གྱི་བུ་དྲ་བ་ཞེས་བྱ་བ་སྤྲེའུ་ཡིས་སྨད་འཚོད་མོ་སྒྱུ་འཕྲུལ་བསླུས ་པའི་སྒྲུབ་རྒྱུད་བཞིན་དུ། ཞི་གནས་ཀྱིས་ལྷག་མཐོང་བསླུས་པ་དང། ལྷག་མཐོང་གིས་ཞི་གནས་བསླུས་པ་དང། མཉམ་གཞག་གིས་རྗེས་ཐོབ་བསླུས། རྗེས་ཐོབ་ཀྱིས་མཉམ་གཞག་བསླུས་པ་དང། སྣང་བས་སྟོང་པ་བསླུས་པ། སྟོང་པས་སྣང་བ་བསླུས ་པས། སྒྱུ་འཕྲུལ་དྲ་བས་ཇི་ལྟར་པང་དུ་འཁྱུད། དེ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ན། དཔེར་ན་སྒྱུ་མ་མཁན་ཅིག་གིས་རྒྱལ་པོ་འམ། བློན་པོ་མཁས་པ་རིག་བ་ཅན་ཅིག་ལ། རྟ་དང། གླང་པོ་དང། སྐྱེས་པ་དང། བུད་མེད་གཞོན་ནུ་མ། ཡིད་འཕྲོག་པར ་སྤྲུལ་ནས་བསྟན་ན་།དེ་ཡི་ཡིད་འཕྲོག་པར་མི་འགྱུར་རོ། །ཅིའི་ཕྱི་ཞེ་ན་སྒྱུ་མ་ཡིན་པར་ཤེས་པས་སོ། །དེ་བཞིན་དུ་བླ་མ་དམ་པས་བརྡ་དང་ཐབས་ཀྱི་སྒོ་ནས་རྒྱུན་མི་འཆད་པའི་བསམ་གཏན་བསྟན་པའི་དུས་སུ་དོན་དམ་པའི་བདེན ་པ་མཐོང་པས། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ཙམ་ལ་ཡིད་ཆེས་པར་མི་འགྱུར་རོ། །སྐུ་གསུམ་གྱི་བསམ་གཏན་རང་ལ་ཡོད་པར་བླ་མ་དམ་པས་བསྟན་པས་ཡིད་ཆེས་པར་འགྱུར་པས་ན། ཐེ་ཙོམ་མེད་པར་རྟོགས་པས་ན། བླ་མ་དམ་པའི་བཀའ་ཡིས ་བདེན་པར་ཡིད་ཆེས་པ། བརྒྱུད་པའི་བློ་མ་དམ་པའི་བརྡས་བསྟན་པ་དེ་རྟག་པ་དང་ཆད་པ་དང་བདེ་བ་དང་སྟོང་པ་དང། འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་སྙད་གདགས་སུ་མ་བཏུབ་པས། ཡིད་བརྗོད་དུ་ཡོད་མ་ཡིན་ཞེས་མདའ་བསྣུན་སྨྲ། །ད་ནི་རེ ་དོགས་མེད་པའི་འབྲས་བུ་མཚོན་ཏུ་མེད་པ་ནམ་མཁའ་ཨི་དཔེ་བསྟན་པར་བྱའོ། །ནམ་མཁའ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་གང་གིས་ཀྱང་མི་གོས་སོ། །ནམ་མཁའ་ཞེས་བྱ་བ་མིང་དུ་བཏགས་པས་མིང་ཙམ་ཡིན་པས། ནམ་མཁའ་དངོས་པོ་མེད་པས ་གཟུགས་ལ་སོགས་པ་དེ་དག་མིག་གི་འདུས་ཏེ་རག་པ་ལས་བྱུང་པའི་ཚོར་བ་ལ་སོགས་པས་ཚོར་བར་འགྱུར་གྱིས། ནམ་མཁའ་དངོས་པོ་ཅན་ཅིག་ཡིན་ན་ནི། བདེ་སྡུག་ལ་སོགས་པའི་ཚོར་བ་ཚོར་བར་མི་འགྱུར་རོ། །ནམ་མཁའ་ཨི་ནི་སྐྱེ་འགག་ལ་སོགས ་པས་མ་གོས་པ་ལ། བདོད་ནས་དག་པ་ནམ་མཁའ་ཨི་རང་བཞིན་ལ། དོན་སེམས་ཉིད་དེ་ཡང་རྐྱེན་གང་ཡང་མ་བྱུང་བའི་དུས་སུ་བལྟས་པས་དྲན་དུ་ཤེས། ཡང་བལྟས་པས་སྐྱེ་མེད་དུ་ཤེས། ཡང་ཅིག་བལྟས་པས་བློས་རེག་པས། བལྟས་ཤིང་བལྟས ་ཤིང་མཐོང་བ་འགག་པར་འགྱུར། །དེ་ཉིད་འབྲས་བུ་ཆོས་ཀྱི་སྐུ་རྟོགས་པ་ནི། ཤེས་དང་ཤེས་བྱ་འགགས་པས། དེ་ལྟ་བུ་ཉིད་དུས་སུ་འགོག་པར་འགྱུར། །དེ་ཉིད་གཉུག་མའི་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ཡིད་ལ་བྱ་བ་མ་ཡིན་པ་ནི་མ་རྟོགས ་ཡིད་ལ་བྱས་པའི་འབྲས་བུ་ཆོས་ཀྱི་སྐུ་ཡིན་སྙམ་པས། གཉུག་མའི་ཡིད་ལ་སྐྱོན་གྱི་བུས་པ་བསླུས། ཁམས་གསུམ་གྱིས་སེམས་ཅན་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་བྱའོ་སྙམ་ནས་ལྷག་པའི་བསམ་པས། སྐྱེ་པོ་མ་ལུས་ལྷག་པར་སུན་འབྱིན་ཅིང། ་ཉོན་མོངས་པས་སུན་འབྱིན་ན། ཤེས་བྱས་སུན་འབྱིན་ན་ནི། དཔེར་ན་བཙོན་ར་ནས་བྱུང་ཡང་བཙོན་རའི་ནང་དུ་ཆུད་པ་བཞིན་དུ། ཤེས་བྱའི་ང་རྒྱལ་དེ་ཉིད་བློ་ལས་འདས་པ་ལ་ཐིམ་པར་མ་ཤེས་ན། ང་རྒྱལ་སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། ཁམས་གསུམ ་གྱི་འཇིག་རྟེན་མ་ལུས་པས་ནི་རང་ལ་ཡོད་པའི་བསམ་གཏན་མ་རྟོགས་པས། འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣལ་འབྱོར་གྱི་དགོངས་པ་ནི་དཔེ ་དང་དོན་གྱིས་མཚོན་དུ་མེད་པས་བློས་བྱས་པས་མི་རྟོགས་པས། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། ཆོས་རྣམས་ཀྱི་རྩ་བར་གྱུར་པ་སེམས་ཡིན་ཏེ། སེམས་རང་བཞིན་གྱིས་མ་གྲུབ་པས། རྩ་བ་མཚོན་དུ་མེད་པས་སེམས་ཀྱི་རྩ་བ ་མི་མཚོན་ཏེ། སེམས་ལས་བྱུང་བ་འདི་ལྟར་སྣང་བ་དང་པོ་དྲན་མེད་ལས་སྐྱེས། དྲན་མེད་ལ་གནས་དྲན་མེད་ལ་ཐིམ་པས། སྣང་པའི་ལྷན་ཅིག་སྐྱེས་པ་ནི་དྲན་པ་མེད་ལ་ཉམས་སུ་མྱོང་དུ་ཡོང་པའི། །སེམས་ནི་རྐྱེན་མ་བྱུང་བའི་དུས་སུ་དྲན་པ་མེད་དེ་སྟོང ་པ་ཉིད་།དང་པོ་སྐྱེ་མེད་ལས་སྐྱེས། སྐྱེ་མེད་ལ་གནས། སྐྱེ་མེད་ལ་ཐིམ་པས་སྟོང་པ་ཉིད་ཀྱི་ལྷན་ཅིག་སྐྱེས་པ་ནི་སྐྱེ་བ་མེད་ལ་ཉམས་སུ་མྱོང་དུ་ཡོད་པའོ། །སེམས་ཉིད་དྲན་དང་དྲན་མེད་མ་བྱུང་བའི་དུས་སུ་སྐྱེ་བ་དང། འགག་པ་ལས་བྲལ་བའི་སེམས ་ཉིད་དེ་ཡང་བློའི་ཡུལ་ལས་འདས་ནས། ཆོས་རྣམས་ཀྱི་ཆོས་ཉིད་དུས་གསུམ་གྱི་སྙིང་པོ་དེ་ལས་སྐྱེས་པ་དང། གནས་པ་དང་ཐིམ་པས། སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པས་བསམ་དུ་མེད་པ་རྟོགས་པར་བྱེད་ན། ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་གྱིས། ་སེམས་རྟོག་ན། སྣང་བ་དང། སྟོང་པ་དང། སྐྱེ་པ་མེད་པ་དེ་དག་སྐྱེས་ཉིད་ལ་འགགས་པས་གང་ལ་དེ་སྐྱེས་གང་དུ་ནུབ། ཆོས་རྣམས་ཀྱི་ཆོས་ཉིད་བཙལ་ན་མི་རྙེད་པས། གང་ན་གནས་གྱུར་གསལ་བར་མི་ཤེས་སོ། །སེམས་ཅན ་རྣམས་ཀྱི་གཞི་རྩ་མེད་པས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཞི་རྩ་མེད་དོ། །རྩ་བ་མེད་པ་ནི་བྱང་ཆུབ་སེམས་ཀྱི་རྩ་བ་སྟེ། དམིགས་སུ་མེད་པས་ན་རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་རྟོགས་པར་བྱེད་ན་ལྷན ་ཅིག་སྐྱེས་པའི་མན་ངག་བླ་མ་དམ་པས་བསྟན་པ་ཐག་ཏུ་དྲན་པ་མེད་ཅིང་བརྗེད་པ་མེད་པས། བླ་མའི་མན་ངག་ཐོབ་པ་དེ་ཡིས་མཆོག། དེ་ཡིས་ཆོག་ན་འཁོར་བ་ལ་འཁོར་ཡིན་གདའ་ཟེར་ནས། སེམས་ཀྱི་རང་བཞིན་མ་ཤེས་ན་འཁོར་གྱི། ་དཔེར་ན་རྨི་ལམ་གྱི་དུས་སུ་བདེ་སྡུག་ལ་སོགས་པ་དེ་དག་སེམས་ལས་བྱུང་བ་མ་གཏོགས་པ་གང་ཡང་མེད་དེ། གཉིས་སད་པའི་དུས་ཤེས་པ་དང། རྨི་ལམ་སྨིས་པ་དང། རྨི་ལམ་གྱིས་ཤེས་པ་མ་སྐྱེས་པ་དེ་དག་ཐ་དད་པ་མེད་དེ། དེ་བཞིན་དུ་སེམས ་ལས་བྱུང་བ་དྲན་པ་དང། སེམས་དྲན་པ་མེད་པ་དང། སེམས་ཉིད་མ་སྐྱེས་པ་ཐ་མི་དད་དེ། འཁོར་པ་དང་མྱ་ངན་ལས་འདས་པ་མ་སྐྱེས་པའི་སེམས་ཉིད་ཀྱི་ཆོ་འཕྲུལ་ཡིན་པས། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས་བྱ། དེ་ལྟར་ཐབས ་ཁྱད་པར་ཅན་གྱིས་སེམས་ཀྱི་རང་བཞིན་ཤེས་པ་བོར་བས། རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་ཤེས་པར་བྱའོ། རྣལ་འབྱོར་གྱི་དགོས་པ་ནི་གཉུག་མ། དེ་ཉིད་བློས་མ་རེག་པས་ཚིག་གིས་བརྗོད་པར་མི་འགྱུར་རོ། །ཚིག་གིས་བརྗོད་པ་ལས ་དྲན་པ་སྐྱེ་བར་འགྱུར་གྱི། ཅིག་ཤོས་ནི་ཚིག་གིས་མི་བརྗོད་པས་དྲན་པ་སྐྱེ་བར་མི་འགྱུར་པ་དེ་ཉིད། གཉུག་མའི་རང་བཞིན་ཚིག་གིས་མི་བརྗོད་ཀྱང། དེ་ལྟ་བུའི་ཆོས་ཉིད་བླ་མ་དམ་པས་ཡེ་ཤེས་མིག་གཅིག་དྲི་མ་མེད་པ་གནང་བ་ཙམ་གྱིས་མཐོང ་པས། སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར། དེ་ལྟར་རྟོགས་པའི་དུས་སུ་ཤེས་དང་ཤེས་བྱ་བསྲེགས་ན། དཀར་པོའི་ཆོས་དང་ནག་པོའི་ཆོས་ལྟ་ཅི་སྨོས་ཉེ། ཆོས་དང་ཆོས?་མིན་མཉེས་ནས་ཟོས་པ་ཡིས། འོན་དཀར་པོའི་ཆོས་རྣམས་ཀྱི་ཕན་པ་འམ། ་ནག་པོའི་ཆོས་རྣམས་ཀྱིས་གནོད་པ་བྱེད་པ་ཡིན་ཞེ་ན། དེ་ལྟར་མ་ཡིན་པས་།འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ལགས། ད་ནི་སེམས་ཉིད་ཀྱི་དོན་བློའི་ཡུལ་ལས་འངས་པ་ལས་སྣ་ཚོགས་ཤར་བ་ཡིད་བཞིན་ནོར་བུའི་དཔེས་བསྟན་པར་བྱའོ། །དེ་ཡང་སེམས་ཉིད ་ནི་རང་བཞིན་གྱིས་རྣམ་པར་དག་ཀྱང། སེམས་ལས་བྱུང་བའི་གློ་བུར་གྱི་དྲན་པ་འདིས། ཤེས་དང་ཤེས་བྱ་དང་ཉོན་མོངས་པ་ལ་སོགས་པ་མཁྲེགས་ཤིང་འཁོར་བ་ལས་ཐར་པའི་མི་བྱེད་དོ། །དེ་དག་ལས་ཐར་བར་འདོད་པས། བརྒྱུད་པའི་མན་དག་དང་ལྡན་པའི ་བླ་མའི་ཞབས་ཀྱི་དྲུང་དུ་ཡང་ནས་ཡང་དུ་ཐུགས་པས། བརྒྱུད་པའི་བླ་མའི་ཞལ་ནས་གཉུག་མའི་ལྷན་ཅིག་སྐྱེས་པ། ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ། རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དྲན་པས་ནི་དབང་དུ་བསྒྱུར་ལ། དྲན་པའི་འདམ་གྱིས་མ ་གོས་པ་ཡིན་ཡང། ཡིད་ལ་བྱས་པའི་དྲི་མ་མ་འབྱོངས་ན་ཕྲད་པར་མི་འགྱུར་རོ། །དེ་བས་ན་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཐུག་ཕྲད་རྣལ་འབྱོར་རྣམས་ཀྱི་དགོངས་པ་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ ་ལས་དྲན་པའི་ཡིད་ནི། དེ་ཉིད་ལ་དངོས་པོའི་མངོན་པར་ཞེན་པ་སྦྱངས་པས་རྟོགས་པ་ནི། གཉུག་མའི་ཡིད་ནི་ཐམས་ཅད་གང་ཚེ་སྦྱངས་གྱུར་བ། དེ་ཡང་དངོས་ཀྱི་བླ་མས་ཇི་བཞིན་པ་ཉམས་སུ་མྱོང་བ་དེའི་དུས་སུ་དུས་གསུམ་གྱི་བདེ་བར་གཤེགས ་པའི་ཡོན་ཏན་རྣམས་ཆོས་ཀྱི་སྐུ་ལས་མ་གཡོས་པ་ཤེས་པས། དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། དེ་ལྟར་འདས་པ་དང། མི་འོངས་པ་དང། ད་ལྟར་ནི་དྲན་པ་མེད་པ་དང། སྐྱེ་བ་མེད་པ་གང་གི་ཡང་བློས་མ་རེག་པ་རྟོགས་ན། རྒྱུན་མི་འཆད ་པས་སངས་རྒྱས་རྣམས་ཀྱི་དགོངས་པའི་གླུ་ཡིན་པས། འདི་ལྟར་རྟོགས་ན་མངའ་བསྒྲུན?་གླུ་ལེན་ཏེ། དེ་ལྟར་རྟོགས་པར་བྱེད་ན། བླ་མ་དམ་པའི་གདམས་ངག་མ་ཡིན་པ་གཞན་ལ་དག་ལུས་པ་མ་ཡིན་པ། ཕྱི་ནང་གསང་བའི་སྔགས ་ལ་བློ་སྦྱངས་པ་མ་ཡིན། ལུང་གི་རྗེས་སུ་འབྲངས་ནས་རྒྱུད་སྟེ་ལྔ་ཁུངས་དྲངས་པ་མེད། །ལུང་ནི་གར་དྲངས་ཀྱང་ཡོད་ལ་རིགས་པ་ནི་ཇི་ལྟར་ཡང་འཆར་དུ་རུང། མན་ངག་ནི་ཅི་ལ་ཡང་བྱེད་པས། ཡིད་ལ་མི་བྱེད་པ་ནི་ལུང་དང་རིགས་པ་མན་ངག་གིས ་བརྗོད་དུ་མེད་ལ། བརྡ་དང་ཐབས་ཀྱིས་བསྟན་དུ་ཡོང་པའི་ཕྱིར། སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ། །དེ་ལྟར་མ་རྟོགས་པའི་གང་རྣམས་ནི་དར་གྱི་སྲིན་བུ་བཞིན་དུ་རང་གི་རྣམ་པར་རྟོག་པའི་དྲན་པ་འདི་ཉིད་ལ་དོན་དམ་པ་ཡིན་ནོ་སྙམ་ནས ་འབད་པ་བྱེད་དེ། དེ་ཁོ་ན་ཉིད་ནི་མ་མཐོང་བས། ཇི་ལྟར་བྱིས་པ་རྣམས་ཀྱིས་བྱ་མའི་ལྷ་ཁང་བརྩིགས་པ་དང་འཇིག་པ་ལ་དགེ་བ་དང་མི་དགེ་བ་བཞིན་དུ། འགྲོ་བ་རྣམས་ལས་ཀྱི་སོ་སོར་བ་ཅིངས་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ ་པར་སྨིན་པ་ལ་དོན་དམ་དུ་མི་འཛིན་ན། ལས་ལས་གྲོལ་ན་རང་ཡིད་ནི་ཐར་པ་ཡིན། འགྲོ་བ་རིགས་དྲུག་གི་སེམམས་ཅན་ནི། ཇི་ལྟར་བུས་འབད་པའི་འགྲོས་བཞིན་དུ་རང་རང་གི་ལས་ཀྱི་རྣམ་པར་སྨིན་པ་ལས་འབད་པས་བསྙགས་ཏེ། སྲིད་པའི་འཁོར ་བའི་འཁོར་བ་ལས་ཐར་པར་མི་བྱེད་དོ། །རྟོགས་པའི་རྣལ་འབྱོར་པས་ནི་དྲན་པའི་འདམ་མི་གཙང་བ་ལས་པདྨ་སྐྱེས་པ་བཞིན་དུ་དྲན་པ་མེད་ལ་ཉམས་སུ་མྱོང་བས། རང་རྒྱུད་གྲོལ་ན་ངེས་པར་གཞན་མེད་དེ། འབྲས་བུ་ཆོས་སྐུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ། ་ཉིད་མཆོག་གི་མྱ་ངན་འདས་པ་ཐོབ་པར་འགྱུར། ཆོས་སྐུ་མ་རྟོགས་ན་འཁོར་བར་འཁོར་ལ། རྟོགས་ན་མྱ་ངན་ལས་འདས་པས། སྐྱེ་མེད་ཀྱི་དབྱིངས་དེ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། རང་གི་ངོ་བོ་མི་འགྱུར་པས། གང་ལས་སྲིང་དང་མྱ་ངན་འདས་འཕྲོ་ལས ་སེམས་ཉིད་ཀྱི་དབྱངས་རྣམ་པར་དག་པ་ལ་བློ་བུར་གྱི་དྲན་རིག་གི་དྲི་མས་མ་གོས་པ་ལ། སྣང་བའི་རྐྱེན་དང། བག་ཆགས་ཀྱི་རྐྱེན་དང། བརྡའི་རྐྱན་གྱིས་ཅིར་ཡང་འབྱུང་བས། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །དྲན་རིག་མེད་པའི་ཆོས་སྐུ་ལས་གཟུགས་སྐུ ་གཉིས་ཇི་ལྟར་འབྱུང་ཞེ་ན། དཔག་བསམ་ཤིང་དམ་བུམ་པ་བཟང་པོའམ། ཡིད་བཞིན་ནོར་བུ་ལ་དྲན་རིག་མེད་དེ་བེམས་པོ་འང་མ་ཡིན་ནོ། །དེ་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་མི་བསྡོམ་པའི་ཕྱིར་བསམ་གྱིས་མི་ཁྱབ་པས། ཡི་དམ་ལྷ་ལ་དོན་གྱི་ལུས་ངག་སེམས ་དང་བས?། ཡིད་བཞིན་ནོར་འདྲའི་སམས་ལ་ཕྱག་འཚལ་ལོ།། །།ད་ནི་སྦྱོར་བ་བཞི་རྟོགས་ན་སེམས་ཉིད་གང་གིས་ཀྱང་མ་བཅིངས?་མ་གྲོལ་བ་ལ། སེམས་ལས་བྱུང་བ་གློ་བུར་གྱི་དྲན་པ་དེ་ཉིད་ལ་ངོན་པར་ཞེན་ན་འཆིང་བས། སེམས་བཅིངས་ན ་ན་འཆིང་འགྱུར་ཏེ། དེ་ཉིད་ལ་དོན་དམ་དུ་འཛིན་ཅིང་དབྱིངས་རྣམ་པར་དག་པའི་དང་དུ་རང་གྲོལ་ན། དེ་ཉིད་གྲོལ་ན་ཐེ་ཚོམ་མེད?། མ་རྟོགས་པ་རྣམས་ནི་ཉོན་མོངས་པ་རྣམས་ཀྱིས་འཆིང་བས་ན། བླུན་པོ་གང་གིས་བཅིངས་འགྱུར་བ། དེ་ཉིད་ཆོས་ཀྱི་དབྱིངས་སུ་སྐྱོབ་པའི ་ཚེ། འདི་ཉིད་ལ་བླ་མ་དམ་པའི་གདམས་ངག་ལ་མཁས་པ་དེ་ཡིས་མྱུར་དུ་གྲོལ། སེམས་ཇི་ལྟར་གཟུང་བར་བྱ་ཞེ་ན། དྲན་མེད་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཁྱབ་པས། སེམས་ནི་མཁའ་དང་འདྲ་བར་གསུངས་བྱ་སྟེ། ནམ་མཁའ་ལ་དབྱིབས་དང་ཁ་དོག་དང་དྲན་རིག་མ་དང། ་ལས་སྣ་ཚོགས་ཤར་ཡང་ཕན་གནོད་མེད་པ་དེ་བཞིན་དུ་སེམས་ཉིད་ལས་དྲན་པ་སྣ་ཚོགས་ཤར་ན་ཕན་གནོད་མེད་པས། ནམ་མཁའ་ཨི་རང་བཞིན་དུ་སེམས་ཉིད་གཟུང་བར་བྱ། ཡིད་ལ་བྱས་པའི་ཆོས་ཀུན་ཡིད་ལ་མ་བྱས་པར་ཤེས་ན། རྟོགས་པར་གྱུར་ན། ཡིད་དེ་ཡིད་མིན ་བྱེད་འགྱུར་ན། དེས་དྲན་མེད་པས་ཅིར་ཡང་ཤར་དུ་རུང་བའི་སྤྲུལ་སྐུ་དང། སྐྱེ་མེད་ཀྱི་དབྱིངས་སུ་གནས་པའི་ལོངས་སྐུ་དང། གློ་ལས་འདས་ན་བསྒོམ་དུ་མེད་པས་ཆོས་སྐུ་ངེས་ན། དེ་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། ནམ་མཁའ་ལ་ནི་འཁོར་བ་དང་མྱ་ངན་ལས་ ་འདས་པའི་ཐ་སྙད་གང་ལ་ཡང་མི་དམིགས་པས། རྣམ་རྟོག་རླུང་འཆིང་བས། མཁའ་འདྲ་བྱས་ན་རླུང་ནི་རྣམ་པར་འཆིང། སངས་རྒྱས་དང་སེམས་ཅན་དབྱིངས་སུ་ཐ་དང་པ་མེད་པས། མཉམ་ཉིད་ཡོངས་སུ་ཤེས་པ་རབ་ཏུ་ཐིམ། སྐུ་གསུམ ་ལས་མ་གཡོས་པར་སེམས་ཉིད་གནས་པར་དག་གི་དུས་སུ་ཤེས་ན། མངའ་བསྣུན་གྱིས་སྨྲས་ནམ་ཞིག་ནུས་ལྡན་ན། སེམས་ལས་བྱུང་བ་དྲན་འགྱུར་བ་ཅན་གྱིས་བཅིངས་པའི་འགྲོ་བ་རིས་དྲུག་གིས་འཁོར་བའི་འཁོར་ལོའི་རང་བཞིན་མི་རྟག་པ་དེ་ནི་།སེམS ་དྲན་མེད་ཀྱི་དབྱིངས་སུ་གནས་པ་རྟོགས་ན། མི་རྟག་གཡོ་?་མྱུར་དུ་སྦོང་བར་འགྱུར། སྦྱོར་བ་བཞི་ནི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་བཞི་དང། འདའ་ཀ་ཡེ་ཤེས་ཀྱི་སྦྱོར་བ་བཞི་དང། སེམས་ཉིད་གནས་ལུགས་རྟོགས་པར་བྱེད་པའི་སྦྱོར་པ་བཞི་དང། ལུས་ཀྱི ་སྦྱོར་བ་བཞི་དང་གླིང་བཞི་བསྡུ་བ་དང། རྒྱ་མཚོ་རི་རབ་ལ་སྦྱར་བ་དང། ལྕེ་རྐན་ལ་གཏད་པ་དང་མིག་གྱེན་ལ་བཟློག་པའོ། །དག་གི་སྦྱོར་བ་བཞི་ནི། ལྟེ་བར་ཨཱ(རྒྱུད་འགྲེལ་གཏད་དོ། །དེའི་དུས་མུ་སྟེང་གི་རླུང་དང། འོག་གི་མེ་དང། ཐིག་ལེ་དབང་ཆེན་འགགས་བས་།རླུང་དང་མེ་དང་དབང་ཆེན་འགགས་པ་ན། རྩ་ཨ་བ་དྷུ་ཏཱིའི་ནང་དུ་རླུང་དང་སེམས་བསྡུས་བས་བདུད་རྩིའི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག། བདེ་བ ་ཆེན་པོའི་གནས་སུ་ནམ་ཞིག་སྦྱོར་བ་བཞི་གནས་གཅིག་ལ་ནི་ཞུགས་པ་ན། ཀུན་སྡོབ་བྱང་ཆུབ་སེམས་ཀྱི་བདེ་བ་ཧཾ་གི་ཐིག་ལེ་ལ་སྐྱོལ་བའི་དུས། བདེ་ཆེན་མཆོག་གི་ནམ་མཁའ་ཨི་ཁམས་སུ་མི་ཤོད་ངོ། །འདའ་ཀ་ཡེ་ཤེས་ཀྱི་སྦྱོར་བ་བཞི་ནི། སྣང་བསྟོད་པ ་ལ་འགག། སྟོང་པ་སྣང་བ་ལ་འགག་།དབང་པོ་རྣམས་དབང་ཆེན་ལ་འགག། སེམས་དྲན་པ་ཙམ་ལ་འགག་པའི་དུས་སུ་།རླུང་དང་མེ་དང་དབང་ཆེན་འགག་བ་ན། དོན་དམ་པའི་འབྱུང་བ་ཆེན་པོ་བཞི་ནི། དྲན་པ་སའི་ཁམས། དྲན་མེད་ཆུའི་ཁམས། སྐྱེ ་མེད་མོའི་ཁམས། བློ་ལས་འདས་པ་རླུང་གི་ཁམས། སྐྱེ་ཤི་མེད་པའི་བདུད་རྩི་རྒྱུ་བའི་དུས་རླུང་ནི་སེམས་ལ་འཇུག། དོན་དམ་པའི་འབྱུང་བ་བཞི་ཆོས་སྐུའི་གནས་སུ་།ནམ་ཞིག་སྦྱོར་བ་ཞི་གནས་གཅིག་ལ་ཞུགས་པ་ནི། བདེ་བ་ཆེན་པོའི་སྐུ་ནི་འདམ་གང་གིས་ཀྱང ་མ་གོས། ནམ་མཁའ་ཚད་གཟུང་དུ་མེད་པ་བཞིན་དུ། དེ་བཞིན་ཉིད་ལ་ཚང་གཟུང་དུ་མེད་པས། བདེ་ཆེན་མཆོག་ནི་ནམ་མཁའ་ཨི་ཁམས་སུ་མི་ཤོང་ངོ། །སེམས་ཉིད་ཀྱི་གནས་ལུགས་ཀྱི་སྦྱོར་བ་བཞི་ནི། ཞེ་སྡང་སྤྲུལ། གཏི་མུག་ཕག་པ། འདོད་ཆགས་གླང་པོ་ཆེ། ་ཉམ་པ་མེད་པ་སེང་གེ། དཔེ་བཞིས་བསྟན་པར་བྱའོ། །ཞེ་སྡང་དྲན་པའི་སེམས་དུག་སྤྲུལ་ལྟ་བུ་དེ། དྲན་མེད་གཏི་མུག་ཕག་པས་ཟ་བར་བྱའོ། །དྲན་མེད་གཏི་མུག་ཕག་པ་ལྟ་བུ་དེ། །འདོད་ཆགས་སྐྱེ་མེད་གླང་ཆེན་ལྟ་བུས་ཟ་བར་བྱའོ། །འདོད་ཆགས ་སྐྱེ་མེད་གླང་ཆེན་ལྟ་བུ་དེ། ཉམས་ང་མེད་པ་བློ་ལས་འདས་པ་སེང་གེ་ལྟ་བུས་ཟ་བར་བྱའོ། །དེ་ལྟར་སེམས་ཀྱི་གནས་ལུགས་རྟོགས་པའི་རྣལ་འབྱོར་པ་དེས་རླུང་རྣམ་པར་རྟོག་པ། མི་རྟོག་པ་དབང་ཆེན་དེ་ཉིད་དྲན་པ་ཙམ་འགགས་བས། རླུང་དང་མེ་དང ་དབང་ཆེན་འགགས་པས་ན། དྲན་པ་མེད་ཅིང་བརྗོད་པ་མེད་པ་རྟོགས་པས། སྐྱེ་ཤི་མེད་པ་བདུད་རྩི་རྒྱུ། སེམས་ལས་བྱུང་བའི་རྣམ་རྟོག་རླུང་ནི་དྲན་མེད་སེམས་ལ་འཇུག་པས། བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག་ནམ་ཞིག་བླ་མ་དམ་པའི་བརྡ ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས་བསམ་དུ་མེད་པའི་གནས་སུ་།ནམ་ཞིག་སྦྱོར་བ་ཞི་གནས་གཅིག་ལ་ནི་ཞུགས་པ་ན། རྐྱེན་གསུམ་གྱིས་མ་བསླང་པས། བདེ་ཆེན་མཆོག་ནི་ནམ་མཁའ་ཨི་ཁམས་སུ་མི་ཤོད?་དོ།། །།ད་ནི་རྟོགས་པའི་དུས་སུ། རྒྱུན ་མི་འཆད་པའི་བསམ་གཏན་སྙིམ་པ་ཆུས་བཀང་བའི་དཔེས་བསྟན་པར་བྱའོ། །དེ་ལྟར་མ་རྟོགས་ན་ནི། དྲན་པའི་སྦོག་ཆགས་ལས་ཁྱད་པར་མེད་པས། ཕྱིའི་ཡུལ་གྱི་ཁྱིམ་དང། ནང་གི་ཁྱིམ་སེམས་ཅན་དྲན་པ་དང། དེ་ལ་གླེང་ཡང་ཁྱིམ་དང་ཁྱིམ་ན་དེའི ་གཏམ་སྨྲ་ཡང། བསམ་བརྗེད་ལས་འདས་པས། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། འགྲོ་བ་མ་ལུས་པས་ནི་རང་གི་བསམ་གཏན་དུ་མ་ཤེས་པས། འགྲོ་ཀུན་བསམ་པས་སུན་འབྱིན་མངའ་བསྣུན་སྨྲ། །བློ་ལས་འདས་པ་བསམ ་དུ་མེད་པ་རྟོགས་པ་འགའ་ཡང་མེད་པས། བསམ་གྱིས་མི་ཁྱབ་པ་གྲུབ་པ་འགའ་ཡང་མེད། དེ་ལྟ་བུའི་དེ་སེམས་ཅན་ཐམས་ཅད་ལ་ཡོད་དེ། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང། དུས་གསུམ་བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ། དེ་ཉིད་ཡོད་དེ ་རྟོགས་པ་མེད། རྟོགས་པའི་དུས་གཅིག་ན་མཉམ་པ་ཉིད་དུ་རོ་གཅིག་པ་ཡིན་པས། ཐམས་ཅད་རོ་མཉམ་རང་བཞན་པས། དེ་ཉིད་དྲན་མེད་སྐྱེ་མེད་བློ་ལས་འདས་པ་དེ་བླ་ན་མེད་པའི་ཡེ་ཤེས་ཡིན་པས། བསམ་ཡས་ཡེ་ཤེས་བླ་མེད་པའོ། །དེ་ལྟར ་རྟོགས་པར་བྱ་བ་དུས་གཞན་ལ་རག་ལུས་པས་སམ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ལ། ཁར་སང་དི་རིང་སང་དང་བཞན། རིམ་གྱིས་བརླབས་ནས་སངས་རྒྱས་ཀྱི་ཡོན་ཏན་མཚན་དང་དཔེ་བྱང་དུ་བྱུང་བར་འདོད་པས། དོན ་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། རྒྱུན་མི་འཆད་པ་དང་ཉམས་པ་མེད་པ་མ་རྟོགས་པའི་གང་ཟག་རྣམས་ནི། ཕྱིའི་ཡུལ་ལ་ཡེངས་བའི་དཔེར་ན། ཀྱེའོ་བཞིན་བཟངས་སྙིམ་པ་ཆུས་བཀང་བ། །རྒྱུན་དུ་འཛག་པས་ཀྱང་ཉམས་པ་མེད་པས། འཛག་པ ་བཞིན་དུ་ཉམས་པ་མཚོར་རོ། །འཁོར་བའི་སེམས་དྲན་པས་བྱ་བ་བྱེད་པ་དང་།མྱ་ངན་ལས་འདས་པའི་སེམས་དྲན་པ་མེད་པས་བྱ་བ་མི་བྱེད་པས། བྱ་བ་བྱེད་དང་བྱ་བ་མི་བྱེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་སྒྱུ་མ་ཙམ་དུ་རྟོགས་པས། དེས ་པར་རྟོགས་ན་འཆིང་དང་གྲོལ་བ་མེད། བློའི་ཡུལ་མ་ཡིན་ན་ཚིག་གིས་བརྗོད་དུ་མེད་པས། ཡི་གེ་མེད་ལ་འཆང་བར་ཡོད་འདོད་པ། བཅོས་མའི་རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་ཁོ་?་རྣལ་འབྱོར་ཟེར་བས། དྲན་པ་ནི་རྐྱེན་ལས་རག་ལུས་པས ་གཉིད་མཐུག་པོ་འམ། བོག་པ་འམ། བརྒྱལ་བ་ལ་སོགས་པ་ལ་དྲན་པ་མེད་པའི་ཕྱིར་དོན་དམ་པ་ནི་མ་ཡིན་ནོ། །བློས་མ་བཞག་པ་རྒྱུན་མི་འཆད་པ་ནི། གང་ཞིག་རྣལ་འབྱོར་འགའ་ཡིས་མཚོན།། །།ད་ནི་སེམས་དྲན་པའི་འཇུར་བུས་མི་འཆིང ་བར་ཡན་པ་རྔ་མོའི་དཔེས་བསྟན་པར་བྱའོ། །དེ་ཡང་མ་བཅོས་པའི་དེ་ཉིད་མ་རྟོགས་ན་དྲན་པ་རྟོགས་ཁོ་ན་ལ་བཞག་ན། འཇུར་བུས་བཅིངས་པའི་སེམས་འདི་ནི། ཕྱི་རོལ་གྱི་ཡུལ་ལྔ་ལས་ཞེན་པའི་འཇུར་བུ་དང། ནང་བདེ་རླུང་སྟོང་པ་ལ་ཞེན་པའི ་འཇུར་བུ་དེ་དུས་འདི་ཉིད་ལ་དྲན་པ་མེད་ཅིང་བརྗོད་པ་མེད་པ་རྟོགས་ན་གྲོལ་བ་ཡིན་པས་གློང་ན་གྲོལ་བར་ཐེ་ཚོམ་མེད། མ་རྟོགས་ན་དྲན་པ་འདི་ཉིད་ཀྱིས་འཆིང་བས། དངོས་པོ་རྣམས་པ་གཉིས་ཀྱིས་དངོས་པོ་གང་གིས་རྨོངས་པ་འཆིང། ཆོས ་ཉིད་ཀྱི་དངོས་མ་རྟོགས་ན། དྲན་པ་འདི་ཉིད་ལ་ཡངས་པར་ཤེས་པས། མཁས་རྣམས་དེ་ཡིས་རྣམ་པར་གྲོལ། རྟོགས་ན་སེམས་རང་ཐར་དུ་ཡན་པས། དེ་མ་ཤེས་པས་འཁོར་བའི་ཐག་པ་དྲན་རིག་གི་ཐག་པས་བཅིངས་པས་འགྲོ་བ་རིས་དྲུག ་ཏུ་གྱུར་པ་ནས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོལ། སེམས་ཉིད་ཀྱི་དོན་རྟོགས་ན་དྲན་པ་གློ་བུར་བ་ལ་ཡན་ཡང། དྲན་མེད་ཀྱི་དབྱིངས་སུ་ལྡོག་པར་འགྱུར་བས། ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། ཇི་ལྟར་རྔ་མོ་ནི་བཅིངས ་པས་མ་ཆགས་བཏང་ན་མི་འགྲོ་བ་བཞིན་དུ། སེམས་ཉིད་ཀྱང་བསྒོམས་ན་ཡེངས་པའོ། །དེའི་སྐད་ཅིག་མ་ལ་མ་ཡེངས་པ་རྟོགས་པས། སེམས་ཀྱི་ཐག་པས་བཅིངས་པའི་དུས་ཁམས་གསུམ་དུ་འཁོར་ཞིང་འཁྱམས་ལ། སེམས་ཐག་ཆོད་ན་འཁོར་འཕྲ ་དང་འཁྱམ་འཕྲོ་འཆད་བླ་ན་གོ་བཟློག་རྔ་མོ་ལྟ་བུར་གྲོགས་དག་བདག་གིས་རྟོགས་པ། དེ་ལྟར་ཡིན་ནམ་མ་ཡིན་བླ་མ་དམ་པ་རྣམས་ལ་ཞུས་ལ། རང་ལ་རྒྱུན་དུ་གནས་པ་དེ་བུ་དང་འདྲ་བའི་སློབ་མ་ལ་གནང་བའི་དུས་སུ། བུ་ཁྱེད་རྣམས་ཀྱང་དེ་ལྟར་རང ་ལ་ཚོར་ཏེ་ལྟོས་ཤིག་དང། ཅི་ལ་ལྟ་ཞེ་ན། དབང་པོ་རབ་ལོག་གི་མན་ངག་གིས་ཡོངས་སུ་ཆུག་པ་ཡིད་ཀྱི་དབང་པོ་དེ། ཀྱེ་ལགས་དབང་པོ་ལྟོས་ཤིག་དང། དུས་འདི་ལ་རང་གིས་མྱོང་དང་མི་མྱོང་གི་ཐ་སྙད་དང་བྲལ་བས། འདི་ལས་ངས་ནི ་མ་རྟོགས་སོ། །མ་རྟོགས་པ་དེ་ཉིད་ལས་ཀྱི་རྣམ་པར་སྨིན་པ་ལས་གྲོལ་བས། བརྒྱུད་པའི་མན་ངག་དང་ལྡན་པས། ལས་ཟིན་པའི་སྐྱེས་བུ་ཡི། ཇི་སྲིད་སེམས་ཀྱི་ཐག་པ་མ་བཅད་པར་དུ་དེ་སྲིད་སེམས་དང་བཅས་པའི་སེམས་ཅན་དུ་ལྟུང་བས། ཇི་སྲིད ་སྤྲེའུ་ཐག་བས་བཅིངས་ནས་སྡོང་པོ་ལ་མཐོན་དམན་དུ་འགྲོ་ཡང་སྡོང་པོ་ལས་མི་ཐར་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་འདུ་ཤེས་དང་མ་བྲལ་ན། མཐོན་དམན་དུ་ཡོད་ཀྱང་ཐར་པ་མེད་དེ། ཕྱིས་སེམས་གསོད་ཤེས་པའི་དྲུང་དུ་སེམས་ཐག་བཅད་པར ་བྱའོ།། །།ད་ནི་བརྒྱུད་པའི་མན་ངག་མ་རྟོགས་པ་རྣམས་ཀྱིས་རླུང་ལ་བསླབ་པས་ལ་བརྒལ་བ་ཤིང་གི་རྣལ་འབྱོར་གྱི་དཔེས་བསྟན་པར་བྱའོ། །དེ་ཡང་རྩ་དང་རླུང་ལ་བརྟེན་པའི་བཅོས་མའི་རྣལ་འབྱོར་པས། བདེ་བ་གསལ་བ་སྟོང་པའི་གཟུགས ་བརྙན་མཐོང་བ་ཙམ་ཡིན་གྱིས། རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྩ་རླུང་ལ་མ་བསླབས་ཀྱང་དོན་དམ་པ་རྟོགས་ན་གྲོལ་བས། རླུང་འཆིང་བ་ལ་རང་ཉིད་མ་སེམས་ཀྱེ། རྣལ་འབྱོར་པ་ལ་རྩ་ཉི་ཁྲི་ཆིག་སྟོང་དྲུག་རྒྱ། བསྡུ་ན་ཤིན་ཏུ་བསྡུ་ན་གསུམ་སྟེ། དེ་བས ་བསྡུ་ན་ཨ་བ་དྷུ་ཏི་ལ། ཙ་ག་ན་གནས་པ་ན་རླུང། རླུང་ག་ན་གནས་པ་ན་བྱང་ཆུབ་སེམས། བྱང་ཆུབ་སེམས་ག་ན་གནས་པ་ན་བདེ་བ། བདེ་བ་གང་ནི་གནས་པ་དེ་སངས་རྒྱས་ཡིན་ཟེར་ཏེ། དེ་མ་ཡིན་པས་ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག། འོ་ན་ལུས་ཀྱི་བདེ ་བ་མྱོང་བ་དེ་མ་ཡིན་རྣམ་ཟེར་ན་མ་ཡིན་ཏེ། རྟོགས་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པས་ཁྱད་པར་འཕགས་པས། ཨེ་མའོ་མ་ཡིན་ལྷན་ཅིག་པ་མཆོག་ཆགས་བྱོས་སྣང་བ་དབྱིབས་ཀྱི་སྣ་རྩེ། སྐྱེ་མེད་དུས་ཀྱི་སྣ་རྩེ། ཉམས་མྱོང་བདེ་བའི་སྣ་རྩེ། ལས་ཀྱི་ཕྱག ་རྒྱའི་སྲིད་པའི་སྣ་རྩེ་འཆིང་བ་ཡོངས་སུ་སྤངས། རྣམ་རྟོག་ཤས་ཆེ་བས་ཡིད་ལ་བྱས་པ་ནི། དགའ་བ་བཞི་སྐད་ཅིག་མ་བཞི་དང་རླུང་ཨ་བ་དྷུ་ཏཱིར་འཛུད་པ་ལ་ཡིད་ཆེས་པ་ནི། འདི་ན་ཡིད་འདུས་པ་ལ་རླུང་གི་རླབས། རླུང་གི་རྣལ་འབྱོར་གྱིས་ཡོན་ཏན་ཐོབ་ཀྱང། ་གཡོས་ཤིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་སྐྱེ་བ་མེད་པས་བསྡུས་ལ། དེ་དག་གིས་སྐྱེས་གནས་ས་འགགས་རྟོགས་ནས། ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་འགྱུར་ན། དེ་ལྟར་རྟོགས་པས་མི་གཡོ་བའི་རྡོ་རྗེ་ལྟ་བུའི ་ཏིང་ངེ་འཛིན། དེ་ཡིས་བདག་ཉིད་བརྟན་པར་འགྱུར་བ་ཡིན། གང་གི་ཚེ་ཡིད་སེམས་རིག་པ་དྲན་པ་བློ་རྣམས་འགགས་ན། གང་ཚེ་ཡིད་ནི་ཉེ་བར་འགགས་འགྱུར་ན། ད་ལྟའི་སྐྱེ་རྒན་འཆིའི་ལུས་ཀྱིས་སེམས་འཆིང་བས། དོན་དམ་པའི་ལུས་རྟོགས་ན། ལུས་ཀྱི ་འཆིང་བ་རྣམ་པར་འཆད་པར་འགྱུར། ཕྱིའི་ཆོས་ནི་སྒྱུ་མ་དང། རྨི་ལམ་དང་མཚུངས་པས། ནང་གི་ཉམས་སུ་མྱོང་བ་ཀུན་དྲན་པ་དང། མ་དྲན་པ་དང་སྐྱེ་བ་མེད་པ་དུ་མ་རེ་ཅིག་ཡིན་པ། གང་ཚེ་ལྷན་ཅིག་སྐྱེས་དང་རོ་མཉམ་པས། དམན་པའི་རིགས་དང་འཁོར་བ ་བྲམ་ཟེའི་རིགས་མྱ་ངན་ལས་འདས་པ་རྟོགས་ན་མཉམ་པས། དེ་ཚེ་དམན་པའི་རིགས་དང་བྲམ་ཟེ་མེད།། །།ད་ནི་དམན་པའི་ལུས་རྟོགས་ན། རེ་དོགས་མེད་པ་བུ་ཆུང་ཚུལ་དུ་གནས་པའི་དཔེ་བསྟན་པའོ། །དེས་ན་ཕྱི་རོལ་མུ་སྟེགས་པ་ན་རེ། ལུས་དང ་སེམས་ཀྱི་གཙང་བ་འདི་ཁྲུས་དང་དུས་དང་གནས་ཁྱད་པར་ཅན་གྱིས་ལུས་དག་པར་བྱ་ཟེར། བསམ་དོ་དང་མཆོད་པའི་གནས་ཀྱིས་སེམས་དག་པར་བྱ་ཟེར། དེ་ཡང་ཟླ་བའི་རྒྱ་མཚོ་ལ་སོགས་པ་ལ་ཁྲུས་བྱས་པས། ཟླ་བ་ཉེ་བའི་དུས་སུ་ཞིང་དང་ཉེ་བའི་ཞིང་ལ ་སོགས་པའི་གནས་སུ་ཕྱིན་ཏེ། ལུས་ཀྱི་བདེ་བ་འདབ་ལྡན་ལ་སོགས་པའི་བསྒོམ་པ་དང། ཚངས་པ་ལ་སོགས་པ་ལ་མཆོད་ན་སེམས་ཀྱི་དགེ་བ་ཟེར་རོ། །དོན་དམ་པའི་བློའི་སྤྱོད་ཡུལ་མ་ཡིན་པ་རྟོགས་པའི་རྣལ་འབྱོར་པས་ནི་སྣང་ལ་རང་བཞིན་མེད་པ་ཆུ་ནང ་གི་ཟླ་བ་དང་འདྲ་བས། འདི་ན་ཟླ་བའི་རྒྱ་མཚོ་ཉིད་དང་ནི། །སྣ་ཚོགས་ཆོས་ཉིད་ཀྱི་དབྱིངས་སུ་དབྱེར་མི་བྱེད་པས་ན། སྟོང་ཉིད་དབྱེར་མེད་དུ་ཤེས་པས། འདི་ན་གང་གཱའི་རྒྱ་མཚོ་ཉིད་དང་ནི། གཙང་ལ་མི་གཙང་བ་ནི་བྲམ་ཟེ་ཆང་སྐྱུགས་ནས་ཆུས ་ཁྱེར་བ་དང་འདྲ་བར། ཐོག་མ་མེད་པ་ནས་ཡོད་དང་མེད་པ་མ་ཡིན་པས། བ་ར་ཎཱ་སི་པྲ་ཡ་ག་ཡ་འདི། སྟོང་པ་མཚན་མོ་ཟླ་བ་དང། སྣང་བ་ཉིན་མོ་གསལ་བྱེད་ཡིན་པས་འདིར་ནི་ཟླ་བ་གསལ་ཕྱེད་ཉིད། ཆོས་ཐམས་ཅད་སྐྱེས་གནས་ས་འགགས ་གནས་ཉི་ཤུ་རྩ་བཞི་དང་འདྲ་བས། ཞིང་ཀུན་གནས་དང་ཉེ་བའི་གནས་སོགས་པ། འགྲོ་འོང་མེད་པའི་ཚུལ་གྱིས་རྟོགས་པས། ཕྱིན་དེ་བལྟས་པས་རྟོགས་པར་གང་སྨྲ་བ། དོན་གྱི་ལུས་ཀྱིས་ཀུན་ལ་ཁྱབ་པ་དེ་རྟོགས་ན། ལུས་དང་འདྲ་བའི་མུ་གནས ་གཞན་ན་མེད། ཡིད་ལ་བྱས་ན་མི་དགེ་བ་ཡིན་ལ། ཡིད་ལ་མ་བྱས་ན་དགེ་བ་ཡིན་པས། དགེ་བ་ང་ཡིས་ངེས་པར་ཡང་དག་མཐོང། ཕྱི་རོལ་པ་འམ་ནང་པ་ལ་ལ་ན་རེ། ལུས་འཁོར་ལོ་བཞི་འམ་དྲུག་ཏུ་པདྨའི་འདབ་མ་གྲངས་ཇི་བཞིན་དང་སྡོང་པོ་གེ ་སར་ལ། འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། དེ་ལས་ཉམས་སུ་མྱོང་བའི་དགའ་བ་དང་བདེ་བ་དེ་ཉིད་ཤིན་ཏུ་ཕྲ་བའི་སྣལ་མའི་དྲི་དང་ཁ་དོག་ལྡན། དུས་ཉི་ཚེ་བ་ཡིན་པས། ཐོབ་ཤོར་གྱི་དུས་སུ། བྱེ་བྲག་འོངས་ཤིང་རྨོངས་པ་མྱ་ངན་གྱིས། ་པ་ན་རེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཟད་པར་བྱེད་འདུས་བྱས་ལ། གདུང་བས་འབྲས་བུ་མེད་པར་མ་བྱེད་ཅིག། ཕྱི་རོལ་པ་ན་རེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཟད་པར་བྱེད་ན། ཚང་པ་ལ་སོགས་པ་མཆོད་ནས་བདེ་བར་འགྱུར་ཟེར། ་རྟོགས་པའི་རྣལ་འབྱོར་པས་ན་གཏི་མུག་ཆེན་པོ་ཚངས་པ་ཆོས་སྐུ་དང། ཞེ་སྡང་ཆེན་པོ་ཁྱབ་འཇུག་སྤྲུལ་སྐུ་དང། འདོད་ཆགས་ཆེན་པོ་མིག་གསུམ་པ་ལོངས་སྐུ་ནི་ཁམས་གསུམ་དང་སྐུ་གསུམ་གྱི་གཞི་ཡིན་པས་ན། གང་དུ་ཚངས་པ་ཁྱབ་འཇུག ་མིག་གསུམ་འཇིག་རྟེན་མ་ལུས་གཞིར་གྱུར་པ། ཉོན་མོངས་པ་དག་ནས་རིགས་སུ་ཕྱེ་བ་མེད་པ་དང། དཀར་ནག་གི་ལས་ཀྱིས་མ་གོས་པས། རིགས་མེད་དེ་ལ་མཆོད་ན་ལས་ཀྱི་མཛའ་ཨི་ཚོགས་ནི་ཡང་དག་ཟད་པར་འགྱུར། དེ་གང་ཞེ་ན། སློབ་མ་སྣོད་དང་ལྡན་པ་ལ ་བསྟན་པའི་དུས་སུ་འདམ་གྱིས་མ་གོས་པའི་བདེ་བའི་གནས་ནི་བུ་དང་འདྲ་བ་ལ་བསྟན་པར་བྱའི། གཞན་ལ་བསྟན་དུ་མེད་པས། ཀྱེའོ་བུ་ཉོན་རྩོད་པའི་རོ་ནི་དགའ་བར་ཡང་དག་གནས་ཤེས་པས། དེ་མ་རྟོགས་ན། བརྟན་པ་རི་རབ་ལ་སོགས་པ། ་གཡོ་བ་འགྲོ་བ་རིས་དྲུག་གི་སྒྲུང་བརྒྱུད་དང་མདོ་དང་དབྱངས་ཀྱིས་མ་རྟོགས་པས། འགྲོ་བ་འཆད་ཅིང་འདོན་པ་ལ་སོགས་པས་དེ་ཤེས་པར་ནུས་མ་ཡིན། འོ་ན་འགྲོ་བ་ལས་ལོག་ན་འང་ཞེན་མ་ཡིན་ཏེ། འགྲོ་བའི་རང་བཞིན་སེམས་ཡིན་ཏེ། དེ ་ཡང་བརྟན་པ་ནི་དྲན་མེད། གཡོ་བ་ནི་དྲན་པའི་རྣམ་པ་སྣ་ཚོགས་སོ། །སྐྱེ་མེད་དེ་ཡང་བུ་དང་འདྲ་བ་ལ། ཀྱེ་འོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱི། རྐྱེན་གྱིས་མ་བསླད་པའི་ཡང་དག་པའི་ཤེས་པའི་རོ་འདི་བསྟན་པར་ནུས་པ་མ་ཡིན་ཏེ། ཡང་དག་པའི་ཤེས ་པ་དེ་ཉིད་རྟོག་གེ་པའི་བློའི་ཡུལ་མ་ཡིན། སངས་རྒྱས་ཀྱི་དགོངས་པ་ཡིན་པས། བདེ་བའི་གནས་མཆོག་རྟོགས་པ་སྤངས་པ་སྟེ། འགྲོ་བའི་རང་བཞིན་དེ་ཡང་ལོགས་ནས་སྐྱེ་ས་མེད་པས། འགྲོ་བ་ཉེ་བར་སྐྱེ་བ་ཉིད་བཞིན་ནོ། །བློ་སེམས་རིག་པ་དྲན་པ ་རང་བཞིན་གྱིས་འགགས་ལ་ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ཡལ་བས་ན། བློ་ནི་རྣམ་འགགས་ཡིད་ནི་ཕམ་འགྱུར་བ། ཤེས་བྱ་ཤེས་བྱའི་ང་རྒྱལ་དང་རློམ་སེམས་དབྱིངས་སུ་དག་པས་ན། གང་དུ་མངོན་པའི་ང་རྒྱལ་ཆད་པའོ། །དྲན་པ་ལས་འཁོར་བར ་འཁོར་ལ། དྲན་པ་མེད་པ་ལས་མ་གཡོས་ན་མྱ་ངན་ལས་འདས་པའོ། །དེ་ཡང་རྣམ་པར་རྟོག་པ་སྒྱུ་མ་ཡིན་པར་ནི་མ་ཤེས། མི་རྟོག་པ་བལྟོས་པའི་ཆོས་ཅན་ཡིན་པར་མ་ཤེས་པས་འབད་པར་བྱེད་དོ། །དྲན་མ་དྲན་སྒྱུ་མ་ཙམ་དུ་ཤེས་ཏེ་དེའི་རང ་བཞིན་སྐྱེ་བ་མེད་པ་དེ་བློས་མ་རེག་པའི་དབྱིངས་སུ་ཐིམ་པ་དེ་ཁྱད་པར་དུ་འཕགས་པས་ན། རྟོགས་པའི་རྣལ་འབྱོར་པས་ནི་རིག་པ་སྣ་ཚོགས་འཁོར་བའི་རྣམ་གྲངས་ཡིན་ལ། དྲན་པ་དྲན་མེད་ལས་འདས་པས་མྱ་ངན་ལས ་འདས་བའོ། །དྲན་མེད་སྐྱེ་མེད་ལས་འདས་པས་མྱ་ངན་ལས་འདས་པའོ། །སྐྱེ་མེད་བློས་མ་རེག་པ་ལ་འདས་པས་མྱ་ངན་འདས་པའོ། །དེ་ཡང་འཁོར་བ་སྤང་བར་བྱ་བ་དང། མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དེ་གཉིས། དེ་ཉིད་སྒྱུ་མའི་རང ་བཞིན་མཆོག་ཏུ་རྟོགས་པ་སྟེ། སེམས་ཀྱི་གནས་ལུགས་རྟོགས་ན་བསམ་གཏན་དུ་མ་གྱུར་པ་གང་ཡང་མེད་དེ། དྲན་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྐྱེན་ལ་རག་ལུས་པའི་ཕྱིར་རོ། །དེའི་ཕ་རོལ་ན་དྲན་པ་མེད་པ་དེ་སེངྒེ་རྣམ་པར་བསྐྱངས? ་པའི་ཏིང་ངེ་འཛིན་གང་ལ་ཡང་ཉམ་པ་མེད་པའི་ཕྱིར་རོ། །དེ་ལས་གཞན་སྐྱེ་བ་མེད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཁོར་བ་དང། མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་མི་རྒྱུ་བ་ནི་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་བློ་ལས་འདས་པ་ནས་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་བསམ་གཏན་བཞི་ཡིན་པས་དེ་ལ་བསམ་གཏན་འཆིང་བས་དེས་ནི་ཅི་བྱར་ཡོད། སེམས་ཀྱི་གནས་ལུགས་ནི་ནམ་མཁའ་དང་འདྲ་ལ། སེམས་ལས་བྱུང་བའི་དྲན་པ་ནི ་ན་བུན་དང་མཚུངས་པས་ཡལ་བས། དངོས་པོ་སྐྱེ་བ་མཁའ་ལྟར་རབ་ཞིན། དངོས་པོ་སྐྱེ་བ་ནི་སེམས་ལས་ལོགས་པ་མ་ཡིན་ཏེ། དེ་ཡང་དྲན་ནས་སྐྱེ་བ་དང། དྲན་པ་མེད་ནས་སྐྱེ་བའོ། །དེ་གཉིས་སྤངས་པའི་ཕ་རོལ་ན་ཅི་སྐྱེས། དངོས ་པོ་རྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། ཐོག་མ་མེད་པ་ནS་སྐྱེ་བ་མེད་པ་ལས་སྐྱེན་ནམ་མཁའ་ཨི་མེ་ཏོག་ཀྱང་སྐྱེའོ་ཟེར་ཏེ། འདི་ལྟར་སྣང་བ་ཀུན་ནམ་མཁའ་ཨི་མེ་ཏོག་ཏུ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ནམ་མཁའ་འབྱུང་བ་རིམས་ཀྱི་ཆགས་ཤིང་སྣ་ཚོགས་སུ་སྣང་བས་ན་ནམ ་མཁའ་ཨི་མེ་ཏོག་ཡིན་ནོ། །དེ་བཞིན་དུ་སེམས་ཉིད་ནམ་མཁའ་དང་འདྲ་ལ། སེམས་ལས་བྱུང་བའི་དྲན་པ་ནི་ནམ་མཁའ་ཨི་མེ་ཏོག་དང་འདྲ་བས་དྲན་བསྒོམ་ལ་རེ་དོགས་མི་བྱའོ། །དེའི་ཕྱིར་ན་དྲན་པ་དང་དྲན་པ་མེད་པས་མ་བསླད་པ་གང་ཡིན་པ་དེ་ནི། གདོད་ནས ་སྐྱེ་མེད་རང་བཞིན་ཡིན་པ་ལ། སྣང་བ་དང་ལུས་ཀྱི་བརྡ། དག་གི་བརྡ་དང་ཡིད་ཀྱི་བརྡ་གསུམ་ནི་སྣང་བའི་བརྡའོ། །སྟོང་པ་དང་སྐྱེ་བ་མེད་པ་བརྡས་བསྟན་པའི་དུས་སུ། དེ་རིང་དཔལ་ལྡན་བླ་མ་མགོན་པོས་བསྟན་པས་རྟོགས། རྟོགས་པའི་ཡོན་ཏན ་དུ་གང་གི་ཚེ་ཆོས་ཐམས་ཅད་ཡིད་ལ་མི་བྱེད་དུས་སུ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་དྲན་པའི་བརྡས་བསྟན་པས་མཐོང་དང་ཐོས་དང་རེག་དང་དྲན་པ་དང། གཙང་བ་དང་རྩོག་པ་དང་འགྲོ་བ་དང་འོང་བ་མེད་པའི་བརྡས། ཟས་སྐོམ་འཁྱམ་དང་འགྲོ་དང ་འདུག་པ་དང། དྲི་བ་དང་དྲི་བའི་ལན་བཏབ་པའི་བརྡས་བསྟན་པས། ཅལ་ཅོལ་གཏམ་དང་ལན་སྨྲར་གྱུར་པ་ལ། སེམས་ཉིད་ཀྱི་རང་བཞིན་བློ་ལས་འདས་པ་ལས་མ་གཡོས་པས་སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། དེ་ལྟར་ཕྱག་རྒྱ་ཆེན་པོའི ་བརྡའི་སྒོ་ནས་བསྟན་མ་ཐག་ཏུ་སྐྱེ་ཤི་མེད་པ་བདུད་རྩི་དང་འདྲ་བ་དེ་རྟོགས་པས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། འཁོར་བའི་ཐང་སྟོང་ཤིན་ཏུ་སྒྲོལ་དཀའ་བ་ལ་ཉོན་མོངས་པའི་ཆོམ་རྐུན་མང་ལ། སྐྱེ་རྒ་ན་འཆིའི་ཚད་པས་བསྐལ་པ་གྲངས ་མེད་པའི་བར་དུ་དང། བླ་མ་དམ་པའི་ཞབས་ཀྱིས་མཚོ་སྐྱེས་ཀྱི་མཚོ་མ་རྙེད། གལ་ཏེ་རྙེད་པར་གྱུར་ཡང་མ་འཁྲུལ་པ་ལ་འཁྲུལ་པར་མཐོང་ནས་སྤྱི་བོར་བླང་བར་མི་བྱེད། གདམས་དག་གི་བདུད་རྩིའི་ཆུ་རྣ་བས་འཐུང་བར་མི་བྱེད་ལ། སྙིང་གི་པདྨའི་ནང་དུ་མི ་འཇོག་པས། གདུང་སེལ་བསིལ་བས་ངོམས་པར་མི་འཐུང་བ། དེ་ཅི་འདྲ་ཞེ་ན། མྱ་ངན་གྱི་ཐང་སྟོང་དང་འདྲ་བ་འཁོར་བའི་ཐང་སྟོང་ཤིན་ཏུ་སྒྲོལ་དཀའ་བ་དེ། བླ་མ་དམ་པའི་ཞབས་དང་མ་བྲལ་བའི་པདྨའི་མཚོ་དེ་ལ་ཐབས་ཀྱིས་བླང་བར་མེད་ལ། སྒྲ་དང། ་ཚད་མ་དང། ལུང་དང། བསྟན་བཅོས་ཀྱི་ཆིག་དང་ཐ་སྙད་ལ་མཁས་ཀྱང་དོན་མེད་པས། དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱིས། སྐོམ་པས་ཤིན་ཏུ་གདུང་བའི་སྨྲེ་སྔགས་འདོན་ཡང་རོ་སྐམ་ལེ་བུད་བ་མཐོང་བ་དང་འདྲ་བའི་བསྟན་བཅོས་ཀྱི། ་ཐང་ལ་སྐོམས་པས་གདུངས་ཏེ་འཆི་བར་ཟད། བླ་མ་དམ་པས་བརྡ་དང་ཐབས་ཀྱིས་བསྟན་པར་འགྱུར་གྱི། ལུང་དང་བསྟན་བཅོས་ལ་ནི་མ་ཡིན་ནོ། །ལུད་དང་བསྟན་བཅོས་ལ་ཡོད་ན་མན་ངག་མ་ཡིན་གྱི། དེ་དང་མི་མཐུན་ན་མན་དག་མ་ཡིན་ནོ། །ཡང་དག ་པའི་དོན་དེ་ཁོ་ན་ཉིད་ཀྱི་མན་ངག་ནི། བློའི་ཡུལ་དུ་མ་གྱུར་བས། ཚིག་གིས་བརྗོད་པར་མི་འགྱུར་བས། བླ་མས་བསྟན་པས་བརྗོད་མིན་ནི། སློབ་མས་ཀྱང་འདི་ལྟ་བུའོ། །ཞེས་ཡིད་ལ་བྱར་མེད་དོ། །གོ་བཤེས་བྱའི་སྒྲིབ་པ་ཡིན་ཏེ། མགོ་བ་ཉོན་མོངས་པའི་སྒྲིབ་པ་ཡིན ་ནོ་།དེ་ཉིད་ཤེས་བྱ་བདེན་པ་མ་ཡིན་པས། ཤེས་པ་ཡང་བདེན་པ་མ་ཡིན་ནོ། །འོ་ན་ཡང་ཤེས་དང་ཤེས་བྱའི་སྒྲོན་མེ་ལྟ་བུ་ལ་བརྟེན་ནས། དྲན་པས་དྲན་པ་གོ་བ་ལྟ་བུའི་ནི་མ་ཡིན་གྱི། གོ་བ་དེ་ལས་གོ་བ་མེད་པ་དེ་ཉིད། སློབ་མས་གོ་བ་མ་ཡིན་ཏེ། དེ་ཡང་ཆོས ་རྣམས་སྐྱེ་བ་མེད་པ་ལས་སྐྱེས་པ་དང། གནས་པ་མེད་པ་ལས་གནས་པ་དང། འགག་པ་མེད་པ་ལས་འགགས་པ་དང་ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། དེ་ཡང་སེམས་ཀྱིས་སེམས་ལ་བསྟན་དུ་ཡོད་པ་མ་ཡིན། ཡིད་ཀྱིས་ཡིད་ལ་ཁྱེད་དུ་མི་བཏུབ་པས། ་གང་གིས་ཇི་ལྟར་བསྟན་པར་བྱ། གལ་ཏེ་མ་རྟོགས་པ་ལ་བསྟན་ཡང། སྦྲ་དང་ཚད་མའི་བསྟན་བཅོས་ཀྱི་དབང་དུ་བྱས་ནས། གང་གིས་ཚད་མར་འཛིན་པའི་དབང་གིས་སུ་རྟོག་པ་ལ་སོགས་པའི་ཐ་སྙད་ལ་ནི་མཁས་ལ་དོན་ལ་མི་མཁས་པས། བླུན ་པོས་བྱེ་བྲག་རྙེད་པ་སྟེ། དེའི་ཆེན་མི་མཁས་པའི་དབང་གིས་དྲན་པ་ཁོ་ན་ལེ་འབད་པར་བྱེད་པས་ན། སྒྲིབ་པ་ལས་ཐར་པར་མི་བྱེད་དོ། །ཅིག་ཤོས་ནི་བློས་རེག་མེད་ལ་གདོལ་པ་དང་འདྲ་བས། དེ་ཚེ་གདོལ་པའི་ཁྱིམ་དུ་རོལ། དེ་ཡང་དྲི་མ་གཉིས་དག་པའི་ཉི ་མའི་དཀྱིལ་འཁོར་དང་འདྲ་བའི་རྒྱུན་མི་འཆད་པའི་མི་བསྒོམ་པའི་དབྱིངས་སུ་གནས་པ་དེ། འོན་ཀྱང་དྲི་མས་མི་གོས་སོ། །དེ་ལྟ་བུའི་དྲི་མ་དག་པའི་ནོར་བུ་རིན་པོ་ཆེ་ལག་ཏུ་ཐོབ་པ་ནི་ངོ་མ་ཤེས། དཔེར་ན་རི་ཁྲོད་པའི་ལག་ན་ཡོད་པའི་ནོར་བུ་རིན་པོ་ཆེ་མིག་ཕིགས ་བར་དཀའ་བ་བོར་ནས། དེ་བས་སླ་བ་འོལ་མ་སིའུ་ལག་ཏུ་བླངས་པ་ནས་རྒྱུན་བུ་བྱས་པ་དེ་བཞིན་དུ། དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་དེ། བློས་ཕིགས་པར་དཀའ་ཨོ་སྙམ་ནས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་དགོངས་པ་དྲན་པ་འདི་ཁོ་ན་ཡིད ་ལ་བྱས་ནས། རང་རང་གི་ཡུལ་དང་བསྟུན་ནས། དགེ་བའི་ཆོས་ལ་འབད་པར་བྱེད་དོ། །རྣལ་འབྱོར་པའི་དགོངས་པ་ནི་འཇིག་རྟེན་པའི་ཆོས་དང་མི་མཐུན་ཡང། འཇིག་རྟེན་ལས་འདས་པ་ནི་ཡིད་ཀྱིས་ཕིགས་པར་དཀའ་ཡང། བླ་མ་དམ་པའི་གདམས་ངག་རིན་པོ ་ཆེ་རྡོ་རྗེ་ཕ་ལམ་དང་འདྲ་བ་ཐོབ་ནས། བརྡའི་ཁྱད་པར་གྱིས་ཕིགས་པ་དེ་ནི། འཇིག་རྟེན་པས་སྨོད་པ་དེ་ནི་བླངས་པའོ། །དེ་ཅི་འདྲ་ཞེ་ན། འཇིག་རྟེན་པས་ལོངས་སྤྱད་ནས་བོར་བས་སྲང་ཀའི་ཁམ་ཕོར་བླངས་པའི་ཕུང་པོའི་དུམ་བུ་ལ་སུ་ཞིག་རེ་བ་བྱེད། དེ་བཞིན་ཕལ ་པས་དྲན་པ་ཁོ་ན་ལ་སྤྱོད་པའི་དུས་སུ་བོར་བས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་དེ་ཉིད་སྐུ་གསུམ་པས་སློད་ན་དེ་ཉིད་སློང་དགོས་པ་ཡིན་པས་ན། གང་ཚེ་སློང་ནས་སྲང་ཀའི་ཁམ་ཕོར་གྱིས་སྤྱོད་དེ། སྐུ་གསུམ་དེ་ཉིད་དཀོན་མཆོག་རིན་པོ་ཆེ་ཟང་པ་མེད་པའི་གཏེར ་དེ་ཡིན་པས། ཕྱི་རོལ་པའི་རྒྱལ་པོ་ལ་མི་སྨོན་པའི། བདག་ཉིད་རྒྱལ་པོ་ཡིན་ན་དེར་ནི་སླར་ཡང་ཅི་བྱར་ཡོད། རྟོགས་པའི་དུས་སུ་ཡེ་ཤེས་ཀྱི་མིག་གིས་ཕྱོགས་མ་ལུས་པར་བལྟས་པས། འདི་དག་ནི་འཁོར་བའོ། །འདི་དག་ནི་མྱ་ངན་ལས་འདས་པའོ ་ཞེས་དེ་ཁོ་ན་ཉིད་ལ་དབྱེར་མེད་པས། དབྱེ་བ་རྣམ་པར་སྤངས་ནས་དེ་ཉིད་གནས་པ་ལ། ཆོས་ཀྱི་སྐུའི་རང་བཞིན་གཡོ་བ་མེད་ཅིང་རྣམ་པར་རྟོག་པ་མེད་པས། རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ། དེའི་ཕྱིར་སྣང་བའི་རྒྱན་དུ་སྟོང་པ་མཛེས་ལ། ་སྟོང་པའི་རྒྱན་དུ་སྣང་བ་མཛས་སོ། །མི་རྟོག་པའི་མྱ་ངན་ལས་འདས་པ་དེ་བས་ཀྱང་རྟོག་པའི་སྲིད་པ་ལ་གནས་སུ་རུང་བས། འདས་པ་ལ་གནས་སྲིད་པར་མཛེས། ཡིད་ལ་བྱས་པའི་མི་རྟོག་པ་བསྒོམས་པས་རྟོག་པའི་དེ་ཉིད་ལ་ཡེངས ་པར་བྱས་ན་ཉོན་མོངས་པའི་ནད་ཞི་བར་བྱེད་དོ། །དཔེར་ན་མེས་ཚིག་པ་དེ་མེལ་བསྲོ་བར་བྱའོ། །རླུང་ལངས་པ་ནི་རླུང་ཉིད་ལའོ། །རྣ་བར་ཆུ་སོང་བ་ནི་ཡང་ཆུའི་ཐིགས་པས་རུང་བ་དེ་བཞིན་དུ། འདོད་ཆགས་ཀྱི་ནང་ཞི་བར་བྱེད་པ་ནི་བདེ་སྟོང་དབྱེར་མེད ་པའོ། །ཞེ་སྡང་ཞེ་བར་བྱད་པ་ནི་ལྟའི་དཀྱིལ་འཁོར་རོ། །གཏི་མུག་ཞི་བར་བྱེད་པ་ནི་སྟོང་པ་ཉིད་ཀྱི་ཞི་གནས་ཡིན་པས། ནད་གཞན་དག་ལ་སྨན་གཞན་བཏང་མི་བྱ། དེ་ལྟ་བུ་ཁ་ཡེངས་པ་ལ་གཞན་གྱིས་བསྒོམ་པར་མཐོང་སྡེ་དེ་ནི་མ་ཡིན་ནོ། །ཆོས ་ཉིད་ཀྱི་ངོ་བོ་ནི་ཡིད་ལ་བྱར་མི་བཏབ?་པས་ན། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། རེ་བ་དང་དོགས་པ་དང། གཙང་བརྩོགས་མེད་པ་དང་བླང་དོར་མེད་པའི་ཚུལ་གྱིས། ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། ད་ནི་རང་གིས་ཉམས་སུ་མྱོང་ཡང ་གཞན་ལ་བཟླས་སུ་མེད་པ་གཞོན་ནུ་མའི་བདེ་བའི་དཔེས་བསྟན་པར་བྱའོ། །དེ་ཡང་ལུང་དང་བསྟན་བཅོས་མང་པོ་ལ་ཡིད་མི་ཆེས་པའི་སྐྱེས་བུས། བླ་མ་དམ་པའི་བརྡ་དང་ཐོབས་ཀྱིས་མན་ངག་ལ་ཡིད་ཆེས་པས། རྟག་ཏུ་རྒྱན་མི་འཆད་དུ་གནས ་པའི་བསམ་གཏན་ཏེ། བླ་མའི་ལུད་ལ་བསྒྲིམས་ཏེ་གུས་འབད་ན། དེ་ལ་ཆོས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་རང་བཞིན་གསུམ་མ་འཁྲུལ་པར་བྱུང་བ་ངེས། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ལྷན་ཅིག་སྐྱེས་པ་དེ་ཡང་སྔོན་པོ་ལ་སོགས ་པའི་ཁ་དོག་མེད། སྙིང་སྟོབས་རྡུལ་དང་མུན་པ་འམ། ཡང་བ་ལ་སོགས་པའི་ཡོན་ཏན་ནི། ཚིག་དང་ཐ་སྙད་དམ་སྒྱུ་མ་ལ་སོགས་པའི་དཔེས་མཚོན་དུ་མེད་པས། ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། ཉམས་སུ་མྱོང་བ་དེ་རི་བོང་གི་རྭ་ལྟར་གཏན ་མེད་པ་མ་ཡིན། བ་ལང་གི་རྭ་ལྟར་གཏན་ཡོད་པ་མ་ཡིན་པས་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ཡོད་མེད་ལས་གྲོལ་བ་རྒྱུན་མི་འཆད་པའི་བསམ་གཏན། ཉམས་སུ་མྱོང་བ་ནི། སྨྲ་རུ་མི་བཏུབ་བདག་གིས་གྱི་ན་མཚོན། དེ་ཇི་ལྟར་ཤེས་པར་བྱན་གཞོན་ནུ ་མའི་བུ་ཆུང་སྐྱེས་པའི་དུས་སུ་མས་ལྟེ་བ་བཅད་པའི་དུས་སུ་ཨཾ་ཞེས་བྱ་བ་ལྟར་གནས་པ་དང། ཕ་ལས་བྱུང་བ་ཧཾ་ཞེས་བྱ་བ་སྤྱི་བོར་གནས་པ་དང། དེ་གཉིས་ཤེས་རབ་དང་ཐབས་ཀྱི་ཡི་གེས་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་སོ། །དེ་གཉིས་ཀྱི ་དུས་དང་རྐྱེན་འཛོམ་པའི་དུས་སུ་ཐིག་ལེ་གཉིས་སྙིང་གར་ཕྲད་པས་དགའ་བས་བུ་ཆུང་གཉིད་ལོག་པས་འཛུམ་པ་བྱས་པ་དང། ཡང་ན་དོན་དྲན་པའི་ཐིག་ལེ་མ་དྲན་པའི་ཐིག་ལེ་གཉིས་སྐྱེ་བ་མེད་པའི་དབྱིངས་སུ་ཕྲད་པ་མི་ལ་བཟླས་སུམ་བཏུབ ་པས་ན། ཡང་ན་གཞོན་ནུ་མ་དེ་དར་ལ་བབ་བ་ཅིག་དང། ཡིད་དུ་འོད་བའི་སྐྱེས་བུ་གཞོན་པ་དང་སྙོམས་པར་ཞུགས་པའི་དུས་སུ་དགའ་བ་དང། མཆོག་དགའ་དང། དགའ་བྲལ་གསུམ་གཞན་ལ་བཟླས་སུ་ཡོད་ལ། དེ་ལས་གཞན་ལྷན་ཅིག་སྐྱེས་པ ་སྙིང་ལ་ཞེན་པ་བཟླས་སུ་མ་བཏུབ་པས་ན། གཞོན་ནུ་མའི་བདེ་བ་སྙིང་ལ་ཞན་པ་བཞིན། དོན་དམ་པའི་ལྷན་ཅིག་སྐྱེས་པ་དེ་ཡང་ཆོས་རྣམས་ཀྱི་གཞིར་གྱུར་པ་བློས་མི་རེག་པས། བློས་བཞག་པ་རྣམས་ཀྱི་སྙིང་ལ་ཟིལ་གྱིས་མནན་ནས། དུས ་གསུམ་དང་ཁམས་གསུམ་དབང་དུ་སྒྱུར་བ་དེ་ནི་སུའི་བློས་ཀྱང་མྱོང་དུ་མེད་པས། དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། གེ་ཡང་དངོས་པོ་སེམས་ལས་བྱུང་བའི་དྲེན་པའི་རྣམ་པ་དེ་ལྟ་བུ་ཅིག་མེད་ན་ནི། དངོས་པོ་མེད་པ་དྲན་པ་མེད་ལ་ཉམས་སུ་མྱོང་བ ་སུས?་ཀྱང་རྟོགས་པར་མི་འགྱུར་རོ། །དཔེར་ན་ནམ་མཁའ་ལས་སྣ་ཚོགས་ཀྱི་གོ་བདེ་བར་བྱེད་པ་མ་ཡིན་ན་ནི། ནམ་མཁའ་ཡངས་པ་ཞེས་རྟོགས་པར་མི་འགྱུར་རོ། །དེ་བཞིན་དུ་སེམས་ལས་བྱུང་བ་དྲན་པ་འདི་མེད་ན་ནི། སེམས་ཀྱི་དྲན་མེད་ཉམས་སུ་མྱོང་བ་སུས ་ཀྱང་རྟོགས་པར་མི་འགྱུར་རོ། །དེ་བས་ན་སེམས་ལས་བྱུང་བའི་དྲན་པའི་དངོས་པོ་དང། སེམས་དེ་རྐྱེན་མེད་ན་དྲན་མེད་པས་དངོས་པོ་མེད་པ་དེ་གཉིས་སྐྱེ་བ་མེད་པ་ལ་ཐིམ་པས། དངོས་དང་དངོས་མེད་ཡོངས་སུ་གཅད་པ་དང། ཡིད་ལ ་བྱས་པའི་ཆོས་ཐམས་ཅད་ནི་མི་བརྟན་པ་དང་གཡོ་པའི་རང་བཞིན་ཅན་ཡིན་པས། དེར་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་རྟག་པ་དང་གཡོ་པའི་རང་བཞིན་ཅན་ཡིན་པས། གང་གི་ཚེན་ཡིད་བཞིན་ལ་མ་བྱས་པའི ་དོན་རྟོགས་པའི་དུས་དེར། གང་ཚེ་ཡིད་ནི་མི་གཡོ་དང་གནས་བརྟན་པ་དེར། འཁོར་བ་ལ་འཁོར་མོད། འཁོར་བ་ནི་ཡིད་ལ་བྱས་པའི་རྣམ་པར་རྟོག་པ་མཁྲེགས་ཤིང་བརྟན་པ་ལས་ཡིན་གྱི། འོ་ན་སྟོང་པ་ཉིད་ཡིད་ལ་བྱས་ན་ཐར་པ་ཐོབ་ཟེར་བ་ལ། སྟོང་པ ་ཉིད་ཡིད་ལ་བྱས་བ་སྐྱེ་མཆེད་བཞི་ལ་སྐྱེ་བར་འགྱུར་གྱི། ཡིད་ལ་མ་བྱས་པའི་དུས་གསུམ་མཉམ་པ་ཉིད་ཡིན་པས། འཁོར་བར་འཁོར་བའི་དངོས་པོ་མེད་པས་རང་གྲོལ་བ་ན། སྦྲུལ་གྱི་ཕུང་པོའི་ནང་དུ་རྐང་པ་ཆུང་པ་དེ?་མ་འགྱུ་བར་བསྡད་ནས་རང་གྲོལ ་བ་བཞིན་དུ། བླ་མའི་མན་ངག་གིས་གཉུག་མ་མ་བཅོས་པའི་དོན་རྟོགས་ན། དྲན་པ་རང་གྲོལ་བས་ན། དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་བྲོལ་འགྱུར། སེམས་དང་སེམས་ལས་འབྱུང་བ་ལས་ནི་བདག་དང་བདག་གིར་བགྱི་བ་ཡོད་ཀྱི། དེ་དག་གི ་དངོས་པོ་ཡང་དག་པར་མ་གྲུབ་པའོ། །དོན་དམ་པར་ན་བདག་གི་དོན་དུ་སངས་རྒྱས་མ་གྲུབ་པས། གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། སེམས་ལས་བྱུང་བའི་དྲན་པ་ནི་ཡལ་བ་སྤྲུལ་སྐུ་བླ་ན་མེད་པའི་ལུས་དང། དེ་ཉིད་ལ་སྐྱེ་འགག་མེད་པ ་ལོངས་སྤྱོད་རྫོགས་པ་བླ་ན་མེད་པའི་ལུས་དང། དེ་ཉིད་གང་གིས་ཀྱང་བློས་གཞག་ཏུ་མི་བཏུབ་པས། ཆོས་སྐུ་བླ་མེད་ལུས་ཐོབ་པས། དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། ད་ནི་སེམས་དང་སེམས་ལས་འབྱུང་བ་འདམ་གྱིས་མ་གོས་པ་ཨུཏ་པ་ལའི ་འདབ་མའི་དཔེས་བསྟན་པར་བྱའོ། །དེ་གང་ཞེ་ན། བླ་མ་དམ་པས་བརྡས་བསྟན་པའི་དུས་དང། བརྡས་མ་མཚོན་པའི་དུས་སུ་ཤེས་དང་ཤེས་བྱ་ལས་འདས་པ་ངོ་བོ་ཉིད་ཀྱིས་འོད་གསལ་བདེ་ལ་འཁྲུལ་པའི་ཟུག་རྡུ་རྡུལ་ཙམ་ཡང་མེད་པས། དེ་ལྟར་བསྟན ་པ་ཉིད་ལ་ངེས་པར་མ་འཁྲུལ་བར། དེ་ཡང་གཞན་རག་མ་ལུས་བར། རང་ལ་རྒྱུན་དུ་གནས་པའི་བསམ་གཏན་ཏེ། ཐབས་གང་ཡང་རུང་བ་ཅིག་ལ་བརྟེན་ནས་དོན་དེ་ཉིད་དྲན་བས་མ་གོས་པའི་སྐུ་གསུམ་རང་ལ་ཡོད་པ་སྟེ། རང་གིས་རང་ལ་ལེགས་པར ་ཤེས་པར་བྱས་ནས་ནི། ཕྱིའི་དངོས་པོ་མ་ལུས་པ་རྫས་སུ་ཤེས་པ་མ་གྲུབ་པས་ན། རྡུལ་དང་ཕྱི་ནང་གི་དངོས་པོ་མ་ལུས་པ་རྫས་སུ་མ་གྲུབ་པས་འདོད་པ་དེ་ཉིད་དཀྱིལ་འཁོར་ལ་བསྡུས་པས་སམ། ཡི་གེའི་ཐིག་ལེ་ནཱ་ད་ལ་སེམས་བསྡུ་བ་ནི་རྡུལ ་ཕྲན་ན་སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་པའི་སེམས་སུ་སྨྲ་པ་ནི་སེམས་ཙམ་འམ། དེ་དག་གིས་ཀྱང་རྣལ་འབྱོར་པའི་ཇི་བཞིན་པའི་དགོངས་པ་མ་རྟོགས་པས་རྡུལ་མིན་རྡུལ་བྲལ་མ་མིན། སེམས་ཀྱང་མིན། ཡང ་དག་པའི་རྣལ་འབྱོར་པའི་དགོངས་པ་ནི་སྣང་བ་དང། སྟོང་པ་དང། སྐྱེ་བ་མེད་པ་དང། སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་དག་གི་དངོས་པོ་ལ་ཡང་འདས་པ་ནི་བརྗེད་པའི་ཕྱིར་ཞེན་པ་མེད། མ་འོངས་པ་ནི་མ་དྲན་པའི་ཕྱིར་ཞེ་ན་པ་མེད། དེ་ལྟར་གྱིས ་ཤེས་པ་ནི་རྐྱེན་ལ་རག་ལུས་པའི་ཕྱིར་ཞེན་པ་མེད་པས། དངོས་པོ་དེ་དག་གདོད་ནས་རྟག་ཏུ་ཞེན་པ་མེད། དེ་ཡང་ལས་དང་ཉོན་མོངས་པ་དང་སྐྱེ་བའི་རྒྱུན་གྱིས་ཡིད་ཅེས་བྱ་བ་དང། ཡིད་ལ་བྱས་པ་ཞེས་བྱ་བ་དང། ཡིད་ལ་མ་བྱས་པ་ཞེས་བྱ་བ་ནི་མིང་ཙམ ་དུ་བརྟགས་མོང་ཀྱི། བྱས་པ་ནི་མི་རྟག་ལ། མ་བྱས་པ་ནི་མིང་མེད་ལ། དཔེར་ན་མདང་གི་རྨི་ལམ་ནི་ཉམས་སུ་མྱོང་ཡང་དངོས་པོ་ཡོད་པར་མ་གྲུབ་ལ། དོ་ནུབ་ཀྱི་རྨི་ལམ་ནི་ཉམས་སུ་མྱོང་ཡང་དངོས་པོ་མེད་པར་མ་གྲུབ་པ་དེ་བཞིན་དུ། དྲན་ནས་ཉམས ་སུ་མྱོང་ཡང་ཡིད་ལ་མ་བྱས་པ་མེད། མ་དྲན་ནས་ཉམས་སུ་མྱོང་ཡང་ཡིད་ལ་མ་བྱས་ཞེས་བསམ་པ་དང་བརྗོད་པ་ལས་འདས་པ་དེ་ནི་མདའ་བསྣན་གྱིས་སྨྲས་པ་དེ་ཙམ་ཞིག་ཏུ་ཟད། འོ་ན་ཡིད་ལ་མ་བྱས་པའི་བསམ་གཏན་ནི ་དྲི་མ་དང་བཅས་པ་ཅིག་ཡིན་ནམ་ཟེར་ན། མ་རྟོགས་ན་ཉོན་མོངས་པས་ཀྱང་ཉོན་མོངས་པར་འགྱུར་ལ། ཤེས་བྱས་བྱས་ཀྱང་སྒྲིབ་པར་འགྱུར་རོ། །རྟོགས་པའི་རྣལ་འབྱོར་པའི་དཔེ་ནི་ཉི་མའི་དཀྱིལ་འཁོར་དང་འདྲ་ལ། གནམ་སྟོང་གི་ཉིན་པར་ནི་ཟླ་བ ་དེ་ཉི་མའི་དབྱིངས་སུ་ཐིམ་པས་བསིལ་བར་མི་འགྱུར། ཉི་མ་དེ་ཉིད་ཉའི་ཉིན་པར་ཟླ་བ་དང་རྒྱང་རིང་བས་ལྷག་པར་དྲོ་བར་མི་འགྱུར་བ་དེ་བཞིན་དུ། རྣལ་འབྱོར་བའི་དགོངས་པ་དེ་ཡང་བློ་བུར་གྱི་ཉོན་མོངས་པ་དྲན་པ་དང་ཤེས་བྱ་དྲན་པ་མང་པའི་དྲི་མ་གཉིས ་མེད་པས། ཀྱེའོ་བུ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། དེ་ལྟར་ནི་མ་རྟོགས་པ་རྣམ་པར་རྟོག་པའི་རྣམ་གྲངས་ལ་ཡིད་ཆེས་ལ་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་ཉམས་སུ་མྱོང་བ་དེ་དོན་དམ་པ་ཡིན་ནོ་སྙམ་ནས་མངོན་བར་ཞེན་པས་འབད ་པ་བྱས་ན་རང་ལ་རྒྱུན་ཏུ་གནས་པའི་བསམ་གཏན་རྟོགས་པའི་དང་ལས་འབད་པ་དང་བརྩོལ་སྒྲུབ་ལས་འདས་པ་དེ་ངོ་མ་ཤེས་པས། ཁྱིམ་ན་ཡོད་པ་ཕྱི་རོལ་སོད་ནས་ཚོལ། ཆོས་ཉིད་རང་ལ་ཡོད་པ་ངོ་མ་ཤེས་པས་ཕྱི་རོལ་གྱི་དྲན་པ་ལ་དྲིས་པས་སམ། ནང ་གི་ཁྱིམ་ནི་དྲན་པ་དྲན་མེད་ཀྱི་བདག་པོ་སྐྱེ་མེད་ཡིན་པར་ངོ་མ་ཤེས་པས། གློ་བུར་དུ་འོངས་པའི་ཁྱིམ་ཚེས་དང་འདྲ་བའི་དྲན་པའི་རྣམ་རྟོག་ལ་དྲིས་པས། ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་འདྲི། དེ་ལྟ་བུའི་བློས་རེག་པར་བྱ་བ་འམ། ཚིག་གིས་བརྗོད ་པར་བྱ་བ་མ་ཡིན་ཏེ། བླ་མ་དམ་པའི་བརྡའི་གདམས་དག་དྲན་པའི་སྒྲོན་མ་དེས་མཚོན་ནས་རྟོགས་པར་བྱ་བ་མ་ཡིན་པ་རྟོགས་པ་དེ་མངའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། །ཇི་ལྟར་ཤེས་པར་བྱ་ཞེ་ན། ཐ་མལ་པ་བཞིན་དུ་བསམ་བྱ་དང། བསམ ་གཏན་དང་བཟླས་བྱ་དང། བཟླས་པ་དང། བརྗོད་བྱ་དང། བརྗོད་པ་ལས་འདས་པའི་ཕྱིར། བླུན་པའི་བསམ་གཏན་བསམ་བྱ་བཟླས་བརྗོད་མིན། །དེ་ཡང་བླ་མ་དམ་པས་བསྟན་མ་ཐག་ཏུ་དྲན་པ་མེད་ཅིང་བརྗེད་པ་མེད་པ་རྙད་པ་མེད་ཅིང་སྟོར་བ་མེད་པ། སྐྱེ་བ་མེད་ཅིང་འགག ་པ་མེད་པ། བསྒོམ་དུ་མེད་ཅིང་མི་བསྒོམ་པའི་དབང་མེད་པ་སྟེ། རྒྱུན་ཏུ་གནས་པར་ཞེས་བསྟན་ཀྱང་ཐེ་ཚོམ་མཆོད་ན། གང་ཚེ་བླ་མས་བསྟན་ཅིང་བདེན་པར་ཐམས་ཅད་ཤེས་བྱས་ཀྱང། བདག་གིས་འདི་ལྟས་བལྟ་ཞིང་བརྟག་པར་བྱའོ། །རྐྱེན་གང་ཡང་རུང་བ་ཅིག ་དྲན་དུ་གཅུག་ལ། མན་ངག་གིས་དྲེན་པ་མེད་ཅིང་ཉམས་སུ་མྱོང་བའི་དུས་སུ་འདི་ལྟ་བུ་དྲན་པ་ནི། ཆུའི་ཐིགས་པ་ཙམ་དུ་ཤེས་པར་བྱའོ། །དེའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མི་སྐྱེ་བ་ནི་རྒྱ་མཚོ་ཙམ་དུ་ཤེས་པར་བྱའོ། །རྣམ་པར་མི་རྟོག་པ་ནི་རྒྱ་མཚོ ་ཙམ་ལ་དྲན་པ་མེད་པ་ནམ་མཁའ་ཙམ་དུ་ཤེས་པར་བྱའོ། །དྲན་པ་མེད་པ་ནི་ནམ་མཁའ་ཙམ་དུ་ཤེས་པར་བྱ་བ་ཡིན་པས། ཤེས་དང་ཤེས་བྱའི་ཡུལ་ལས་འདས་པ་ནི་དཔེ་དང་དོན་གྱིས་མཚོན་དུ་མེད་པ་དེ་ངོ་མ་ཤེས་པ་ནི་དཔེར་ན་བུ་ཆུང་ལ་མཛུབ་མོས་ཟླ་བ་མཚོན ་བའི་དུས་སུ་ཟླ་བ་ལ་མི་ལྟ་བར་མཛུབ་མོ་ལ་བལྟའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་མ་རྟོགས་པའི་གང་ཟག་རྣམས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ལ་དགོངས་པ་མི་མཛད་པར་དྲན་པའི་རྣམ་པར་རྟོག་པ་ལ་བསྒོམ་པ་མཛད་དོ། །དེའི་ཕྱིར་དྲན ་པས་མཚོན་ཡང་དྲན་པའི་འདམ་གྱིས་མ་གོས་པའི་དོན་མ་རྟོགས་པས་བདག་གིས་ཡོངས་སུ་བརྟགས་པས་མ་རྟོགས་ཐར་པ་ཐོབ་པ་མ་ཅི། འོ་ན་ཕྱིའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ལ། ནང་གི་ཡུལ་ནི་དྲན་པ་ཡིན་ནོ། །དེ་ལྟ་བུ་ལ་སྤྱོད་ཀྱང་ཡང་དག་པའི ་དོན་ནི་མི་ཤེས། ཕྱི་དང་ནང་དུ་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་འདུ་ཤེས་ཀྱིས། ཡུལ་རྣམས་བགྲོད་ཅིང་ཡུལ་གྱི་གདུད་བས་ཉེན་བྱས་ཀྱང། ལྷན་ཅིག་སྐྱེས་པའི་ལྷ་ནི་ཡིད་ལ་བྱར་མེད། ཡིད་ལ་བྱས་པའི་ལྷ་ནི་མི་དགེ་བ་ཡིན་པས། ལྷན་ཅིག་སྐྱེས་པ་མི་རྙེད་སྡིག ་པ་འཛིན། །ཆོས་རྣམས་ཀྱི་གཞིར་གྱུར་པ་ལྷན་ཅིག་སྐྱེས་པ་ཡིད་ལ་མ་བྱས་པ་ཤེས་ན། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། དཔེར་ན་ཨུཏཔལ་དང་པདྨ་དང་པུཎྜ་རི་ཀ་དང། སཽ་གྷནདྷ་ལ་སོགས་པ་ཁ་དོག་ཡིད་དུ ་འོང་བ་དང་རེག་བྱ་འཇམ་པ་དང། དྲི་ཞིམ་པོས་ཁ་ཅིག་གི་ཡིད་འཕྲོག་ནུས་པ། དེ་ཡང་གཞན་གྱི་ཡོན་ཏན་མ་ཡིན་གྱི། རྒྱུ་དེ་རྣམས་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པའི་མི་གཙང་བའི་མཚོའི་རྐྱེན་གྱི་ཡོན་ཏན་ནོ། །མེ་ཏོགས་དེ་དག་ལ་མི་གཙང ་བའི་སྐྱོན་གྱིས་གོས་པ་མ་ཡིན་པས། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་དགོངས་ལ་ཡང་ཕྱི་དང་ནང་གི་ཡུལ་ལ་དྲན་པ་སྐྱེས་ཀྱང། ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཤེས་བས་ན། ཡུལ་གྱི་འདམ་གྱིས་མ་གོས་པ་ནི་འདམ་དང་གནས་མ ་གོས་པར་ཨུཏཔ་ལ་བླངས་པ་བཞིན་དུ། དྲན་པས་མ་གོས་པར་ཆོས་ཉིད་རྟོགས་པའོ། །ུཏཔ་ལ་འདབ་མཆུ་ཡིས་མི་རེག་བཞིན། དེ་ལྟར་རྟོགས་ན་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་རྣལ་འབྱོར་བའི་སྐྱབས་སུ་འགྲོ་བས་དུག ་སྔགས་ཅན་གྱི་དཔེས་བསྟན་པར་བྱའོ། །རྩ་བ་ལ་འཆོས་པའི་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པའི་དཔེས་མ་དུ་ལུང་གའི་དཔེ་དང། མེ་ཏོག་ལ་འཆོས་པ་བསོད་ནམས་ཀྱི་ཚོགས་འདུ་དུ་རའི་དཔེ་ནི། འདུ་དུ་རའི་ཞེས་བྱ་བ་མེ་ཏོག་གི་སྤྲང་རྩིལ ་ཚོན་རྩི་གང་ཡང་རུང་བས་བཅོས་པས་འབྲུ་སྨིན་ནས་ས་བོན་དེ་བཏབ་པས་མེ་ཏོག་དེའི་ཁ་དོག་ཏུ་འགྱུར་རོ། །དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་བསགས་པས་ནི་བསྐལ་པ་གྲངས་མེད་པ་ན་འབྲས་བུ་སྨིན་པར་འགྱུར་རོ། །མི་དུ་ལུང ་ཀ་ཞེས་བྱ་བ་ནི་མེ་ཏོག་གི་ཤིང་གི་རྩ་བ་ལ་ཐབས་མཁས་པས་ཚོན་གང་ཡང་རུང་བ་གཅིག་གིས་བསྐུས་ན། དེའི་ཁ་དོག་དུ་མྱུར་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས་སེམས་ཉིད་ཀྱི་རྩ་བ་རྟོགས་ན་འབྲས་བུ་ཆོས་སྐུ་སྨིན་པས། གང ་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། དེ་ལྟར་ཁོང་དུ་ཆུད་པའི་རྣལ་འབྱོར་པ་ནི། དཔེར་ན་དུག་སྔགས་གདེང་ཏུ་གྱུར་པ་གཅིག་གིས་དུག་ཟོས་པས་གནོད་པར་མི་འགྱུར་བ་དེ་བཞིན་དུ། ཡུལ་གྱི་དུག་གིས་མི་ཚུགས་པས། དུག་གིས་སྔགས་ཅན་དུག་གིས ་ག་ལ་ཚུགས། །དེ་ལྟར་ཤེས་ནས་མཉམ་གཞག་དང་རྗེས་ཐོབ་ཞི་གནས་དང་ལྷག་མཐོང་དབྱེར་མེད་པའི་དཔེ་གླང་ཆེན་ལོམ་ནས་ཚགས་ཆུད་པའི་དཔེས་བསྟན་པར་བྱའོ། དེ་ཡང་རྗེས་ཐོབ་ཀྱི་དུས་སུ་ཕྱི་རོལ་གྱི་ལྷ་ཁང་ལ་སོགས་པ་མཆོད་པ་དང། ནང ་གི་གཞལ་ཡས་ཁང་ལ་མཆོད་པ་བྱས་ནས། དེའི་ཡོན་ཏན་གྱིས་ལྷའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་མཐོང་བར་འགྱུར་རོ་ཞེས། དེ་ཡང་རྒན་མོ་བུ་གཅིག་པས་ཤི་བས་གདུངས་པ་བཞིན་དུ། རྟག་ཏུ་ལྷའི་དཀྱིལ་འཁོར་ཡིད་ལ་བྱས་ན། མཐོང་བར་འགྱུར ་བ་ལ། དེ་ཉིད་མ་ཡིན་པའི་ཕྱིར་ན་བརྒལ་བ། ལྷ་ལ་མཆོད་པ་ཁྲི་ཕྲག་མང་བྱས་ཀྱང། །འདི་ལྟར་ཤེས་ན་ནང་དང་ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པས། ཡུལ་དང་དབང་པོ་ལྷ་དང་ལྷ་མོའི་དཀྱོར་བསྒོམ་པ་དང། ནང་གི་མངོན་པར་བྱང་ཆུབ་པས་བདེ་བ་སྟོང ་པ་སྒོམ་པ་ནི་ཐག་པ་དཀར་ནག་གིས་འཆིང་བར་འདྲ་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ། བདག་ཉིད་འཆིང་འགྱུར་དེ་ཡིས་ཅི་ཞིག་བྱ། འོ་ན་མངོན་པར་བྱང་ཆུབ་པས་བསོད་ནམས་ཀྱི་ཚོགས་དང། དེ་ཉིད་སྟོང་པ་ཉིད་དུ་ཤེས་པ་ཡེ་ཤེས་ཀྱི ་ཚོགས་ལ་གོམས་ནས་སྐྱེ་བ་ཕྱི་མ་ནས་ཕྱི་མའི་དུས་སུ་ཡང་ནས་ཡང་དུ་བླ་མ་སློབ་མ་དང་མཇལ་བར་འགྱུར་རོ་ཞེ་ན། སྐྱེ་རྒ་ན་འཆི་ལ་བརྒལ་བ། དེ་འདྲ་འཁོར་བ་འདིར་ནི་འཆད་མིན་ཏེ། འོ་ན་འཁོར་བ་རྣམ་པ་གསུམ་ལས་ཐད་ནས་སྐུ་གསུམ་མངོན ་དུ་འགྱུར་བར་བྱ་ན། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དེ་བླ་མ་དམ་པའི་གདམས་ངག་གིས་རྟོགས་པར་བྱས་ལ། སེམས་ཉིད་རྟོགས་ན་འཁོར་བ་ལས་བརྒལ་བར་འགྱུར་གྱིས། དེ་མ་རྟོགས་པ་རྣམས་ལ་བརྒལ་བས་གཉུག་མའི་རང་བཞིན་མ ་རྟོགས་བརྒལ་མི་ནུས། འོ་ན་གཉུག་མའི་རང་བཞིན་དེ་སངས་རྒྱས་དངོས་ཡིན་ཡང་འགྲོ་དོན་མཛད་བས། མཆོད་པ་མི་དགོས་སམ་ཟེར་ན་མ་ཡིན་གྱིས། མཆོད་པ་ཉི་ཤུ་རྩ་ལྔ་ཤེས་པར་བྱས་ལ། དེ་ཉིད་ན་བུན་ནམ་མེ ་ལོང་གི་ཁ་རླངས་བཞིན་དུ་ཡལ་ནས། དེ་ཉིད་ཁོ་ན་ལ་གཞན་འབྱུང་བ་མེད་པས་སྣ་ཚོགས་དྲན་ཡང་ཆོས་ཉིད་ཀྱི་རྦ་རླབས་ཡིན་པ་དེ་ཉིད་ལས་ཤར་ཞིང། དེ་ཉིད་དུ་ནུབ་པར་ཤེས་ན་སྣང་བ་མི་འགོག་ལ་མི་སྣང་བ་མི་བསྒྲུབ་པས། མིག་ནི ་མི་འཛུམས་སེམས་འགོགས་དང། རླུང་ཁྱབ་བྱེད་དང། རྟོགས་བྱེད་དེ་གཉིས་ཀ་དྲན་པ་ཙམ་ལ་བསྡུས་ལ། དེ་ཡང་རྐྱེན་གཞན་ལ་རག་ལུས་པ་ཡིན་པས་རིག་པ་རང་བཞིན་གྱིས་འགག་ལ། ཆོས་ཉིད་ཀྱི་དབྱིངས་མ་མཆིས་པ་བརྒྱུད ་པའི་བླ་མས་བསྟན་པས། རླུང་འགག་པ་ནི་དཔལ་ལྡན་བླ་མས་རྟོགས། རྣམ་རྟོག་དེ་ཉིད་དྲན་པའི་ཚུལ་གྱིས་རྒྱུ་བའི་དུས་སུ། དེའི་ཚེ་རྣམ་པར་རྟོག་པ་མེད་པ་དེ་ཉིད་སྐྱེ་ཤི་མེད་པའི་དོན་རྟོགས་ན་དེ་ལས་མི་གཡོ་པས། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ ་སྟེ། དེ་ལྟར་དོན་རྟོགས་པའི་གཏིང་ལ་འཆི་བ་བསླུ་བར་མི་བྱའོ། །སྐྱེ་བ་བསླུ་ན་འཁོར་བ་དང་མྱ་ངན་ལའ་དས་པ་ལ་ཐར་པ་ཡིན་ཏེ་འཆི་ཞེས་བྱ་བ་ནི་དྲན་པོ་ཡལ་བ་ཡིན་པས་འཆི་ཀ་མའི་གདམས་དག་འདིར་མ་གསུངས་སོ། །གཞན ་ན་རེ་བར་མདོའི་དུས་སུ་བཞེད་དེ། འབྱུང་བ་རིམ་གྱིས་ཐིམ་པར་གོམས་པའི་ཡི་དམ་ལྷ་ལ་ཤེས་པ་གཏད་པའི་མན་ངག་གིས་ཤེས་དང་ཤེས་བྱ་ལས་ཐར་པར་བཞེད་དེ། དོན་དམ་པར་ན་ཤེས་དང་ཤེས་བྱ་མ་གྲུབ་པས། ཐར་པ་མ་ཡིན་ནོ། །ལ་ལ་ན་ར? ་རླུང་དྲང་བྱང་ཆུབ་སེམས་དྲན་པས་བསྡུས་ལ་དེ་ཡང་འོག་སྒོ་ངན་སོང་དུ་ལྷུང་གིས་དོགས་པས་རིམ་གྱིས་ཏེ་སྒོ་ཁ་ཕྱེ་ལ། རླུང་དང་རྣམ་པར་ཤེས་པ་ཚངས་པའི་གནས་ན་ཧོཾ་གིས་དབྱིངས་སུ་རླུང་དང་བྱང་ཆུབ་སེམས་ཡལ་བའི་མན་དག་གིས་སྒྲོལ ་བར་འདོད་དེ་ལེགས་པ་མ་ཡིན་ནོ། །ལ་ལ་ན་རེ་བདག་གི་ལུས་གཞན་ཡི་དམ་ལྷ་མཚན་དང་དཔེ་བྱད་དང་ལྡན་པ་ཅིག་མངའ་བ་བསྒོམས་ལ། དེ་གཉིས་ཀ་ལ་སེམས་མེད་པས་ཡིད་ཀྱི་གཟུགས་ཙམ་ཞིག་ཤེས་ལ། བདག་རང་གི་སྐྱེ་བ་དང་ན་བ་དང་འཆི་བ ་འདི་ལྟ་བུ་ཡིད་གཟུགས་བརྙན་དུ་སེམས་ལ་ཤར་བ་ཡིན་པར་ཤེས་པས། དེ་ཉིད་ལྷའི་གཟུགས་བརྙན་དུ་ཤེས་པར་བྱས་ལ། འགྲོ་བ་རིས་དྲུག་གི་གྲོང་ཁྱེར་མཐོང་བ་ལ་གོམས་ན། བར་མ་དོན་ལྷའི་སྐུ་བསྒོམ་པར་འདོད་པ་དེ་ཡང་འཐད་པ་མ་ཡིན་ནོ།། ་འོ་ན་གང་ཞེ་ན། སེམས་ལས་བྱུང་བའི་འབྱུང་བ་བཞི་ལུས་ལ་གནས་པ་དང། སེམས་ལ་གནས་པའི་འབྱུང་བ་བཞི་ནི་སེམས་དྲན་པ་སྲ་བ་ཉིད་ས། སེམས་ཉིད་དེ་ཉིད་དྲན་མེད་དབྱིངས་སུ་གནས་བརྒྱ་མཚོ་ལྟར་ཤེས་པ་ཆུ། སེམས་དེ་ཉིད་བསྐལ་པའི ་མེ་ལྟར་སྲེག་པ་ཚ་བ་མེ། སེམས་དེ་ཉིད་བློའི་ཡུལ་ལས་འདས་ནས་གཟུང་དུ་མེད་པར་དག་པ་རླུང་དེ་དག་དབྱིངས་སུ་དག་པར་བྱས་ནས། སྙན་ནས་སྙན་དུ་ཞལ་ནས་ཞལ་དུ་བརྒྱུད་པའི་མན་ངག་གིས་ཤེས་པར་བྱས་ལ། རིག་པས་ཉམས་སུ་བླང་བར ་མི་བྱའོ་ཉམས་སུ་བླངས་ནས་ཤེས་བྱའི་སྒྲིབ་པ་ལས་མ་རྟོགས་པ་འཁོར་བའི་ཉོན་མོངས་པ་ལས་ཐར་པ་མེད་དོ། །དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། །བློའི་ཕ་རོལ་ཏུ་ཕྱིན་པ་རྟོགས་ན། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དུས་གསུམ་གྱི་དེ་བཞིན ་གཤེགས་པའི་ཡུམ་ཡིན་པར་ཤེས་ནས། དེའི་ཕྱིར་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་དག་མི་ལུས་པ་དང། འཆི་ཀ་མའི་གདམས་ངག་ལོགས་ནས་མི་ཚོལ་བས། འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ། དེ་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡུལ་ལ ་ཡེངས་པའི་དུས་སུ་འདྲེ་བ་མེད་པ་དང། འདའ་ཀའི་ཡིད་ཀྱིས་དབང་པོ་འགྲོ་བ་རིས་དྲུག་གྲོང་ལ་ལྟུང་བའི་དུས་སུ་འདྲེ་བ་མེད་པར་རྟོགས་པ་ནི། ཇི་སྲིད་དབང་པོའི་ཡུལ་གྱི་གྲོང་ལ་ལྟུང་བ་ན། སྐྱེ་བ་མེད་པ་དེ་ཉིད་ལས་ཀྱི་རྣམ་པར་སྨིན་པས་མ་གཡོས ་པས། དུས་གསུམ་མཉམ་པ་ཉིད་དུ་རྒྱས་པས། ཇི་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། སྐྱེ་བ་མེད་པའི་དོན་མ་རྟོགས་ན། ཕྱི་མའི་ཚེ་གར་འགྲོ་མི་ཤེས། དེ་ལྟར་ཅི་བྱེད་མི་ཤེས་པས་ཁྱེད་ཅག་ད་ལྟར་ཅི་བྱེད་གར་འགྲོ་སེམས་དང་ཀྱེ། །སྐྱེ་ཤི་མེད ་པའི་དོན་རྟོགས་པ་རྣམས་ཀྱིས་གཞན་ལ་བསྟན་དུ་མ་བཏུབ་པ་ནི་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ཉམས་སུ་མྱོང་བ་དེ་ཉམས་སུ་མྱོང་ན་དྲན་མེད་མ་ཡིན་ལ། །དྲན་པ་མེད་ན་ཉམས་སུ་མྱོང་བ་མ་ཡིན་ཟེར། དེ་བཞིན་དུ་སྐྱེ་བ་མེད་པ་དང་བློ་ལས་འདས་པ་དེ་སངས་རྒྱས་ཀྱི་དགོངས ་པ་ཡིན་པས་བརྗོད་དུ་མེད་པའི་ཕྱིར། དེ་ནི་ཤིན་ཏུ་དཀའ་བའི་དགོངས་པས་འཇུག། རང་ལ་གནས་པ་སངས་རྒྱས་ཀྱི་དགོངས་པ་ནི་མ་མཐོང། རྣམ་རྟོག་འབའ་ཞིག་ལ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒྲུད?་དང་ལད་མོ་བྱས་པས་ཐར་པ་ཐོབ་ཏུ་རེ་བ་ནི ་དཔེར་ན་བྱིས་པ་རྣམས་ཀྱིས་རྣམ་པར་རྒྱལ་བའི་གཞལ་ཡས་ཁང་ནི་མ་མཐོང་ལད་མོ་བྱས་པས་ཐོག་ཏུ་མ་ཕེབས་པ་བཞིན་དུ། སངས་རྒྱས་ནི་རང་ལ་གནས་པ་མ་མཐོང་བ་ཡིན་པས། གང་ཞིག་གང་ལ་གནས་པ་ནི། ཡང་ན་རང་སེམས་མཉམ་པ་ཉིད་ཀྱི་དང་ལ ་གནས་པ་ནི། གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །བླ་མ་དམ་པས་མ་བསྟན་གྱི་བར་དུ་དཔེར་ན་ལུས་དང་གྲིབ་མ་དང་འདྲ་སྟེ། མུན་ནག་གི་ནང་ན་མི་མཐོང། དེ་ཡང་ཉི་མ་དང་ཟླ་བ་དང་མར་མེས་བསྟན་ནས་མཐོང་བར་འགྱུར་བ་དེ་བཞིན་དུ། ཆོས་ཀྱི ་དབྱིངས་བསམ་དུ་མེད་པ་དེ་ཡང་མ་མཐོང་བས། དེ་ནི་དེ་རུ་མ་མཐོང་སྟེ། དེ་མཐོང་བ་ནི་དོན་ལ་མཁས་པ་ཡིན་ལ། དེ་མ་མཐོང་ན་ལུང་དང་བསྟན་བཅོས་ཀྱི་ཚིག་དང་ཐ་སྙད་ལ། མཁས་པ་ཐམས་ཅད་བསྟན་བཅོས་འཆང་བ་ཡིས། ལུས་ལ་གནས་པའི ་སེམས་ཉིད་མ་མཐོང་ལ། སེམས་ཉིད་ལ་གནས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མ་རྟོགས་པ་ནི། དཔེར་ན་དབུལ་མོའི་ལྟོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འམ་ནོར་བུ་རིན་པོ་ཆེའི་སྒྱེད་པོ་འམ། གྱང་ཀྱི་རིན་པོ་ཆེ་སྟོར་བ ་བཞིན་དུ་རང་བཞིན་དུ་རང་ལ་ཡོད་པའི་སེམས་ཉིད་བསམ་དུ་མེད་པ་ནི་མ་རྟོགས། བསམ་བསྒོམ་བྱས་ནས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ལ་འབད་པ་བྱས་པས་ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །རྟོགས་ན་ནི་མཉམ་གཞག་རྗེས་ཐོབ་ཇི་བཞི ་པ་ལ་ནི་རྡུལ་ཙམ་ཡང་ཁྱད་མེད་ངོ། །དེ་ལྟར་རྟོགས་ན་བློ་སེམས་བདེ་བ་ནི། དཔེར་ན་བྲམ་ཟེ་རྒན་པོ་གླང་པོ་ཆེ་དང། གླང་པོ་ཆེ་ཐུབ་པའི་སྐྱེས་བུ་དང། ལྕགས་ཀྱུ་བ་ལོམ་པའི་སྒྲུང་བརྒྱུད་བཞིན་དུ། དྲན་པའི་རྣམ་རྟོག་གླང་ཆེན་དང་འདྲ་ལ། དྲན་མེད་རྣམ ་པར་མི་རྟོག་པ་སྐྱེས་བུ་དང་འདྲ་ལ། སྐྱེ་མེད་ཀྱི་དབྱིངས་ལྕགས་ཀྱུ་དང་འདྲ་ལ། དེ་དག་ལོམ?་པའི་ནོར་དང་འདྲ་བ་བློ་ལས་འདས་པ་ཟད་པ་མེད་ཅིང་འཕེལ་བ་མེད་པ་རྟོགས་ན། གླང་ཆེན་ལོམ་ནས་སེམས་ཙགས་ཆུང་པས་ན། དེ་ལྟར་རྟོགས་པའི་རྣལ་འབྱོར ་པ་ནི། དཔེར་ན་རང་ཐག་ཆུ་ཆད་པ་བཞིན་དུ། རྣམ་རྟོག་དྲན་པ་དེ་ཉིད་དབྱིངས་སུ་དག་ཏུ་བཅུག་ལ། དེ་ལ་ཡང་དེ་དོགས་མེད་ལ། སངས་རྒྱས་ཞེས་བྱ་བ་མིང་དུ་བཏགས་བཏགས་པ་ཙམ་གང་ནས་ཀྱང་འགྲོ་བ་དང་འོང་པ་མེད་པས། དེ་ནི་འགྲོ་འོད་བཅད་ནས ་ང་ལ་བསྟེ། །འདི་ལྟར་རྒྱུན་མིང་ཆད་པའི་བསམ་གཏན་རང་ལ་གནས་པ་རྟོགས་ན་གཞན་དུ་བཙལ་མི་དགོས་པས། འདི་ལྟར་རྟོགས་ནས་གང་དུ་འང་དྲིས་མེད་ཕྱི་རོལ་གྱི་ལུང་དང་བསྟན་བཅོས་ལ་སོགས་པ་ལ་མཁས་ཀྱང། དྲན་པའི་ང་རྒྱལ་ལས ་བོགས་མ་ཐོན་པས། ཚིག་ལ་ནན་ཏན་བྱས་ཀྱང་དོན་ལ་རྟོགས་པར་མི་འགྱུར་བས། མཁས་པ་ངོ་མཚར་མེད་པས་དེ་མ་རྟོགས། རྟོགས་པའི་ཡུལ་མ་ཡིན་པ་དེ་ཉིད་སྐྱེ་རྒ་ན་འཆི་ལས་འདས་བ། རྒྱུ་དང་རྐྱེན་ལ་རག་མ་ལུས་པས་བལྟོས་པ་མེད་པའི ་ཕྱིར་རོ། །གསོན་པོ་ག?་ཞིག་རྣམ་པར་མ་གྱུར་བ། ཐོག་མ་མེད་པ་ནས་ཡོད་མེད་ལ་སོགས་པའི་ཚིག་གི་?་དགས་དང་བྲལ་བས། དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། དེ་ཡང་བླ་མ་དམ་པས་བསྟན་པས། བསྟན་པས། མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་པ ་རྟོགས་པ་ནི། ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་མ་གནོད་པས་ན། བླ་མས་བསྟན་པས་དྲི་མེད་བློ་གྲོས་ནི། དེ་ཉིད་ཁམས་གསུམ་སེམས་ཅན་རྣམས་དང། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས ་ཀྱི་དེ་བཞིན་ཉིད་གཅིག་པ་ལ་སྤྱོད་ཀྱང། ཟད་པ་མེད་ཅིང་འཕེལ་བ་མེད་པའི་ཕྱིར། གླང་པོ་ཆེ་ལོ་མ་པའི་ནོར་དང་འདྲ་བས། དེ་ཉིད་གཏེར་ཡིན་གཞན་པོ་གང་ཡིན་ལོ།། །།ད་ནི་རྫིངས་ལས་འཕུར་བའི་བྱ་རོག་གི་དཔེས་བསྟན་པར་བྱའོ། །དེ་ཡང་ཡུལ་རྣམ ་པ་གཉིས་སོ། །ཕྱིའི་ཡུལ་ནི་གཟུགས་ལ་སོགས་པ་དེ་དག་དངོས་པོར་མ་གྲུབ་པས་སེམས་ཀྱིས་བསྟེན་པར་མི་བྱ། ནང་གི་ཡུལ་རྐྱེན་ལ་རག་ལས་པས་ན། དྲན་པ་ལ་ཡང་བསྟེན་པར་མི་བྱའོ། །དྲན་པ་ནི་མཚན་མ་དང་བཅས་པའི་སྟོང་ཉིད་དུ་ཤེས་ལ། ་ནང་གི་ཡུལ་ལ་ཡང་ཡུལ་ཉིད་རྣམ་པར་དག་སྟེ་བསྟེན་བྱ་མིན། མཚན་མ་མེད་པའི་སྟོང་པ་ཉིད་ནི། དྲན་པ་མེད་པས་འབའ་ཞིག་ཡིད་ལ་བྱས་པའི་ཚུལ་གྱིས། སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཤེས་བྱ་མ་གྲུབ་པས་ཤེས་པ་ལ་གནས་མེད ་དོ། །ཤེས་དང་ཤེས་བྱ་མ་གྲུབ་པས་སེམས་ཤེས་བྱ་བའི་མིང་མ་གྲུབ་པའོ། །དེ་ལས་དྲན་པ་བྱུང་ཡང་དེའི་ཚེ་མཚན་ཉིད་ཡིད་ལ་མ་བྱས་པས། དཔེར་ན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་ཚོང་པ་རྣམས་ཀྱིས་རྫིངས་ལ་བྱ་རོག་བཞག་པ་བཞིན ་དུ། །རྣལ་འབྱོར་པ་རྣམས་ཀྱིས་འཁོར་བའི་ཕ་རོལ་ཏུ་འགྲོ་བར་འདོད་ན། དྲན་པའི་བྱ་རོག་གིས་བྱ་ར་བ་བྱས་ལ། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། ཇི་ལྟར་བྱ་རོག་གིས་ཡུལ་མ་མཐོང་བས་རྫིངས་ལ་བབས་པ་བཞིན་དུ། དེ་ལྟར་དྲན་པའི་བྱ་རོག ་ཀྱང་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབས།། །།ད་ནི་ཐག་པ་ལ་སྦྲུལ་དུ་མཐོང་བའི་དཔེས་བསྟན་པར་བྱའོ། །དེ་ལ་བཅོས་མའི་རྣལ་འབྱོར་པས་ཕྱི་རོལ་གྱིས་ཡུལ་མི་སྡུག་པ་བསྒོམས་ནས་སྤངས་ཏེ། ་ནང་གི་དྲན་རིག་ཉམས་སུ་མྱོང་བ་ལ་ཞེན་པ་ནི་རིག་པ་གཉིས་བསྒྲིལ་བ་ཐག་པ་ནག་པོ་དང་འདྲ་ལ་རྫས་སུ་མ་གྲུབ་པའོ། །ཡུལ་མི་སྡུག་པར་བསྒོམ་པ་ནི། སྦྲུལ་ནག་པོ་དང་འདྲ་ལ། འཁྲུལ་པ་མ་གྲུབ་པས་ཐག་པ་ནག་པོ་དུག་སྦྲུལ་བཞིན། དེ་ལ་ཡང་རང ་གི་ཤེས་བྱས་རང་སྡངས་པ་ནི། དཔེར་ན་རི་མོ་མཁན་མཁས་པ་བཟོ་བ་ཅིག་གིས་ཁྲོ་བའི་གཟུགས་ཤིན་ཏུ་འཇིགས་སུ་རུང་བ་ཅིག་བྲིས་པ་ལ། ནམ་ཞིག་ཁོ་རང་གིས་མཐོང་བས་སྡངས་པ་བཞིན་དུ། གང་ཟག་ཁ་ཅིག་ཀྱང་ཤེས་བྱང་རང་ལས་བྱུང་བ ་ལ། མཐོང་བཙམ་གྱིས་སྡངས་པར་འགྱུར། ཤེས་དང་ཤེས་བྱ་འདྲ་བ་ལ་ཤེས་པ་ལ་བྱོས་ལ། ཤེས་པ་ལ་དོན་དམ་དུ་འཛིན་པས། གྲོགས་སྐྱེ་བོ་དམ་པ་ནི། དངོས་པོ་མེད་བཞིན་དུ་ཤེས་བྱ་དངོས་པོ་ཅན་དུ་འཛིན་པ་ནི། དཔེར་ན་རི་མོ་མཁན་དེ་རང་གི་བུད ་མེད་མཚན་དང་ལྡན་པ་ཡིད་དུ་འོང་བ་ཅིག་བྲིས་པ་ལ་ནམ་ཞིག་བལྟས་པས། ཁོ་རང་གི་རི་མོ་ལ་ཁོ་རང་ཆགས་པ་སྐྱེས་པ་བཞིན་དུ། རྣལ་འབྱོར་པ་ཁ་ཅིག་གི་ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་སྣང་སྟོང་དབྱེར་མེད་འདོད་པ་དང། ནང་གི་ཡུལ་ལ ་བསྟེན་ནས་རིག་སྟོང་དབྱེར་མེད་འདོད་པས། ཡུལ་གཉིས་སྐྱོན་གྱིས་བཅིངས་པར་འགྱུར། དེ་ཉིད་གསལ་བར་བྱ་བར་འདོད་པའི་ཡོན་ཏན་ལྡས་འཆིང་བའི་དཔེས་བསྟན་པར་བྱའོ། །དེ་ཉིད་མ་རྟོགས་པས་ནི་ཕྱི་དང་ནང་གི་ཡུལ་ལ་ཞེན་པའི་འཁོར་བ་ལས ་ཐར་པར་མི་བྱེད་པས་ན་རྨོངས་པ་དང་འདྲའོ། །རྟོགས་པའི་རྣལ་འབྱོར་པས་ནི་ཕྱི་དང་ནང་གཉིས་ཀ་རྐྱེན་ལ་རག་ལུས་པས་དངོས་པོ་མ་གྲུབ་པར་ཤེས་སོ། །དེ་ལྟར་མ་རྟོགས་པ་ནི་ཞེན་པས་འཆིད་ལ། རྟོགས་པ་ནི་ཞེན་པས་འཆིང་པར་མི་འགྱུར་རོ།། ་ལ་ལ་ན་རེ་ཕྱི་རོལ་གྱི་ཡུལ་ལས་བྱུང་བའི་བདེ་བ་ལས་ཞེན་པར་བྱ་ཞེ་ན། ཕྱི་རོལ་གྱི་དབང་པོའི་ཡུལ་གཟུགས་ལ་སོགས་པ་དང། ནང་རིག་པའི་ཡུལ་བདེ་བ་སྟོང་པ་འདྲ་བས། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག། དོན་དམ་པའི་བདེན་པ་ནི་བསྒོམ ་པར་བྱ་བ་མ་ཡིན་པས། དེའི་ནན་ཏན་དུ་ཀྱེའོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། དེ་ལ་ཡིད་མ་ཆེས་ན་དཔེ་ལྔ་ནི་ཐུན་མོང་ནི་གོ་བླའོ། །ཐུན་མོང་མ་ཡིན་པའི་ཡུལ་ནི་བདེ་བའི་རོལ་ཆགས་པ་ཉ་ལྟ་བུ་དང། ལྷ་དང་ལྷ་མོའི་དཀྱིལ་འཁོར ་ལ་ཆགས་པ་ཕྱེ་མ་ལེབ་ལྟ་བུ་དང། ཤེས་རབ་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་དཔེ་ཡིན་ལ་དོན་དུ་ཁྱེར་བ་གླང་པོ་ཆེ་ལྟ་བུ་དང། སྟོང་པ་ཉིད་ཀྱི་དྲི་ལ་ཆགས་པ་བུང་བ་ལྟ་བུ་དེ། བཞི་པོ་དེ་དག་ཉམས་སུ་མྱོང་བ་ལ་བསྟན་ཏེ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང?་བ ་དང། བླ་མ་དམ་པའི་གདམས་ངག་གིས་ཡུལ་ལ་སྤྱད་ཀྱང་མི་འཆིང་བའི་ཐབས་ལ། གདམས་དག་ཉི་མ་ལྟ་བུ་ཡུལ་མེ་ཏོག་སིལ་མ་ལྟ་བུ་དྲན་པ་བུང་བ་ལྟ་བུ་དེ་ཡུལ་ལ་སྤྱད་ཅིང་ཆོས་ཀྱི་དབྱིངས་སུ་བྲོས་པའོ། །བུང་བ་དང་སྒྲ་དང། ཚད་མ་དང། ལུང་དང་བསྟན ་བཅོས་མང་པོའི་ཐ་སྙད་ལ་དགའ་བ་ནི། ཐ་སྙད་མང་པོས་སངས་རྒྱས་ཀྱི་དགོངས་པ་ཚིག་གསུམ་གྱི་གདམ་ངག་གསང་གཏམ་ལྟ་བུ་མྱོང་དུ་མི་སྟེར་བ་གཞོན་ནུ་མ་གསང་གཏམ་མཉན་པ་ལྟ་བུ་འདི་ནི་རི་དགས་བཞིན་དུ་བལྟ་བར་བྱོས།། །། ་ད་ནི་རྟོགས་ན་ཆུ་དང་རླབས་ཀྱིས་དཔེས་བསྟན་པར་བྱའོ། །དེ་ཡང་སེམས་དང་སེམས་ལས་བྱུང་བའི་རིག་པ་ཡང་གཞན་མ་ཡིན་ལ། སྟོང་པ་དང་བདེ་བ་དང་གསལ་བ་ཡང་གཞན་མ་ཡིན་ནོ། །དྲན་རྟོག་ཇི་སྙེད་པ་ཡང་གཞན་མ་ཡིན་པས། ་གང་ཞིག་སེམས་ལས་རྣམ་འཕྲོ་བ། ཆོས་ཉིད་ལས་ལོགས་པ་གང་ཡང་སེམས་ལས་འབྱུང་མི་སྲིད་པ་ན། དེ་དག་ཡིད་ལ་མ་བྱས་པ་རྟོགས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། རྐྱེན་བློ་བུར་བས་བསྐུལ་བས། སེམས་ལས་རྟོག་པ་བྱུང ་ཡང་ཆུ་བུར་ཆུ་ལས་བྱུང་ཞིང་ཆུའི་དང་དུ་ཐིམ་པ་སྤྲིན་ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་ཐིམ་པ་དང་འདྲ་བར་ཆོས་ཉིད་ཟབ་མོའི་དབྱིངས་ལས་སྣ་ཚོགས་ཤར་ཡང་དབྱེར་མི་ཕྱེད་པའི་དཔེ། ཆུ་དང་རླབས་དག་གཞན་ཡིན་ནམ། འཁོར་བ་རྣམ ་པ་གསུམ་དང་མཉམ་པ་ཉིད་ཐ་དད་པ་མེད་པས། སྲིད་དང་མཉམ་ཉིད་ནམ་མཁའ་ཨི་རང་བཞིན་ནོ། །དེ་ལྟ་བུ་ཉིད་ལ་བྱུང་ཞིང་དེ་ཉིད་ལ་བརླག་པ་ཉི་རྡུལ་གྱི། དཔེས་བསྟན་པར་བྱའོ། །ཡང་དག་པའི་དོན་རྟོགས་ན་ལྷ་ཡི་མིག་དང་ལྷའི་རྣ་བ་དང་ཕ་རོལ། ་གྱི་སེམས་ཤེས་པ་དང་འདྲ་ལ། ཅིའི་ཕྱིར་ཞེ་ན། སེམས་ཤེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་དང། དུས་གསུམ་གྱི་བདེ་བར་གཤེགས་པའི་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་ཚུ་རོལ་གྱི་བག་ཆགས་ཀྱིས་མགོས་པ་ཕ་རོལ་གྱི་སེམས་ཤེས་བྱའོ།། ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་ཉིད་ཀྱི་རང་བཞིན་ནི་སེམས་ཅན་ཀུན་ལ་ཡོད་པ་ནི་མ་ཤེས། སེམས་ལས་བྱུང་བའི་རྣམ་པར་རྟོགས་པ་ཕྱོགས་རེ་བ་ཤེས་པ་ལ་སེམས་ཉིད་ཤེས་པ་མི་ཟེར་རོ། །འདུ་ཤེས་ཀྱི་ཕ་རོལ་སེམས་ནི་སེམས་ལས་འདས ་པ་ལས། མཐོང་བ་དང་ཐོས་པ་དེ་ཆོས་ཉིད་ཀྱི་དང་ལས་མ་འདས་པས། གང་ཞིག་བསྟེན་ཏེ་གང་ཐོས་པ། རྟོགས་པའི་རྣལ་འབྱོར་པས་དོན་དམ་པ་གཞན་དོན་ལ་དགོངས་པས་གཟུགས་སྐུ་གཉིས་མ་དམིགས་པས། དགོངས་པ་གང་ཡིན་དམ་པ་སྐྱོལ་བ་ན་སྨོན ་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་སུ་སྣང་ཡང་ཀུན་རྫོབ་ཙམ་ཡིན་པས་ཉི་ཟེར་རྡུལ་དང་འདྲ་ལ། རྣལ་འབྱོར་པའི་དྲན་རྟོག་ཇི་སྙེད་ཅིག་དགེ་བ་དང་མི་དགེ་བ། ཉི་ཟེར་ལྐུགས་ས་རྡུལ་བཞིན་བརླག། གཟུགས་སྐུ་ནི་ཡང་དག་པར་རྫོགས་པའི་སངས ་རྒྱས་མ་ཡིན་པས་མྱ་ངན་ལས་འདས་ལ་ཆོས་སྐུ་ནི་བློ་ལས་འདས་པ་དེ་ཉིད་ཡིན་པས་མྱ་ངན་ལས་འདས་པ་གཞན་ན་མེད་དོ། །རྣལ་འབྱོར་པས་དྲན་པ་བྱུང་ཡང་དྲན་མེད་ལ་ནུབ་པས། སྙིང་ཁ་ཉིད་དུ་ནུབ་པར་འགྱུར་བ་ཡིན།། །།ད་ནི་ཆུ་ལ་ཆུ ་གཞག་པའི་དཔེས་བསྟན་པར་བྱའོ། །དེ་ཉིད་རྟོགས་པར་འགྱུར་བའི་རྣལ་འབྱོར་པས་མི་མཐུན་པ་དང་གཉེན་པོ་བླང་དོར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལས་མི་གཉིས་པས། ཇི་ལྟར་ཆུ་ལ་ཆུ་གཞག་ན། ཆོས་མ་ལུས་པའི་དབྱིངས་ཤིན་ཏུ་རྣམ་པར་དག་པའི ་ཕྱིར། སེམས་ལ་དུ་མ་ཤར་ཡང་རོ་ལ་ཐ་དད་མེད་དེ། དཔེར་ན་བུ་རམ་ལ་རྟ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་བྱས་ཀྱང། རོ་མ་སྟོར་བ་བཞིན་དུ་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལ་སྣ་ཚོགས་དྲན་ཡང་དེ་ཁོ་ན་ཉིད་ཀྱི་དབྱིངས་ལ་ཐིམ་པས ་དེ་སྙེད་ཆུ་རུ་རོ་མཉམ་འགྱུར། དེ་ལྟར་མ་རྟོགས་པས་སེར་སྣ་ལ་སོགས་པའི་འམ། ཚུལ་བཞིན་མ་ཡིན་པ་འམ་བག་ལ་ཉལ་ལས། འདོད་པ་ལ་སོགས་པ་ལྡང་བས་དེ་ལས་འཁོར་བར་འཁོར་བའི། ངན་འགྲོའི་ལམ་དུ་འགྲོ་བའི་སྐྱོན་དང། སྦྱིན་པ་ལ་སོགས ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། དེ་ལས་ཐོབ་བྱས་དང་པོ་ལ་སོགས་པ་མ་ཡེངས་པར་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱས་པས་ཚངས་པའི་གནས་ལ་སོགས་པ་ལ་གོམས་བས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པའི་ཡོན་ཏན་ཐོབ ་པར་བྱ་བའི་དོན་དུ། སྐྱོན་དང་ཡོན་ཏན་རྣམས་ལྡན་སེམས། དེ་ལ་སྐྱོན་སྤངས་པར་བྱ་བ་འམ་མ་ཡོན་ཏན་བསྒྲུབ་པར་བྱ་བའི་གང་ཟག་གིས། དེ་དག་རྣམ་པར་སྨིན་པས་སྨིན་ཡང་དེ་ཉིད་མཐོང་བ་མ་ཡིན་པས། མགོན་པོ་སུས་ཀྱང་མཐོང་མི་འགྱུར།། །།ད་ནི་ནགས་ལ ་མཆོད་པའི་མེ་ལྕེའི་དཔེས་བསྟན་པར་བྱའོ། །མ་རྟོགས་པའི་དུས་སུ་མ་རིག་པས་འཁོར་བར་འཁོར་ལ། རྟོགས་པའི་དུས་སུ་མ་རིག་པ་དེ་ཉིད་ཆོས་སྐུ་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡིད་ལ་མ་བྱས་པས་དགོངས་པ་མཛད་དོ། །མ་རིག་པ་དང། ་མ་ཤེས་པ་དང། མ་རྟོགས་པ་མི་དམིགས་པའི་དུས་སུ། བླ་མ་དམ་པས་བརྡ་དང་ཐབས་ཀྱིས་བསྟན་པའི་དེ་ནི། དྲན་པ་སྤངས་པ་སྦྱིན་པ། དྲན་མེད་མྱོང་བ་ཚུལ་ཁྲིམས། སྐྱེ་མེད་བཟོད་པ། དབྱེར་མེད་བརྩོན་འགྲུས་རྒྱུན་མི་འཆད་པ་བསམ་གཏན་བློ་ལས་འདས་བ ་ཤེས་རབ། རྟོགས་པར་བྱ་བ་ཐབས། བདུད་རྣམས་བཅོམ་པས་སྟོབས། སྐུ་གསུམ་ཐོབ་པ་སྨོན་ལམ། སངས་རྒྱས་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། གཞན་ནས་གཉེན་པོའི་མི་ཚོལ་བས། རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། ་ཆོས་ཉིད་སྟོང་པ་ཉིད་ཀྱི་མེས་བསྲེགས་པས་ནི་སྟོང་པ་ཉིད་དུ་མ་གྱུར་པ་གང་ཡང་མེད་དོ། །དེ་བས་ཀྱང་སེམས་ཉིད་ཀྱི་དབྱིངས་བློ་ལས་འདས་པ་དང་ཐུག་ཕྲད་དུ་གྱུར་པའི་དུས་སུ་ཡིད་ལ་བྱས་པ་གང་ཡང་མེད་དེ། སྣང་བ་ཐུག་ཕྲད་ནི་དྲན་པའོ།། སྟོང་པ་ཐུག་ཕྲད་ནི་དྲན ་མེད་དོ། །སྐྱེ་མེད་ཐུག་ཕྲད་ནི་དེ་ཉིད་མ་སྐྱེས་པའོ། །རྟོགས་པར་གྱུར་པའི་རྣལ་འབྱོར་པས་ནི། གང་དང་གང་ཕྲད་པ་དེ་ནགས་ལ་མཆེད་པའི་མེ་ལྕེ་བཞིན། རྣམ་པར་ཐར་བ་སྒོ་གསུམ་གྱི་མན་ངག་གིས་ཤེས་པར་བྱས་ལ། གདང་དུ་སྣ་ཚོགས་ཤར་བ་དེ་དག་བླང་བ་དང་དོར་བ་གང ་ཡང་མེད་པས། གདང་དུ་བབ་པ་འདི་ལྟར་སྣང་བ་ཀུན། ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཡིན་ལ། སེམས་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི། བློའི་ཡུལ་མ་ཡིན་པ། བློའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི། བསྒོམ་པར་བྱ་བ་མ་ཡིན་པས། སེམས ་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས།། །།དེ་ནི་ཞེན་པའི་སྐྱོན་ཏིལ་གྱི་ཀུན་པའི་དཔེས་བསྟན་པར་བྱའོ། །དེ་ལ་ཡིད་ལ་བྱས་པས་ནི་ཁམས་གསུམ་ལས་ཐར་པར་མི་འགྱུར་གྱི། དེ་ཡང་དབང་གི་ཉམས་མྱོང་ཡིད་ལ་བྱེད་ན་འདོད་པའི་ཁམས་ལྷ་དང་ལྷ ་མོའི་དཀྱིལ་འཁོར་ཡིད་ལ་བྱེད་ན་གཟུགས་ཀྱི་ཁམས། སྟོང་པ་ཉིད་ཀྱི་ཞི་གནས་ཡིད་ལ་བྱེད་གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་བས། གལ་ཏེ་ཡིད་དུ་འོད་པ་སྙམ་པའི་སེམས། དེ་ཡང་གང་དང་གང་ལ་ཞེན་པར་བྱས་ཀྱང་ཁམས་གསུམ་གྱི་སྡུག་བསྔལ་དུ ་འགྱུར་བ་ནི། བདེ་བ་འདོད་པའི་ཁམས་གསལ་བ་གཟུགས་ཀྱི་ཁམས། མི་རྟོག་པ་གཟུགས་མེད་པའི་ཁམས་སུ་གང་ཡང་རུང་བའི་ཡིད་ལ་བྱས་ན་ནི། དེ་དང་བྲལ་བར་མི་ཕོད་པས། སྙིང་ལ་གཅེས་པར་བྱས་ནས་ནི། འཕགས་པ་རྣམས་ཀྱིས་སྲིད་པའི་རྩེ་མོ་ནས་སྡུག ་བསྔལ་དུ་ཤེས་ལ། འཁོར་བའི་སེམས་ཅན་གྱིས་དམྱལ་བ་ངལ་སོ་བ་ལ་ཡང་བདེ་བར་མཐོང་ངོ། །མཁས་པ་རྣམས་ནི་མིག་དང་འདྲ་ལ། ཏིལ་གྱི་ཤུན་པ་ཙམ་ལ་ཡང་ཞེན་པར་མི་བྱེད་དོ། །མི་མཁས་པ་རྣམས་ནི་མགོ་ལུས་དང་འདྲ་ལ། རྣམ་པར་རྟོག་པ་ལ་བདེ་བར་མཐོང ་དོ། །དེའི་ཕྱིར་སྟོན་པའི་བཀའ་ལ་སྟོང་བ་ཉིད་བསྒོམས་པས་གྲོལ་ལོ་ཞེས་གསུངས་ཀྱང། །སྣང་བ་ལ་ཞེན་པའི་གང་ཟག་གི་དོན་དུ་ཡིན་གྱི། སྟོང་པ་ཉིད་ལ་ཡང་རློམ་སེམས་སུ་བྱེད་ན། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྡུས་ཀྱང། ཡིད་ལ ་མ་བྱས་བ་ནི་མ་རྟོགས། ཡིད་ལ་བྱས་པ་འབའ་ཞིག་འཁོར་བའི་རྒྱུར་གྱུར་པས་ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད།། །།ད་ནི་ཕག་དང་གླང་པོ་ཆེས་དཔེས་བསྟན་པར་བྱའོ། །དེ་ལ་ཡང་གཉིས་སོ། །དབང་པོའི་མངོན་སུམ་དང། རྣལ ་འབྱོར་གྱི་མངོན་སུམ་གྱིས་བསྟན་པ་དང། བླང་དོར་མེད་པ་ཕག་པའི་དཔེ་དང། ཉམ་ད?་མེད་པ་གླང་པོ་ཆེའི་དཔེས་བསྟན་པར་བྱའོ། །དེ་ལྟར་དབང་པོའི་མངོན་སུམ་གཏན་ལ་ཕབ་པ་ནི། ཡིད་ཀྱིས་གང་ཡང་རུང་བ་ཅིག་དྲན་དུ་བཅུག་ལ། དེ་ཡིད་ཀྱི་དབང ་པོས་སྣང་ལ་རང་བཞིན་མེད་ལ་ཤེས་པ་བཏང་བའི་དུས་སུ། སྣང་བ་སྟོང་པ་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་གྱི། རྣལ་འབྱོར་གྱིས་མངོན་སུམ་ནི་མ་ཡིན་ནོ། །རྣལ་འབྱོར་གྱིས་མངོན་སུམ་ད་ལྟའི་དུས་མ་ཡིན་ཟེར་ཏེ། བླ་མ་དམ་པས་བརྡབ ་བསྟན་ན་ད་ལྟར་གྱི་དུས་ཡིན་ནོ། །བརྡའི་སྒོ་ནས་བསྟན་པ་དང། དག་གི་སྒོ་ནས་བསྟན་པས་གདམས་ངག་ཅེས་བྱ་སྟེ། བརྡ་ནི་ལུས་ཀྱི་བརྡ་དང། ངག་གི་བརྡ་དང། ཡིད་ཀྱི་བརྡའོ། །དེ་ཡང་སྣང་བའི་བརྡ་དང། སྟོང་པའི་བརྡ་དང། སྐྱེ་བ་མེད་པའི་བརྡས་ཤེས ་པར་བྱའོ། །དག་གིས་ནི་དྲན་པ་མྱོང་བ་དང། དྲན་མེད་མྱོང་བ་དང། སྐྱེ་མེད་མཐོང་བ་དང། བློ་ལས་འདས་པ་ཡིན་པར་ཡིད་ཆེས་པས་སོ། །དེ་ཡང་མངོན་སུམ་རྣམ་པ་བཞིས་སོ། །དབང་པོའི་མངོན་སུམ་ནི་དྲན་པ་ཡིན་པ་ལ་རྣལ་འབྱོར་གྱི་མངོན་སུམ་ནི ་བློ་ལས་འདས་པ་ཡིན་ནོ། །འདྲ་འདྲ་འདྲ་ལ་མི་འདྲ་བ་ཕག་དང་གླང་པོ་ནི་ཨུ་བ་དེ་ཤ་ཞེས་བྱ་བ་ཡིན་ཏེ། ཨུ་པ་ནི་བརྡ་ཉེ་བར་མཚོན་པ་ཡིན་ལ། དེ་ཤ་ནི་ཡུལ་ཡིན་ནོ། །དེ་ཡང་ཡིད་ཀྱིས་ཡིད་ལ་བྱར་མི་བཏུབ་པ་ནི། དྲན་མེད་སྐྱེ་མེད་བློ་ལས་འདས་པ ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཡུལ་ལོ་སངས་རྒྱས་ཀྱི་ཡུལ་གང་ཡིན་པ་དེ་ནི། སེམས་ཅན་གྱིས་མི་སྒོམ་མོ། །སེམས་ཅན་གྱིས་མི་བསྒོམ་པ་གང་ཡིན་པ་དེ་ནི། རྣལ་འབྱོར་པ་རྣམས་ཀྱི་ཐུགས་དམ་མོ། །འོ་ན་སེམས་ཅན་པ་དང། རྣལ་འབྱོར་པ་དང། སངས་རྒྱས ་པ་དང། ཆོས་ཉིད་ཐ་དད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཆོས་ཉིད་གཅིག་པ་ལ། སེམས་ཅན་གྱིས་དྲན་པའི་རྣམ་པར་རྟོག་པ་དོན་དམ་དུ་མཐོང་ལ། རྣལ་འབྱོར་པས་ནི་དྲན་པ་དེ་ཉིད་གློ་བུར་བར་སྣང་བའོ། །དེའི་ཕྱིར་སེམས་ཅན་གྱི་སྣང་བ་ནི་སྣང་སྟོང་དབྱེར་མེད་ཡིན ་ལ། རྣལ་འབྱོར་པའི་བདེ་སྟོང་དབྱེར་མེད་ནི་མ་ཡིན་པས་སོ། །ཡང་ན་སྣང་བ་བརྟགས་པས་སྟོང་པ་ཡིན་པར་གོ། སྟོང་པ་ཉིད་ལས་སྣ་ཚོགས་མྱོང་བ་སྣང་བ་ཡིན་པར་གོ། དེ་གཉིས་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་ཏེ། ཕར?་པ་ཐོབ་པར་བྱེད་པའི་ལམ་མ ་ཡིན་པས་ན་དེ་ནི་མ་ཡིན་ནོ། །དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །དེ་ལྟ་བུ་དེ་ཀླུ་ད་ཥ་ཀའི་གཙུག་གི་ནོར་བུ་རྒྱན་གྱི་མན་དག་བཞིན་ནོ། །ཉམས་སུ་བླང་བར་དཀའ་བ་མ་ཡིན་གྱི། དེ་ལྟ་བུ་དེ་བླ་མ་དམ་པའི་ཞལ་གྱི་དྲིན་གྱིས་རྟག་ཏུ་བལྟ་བར་འདོད་པས། ་གཙང་བཙོག་མེད་པས་ཕག་པ་དང་འདྲ་ལ། ཉམ་ང་མེད་པས་གླང་པོ་ཆེ་དང་འདྲའོ། །གྲོགས་པོ་གཉིས་ཀྱིས་མ་མཐོང་བའི་མིང་སོ་སོར་བརྟགས་པའི་སྒྲུང་བརྒྱུད་བཞིན་དུ། ཕྱོགས་སུ་མི་ལྟུང་བས། གྲོགས་པོ་ཕག་དང་གླང་པོ་ལྟོས། །ང་ནི་ཡིད་བཞིན་གྱི་ནོར ་བུའི་དཔེས་བསྟན་པར་བྱའོ། །སེམས་ཡིད་བློ་རྣམ་པར་ཤེས་པ་རིག་པ་དྲན་པ་མེད་ན། སེམས་ཅན་གྱི་དགོངས་པ་ཇི་ལྟར་བྱ་ཞེ་ན། དེ་དག་ལྡན་གྱི་བར་དུ་སེམས་ཅན་ཞེས་བྱའོ། །དེ་དག་ཀུན་དབྱིངས་སུ་དག་ལ་ཡིད་ལ་བྱར་མེད་པས། འགྲོ་བ་དང་འགྲོ་བའི་དོན ་དུ་སྐུ་གཉིས་སྤྲུལ་ནས། ཇི་ལྟར་ཡིད་བཞིན་ནོར་བུ་དགོངས་པ་བཞིན། འཁྲུལ་པ་ནི་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་སེམས་ལས་བྱུང་བའི་དྲན་པ་ཁོ་ནའོ། །རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་གློ་བུར་བར་ཤེས་ལ། རྟག་ཏུ་དྲན ་པ་མེད་ཅིང་ཡིད་ལ་བྱ་བ་མེད་པར་རྟོགས་པས། འཁྲུལ་པ་ནི་རང་བཞིན་གྱིས་ཞི་ལ། སངས་རྒྱས་ཀྱིས་དགོངས་པ་ནི་དང་གིས་ལྷུན་གྱིས་གྲུབ། སེམས་ཅན་རྣམས་ཀྱིས་སེམས་ཀྱིས་དངོས་པོའི་གནས་ལུགས་ཤེས་པས། ་འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། དེ་གང་ལ་གང་གིས་བསྟན་པར་བྱ་ཞེ་ན། རང་ལ་གནས་པ་རང་ལ་རང་གིས་ཤེ་པར་བྱ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ། གློ་བུར་གྱི་དྲན་པའི་དྲི་མས་མ་གོས་པས། རྒྱུན་མི་འཆད་པའི་བསམ་གཏན ་གྱི་བག་ཆགས་བློ་ལས་འདས་པ་བདེ་བ་ཆེན་པོའི་ངང་ལ་གནས་པས། རང་ལ་རང་གི་བདེ་བ་ཆེན་པོའི་བག་ཆགས་གཟུགས། དེ་ལྟར་རྟོགས་པའི་ཚེ། སེམས་ལས་བྱུང་བའི་དྲན་པ་ནི་སྤྲིན་བཞིན་ཡལ།སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ ་ལྟར། དུས་རྟག་ཏུ་མཉམ་པ་ཉིད་ལ་གནས་པས། ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར།། །།ད་ནི་ཀཱ་ལ་ཀཱུ་ཊའི་དཔེས་བསྟན་པར་བྱ་སྟེ། ཀཱ་ལ་ཀཱ་ཊ་ནི་ནག་པོ་བརྩེགས་པ་འམ། དུས་སྐད་ཅིག་མ་བརྩེགས་པ་ཡིན་ཏེ། དེ་ཡང ་སྣོད་བརྟག་པར་བྱ་བ་གསེར་གྱི་གཏེར་རྙེད་པའི་སྒྲུབ་བརྒྱུད་དང། རང་གིས་ཉམས་སུ་མྱོང་བ་དྲན་དུ་མ་བཏུབ་པའི་དཔེ་སྤྲུལ་གྱི་སྒོ་བཟོས་པའི་སྒྲུབ་བརྒྱུད་དང། བློའི་སྤྱོད་ཡུལ་མ་ཡིན་པས་ཚིག་གིས་བརྗོད་དུ་མེད་པ་ནི། ཤིན་ཏུ་རྣམ་པར་དག ་པ་ལ་ཡེ་ཤེས་ཞེས་མིང་མེད་པ་ལ་མིང་དུ་བཏགས་པས་འཁྲུལ་པ་ནི། སྤུན་ལྔ་ལས་བཞི་ཤི་ནས་གཅིག་ལུས་པ་དེ་རྟག་ཏུ་འབོགས་པའི་སྒྲུབ་བརྒྱུད་དང། རྒྱ་མཚོ་བསྲུབས་པ་ལས་ཐ་མ་ཀཱ་ལ་ཀཱ་ཊ་བྱུང་བ་དེ་དབང་ཕྱུག་ཆེན་པོས་མགྲིན་པ་ལ ་གཞག་ནས། དེའི་གཉེན་པོ་ཀླུའི་རྒྱལ་པོ་ནོར་རྒྱས་སྙན་ཆ་བྱས་པའི་སྒྲུབ?་བརྒྱུད་དང། བྱི་བ་དུག་ཅན་གྱིས་སོས་བཏབ་པས་དྲན་པ་ཙམ་གྱིས་ན་བའི་སྒྲུད?་བརྒྱུད་དང། དུག་གི་སྡོང་པོ་དང་དེའི་གཉེན་པོ་ཙན་དན་སྦྲུལ་གྱི་སྙིང་པོ་ཞེས་བྱ་བའོ་སྡོང ་བོ་གཉིས་གཅིག་ཏུ་བསྲེགས་པའི་ཐལ་བ་དབྱེར་མི་ཕྱེད་པའི་སྒྲུད?་བརྒྱུད་ཀྱིས་བསྟན་ལ། མདོར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། ཤེས་དང་ཤེས་བྱས་འཇལ་དུ་མི་བཏུབ་པའི་ཚིག་གི་བླ་དགས་ཀྱི་བརྡ་ཡིན་ཡང། དེ་ལྟར་ཡིན་ན་ཡང་བླ ་མ་དམ་པའི་བཀའ་དྲིན་གོ་བ་མེད་པའི་གོ་བ། རྟོགས་པ་མེད་པའི་རྟོགས་པ། ཤེས་པ་མེད་པའི་ཤེས་པ་དེ་ནི་བརྡས་བསྟན་པའི་དུས་སུ། བློ་ལས་འདས་པ་ཚིག་ལས་འདས་པ་ཐ་སྙད་ལས་འདས་པ་གང་ཡིན་པ་དེ་དྲན་པ་མི་རུང་ལ་བརྗོད་དུ་མི་རུང་བས། ཀཱ་ལ་ཀཱུ་ཊ་སྨོས ་སུ་མི་རུང་བ་སྟེ། དྲན་དུ་མི་རུང་ན་ཇི་ལྟར་དྲིན་པར་བྱ་ཞེ་ན། དེའི་རང་བཞིན་ནི་ཇི་ལྟར་ནམ་མཁའ་ལ་སྤྲིན་ལ་སོགས་པ་དེ་ལས་བྱུང་ཞིང་དེ་ལས་ཐིམ་ཞེང་དག་པ་དེ་བཞིན་དུ་སེམས་ནམ་མཁའ་དང་མཚུངས་པ་ལས། དྲན་པའི་བཟང་རྟོག་དང་ངན་རྟགས་དཀར་ནག་གི་ཆོས ་ཇི་སྙེད་པ་དབྱིངས་སུ་དག་ནས། རང་བཞིན་ནམ་མཁའ་མཉམ་ཡིད་ཀིས་འཛིན་པ་ཡིས། ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་དགེ་བ་ཡིན་ལ། ཡིད་ལ་མ་བྱས་པའི་ཆོས་ཀུན་སངས་རྒྱས་ཀྱི་དགོངས་པ་ལ་སྐྱེལ་ཤེས་ན་ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། ཆོས ་རྣམས་ཀྱི་བཞི་ནི་ལྷན་ཅིག་སྐྱེས་པ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ། ཀུན་ཏུ་བཟང་པོ་ཡིན་པས། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། ཕྱིའི་ཡུལ་དང་ནང་གི་ཡུལ་ལ། བརྗོད་བྱ་དང་བརྗོད་པ་ཇི་སྙེད་པ་དེ་ནི་ལྷན་ཅིག་སྐྱེས་པ ་ལས་ལོགས་ན་མ་གྲུབ་པས། ཁྱིམ་དང་ཁྱིམ་ན་བདེ་བ་བརྗོད་པ་སྟེ། དེ་ལྟར་སེམས་ཅན་དང་སངས་རྒྱས་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་གནས་ཁྱད་པར་འཕགས་པ་མ་ཤས་པས། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན་དེ་ཅིས་ལན་ཞེ་ན། འགྲོ་བ་འདི་དག་ནི་རང་རང ་གི་དྲན་པའི་རྣམ་པར་རྟོག་པའི་ཁུར་བུས་རང་གིས་སེམས་ལ་ཁལ་བཀལ་ནས། འགྲོ་བར་རིས་དྲུག་གི་གྲོང་ནས་གྲོང་དུ་འཕོ་བས། འགྲོ་ཀུན་སེམས་ཁྲལ་ཁུར་བང་མདའ་བསྣུན་སྨྲ། འགྲོ་བ་རིས་དྲུག་གི་གྲོང་དུ་མི་གཏོང་ན། བསམ་དུ་མེད་པ་བསྒོམ་དུ་མེད་པས། དྲན་དུ ་མེད་པ་རྟོགས་དགོས་ཏེ། རྟོགས་པ་ཅམ་ཁུར་ལྕི་བས་མནན་པའི་གང་ཟག་གང་ཡང་རུང་བ་ཅིག་གིས་ཁུར་བོར་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ་དང་འབྲེལ་བ་མེད་པར་བྱ། བླ་ན་མེད་པའི་འབྲས་བུ་སྙེར་བའི་བསམ་དུ་མེད་པ་མ་རྟོགས་པས ་དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན།། །།ད་ནི་རོ་མ་སྟོར་བ་ལ་ལན་ཚྭ་ཆུ་ལ་ཐིམ་པའི་དཔེས་བསྟན་པར་བྱའོ། །སངས་རྒྱས་ཀྱི་དགོངས་པ་ནི་སེམས་ཅན་གྱི་བསྒོམ་མི་ཤེས་ལ། སེམས་ཅན་གྱི་རྣམ་རྟོག་དྲན་པ་འདི་ལ་སངས་རྒྱས་ཀྱིས ་ཞེན་པས་མི་མཛད་པའི་གནས་ལུགས་བདེ་བ་ཆོས་སྐུ། །གསང་བ་ལོངས་སྐུ་ཡན་ལག་སྦྲུལ་སྐུ། ངོ་བོ་ཉིད་ཀྱིས་སྤྲོས་པ་དང་བྲལ་བས། བདེ་གསང་ཡན་ལག་ཡོངས་སུ་སྤངས་པ་ན། སོ་སོ་སྐྱེ་བོའི་བསྒོམ་པ་ནི་བསམ་པ། བསམ་པ་ནི་དྲན་པ། དྲན་པ་ནི་རྟོག་པ ་རྟོག་པ་ནི་འཁོར་བ། འཁོར་བ་ནི་མི་རྟག་པ་ལ་སོགས་པས་གཡོས་པར་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱི་རྒྱུན་མི་འཆད་པ་རྣམས་ཀྱི་བསམ་གཏན་མི་བསྒོམ། མི་བསྒོམ་པ་ནི་མི་བསམ་པ། མི་བསམ་བ་ནི་མི་དྲན་པ། མི་དྲན་པས་ནི་མི་རྟོག་པ། མི་རྟོགས ་བས་ནི་མི་འཁོར་བའོ། །མི་འཁོར་བས་མི་གཡོ་བ་དེ་ནི་བསྒོམ་པ་དང་མི་བསྒོམ་པ་ཁྱད་པར་མེད་པས། བདག་ནི་མཉམ་པར་གཞག་ཅེའམ་ལངས་ཤེས་རློམ་སེམས་མེད། བསྒོམ་དང་མི་བསྒོམ་དབྱེར་མེད་བདག་གིས་མཐོང། །ཕྱི་རོལ་གྱི་ཡུལ་ལ་བརྟེན ་ནས་ནད་གི་ཡུལ་དྲན་པས་མྱོང་ལ། བྲམ་ཟེ་མ་ཡིན་པ་བོས་ལ་ཤོག་བྱས་པའི་དཔེ་དེ་བཞིན་དུ། དེ་ལས་ཡེངས་ཀྱིས་བར་དུ་གཞན་དྲན་པ་མེད་པ་དེས་ཡུལ་གྱིས་མཚོན་པས་གཞན་དག་བསམ་པར་བྱེད། སེམས་དང་སེམས་ལས་བྱུང་བའི་མི་རྒྱུ་བ་གང་ཡིན ་པས་།གདམས་ངག་གིས་བསྟན་པས་དེ་ཉིད་དོ་ཤེས། རྣམ་རྟོག་དྲན་པ་དེ་རང་བཞིན་གྱིས་ཡལ་བས། དེ་ཉིད་བསམ་པས་རྣམ་རྟོག་རང་བཞིན་འགགས་པར་འགྱུར། གལ་ཏེ་སེམས་ཀྱིས་རང་བཞིན་ནི་དྲན་པ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། སེམས་ལས ་བྱུང་བ་དྲན་པ་དེ་ཡང་སེམས་ལས་ཡོགས་པ་མ་ཡིན་པ་དེས་མཚོན་དུ་འགྲོ་བས། གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། དེ་ལྟར་རྟོགས་པའི་དུས་སུ་ཀུན་གཞི་རྣམ་ཤེས་ཡིད་དེ་དང། ཕྱི་རོལ་རྐྱེན་གྱིས་དྲན་པ་གློ་བུར་བ་དེ་དག་ནི། གཡོ་བ་མེད ་པའི་ཏིང་ངེ་འཛིན་གྱི་དབྱིངས་སུ། རྣམ་རྟོག་དང་ནི་ཡིད་ནི་མི་གཡོ་བརྟན་པར་གནས། ཆོས་རྣམས་ཀྱི་ངོ་བོ་ཉིད་བློས་རེག་མི་བཏུབ་ལ། བློ་དང་རིག་བ་ནི་རྐྱེན་ལ་རག་ལུས་པས་བློ་བུར་བ་ཡིན་ནོ། །གློ་བུར་བ་ནི་དངོས་པོ་མེད་པའོ། །འཁྲུལ་པའི་དུས་སུ་དངོས་པོ་མཐོང ་ཡང། མ་མཐོང་བའི་ཆོས་ཉིད་ལ་བདེ་བའི་རོ་མ་སྟེར་བས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་བལྟར། དེ་བཞིན་དུ་སེམམས་དང་སེམས་ལས་བྱུང་བ་ཇི་སྙེད་པ་དེ་ནི་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པས། དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། བདག་གི་དོན་དུ་སངས་རྒྱས ་པ་ནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུའོ། །གཞན་གྱི་དོན་དུ་སངས་རྒྱས་ནི་གཟུགས་སྐུ་རྣམ་པ་གཉིས་མཉམ་པ་ཉིད་ལ་གནས་པས་ཐ་དད་པ་མ་ཡིན་ཏེ། བདག་དང་སེམས་ཅན་ལ་སོགས་པ་མི་དམིགས་པས། དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་མཉམ་པ་ཉིད ་ནི་དུས་ལ་ཐ་དད་མེད་པས་རྩོལ་བ་དང་འབད་པ་བྱས་པས་ཐོབ་པ་མ་ཡིན་གྱི། སྤྱོད་པ་ངེས་པ་མེད་པར་རྟོགས་པས་དྲན་བས་མི་གོས་པ་ཙམ་ཡིན་གྱི། དྲན་པ་ལ་འབད་པས་བསམ་གཏན་དུ་མ་གྱུར་པས། འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། ། ་པ་ནི་ཆུ་དང་མར་མེའི་དཔེས་བསྟན་པར་བྱའོ། །ཆོས་རྣམས་ཀྱིས་གཞི་དྲན་མེད། ལམ་སྐྱེ་མེད། འབྲས་བུ་བློ་ལས་འདས་པའི་ཕྱིར། དང་པོའི་སེམས་ཉིད་ཆོས་ཉིད་ནམ་མཁའ་ཨི་མཚན་ཉིད་གང་ཡང་མིང་དུ་གདགས་པ་མ་མཆིས་པ་གང་ཡིན་པ་དེ་ནི་དང ་པོ་རྒྱུ་དང། རྐྱེན་གྱིས་མ་བསླད་པ་དེ་ལ་ལྷ་ཞེས་བྱའོ། །དེ་ལྟ་བུ་དེ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རང་རང་གི་གཞུང་ཐེན་ནས་ལྷ་དུ་མར་སྣང་ངོ། །དེ་ལྟར་རྟོགས་པར་བྱེད་པའི་ལ་ལན་རེ་བདེན་པ་གཉིས་སུ་འདོད། ཀུན་རྫོབ་ཀྱི་བདེན་པ་ནི་མི་བདེན་ལ། དོན ་དམ་པའི་བདེན་པ་ནི་དམིགས་སུ་མེད་པས། དེ་ཉིད་ལུང་གིས་རིགས་པ་བསྟན་བཅོས་ཀྱིས་འཇལ་དུ་མི་བཏུབ་པ་ལྷ་ལྷ?་ཅིག་ལ་ནི་ལུས་རྣམས་མང་པོར་མཐོང། རྟག་ཆད་ལ་སོགས་པའི་ལྟ་པ་དང་རང་གི་འདོད་གཞུང་ཐེན་པས་ལྷ ་ཉིད་མ་རྟོགས་སོ། །དཔེར་ན་སྔར་མ་མཐོང་པའི་མི་རྣམས་ཀྱིས། མུན་ནག་ནང་ན་གླངས་པོ་ཆེ་ལ་རེག་པ་ལ་ལ་ལའི་སེམས་ལ་ཤར་ལུགས་མི་བདེན་པ་བཞིན་དུ་།རང་འདོད་པའི་མང་པོ་གསལ་བར་སྣང། གླང་པོ་ཆེ་དེ་ཉིད་མུན་པ་དཀར་བའི་ནང་ཕྱུང་བས། གང་དང ་ཡང་མི་འདྲ་བ་དེ་བཞིན་དུ། བླ་མ་དམ་པས་བསྟན་པས་སྒྲ་དང་ཚད་མ་དང། ལུང་དང་བསྟན་བཅོས་མཁས་པ་རྣམས་ཀྱིས་མ་རྟོགས་པས། མགོན་པོ་བདག་ཉིད་གཅིག་པུ་གཞན་རྣམས་འདུག་ལ། འོ་ན་ཕྱི་ནང་གི་ཡུལ་ལས་ལོགས་པ་ཅིག་གྲུབ་མཛའ་ ་ཡིན་ནམ་ཟེར་བ་ལ་མ་ཡིན་ཏེ། ཕྱིའི་ཡུལ་གཟུགས་ལ་སོགས་པ་དང། ནང་གི་ཡུལ་དྲན་པ་ལ་གླེང་ཞེན་ཡང། གྲུབ་མཛའ་ལོགས་ནས་ཚོལ་མི་དགོས་པས། ཁྱིམ་དང་ཁྱིམ་ན་གྲུབ་མཛའ་དེ་གྲུབ་པའོ། །ཀུན་རྫོབ་ཀྱི་ཆོས་རྣམས་ནི་དྲན་པ་ཁོ་ན་ལ་བསྡུས་ལ། ་དྲན་པ་དེ་ཡང་འདས་པ་ནི་བརྗེད་ལ། མ་འོངས་པ་ནི་མ་དྲན་པས། ད་ལྟར་ནི་དེ་ལས་ལོགས་ན་དྲན་དུ་མེད་དེ། དྲན་པ་དེ་ཉིད་ཟས་སུ་ཤེས་པས་གཞན་གང་ཡང་བསམ་མི་དགོས་སོ། །དཔེར་ན་རས་བལ་གྱི་ཕུང་པོ་མེས་ཚིག་པ་དང་འདྲ་ལ། དྲན་པ་ཚིག་པར ་འགྱུར་རོ། །?་པོ་སྔར་ཟོས་པ་ཅིག་གིས་ཕྱིས་མཐོང་པ་ཙམ་གྱིས་རོ་པྲོ་བ་བཟའ་མི་དགོས་པ་དེ་བཞིན་དུ། གཅིག་གི་རང་བཞིན་ཤེས་པས་ཀུན་གྱི་རང་བཞིན་ཤེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ ་ཤེས་པར་འགྱུར་རོ། །ཅིག་ཟོས་པས་ནི་གཞན་ཀུན་འཆིག། དེ་མ་རྟོགས་པས་རྣམ་རྟོག་འབའ་ཞིག་བ་དྲན་པ་བསྒོམ་པ་ནི། ཕྱི་རོལ་པ་དང་ཁྱད་པར་མེད་པས། ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། ཆོས་ཉིད་ཡང་དག་པའི་དོན་གྱི་དངོས་གཞི་ནི། འགྲོ ་པ་དང་འོད་པ་མེད་པའོ། །དེ་བློ་དང་རིག་པའི་ཡུལ་མ་ཡིན་པས། འོངས་ཀྱང་མ་མཐོང་ཕྱིན་ཀྱང་མེད་ལ། ལུས་དང་གྲིབ་མ་བཞིན་དུ་རྟག་ཏུ་སྤྲོས་པ་མེད་པའི་བདེ་བ་དང་འགྲོགས་པ་ལ་དེ་ངོ་མ་ཤེས་པས་འདུག་པར་འགྱུར་ཀྱང་ངོ་མ་ཤེས། ཉོན་མོངས་པའི་རླུང ་དང་གཟུགས་སྒྲ་ལ་ཡེངས་པ་དང། ཉམས་སུ་མྱོང་བ་ལ་ཡེངས་པ། ཤེས་བྱའི་རླབས་དག་གིས་མི་ཚུགས་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྒྱ་མཚོ་ལ་དབང་དུ་སྒྱུར་བས། རྦ་རླབས་མེད་པའི་དབང་ཕྱུག་མཆོག། རྐྱེན་རྣམ ་པ་གསུམ་གྱིས་མ་བསླད་པས་བག་ལ་ཉལ་ལས་སྒྲིབས་པ་གང་ཨང་མི་ལྡན་ལ། འབད་པ་མེད་པའི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དུ་གྱུར་པས་།རྙོག་པ་མེད་པའི་བསམ་གཏན་འགྱུར། ཇི་ལྟར་ཆུ་མ་རྙོགས་པའི་ནང་ན། ཟླ་བ་དང་མར་མའི་གཟུགས་བརྙན་? ་པ་དེ་ནི་ཆུ་ལ་སོགས་པ་མ་ཡིན་པ་བཞིན་དུ། རྣལ་འབྱོར་པའི་སེམས་དངས་མ་ལས་སྣ་ཚོགས་དྲན་ཡང་དེ་ཉིད་ཡིན་པས། ཆུ་དང་མར་མེ་རང་བསལ་གཅིག་པུར་ཞོག། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ཡིན་པས། གང་ཡང་མེ་ལེན་པ་གང་ཡང་གི་འདོད ་པས། ཐམས་ཅད་ཆོས་ཉིད་ཀྱི་ཚེ་འཕྲུལ་ཅིར་ཡང་འགྲོ་འོང་དུ་སྣང་བས། འགྲོ་འོད་ད་ཡིས་མི་འདོར་མི་ལེན་ཏོ། །ཐོག་མ་མེད་པ་ནས་ཡོད་དང་མེད་ཀྱི་ཐ་སྙད་དང་བྲལ་བ་ནི་བློའི་ཡུལ་ལས་འདས་པ་བདེ་བ་ཆེན་པོ་ནི་གཞིར་གྱུར་པ་རྣལ་འབྱོར་པ་ཐམས ་ཅད་ཀྱི་སེམས་ཡིད་བློ་རིག་པ་དྲན་པ་འཕྲོག་ནུས་པ་གང་ཡིན་པ་དེ། བླ་མ་དམ་པས་བསྟན་པས། གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། ཡིད་འཕྲོག་མ་སྒེག་མོ་དེ་དང་ཉལ་ན་སེམས་ལ་ནི་གཞི་རྩ་མེད་པས། རྟེན་མེད་པ་ལ་བརྟེན་པ་ནི། བར་སྣང་གི ་བྱས་ཀུ་ནེ་བཞིན་དུ་ས་ལ་མི་འབབས། རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་བློ་བུར་བ་ལ་ཡིད་མི་ཆེས་པས། ཉ་པའི་སེམས་ནི་གཞི་མེད་པ་ལ་བརྟེན། དེ་ལྟར་ཡིན་ན་ཡང་སྣ་ཚོགས་དང་བྲལ་བ་མ་ཡིན་ཀྱི། དཔེར་ན་རྨི་ལམ་གྱི་དུས་ན་ཡིད་འཕྲོག་མ་དང་སྙོམས ་པར་ཞུགས་པས། བདེ་བ་མྱོང་ལ་གཉིད་སང་པའི་དུས་སུ་རང་ལས་ལོགས་ན་གང་ཡང་མེད་པ་དེ་བཞིན་དུ་སེམས་ཉིད་དྲན་པ་མེད་པ་ལས་ལོགས་ན་གང་ཡང་མ་གྲུབ་པས། རང་གི་གཟུགས་དང་ཐ་དད་མ་ལྟ་ཞིག། དེ་ལྟར་རྟོགས་ན ་ནི་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ལ། སྐུ་གསུམ་ལས་མ་གཡོས་པ་ཡིན་པས། དེ་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན། དཔེའི་ལྷན་ཅིག་སྐྱེས་པའི་དུས་སུ་ཐིག་ལེ་གཉིས་ལ་ལུས་དག་ཡིད་དབྱེར་མི་ཕྱེད་པ་བཞིན་དུ། དོན་དམ་པའི་ལུས ་རྟོགས་པའི་ཚེ། དེ་ལ་ཡང་གང་ཆོ་ལུས་དང་ངག་ཡིད་དབྱེར་མེད་པ། དེའི་ཚེ་ན་དོན་དམ་པའི་ལྷན་ཅིག་སྐྱེས་པ་ཡིད་ལ་བྱར་མ་བཏུབ་པས། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། དེ་ཅི་ལྟར་ན་རིག་པ་དྲན་པ་ཟས་ནས་དྲན་མེད་ཀྱིས་ཁམས་གསུམ་ལ་ལོངས ་སྤྱོད་པས། ཁྱིམ་བདག་ཟོས་ནས་ཁྱིམ་བདག་མོ་ལོངས་སྤྱོད། དེ་ལྟར་གནས་པའི་སེམས་ཉིད་ནམ་མཁའ་ཨི་མཚན་ཉིད་དང་འདྲ་བས། དྲན་བ་ཅི་བྱུང་ཡང་ཉམས་པ་མེད་པས། ཡུལ་ནི་གང་གང་མཐོང་དེ་སྤྱད་པར་བྱའོ།། །།ད་ནི་སྒྱུ་མས་བསླུས་པའི་དཔེས ་བསྟན་པར་བྱའོ། །དེ་ཡང་རྒྱལ་པོ་སེང་གེ་ཟླ་བའི་སྒྲུད་བརྒྱུད་དང། རྒྱལ་པོ་རང་ལ་སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་སྒྲུང་བརྒྱུད་དང། རྣལ་འབྱོར་པས་གཞད་དགད་བྱས་པའི་སྒྲུབ་བརྒྱུད་དོ། །དེ་ལ་སྒྱུ་མ་སྒྱུ་མར་ཤེས་པ་དང་མ་ཤེས་པའོ། །ཆོས་ཉིད་ཡང་དག ་པའི་དོན་ནི་མི་འགྱུར་བས་སྣ་ཚོགས་འགྱུར་ཡང་རྟོགས་པ་ལ་འགལ་བ་མེད་དོ། །མ་རྟོགས་པ་རྣམས་ཀྱིས་སྣ་ཚོགས་མཐོང་ལ་ཆོས་ཉིད་མི་འགྱུར་བ་མ་མཐོང་པས། ང་ཡིས་རྩེད་མོ་བྱས་པ་ལ། སོ་སོའི་སྐྱེ་བོ་ནི་ཕྱི་དང་ནང་གཉིས་ཀྱི་ཡུལ་ལ་ཆགས་ནས། རང ་རང་གི་ལས་ཀྱི་རྣམ་པར་སྨིན་པའི་ཁུར་བུ་ཁུར་ནས། བྱིས་པ་རྣམས་ནི་ཤ་ཐང་ཆད། ཆོས་རྣམས་ཀྱི་གཞི་དྲན་མེད་ལས་དྲན་པའི་རྣམ་པ་སྐྱེ་བར་འགྱུར་གྱི། དེ་ཉིད་ནི་སྤྲོས་པ་མེད་པའི་ཕྱིར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དུས་གསུམ་གྱི་བདེ་བར་གཤེགས་པའི ་སྐྱེ་གནས་ཡིན་ལ། དེ་ཉིད་མ་རྟོགས་པས་ཁམས་གསུམ་གྱི་སེམས་ཅན་གྱི་སྐྱེ་གནས་ཡིན་པས་དེའི་ཕྱིར། ཨ་མ་གཞན་ནས་བུ་དེ་སྐྱེ་མི་འགྱུར། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པའི་སྤྱོད་པའི་དཔེ་ནི། གསང་སྤྱོད་རིགས་སྤྱོད་ཀུན་ཏུ་བཟང་པོའི་སྤྱོད་པ་བཞིན་དུ་དུས ་ཀྱི་རེས་པ་མེད་དོ། །ཇི་ལྟར་ནམ་མཁའ་ནི་ཆགས་པ་འམ་འཇིག་པའི་དུས་མེད་པས། དངོས་པོ་མེད་པ་ལ་མིང་དུ་བཏགས་པ་བཞིན་དུ། ཕྱག་རྒྱ་ཆེན་པོ་དེ་ཡང་དངོས་པོ་མེད་པ་ལ་དཔེས་མཚོན་དུ་མེད་པས། དེའི་ཕྱིར་རྣལ་འབྱོར་སྤྱོད་པས་དཔེ་དང་བྲལ།། ། ་ད་ནི་བདག་པོ་ལྟ་བུ་རིག་པའི་ཡེ་ཤེས་ཟོས་པའི་དཔེས་བསྟན་པར་བྱའོ། །དེ་ཡང། བུད་མེད་ཀྱི་གླིབ?་གི་སྒྲུང་བརྒྱུད་ཁྱོ་གཞན་ནས་ཚོལ་བ་བཞིན་དུ། རྣལ་འབྱོར་བའི་ཉམས་སུ་མྱོང་ནས་རྐྱེན་ལ་རག་ལུས་པས། ཉམས་སུ་མྱོང་བ་དོན་དམ་པ་ནི་མ་ཡིན་གྱི། དྲན ་རིག་གློ་བུར་བ་ཟོས་པས་ཆོས་ཉིད་ཀྱི་ངོ་བོ་ནི་བློ་ལས་འདས་པ་ལ་རང་བཞིན་གྱི་རྨད་དུ་བྱུང་བས། བདག་པོ་ཟ་ཞིང་རང་བཞིན་མཛེས། སེམས་ཉིད་སྤྲོས་པ་དང་བྲལ་བ་ལ་དྲན་པའི་ཆགས་པས་གང་བར་འགྱུར་ཡང། དེ་ཉིད་ལས་མ་གཡོས་པས། ཆགས་པའི ་ཡུལ་གྱིས་གང་བའི་སེམས་དེ་ཉིད། འདོད་ཆགས་མཆོག་དགའ་དྲན་པའི་ཐིག་ལེ། ཆགས་བྲལ་དགའ་བྲལ་དྲན་པ་མེད་པའི་ཐིག་ལེ། སྤང་པ་ཆོས་ཉིད་སྐྱེ་བ་མེད་པས། ཆགས་དང་ཆགས་བྲལ་སྤངས་ནས་གཉུག་མར་ཞུགས། རང་བཞིན་གྱིས་རྣམ་པར་དག་པའི ་ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་སེམས་ཀྱི་མིང་ཡང་མེད་དེ། ཆོས་རྣམས་ཀྱི་སྐྱེས་རྣལ་འབྱོར་མ་ནི་སེམས་མེད་པས་ན། སེམས་ཉམས་པ་ནི་རྣལ་འབྱོར་མ་ངས་མཐོང། །དེའི་རང་བཞིན་རྣལ་འབྱོར་པ་རྣམས་ཀྱིས་བསམ་དུ་ཡོད་དམ་ཞེ་ན། དྲན་པ་གློ་བུར་པ་ཡིན། ་པས་ཟས་སུ་ཤེས། མ་དྲན་པ་ནི་ལྟོས་པའི་ཆོས་ཉིད་མཉམ་པ་དེའི་ཕྱིར་གང་ཡང་མི་བསྒོམ་པས། ཟ་ཞིང་འཐུང་ལ་བསམ་དུ་དེའི་ཕྱིར་གང་ཡང་མི་བསྒོམ་པས། ཟ་ཞིང་འཐུང་ལ་བསམ་དུ་མེད། སེམས་ཉིད་ནི་སྤྲོས་པ་དང་འབྲལ་ལ་ནམ་མཁའ་དང་འདྲ་སེམས་ལས ་བྱུང་བའི་དྲན་པ་ནི་སྤྲིན་པ་དང་ཝ་པས་གྲོགས་མ་ཡིན་ཏེ། ནམ་མཁའ་དང་བ་འདྲ་བ་དང་འགོགས་པས། གྲོགས་མོ་འདི་ནི་སེམས་ལ་གང་སྣང་བ། ཕྱི་རོལ་བས་སེམས་ཀྱི་དེ་ཉིད་དྲན་པ་ཡིན་ཟེར་ཏེ། སེམས་ནི་དྲན་པ་མེད་པ་རྣམ་པར་རྟོག ་པ་མེད་པ་ཡིན་ཏེ། གང་གིས་ཀྱང་མཚོན་དུ་མེད་པས། ཕྱི་རོལ་སེམས་ཀྱིས་མཚོན་དུ་མེད་པ་བདག་གིས་མཐོང་།དེའི་རང་བཞིན་ནི་སྒྱུ་མའི་སྐྱེས་བུའི་རྨི་ལམ་བཞིན་དུ་འདི་ལྟ་བུ་ཞེས་བརྗོད་དུ་མེད་དོ། །རིག་པའི་ཡེ་ཤེས་ལ་མ་རྟོགས་པ་རྣམས་ཀྱིས ་འབད་པར་བྱེད་དེ། དོན་གྱིས་རྣལ་འབྱོར་མས་ནི་རིག་བ་ཟས་ཤེས་པས། སྒྱུ་མའི་རྣལ་འབྱོར་མ་ནི་དཔེ་དང་བྲལ་བ་སྟེ།། །།ད་ནི་ཤེལ་སྒོང་གཡང་དག་ལ་རྐྱེན་གྱིས་མེ་དང་ཆུ་འབྱུང་བའི་དཔེས་བསྟན་པར་བྱའོ། །དེ་ཡང་ཁམས་གསུམ་གྱི ་སེམས་ཅན་དང། དུས་གསུམ་གྱི་བདེ་བར་གཤེགས་པའི་གཞི་གཅིག་ཏུ་དྲི་མ་མེད་པ་དེ། གང་ནས་བྱུང་བ་དང། གང་དུ་གནས་པ་མེད་པས་ས་གསུམ་གང་དུ་འང་དྲི་མེད་མི་གནས་མི་འབྱུང་སྟེ། ཉི་མའི་འོད་ཟེར་དང་ཤེལ་སྒོང་དང། སྤྲ་བ་ཐུག་ཕྲད ་ཀྱི་རྐྱེན་གྱིས་མེ་འབྱུང་བ་བཞིན་དུ། རྣལ་འབྱོར་པའི་སེམས་ཕྱི་དང་ནང་ཐམས་ཅད་གསལ་ལ་མ་འགགས་པས་ལས་རྐྱེན་གྱི་དབང་གིས། སྣ་ཚོགས་མྱོང་ཡང་དངོས་པོ་མེད་པར་ཤེས་པས། མི?་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་འབར། ཤེལ་སྒོང་དེ་ཉིད་ཉེ་བའི ་ཟླ་བ་དང་ཕྲད་པས། སྣོད་གཅང་མའི་ནང་དུ་ཟེད་པས་ཆུ་འཛག་པ་བཞིན་དུ། སྣོད་དང་ལྡན་པའི་གང་ཟག་ལ་བསྟན་མ་ཐག་ཏུ། རང་དབང་མེད་པར་ཕྱག་རྒྱ་ཆེན་པོ་རྒྱུན་དུ་མྱོང་བས་ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད། དེ་ཡང་འཁོར་བ་དང་མྱ་ངན་ལས ་འདས་པ་རང་གི་དབང་དུ་བྱས་པའི་ཐབས་མཁས་པས། རྒྱལ་སྲིད་དབང་དུ་འདུས་པ་བཞིན་དུ། ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བའི། སེམས་ཀྱི་རང་བཞིན་འོད་གསལ་བ། དྲན་པའི་དྲི་མས་མ་གོས་པ་སེམས་ཉིད་ཅེས་བྱའོ། །དེ་ཉིད་རྣལ ་འབྱོར་དུ་གྲུབ་པ་དང་དབྱེར་མེད་པས་ན། ཆོས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ནི་།སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་མའོ། །ཆོས་ཐམས་ཅད་ནི་སྣང་བ་སྟོང་པ་སྐྱེ་བ་མེད་པ་གསུམ་ལ་བསྡུས་ལ། དེ་ཡང་རང་གི་སེམས ་ལས་མ་གཏོགས་པ་ཆོས་གང་ཡང་མེད་དེ། དེ་ཡང་བཟང་དང་ངན་ལ་སོགས་པའི་རྣམ་རྟོག་ཡིན་པས་དྲན་པ་ཙམ་མོ། །དྲན་པ་དེ་ཡང་ཀུན་རྫོབ་ཙམ་དུ་ཡོད་ལ་བརྗེད་པའི་རྒྱུ་ཡིན་ནོ། །བརྗེད་པ་དེ་ཡང་དྲན་པ་མེད་པ་ཡིན་ཏེ། རྣལ་འབྱོར་པའི་སྣ་ཚོགས ་སྐྱེ་ས་ཡིན་པས། སྣང་བའི་ལྷན་ཅིག་སྐྱེས་པའོ། །དྲན་པ་མེད་པ་དེ་རྟག་ཏུ་སྐྱེ་བ་མེད་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་སྐྱེས་ས་ཡིན་པས་སྟོང་པ་ཉིད་ཀྱི་ལྷན་ཅིག་སྐྱེས་པའོ། །སྐྱེ་བ་མེད་པ་དེ་དུས་རྟག་ཏུ་བློའི་ཡུལ་ལས་འདས་པ་ཡིན་ལ། སྐྱེ་བ་མེད་པ་དེ་ཉིད་ཀྱི་སྐྱེས་ས་ཡིན ་པས། སྐྱེ་མེད་ཀྱི་ལྷན་ཅིག་སྐྱེས་པའོ། །དེ་ནི་སྡོམ་པ་གསུམ་གྱི་དབང་དུ་བྱས་ནས། དོན་དམ་པའི་ལྷན་ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བསྟན་པར་བའོ། །ལྷན་ཅིག་སྐྱེས་པའི་སྡོམ་པ་ཤེས་པར་བྱའོ།། །།ད་ནི་དེ་དག་གིས་འབྲས་བུ་ཆོས་ཀྱི ་སྐུ་གདོལ་པའི་རིགས་བྱེད་ཀྱིས་དཔེས་བསྟན་པར་བྱའོ། །དེ་ལ་དང་པོ་ཆོས་སྐུ་ཐ་སྙད་ལས་འདས་པ་མ་རྟོགས་པ་རྣམས་པ་བརྒལ་བ་ནི། འགྲོ་བ་མ་ལུས་པའི་ཐ་སྙད་ཡིན་གྱིས། ལ་ལ་ནི་དྲན་པའི་ཐ་སྙད་ཀྱི་ཕྱིར་འབྲངས་ནས། འཁོར་བ་ལས་ཐར་པ་ཐམས ་ཅད་ཐོབ་པར་མི་བྱེད། ལ་ལས་ནི་སྒྲ་དང་ཚད་མ་དང་ལུང་དང་བསྟན་བཅོས་ལས་བྱུང་བའི་ཚིག་ལ་མཁས་པར་བྱས་པས་ཀྱང་ཐར་པའི་ལམ་རིམ་པར་བྱེད་དོ། །ལ་ལས་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་ཞི་གནས་དང། མཉམ་པར་གཞག་པ་བསྒོམས་ནས ་རྣལ་འབྱོར་དུ་བྱས་པས་ཐར་པ་རང་དུ་མཐོང་བ་ཡོད་དོ། དེ་དག་དྲེན་པ་ལས་མ་འདས་པས། །ཡི་གེ་པའི་འགྲོ་བ་མ་ལུས་པ། དྲན་པའི་ཐ་སྙད་རང་ལ་སྣ་ཚོགས་ཀྱི་མིང་བཏགས་ནས། ཐ་སྙད་དང་བྲལ་བའི་ངོ་མ་ཤེས་པས། ཡི་གེ་མེད་པ་གཅིག་ཀྱང་མེད། ? ་དམ་པ་ནི་བློས་གཞག་ཏུ་འང་མི་གཏུབ་ལ། ཚིག་གིས་བརྗོད་དུ་མ་བཏུབ་པ་གང་ཡིན་པ་དེ་ནི་ཡི་གེ་མེད་པའོ། །ཇི་སྲིད་བླ་མ་དས་པས་མ་བསྟན་གྱི་བར་དུ་ཡི་གེ་དང་ཐ་སྙད་ལ་སེམས་མ་ཡེངས་པའོ། །བརྡ་དང་ཐབས་ཀྱིས་བསྟན་ནས ་མ་ཡེངས་པ་ད་ནི། ཇི་སྲིད་ཡི་གེ་མེད་འགྱུར་བ། བརྗོད་པ་ཀུན་དང་བྲལ་བ་དེ་ཉིད་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། དེ་སྲིད་ཡི་གེ་རབ་ཏུ་ཤེས། སྣག་ཚ་མཉེས་པའི་ཡི་གེ་རབ་ཏུ་ཤེས། ནང་ན་ཡི་གེ་ཀླག་ཏུ་བཏུབ ་པ་གང་ཡང་མེད་དོ། །གསུང་རབ་ཏུ་དྲིས་ནས་ཀླགས་པ་མེད་པ་ཡང་གཞན་མ་ཡིན་ནོ། །དེ་བཞིན་དུ་ཆོས་སྐུ་བསྒོམ་དུ་མེད་པས་བལྟར་མེད་དོ། །དེ་ལས་ལེགས་ན་འགྲོ་དོན་མེད་དོ། །སྣག་ཆེ་མཉེས་པས་ཀླག་ཏུ་མེད། འགྲོ་དོན་བྱས་པ་ནི་སྤྲུལ་པས་སྤྲུལ ་པ་ལ་བྱེད་པར་འགྱུར་གྱི། ཆོས་ཀྱི་སྐུས་ནི་མཛད་པ་དང་མི་མཛད་པ་མི་མངའ་སྟེ། བྲམ་ཟེ་མ་ལགས་པས་རིག་བྱེད་འདོན་ཡང་དོན་མེད་པས། རིག་བྱེད་དོན་མེད་འདོན་པས་ཉམས། བློའི་སྤྱོད་ཡུལ་མ་ཡིན་པ་དོན་དམ་པ་ཅིག་ཤོས་ཤེས་ཀྱང། ཤེས་པ་མ ་ཡིན་པས་དམ་པ་སེམས་དང་ཅིག་ཤོས་མི་ཤེས་ན། ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་སྐྱེ་བ་མེད་པ་ལས་སྐྱེ་བའི་རྣམ་པ་ཤར་ཡང། དེའི་རང་བཞིན་ལས་མ་གཡོས་པས། གང་ནས་ཤར་ཅིང་གང་དུ་ནུབ། ཕྱི་རོལ་གྱི་དངོས་པོ་འདི་དག་ནི ་སྒྱུ་མའམ། དེ་བཞིན་དུ་ནང་དུ་དྲན་རིག་ཉམས་སུ་མི་བདེན་པའི་རྣམ་པ་ཡིན་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནས། དྲན་རིག་ཉམས་སུ་མྱོང་བ་ནི། གཞན་གྱིས་རྒྱུན་ཏུ་གནས་པར་མཐོང་ཡང་དྲན་པ་རྒྱུན་ཏུ་མི་གནས་པས། འདོད་པའི་ཁམས་འགྲོ་བ་རིས ་དྲུག་དང། གཟུགས་ཁམས་བསམ་གཏན་བཞི་དང། གཟུགས་མེད་པའི་ཁམས་སྐྱེ་མཆེད་བཞི་སྟེ་བཅུ་བཞིའོ། །དེ་ལ་རྡོ་རྗེ་འཛིན་པའི་ས་མི་གཡོ་བ་རྒྱུན་ཏུ་གནས་པས། བཅུ་བཞི་པའི་ས་ལ་རྒྱུན་དུ་གནས། ས་ལ་རྒྱུན་ཏུ་གནས་པའི་ལུས་ནི་དཔེ་དོན ་གཉིས་སོ། །ལུས་འདི་ལ་རྐང་མཐིལ་ཡན་ཆད་སྤྱི་བོ་མན་ཆད་ལ་སེམས་བཙལ་བས་མི་རྙེད་བཞིན་དུ། བཅུ་བཞིའི་པའི་ས་ལ་མཉམ་པ་ཉིད་ཀྱི་དོན་གྱི་ལུས་ཤིན་ཏུ་དང་བ། ལུས་ལ་དོན་གྱི་སེམས་སྦས་པ་མི་རྙེད་དེ། ཇི་ལྟར་སེམས་ཅན་གྱི་ལུས་ལ་སེམས་སྦས་པ ་བཞིན་དུ། སྐུ་གསུམ་ལ་སྦས་པ་ནི་ལུས་མེད་ལུས་ལ་སྦས་པ་སྟེ། ཇི་ལྟར་སེམས་ཅན་ལ་སྙིང་པོ་མེད་པར་ཤེས་པ་བཞིན་དུ། སངས་རྒྱས་ལ་ཡེ་ཤེས་དོན་དམ་པར་མི་མངའ་བས། དེ་ཐོབ་པ་གང་ཞིག་ཐོབ་པ་གང་ཡིན་པ་དེ་ནི་མེད་དེ་དེ་བས་ན་རྣལ་འབྱོར ་བ་རྣམས་ཀྱིས་ཐོབ་པ་མེད་པའི་ཚུལ་གྱིས་བློས་མི་རིག་པའི་དེ་ཉིད་བླ་མ་དམ་པས་བསྟན་པ་ཙམ་གྱིས་གྲོལ་བས། གང་གིས་དེ་ཤེས་དེ་ཡིས་གྲོལ་བར་འགྱུར། སློབ་བྱ་ནི་ཡི་གེ་བཞི་ལ་སློབ་དགོས་སོ། །དེ་ཡང་སྒྲུབ་པར་གྱུར་ཅིག་སྨོན་ལམ་གྱི་ཡི་གེ་བཞི ་ལའོ། །དོན་ལ་ནི་བརྗོད་བྱ་ཇི་སྙེད་པ་ལ་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་ནི་ཨེ་བམ་མ་ཡ་ལ་སློབ་པར་བྱ་བ་ཡིན་པས། དང་པོ་ནས་ཆོས་ཀྱི་གནས་ལུགས་ཀྱི་ངོ་བསྟན་ལ། དེ་ནས་ཆོས་ཐམས་ཅད་བཞི་བཞིའི་མན་ངག་གིས་ཤེས་པར་བྱའོ།། ་དེ་ཡང་ཇི་ལྔ་བ་བཞིན་དུ་ཉམས་སུ་བླངས་ལ་གནས་པར་མི་བྱའོ།། ལས་དང་པོ་པས་ཡི་གེ་འབྲུ་བཞིའི་མན་ངག་ལ་བསླབ་པར་བྱ་གནས་པར་མི་བྱའོ། །ཡི་གེ་མེད་ལས་ཡེ་གེའི་ཐ་སྙད་ཡིན་པས་བསྒྲུབ་ཡིག་བཞི་ལ་དང་པོ་བདག་གིས་བཏོན། དེ་ལྟ ་བུ་རྟོགས་པའི་དུས་སུ་སྙིང་པོ་དོན་གྱི་རྣལ་འབྱོར་གྱི་ཁུ་བ་འཐུང་བར་བྱ་ན། བློ་ཡི་ཡུལ་ལས་འདས་པ་རྟོགས་པའི་རྣལ་འབྱོར་པས་ནི། ཆོས་རྣམས་དྲན་བརྗེད་གཉིས་ལ་བསྡུའོ། །དྲན་པ་དེ་ཡང་བག་ཆགས་སམ་རྐྱེན་ལ་རག་ལུས་པས་ཀུན་རྫོབ་སྒྱུ ་མ་ཙམ་མོ། །སོ་སོའི་སྐྱེ་བོས་ནི་ཆོས་རྣམས་ཀྱི་སྙིགས་མ་ཟབ་དང་འདྲན་པ་ནི་དྲན་པ་ཁོ་ན་ལ་སྤྱོད་པས་སོ། །རྣལ་འབྱོར་པས་ནི་ཆོས་ཀྱི་སྙིང་པོ་ཁུ་བ་བོར་བ་འཐུང་བ་དང་འདྲ་བ་ནི་བརྗེད་པ་ཁོ་ན་སྤྱོད་པས། །ཁུ་བ་འཐུངས་པས་ངས་ནི་བརྗེད་པར་འགྱུར། ་བརྗེད་པ་དེ་ཡང་དྲན་པ་ལ་མི་གནས་པར་བྱ་བའི་དོན་དུ་ཡིན་གྱིས། སེམས་ནི་དྲན་པ་དང་བརྗེད་པ་ལགས། ཅི་ཡང་སྐྱེ་བའི་རྒྱུ་མེད་སྐྱེ་བ་མེད་པ་དེ་ཉིད། གང་གིས་ཡི་གེ་གཅིག་ཤེས་ལ། སྐྱེ་བ་མེད་པའི་ཞེས་ཆོས་ཐམས་ཅད། ་ཀྱི་སྙིང་པོ་ཡིན་ཡང་སྐྱེ་བའི་རྣམ་བཟང་པར་བྱ་བའི་དོན་དུ་ཡིན་གྱི། དེ་ལྟ་བུའི་ཐ་སྙད་ལས་འདས་ནས་སེམས་ཀྱི་ཡུལ་དང་ཡུལ་ཅན་དང་བྲལ་བ་དེ་གང་གིས་གང་ལའང་མིང་མེད་ལས། དེའི་མིང་ནི་མི་ཤེས་སོ། །དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཀྱི ་ཡང་དག་པའི་མཛའ་ནི། རྐྱེན་གྱིས་མ་བསླད་པ་ཡིད་ལ་བྱར་མེད་པ་དེ་ནི། རྐྱེན་བྲལ་གསུམ་ནི་ཡི་གེ་གཅིག། དེ་ལས་ཟག་པ་དང་བཅས་པའི་ཡིག་ནི། ?་གསུམ་གྱི་སེམམས་ཅན་གྱི་ལུས་ངག་ཡིད་གསུམ་མོ། །དེ་ཡང་ཇི་སྲིད་དྲན་པ་དང་བཅས་པའི་དུས་སུའོ། ་ཟག་པ་མེད་པའི་ནི་སེམས་དེ་ཉིད་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ངོས་བསྟན་དུ་ཡོང་ལ། ངོས་གཟུང་དང་བྲལ་བའོ། །དེའི་རང་བཞིན་ཡིད་ལ་བྱས་པ་མ་ཡིན་པས་ཡི་དམ་གྱི་ལྷ་ཉིད་དུ་ཤེས་ལ། རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིས་དགོངས་པ་དེ་ལ་མཛད་པས། ་ཟག་མེད་གསུམ་གྱི་དབུས་ན་ལྷ། ལྷ་དེ་ཉིད་ནི་བློས་རེག་ཏུ་མི་བཏུབ་ལ། དེ་ལས་ཟག་པ་དང་བཅས་པ་དྲན་པ་བྱུང་ཡང། ཅིག་ཤོས་དང་མ་བྲལ་བར་ཤེས་ན། གང་ཞིག་གསུམ་པ་ཟག་པ་ནི། དོན་དམ་པར་ནི་བསྒོམ་དུ་མེད་པ་ཡིན་པ་ལ། བསྒོམས་པ་ནི་བློས་བཞག་ནས ་དྲན་པའི་བར་དུ་ཡེངས་པ་ནི་ཡིན་གྱི་བཅོས་མ་ཡིན་ནོ། །དཔེར་ན་རེག་ཏུ་མི་བཏུབ་པ་གདོལ་པ་བྲམ་ཟེ་བཅོས་ནས་རིག་བྱེད་བཏོན་ཡང། དང་པོ་རེག་ཏུ་མི་བཏུབ་པས། བར་དུ་རེག་ཏུ་བཏུབ་བཏུབ་འདྲ་སྟེ་ཐ་མ་རེག་ཏུ་མ་བཏུབ་པར་སོང་བའི་སྒྲར་རྒྱུད་བཞིན་དུ། ཡང ་དག་པའི་ཅིག་ཤོས་ནི་བློས་རེག་ཏུ་མི་བཏུབ་ལ། བར་དུ་བློས་རེག་ཏུ་བཏུབ་བཏུབ་འདྲ་སྟེ་ཐ་མ་རེག་ཏུ་མི་བཏུབ་པས། གདོལ་པའི་རིག་བྱེད་དེ་བཞིན་ནོ།། །།དེ་ལ་ལོངས་སྐུ་མ་ཤེས་པ་ལ་སྨིག་རྒྱུའི་དཔེས་བསྟན་པར་བྱའོ་།དེ་ལ་དང་པོ་མ ་ཤེས་པ་བརྒལ་ག་འགྲོ་བ་མ་ལུས་པ་སྐྱེ་བ་མེད་པའི་རང་བཞིན་གྱིས་ཁྱབ་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མ་ཤེས་པས་མ་ལུས་རང་བཞིན་གང་གིས་མི་ཤེས་པ། ཕྱག་རྒྱ་ཆེན་པོའི་བྱིན་གྱིས་བརླབས་མ་ཤེས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་བདེ ་བ་ཆེན་པོ་མ་ཡིན་པས། ཀུན་ཏུ་རུའི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། ལས་ཀྱི་ཕྱག་རྒྱའི་ཉམས་སུ་མྱོང་བ་ལ་ཡིད་ལ་བྱས་པ་དེ་ཕྱག་རྒྱ་ཆེན་པོ་མ་ཡིན་པས་ན། ཇི་ལྟར་སྒོམ་པས་སྨིག་རྒྱུ་སྙག་པ་བཞིན་དུ། ཆུ་མ་ཡིན་པ་ལ་ཆུའི་འདུ་ཤེས་ཀྱིས་མི་ངོམས་པ་བཞིན ་དུ་ཕྱག་རྒྱ་ཆེན་པོ་ནི་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བ་ནམ་མཁའ་དང་འདྲ་བ་བསམ་དུ་མེད་པ་མ་ཤེས་ན། བསམ་པ་དང་དྲན་པས་དོན་དམ་དུ་འདོད་པ་དེ་སྙག་པས། སྐོམ་ནས་འོ་ཆ་ཡང་ནམ་མཁའ་ཆུ་རྙེད་དམ། རྡོ་རྗེ་པདྨ་གཉིས་ནི་གནས་ཉི་ཚེ་བ་ཡིན་ལ། ་དེ་ལས་བྱུང་བའི་དུས་སུ་བྱང་ཆུབ་སེམས་ནི་རྒྱུ་ཉི་ཚེ་བ་ཡིན་ཏེ། སྐད་ཅིག་མ་དེ་ལས་གཞན་ན་མེད་པས་དུས་ཉི་ཚེ་བ་ཡིན་ནོ། །དེ་ཡང་ཐིག་ལེ་བཞི་ལ་གཉིས་ཤོར་བས་འདོད་ཆགས་ཀྱི་དད་ཡལ། གཉིས་མཉམ་པས་འདོད་ཆགས་དང་བྲལ་བ་ཡང་མ་ཡིན ་དེ་ཡང་ཐིག་ལེ་ཅིག་རྡོ་རྗེ་རྩེ་མོར་གནས། ཐིག་ལེ་ཅིག་པདྨའི་ཟེ་འབྲུ་ལ་གནས་པའི་དུས་སུ་།རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ་དེའི་བདེ་བ་ནི། དཔེའི་ལྷན་ཅིག་སྐྱེས་པ་ཙམ་ཡིན་པ་ལ། དོན་དམ་པའི་བདེན་པ་ཡིན་སྙམ་ནས་འབད་པས། བདེ་བ་གང་གིས ་རྣམ་པར་རོལ་པ་ནི། ཅི་སྟེ་མ་ཡིན་ཟེར་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་ནམ་མཁའ་བཞིན་དུ་གང་ལ་ཡང་མི་བརྟེན་པས། ཆོས་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ཡིན་གྱི། གཉིས་ཤོར་གཉིས་མཉམ་གྱི་བདེ་བ་ནི་བདེ་བ་ཉི་ཚེ་བ་ཡིན་པས། རྟེན་ནུས་པ་མེད་པའི་ཕྱིར། ཅི ་སྟེ་དེ་རྟེན་ནུས་པ་མེད་པས་ན། ཡིད་ལ་མ་བྱས་པའི་ཕྱག་རྒྱ་ཆེན་པོའི་བདེ་བས་ནི། ཁམས་གསུམ་གྱི་རེ་བ་སྐོད་བར་འགྱུར་གྱི་གཉིས་ཤོར་གཉིས་མཉམ་གྱི་བདེ་བ་ནི། འདོད་ཁམས་ཀྱི་ཕྱོགས་གཅིག་པ་ཡིན་པས། ས་གསུམ་རེ་པ་གང་གིས་རྫོགས་པར ་འགྱུར། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བདེ་བ་ནི་དབང་གསུམ་པ་ཡིན་པས་ན། དཔེའི་ཡེ་ཤེས་ཀྱིས་མཚོན་ལ། དོན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་དྲན་དགོས་པའི་ཕྱིར་ཐབས་ཙམ་དུ་གྱུར་པས་ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ ་ཡང་ན་དྲན་ཙམ་ཡོད་ལམ་དྲན་ཙམ་ན་མེད་པས། ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། བླ་མ་དམ་པས་བསྟན་ཙམ་ན་དྲན་པ་དེ་ཉིད་སེམས་ངལ་སོ་སོར་ཤེས་པས། བླ་མའི་དྲིན་གྱིས་སླར་ཡང་ནི། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ། ཕྱག་རྒྱ་ཆེན ་པོའི་རང་བཞིན་སེམས་དང་ཡིད་དང་བློ་དང་རྣམ་པར་ཤེས་པ་དང། དྲན་པ་དང་རིག་པ་དང། ཡེ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པ། བརྒྱུད་པའི་བཀའ་གདམས་པས་ཤེས་པར་འགྱུར་གྱི། གཞན་གྱི་ཤེས་པར་བྱ་བ་མ་ཡིན་པས་བརྒྱུ་ལ་འགའ་ཡི་ཤེས ་པར་འགྱུར།། །།ཤེས་པའི་ཡོན་ཏན་ཟླ་བའི་ནོར་བུའི་དཔེས་བསྟན་པར་བྱའོ། །རྟོགས་པ་རྣམས་ནི་བརྒྱུད་པའི་གྲོགས་པོ་ཡིན་ལ། རྒྱ་མཚོ་བཞིན་དུ་ཟབ་པ་དང། ནམ་མཁའ་བཞིན་དུ་རྒྱ་ཆེ་བས། གྲོབས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། དེ ་ལྟ་བུ་ལ་ནི་བདག་དང་གཞན་གྱི་དམིགས་པ་དང་བྲལ་བྲས་གཞན་མིན་བདག་ཉིད་མ་ཡིན་ནོ། །དེ་གང་གི་དུས་སུ་ཞེ་ན། ཕྱག་རྒྱ་ཆེན་པོའི་དབང་གི་དུས་སུ་ཡིད་ལ་བྱས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་གསུམ་པ། དྲན་མེད་སྐྱེ་མེད་གློ་ལས་འདས་པ་གསུམ་དབང ་གསུམ་པ་ཡིན་པས་ན། དེ་ལས་མ་གཡོས་པ་བཞི་པའི་མན་ངག་གིས་ཤེས་པས་ནི། ལྷན་ཅིག་སྐྱེས་པ་བཞི་པོའི་དུས། དེ་ཉིད་བློ་ལས་འདས་ནས་རྟག་ཏུ་རྒྱུན་དུ་གནས་པ་གཉུག་མ། དེ་ལྟར་རྟོགས་པས་ཉམས་སུ་མྱོང་བ་ནི། གཉུག་མ་ཉམས་སུ་མྱོང་བས་ཤེས། ་དེས་ཅི་འདྲ་ཞེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི། མུན་ནག་ཐིབས་པོ་དང་འདྲ་བ་ལ། དེ་འཇོམས་པར་བྱེད་པ་ཀླུའི་ཡུལ་གྱི་ཟླ་བའི་ནོར་བུ་དང་འདྲ་པ་བླ་མ་དམ་པའི་གདམས་ངག་གི་མ་རྟོགས་པ་རྟོགས་པར་བྱེད་པས། མུན་ནག་ཆེན་པོར་བླ?་འདི ་ནོར་བུ་ནི། ཇི་ལྟར་ཟླ་བའི་ནོར་བུས་མུན་ནག་དེ་རང་ལས་གཞན་དུ་སྐྱེལ་མི་དགོས་པ་དེ་བཞིན་དུ། ཉོན་མོངས་པ་དང་ཤེས་བྱ་སྤང་མི་དགེས་པས། ཇི་ལྟར་འཆར་བར་བྱེད་པ་དེ་བཞིན་དུ། འཁོར་པའི་འདམ་དང་མྱ་ངན་ལས་འདས་པའི་འདམ ་གྱིས་ཀྱང་མ་གོས་པའི་བདེ་བ་ཆེན་པོའི་གང་དང་ཡང་ཐུན་མོང་མ་ཡིན་པ་མཆོག་བསྟན་མ་ཐག་ཏུ་སྐད་ཅིག་མ་ཅིག་ལ་སངས་རྒྱས་ཀྱི་དགོངས་པ་མཐོང་བས། མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། ཡིད་ལ་བྱས་པ་ནི་བསམ་པའི་སྡིག་པ ་ཡིན་ལ། ཡིད་ལ་མ་བྱས་པ་ནི་མི་སྒོམ་པའི་དགེ་བ་ཡིན་པས། དྲན་པའི་རྣམ་རྟོག་ལ་སེམས་ངལ་སོ་བ་ཤེས་ལ། དྲན་པ་མེད་པ་ལ་ཉམས་སུ་མྱོང་བའི་ཕྱིར་ཡིད་ཕམ་པས། བསམས་པའི་སྡིག་པ་མ་ལུས་ཕམ་པར་བྱེད་པའོ།། །།དེ་ནི་རྟོགས ་ན་སེམས་གླང་པོ་ཆེ་ཡན་པའི་དཔེས་བསྟན་པར་བྱའོ། །དེ་ལ་རེ་ཞིག་སྤྲུལ་སྐུ་རྟོགས་པར་བྱའོ། །ཚད་པས་གདུངས་པའི་སེམས་ཅན་ནི། མིག་གིས་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་ཅེ་རེ་ལྟེ་བའི་མི་བཟོད་པ་བཞིན་དུ་རྣལ་འབྱོར་པ་རྣམས ་ཀྱང་མིག་དང་འདྲ་བས། ཉི་མ་ལ་སྡུག་བསྔལ་དུ་མཐོང་བས་ནམ་ཞིག་ནུས་པར་འགྱུར་སྙམ་མོ། །ཉི་མ་ནུབ་པ་དང་ནམ་མཁའ་ལ་ཁྱབ་པ་སྐར་མའི་བདག་པོ་ཟླ་བ་དང་གཟའ་དང་བསིལ་བར་གྱུར་པ་མཉམ་དུ་ཤར། དེ་བཞིན་དུ་རྣལ་འབྱོར་པ་རྣམས ་ཀྱིས་འཁོར་པའི་རྒྱུར་དྲན་པ་འདི། སྡུག་བསྔལ་གྱི་ཉི་མ་དང་འདྲ་བས་ན། ནམ་ཞིག་ནུབ་པར་འགྱུར་སྙམ་པས་ན། སྡུག་བསྔལ་སྣང་བྱེད་ནུབ་པ་ན། ཟླ་བ་ཉ་པའི་དུས་ཉི་མ་ནུབ་པ་དང། སྐར་མ་ཟླ་བ་གཟའ་གསུམ་མཉམ་དུ་ཤར་བ་བཞིན་དུ། རྣལ ་འབྱོར་?་པའི་དྲན་པ་ནུབ་པའི་དུས་དང། ཀུན་ལ་ཁྱབ་པ་དྲན་མེད་དང། གཟུགས་ཅན་མ་ཡིན་པ་སྐྱེད་མེད་དང། འགྲོ་འོང་མེད་པ་བློ་ལས་འདས་པ། མན་ངག་གིས་བསྟན་མ་ཐག་ཏུ་ཤར་བས། སྐར་མའི་བདག་པོ་གཟའ་དང་མཉམ་དུ་ཤར། འདི་ལྟར་དྲང ་མེད་སྐྱེ་མེད་བློ་ལས་འདས་པའི་དབྱིངས་སུ་གནས་ཤིང། སྤྲུལ་པའི་རྣམ་པ་དུ་མ་དེ་ལས་སྤྲུལ་བའི་ཡིན་པས། འདི་ལྟར་གནས་པས་སྤྲུལ་པ་སྤྲུལ། དྲན་མེད་ལས་སྣ་ཚོགས་ཤར་བར། སྤྲུལ་སྐུའི་དཀྱིལ་འཁོར་དང། སྐྱེ་མེད ་དབྱིངས་སུ་གནས་པ་རྟོགས་པ་ལོངས་སྤྱོད་རྫོགས་པ་སྐུའི་དཀྱིལ་འཁོར་དང། བློ་ལས་འདས་ཤིང་བསྒོམ་དུ་མེད་པས་ཆོས་ཀྱི་སྐུའི་དཀྱིལ་འཁོར་དེ་ཉིད་འཁོར་ལོ་དམ་པ་ཡིན་པས། དེ་ནི་དཀྱིལ་འཁོར་ལོ་དམ་པའོ། །དེ་ལྟ་བུ་ནི་མ་རིག་པའི ་དབང་གིས་རྨོངས་པར་གྱུར་ན་ཡང་གཟུང་འཛིན་དང་བྲལ་བའི་སེམས་དྲན་པ་ཙམ་གྱིས་དག་པའི་སེམས་ནི་དྲན་མེད་ལ། རྟོགས་པར་བྱ་བ་མ་ཡིན་པས། ཀྱེའོ་རྨོངས་པའི་སེམས་ཀྱིས་སེམས་ལ་རྟོགས་ནས་ནི་རྟག་ཆད་ལ་སོགས་པའི་ལྟ་བ་ངན་པས ་གྲོལ་བ་དང། ལྟ་ཞོག་གི་དེ་བས་ཀྱང་སེམས་ཙམ་པ་དང་དབུ་མ་པས། ཡིད་ལ་མ་བྱས་པའི་ཕྱག་རྒྱ་ཆེན་པོ་མ་རྟོགས་ན་ལྟ་བ་ངན་པ་ཡིན་ཏེ། རྣལ་འབྱོར་པས་གང་གིས་ཀྱང་རྟོགས་པར་བྱ་བ་མ་ཡིན་པ་རྟོགས་པས་ན། ལྟ་བ་ངན་པ་ཐམས་ཅད་ནི་རང ་གྲོལ་འགྱུར། དེ་ཡང་ཤེས་དང་ཤེས་བྱའི་སྒོག་གཉིས་ཀྱིས་བཅིངས་པ་ནི་སེམས་ཙམ་པ་དང་དབུམ་པ་ཡིན་གྱི། །རྣལ་འབྱོར་བ་རྣམས་ནི་ཤེས་དང་ཤེས་བྱ་གང་གིས་ཀྱང་མ་བཅིངས་ལ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཉིད་བླ་མ་དམ་པས་བསྟན་པའི ་ནི་མཆོག་ཡིན་ཏེ། དེ་ཉིད་འདམ་གང་གིས་ཀྱང་མ་གོས་པས་བདེ་བ་ཆེན་པོའི་དབང་དུ་འགྱུར་བས། མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ན། ཐུན་མོང་གི་དངོས་གྲུབ་ནི་སེམས་ཀྱི་དྲན་སྒོམ་དང་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་བྱུང་བ་ཡིན་གྱི། ཐུན ་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ཡིད་ལ་མ་བྱས་པའི་ངང་ལས་མ་གཡོས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལས་གནས་ན་དངོས་གྲུབ་དམ་པའོ།། །།དེ་ལྟར་རྟོགས་པའི་རྗེས་ལ་སེམས་རང་དགར་གཞག་པ་ནི་གླང་པོ་ཆེ་ཤིན་ཏུ་མི་སྲུན ་པའི་ཐོག་ཏུ། ལྕགས་ཀྱུ་པ་གོམས་པ་རྩལ་པོ་ཆེ་ཅིག་གིས་བཏབ་པས་ཡན་ཡང་མི་སྟོར་བ་བཞིན་དུ། རྟོགས་པའི་རྣལ་འབྱོར་པས་སེམས་ཉིད་སྐྱེ་མེད་དུ་ཤེས། སེམས་ཀྱི་རང་བཞིན་དྲན་པ་མེད་པར་ཤེས། སེམས་ལས་བྱུང་བའི་དྲན་པའི་རྣམ་པ ་ལ་དགག་སྒྲུབ་མ་བྱེད་པར། སེམས་ཀྱི་གླང་པོ་ཡན་དུ་ཆུག། ཤེས་དང་ཤེས་བྱ་ལས་གྲོལ་བའི་རྣལ་འབྱོར་བའི་དགོངས་པ་ནི་གཞན་ལ་དྲི་ས་མེད་པས། དེ་ཉིད་བདག་ཉིད་ལ་དྲིས་ཤིག། སེམས་ཉིད་ཀྱི་རང་བཞིན་ནམ་མཁའ་བཞིན་དུ་སྤྲོས་པ་དང་བྲལ་བ་ལ། ་ཤེས་དང་ཤེས་བྱའི་རི་བོའི་སྐྱེ་བ་མེད་པའི་ཆུ་བབ་པས་ནམ་མཁའ་ཨི་རི་བོའི་ཆུ་འཐུད་བ་དང། དེ་ཡང་ཇི་སྲིད་དྲན་པ་དང་བཅས་པའི་སེམས་དེ་ནི་སྒྱུ་མ་ཙམ་དུ་ཤེས་ལ། འཁོར་བའི་འགྲམ་དང་དེ་ལས་གཞན་དྲན་པ་མེད་པ་མན་དག་གིས་ཉམས་སུ་མྱོང་དུ ་ཡོད་པའི་རྨི་ལམ་ལྟ་བུ་ཤེས་ལ། མྱ་ངན་ལས་འདས་པའི་འགྲམ་དེ་གཉིས་སེམས་དལ་སོ་བ་དང། ཡིད་འཕམ་སྐྱེ་མེད་ཆུ་བོ་ཡི། དེ་ཡི་འགྲམ་དུ་ཞོག་ཅིག་རང་དགར་བར། དེ་ཡང་སེམས་ཀྱི་ཡུལ་ནི་དྲན་པ་གླང་པོ་ལྟ་བུ་ཡིད་ཏེ། དྲན་མེད་དབང་བ་ལྟ ་བུ་དེས་སྐྱེ་བ་མེད་པའི་ལྕགས་ཀྱུ་ལགས་པས། ཡུལ་གྱི་གླང་པོའི་དབང་པོའི་ལག་པས་བླངས་ནས་སུ། ཇི་ལྟར་གླང་པོ་ཆེ་དེ་རྩལ་ཆེ་ཡང་ལྕགས་ཀྱུ་མཁན་ཐབས་མཁས་པའི་དབང་དུ་གྱུར་པ་བཞིན་དུ། ཐབས་མཁས་པས་སེམས་ཀྱི་གླང་པོ་ཆེ་དེ་ཡང ་གསོད། ནམ་ཡང་བདེ་བ་རང་དབང་དུ་འགྱུར་བས། ཇི་ལྟར་གསོད་པ་རང་དབང་སྣང་བར་འགྱུར། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ཇི་ལྟར་གླང་པོ་ཆེ་སྐྱོང་བ་བཞིན་དུ། སེམས་ཉིད་སྐྱེ་མེད་དུ་ཤེས་ན་སེམས་དྲན་མེད་ལ་སྐྱོ་བར་བྱ་བ་ཡིན་པས། རྣལ་འབྱོར་པས ་ནི་གླང་པོ་ཆེ་སྐྱོང་པ་བཞིན། མ་རྟོགས་ན་གླང་པོ་ནི་ནགས་ཀྱི་གླང་པོ་ཆེ་ཡིན་པས་མི་ལོག་པ་བཞིན་དུ། འཁོར་བའི་ནགས་ལས་བརྒལ་བར་མི་འགྱུར་བ། རྟོགས་པའི་རྣལ་འབྱོར་པས་ནི་སེམས་རང་དབང་དུ་འགྱུར་བས། དེ་ཁོ་ན་ཉིད་ལས་ལོགས་ན་འགྲོ་ས་མེད ་བས། དེ་ཉིད་ནས་ནི་ལྡོག་པར་འགྱུར་པ་ཡིན།། །།ད་ནི་ཆོས་རྣམས་ངོ་བོ་གཅིག་པའི་མཚོ་ལ་ཆུ་བུར་གྱི་དཔེས་བསྟན་པར་བྱའོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་སེམས་ལ་གཉིས་སུ་སྣང་ཡང། ་དེ་གཉིས་ཀྱི་རྒྱུའི་རྩ་མེད་དེ། རིག་པས་ནི་འཁོར་བར་འཁོར་ལ་དེའི་རང་བཞིན་མ་གྲུབ་པས་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །དེའི་ཕྱིར་འཁོར་བ་སྤངས་པའི་ཕ་རོལ་ན། མྱ་ངན་ལས་འདས་པ་མེད་ལ། གང་ཞིག་འཁོར་བ་དེ་ནི་མྱ་ངན་ལས་འདས ་པར་ངེས། སེམས་ཉིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཐ་སྙད་བཏགས་ཀྱང། དབྱིངས་ལ་ཐ་དད་པ་ནི་རྡུལ་ཕྲ་རབ་ཙམ་ཡང་ཡོད་པ་མ་ཡིན་པས། དབྱེ་བ་གཞན་དུ་སེམས་དཔའ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་སྤྲོས་པ་ཐམས་ཅད་བྲལ ་བའི་ཕྱིར་གཅིག་ཅེས་རྟོགས་མོད་ཀྱི། དེ་ལྟ་བུར་བརྗོད་དུ་བཏུབ་པ་མ་ཡིན་པས། རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས། སེམས་རང་བཞིན་གྱིས་འོད་གསལ་བ་ལ། གློ་བུར་གྱི་ཉོན་མོངས་པས་ཀྱང། ཉོན་མོངས་པར་མི་འགྱུར་ལ། ཤེས་བྱས་ཀྱང་ཤེས ་བྱར་མི་འགྱུར་བས། དྲི་མ་མེད་པ་ང་ཡིས་རབ་ཏུ་རྟོགས། དྲི་མ་མེད་བ་ནི་མ་རྟོགས། ཡིད་ཀྱི་དེ་ཉིད་བསྒོམས་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་ཟེར་ཏེ། བསྒོམས་པ་ནི་དམིགས་པ་དང་བཅས་པ་ཡིན་པས། ཡིད་ཀྱི་དེ་ཉིད་དམིགས་པ་དང་བཅས། འོ་ན་སྟོང་པ ་ཉིད་བསྒོམས་ན་ཟེར་ན། སྟོང་པ་ཉིད་ནི་དམིགས་པ་མེད་པ་ཡིན་པས་བསྒོམས་དུ་མེད། བསྒོམ་དུ་ཡོད་ན་ཡིད་ཀྱི་རྣམ་པར་ཤེས་པ་ལ་དམིགས་པས་སངས་རྒྱས་མ་ཡིན་སངས་རྒྱས་ནི་ཆོས་སྐུ་ཉག་ཅིག་ཡིན་པས། ཆོས་སྐུ་ནི་དམིགས་པ་མེད་པ་སྟོང་པ ་ཉིད་ཡིན་པས། དམིགས་མེད་སྟོང་པ་ཉིད་ཡིན་ན། འོ་ན་ཆོས་སྐུ་ཉག་གཅིག་ཡིན་པས། ཡིད་ཀྱི་རྣམ་ཤེས་བསྒོམས་ནས་དྲན་ནས་ཡིན་ཟེར་ན། ཇི་སྲིད་དྲན་པ་ནི་རྣམ་རྟོག་ཡིན་པས། བསྒོམ་པ་མ་ཡིན། སེམས་ཉིད་རྒྱུན་མི་འཆད་པ་དྲན་པ་མེད་ཅིང་ཡིད་ཀྱི ་བྱ་བ་མེད་པས། བསྒོམ་བྱ་སྒོམ་བྱེད་མེད་ཅིང་ཡིད་ལ་བྱ་བ་མེད་པས་བསྒོམ་བྱ་སྒོམ་བྱེད་མེད། དྲན་ནས་བསྒོམས་པའི་ནས་བསྒོམ་པའི་དུས་སུ་ཡོད་ལ། མི་བསྒོམས་པའི་དུས་སུ་མེད་པས་གཉིས་ལ་སྐྱོན་ནི་ཡོད་པ་སྟེ། རྣལ་མ་གཉུག་མ་ནི་དྲན་རིག་བློའི་ཡུལ་མ་ཡིན་པས ་བསྒོམ་དང་མི་བསྒོམ་ཐ་སྙད་མེད་བྲན?་པ་དང་བཅས་པ་བསྒོམ་ན་རྣལ་འབྱོར་པ་མ་ཡིན་ལ། དྲན་པ་མེད་ན་རྣལ་འབྱོར་པ་མ་ཡིན་པས། རྣལ་འབྱོར་གང་ཞིག་པ་སྒོམ་པ་ཡིན། བདེ་བ་སྟོང་པར་གསལ་བ་དེ་ཉིད་དྲན་ནས་བསྒོམ་ན་དམིགས་བཅས་ཡིན་ལ། དེ་ལས ་གཞན་དྲན་པ་མེད་པ་དམིགས་མེད་ཡིན་པས། བསྒོམ་པ་དམིགས་བཅས་དམིགས་མེད་དོ། །དམིགས་པ་དང་བཅས་པས་ནི་འཁོར་བར་འཁོར་ལ། དམིགས་པ་མེད་ན་མྱ་ངན་ལས་འདས་པ་ཡིན་ཏེ། དེ་གཉིས་ཀྱི་འདམ་གྱིས་མ་གོས་པ་ནི་སྐྱེ་བ་མེད་པ་དེ་ཉིད་མཚན་མ ་མེད་པའི་བདེ་བ་ཡིན་པས། བདེ་བའི་རྣམ་པའི་རང་བཞིན་ནོ། །དེའི་ཕྱིར་བློ་ལས་འདས་པས་ཁྱད་པར་འཕགས། བླ་ན་མེད་པའི་བྱང་ཆུབ་སེམས་ཅན་མ་ལུས་པ་ལ་རང་འབྱུང་བས། རབ་ཏུ་བླ་མེད་རང་འབྱུང་བ་བླ་ན་མེད་བའི་བྱང་ཆུབ་ནི་སེམས་ཅན་མ་ལུས་པ་ལ ་ཡོད་པ་ལ་ཡོད་པར་ངོ་མ་ཤེས། བླ་མ་དམ་པས་བརྡས་བསྟན་བའི་དུས་སུ་ཐབས་སུ་ཁྱད་པར་ཅན་གྱིས་བསྟན་མ་ཐག་ཏུ་ཤེས་པས་བླ་མའི་དུ་ཐབས་བསྟེན་པས་ཤེས། དེ་ལྟར་རྟོགས་བའི་རྣལ་འབྱོར་པས་གནས་ལ་ངེས་པ་མི་བྱ། དེ་བཞིན་དུ་སེམས་ཀྱི་གནས་མི་རྟོག ་བ་ནགས་ལྟ་བུ་འམ། རྟོགས་པའི་ཁྱིམ་ལྟ་བུ་ལ་འགྲོ་བ་དང་འདུག་པའི་བྱ་བས་ནགས་སུ་མ་འགྲོ་ཁྱིམ་དུ་མ་འཇུག་པར། དེ་ལྟར་རྟོགས་བའི་སེམས་དང་སེམས་ལས་བྱུང་བ་གང་ཡང་རང་བཞིན་མེད་པར་ཤེས་པས། དེ་རུ་ཞེན་པར་མི་བྱེད་པས། གང་ཡང་དེ་རུ་ཡིད ་ཀྱིས་སྤོངས་ཤེ་ན། དེ་ལྟར་ཤེས་ན་སེམས་ཅན་དུ་ལྟ་བར་མི་བྱ། ཁམས་གསུམ་མ་ལུས་པ་འདི་དག་ལྟ་བ་འགྱུར་བ་མེད་པ་ལ་རྒྱུན་ཏུ་གནས་པའི་བྱང་ཆུབ་ཡིན་པས། མ་ལུས་རྒྱུན་ཏུ་བྱང་ཆུབ་རྟོགས་པས་ནི། དེ་ལྟར་རྟོགས་ན་དོགས་པ་དང་རེ་བ་མི་བྱ། འཁོར་བ་ལ་གླུད? ་བ་ནི་རྣམ་པར་རྟོག་པ་དྲན་པ་འདི་ཡིན་པ་ལ་དངོས་པོར་མ་གྲུག་མྱ་ངན་ལས་འདས་པར་ལྷུང་བ་ནི་རྣམ་པར་མི་རྟོག་པ་དྲན་མེད་དེ་ཡང་དངོས་པོར་མ་གྲུབ་པས། འཁོར་བ་གང་ཡིན་མྱ་ངན་འདས་པ་གང། འཁོར་བ་དང་མྱ་ངན་ལས་འདས་པ ་ནི་ཡིད་ཀྱི་དྲི་མ་ཡིན་གྱིས། རང་བཞིན་གྱིས་དག་ན་ཆོས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་ཡིན་པས། ཡིད་ཀྱི་དྲི་མ་དག་ན་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ཤིན་ཏུ་རྣམ་པར་དག་པ་ཡིན་པས། གཉེན་པོ་མ་ལུས་པ་རྫོགས་པ་ལ་བློ་བུར ་གྱི་མི་མཐུན་པས་གླགས་མི་རྙེད་པས། དེའི་ཚེ་མི་མཐུན་ཕྱོགས་ཀྱི་འཇུག་པ་མེད་པས། འོ་ན་རྟོགས་པའི་རྣལ་འབྱོར་པ་ལ་ཡང་ཉོན་མོངས་པའི་དྲན་པ་སྐྱེ་ཡིན་གདའ་ན་ཟེར་ན། མ་རྟོགས་པའི་སོ་སོའི་སྐྱེ་བོས་ནི་དྲན་པའི་རྣམ་པར་སྨིན་པས། འཁོར་བའི ་བདེ་སྡུག་བསགས་ལ། རང་གིས་རང་ལ་གནོད་པ་བྱས་སོ། །དཔེར་ན་མི་མཁས་བའི་དང་ཚུལ་ཅན་ཆུ་སྲིན་ཀུམ་བྷི་ར་མཚོ་ནང་ན་གནས་པས། ནམ་མཁའ་ལ་བྱ་རྒྱུ་བའི་གྲིབ་མ་མཐོང་ནས་བྱ་ཡིན་སྙམ་ནས་བསྙགས་པས། རང་གིས་རང་ལ་ངལ་བར་བྱེད་དོ།། ་མཁས་པའི་ངང་ཚུལ་ཅན་ཆུ་སྲིན་མ་ཀ་རས་ནི་བྱའི་གྲིབ་མ་མཐོང་ཡང་ཆུ་རང་དུ་ཤེས་པས་སྙེག་པར་མི་བྱེད་པས་ངལ་བར་མི་འགྱུར་རོ། །དེ་བཞིན་དུ་མ་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་ཀྱིས་སེམས་ཀྱི་དྲི་མ་དྲན་པ་ལ་འབད་པས་སྙགས་པ་དོན་དམ ་པ་ལ་དལ་བར་བྱེད་དོ། །དེ་བཞིན་དུ་རྟོགས་པའི་རྣལ་འབྱོར་པས་སེམས་ཉིད་ཀྱི་དྲི་མ་དྲན་པ་སེམས་ཉིད་དུ་ཤེས་པས་བསྒོམས་ནས་སྙག་པར་མི་བྱེད་པས་སྡུག་བསྔལ་བར་མི་འགྱུར་རོ། །འདི་ཉིད་ཀྱིས་གསལ་བར་བྱེད་པས། ཇི་ལྟར་རྒྱ་མཚོ་དང་བར་གྱུར་པ ་ལ། མཚོ་ཤིན་ཏུ་དང་བར་གྱུར་པ་དེ་ལ་རྡེའུ་བསྒྱུར་བས་ཆུ་བུར་བྱུང་བས་ཆུ་ཁོ་ན་ཡིན་པ་དེ་བཞིན་དུ། རྣལ་འབྱོར་པའི་སེམས་ཤིན་ཏུ་དང་བ་བློ་བུར་དུ་དྲན་པ་བྱུང་ཡང་སྙིང་པོ་མེད་པ་ཁོང་སྟོང་གིས། སྣང་སྟོང་དུ་གློ་བུར་བས་ཤེས་པས། ཆུ་བུར་ཆུ་ཉིད་ཡིན ་ཏེ། དེ་བཞིན་ཐིམ་པར་འགྱུར། དེའི་རང་བཞིན་ཤེས་པ་སྟོང་པ་ཉིད་ཀྱི་ཞི་གནས་ནགས་དང་འདྲ་ལ། ལྷག་མཐོང་དབྱེར་མེད་ཀྱིམ་དང་འདྲ་བས། ནགས་དང་ཁྱིམ་ན་བྱང་ཆུབ་གནས་པ་མེད། དེ་ལྟར་དྲན་མེད་ལས་མ་ཡེངས་པའི་དུས་སུ་སངས་རྒྱས་ཡིན་ལ། ་དྲན་པ་བྱུང་པའི་དུས་སུ་སེམས་ཅན་ཡིན་པས། དེ་ལྟར་དབྱེ་བ་ཡོངས་སུ་ཤེས་ནས་ནི། ཤེས་དང་ཤེས་བྱའི་སྒྲིབ་པ་དག་ནས་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས། དྲི་མ་མེད་པའི་སེམས་ཀྱི་རང་བཞིན་གྱིས། སེམས་ཅན་མ་ལུས་པ་དེ་ལྟར་རྟོག ་སུ་རུང་བ་ལ། རང་ལ་ཡོད་པ་རྟོག་མེད་ལ་རྟེན་པར་འོས་པས། མ་ལུས་མི་རྟོག་པ་རུ་བརྟེན་པར་འོས། སེམས་ཅན་ཐམས་ཅད་ཀྱི་བདག་དང་བདག་གིས་བགྱི་བ་དེ་བཞིན་ཉིད་ལ་ཐ་དད་པ་མ་ཡིན་པས། དེ་ནི་བདག་ཡིན་གཞན་ཡང་དེ་བཞིན་ནོ། །བསྒོམ ་བྱ་སྒོམ་བྱེད་གཉིས་སུ་མེད་པ་རྟོགས་ན། བསྒོམ་དང་མི་སྒོམ་དབྱེར་མེད་པས། གང་བསྒོམས་ཡོངས་སུ་བསྒོམས་པ་གང། འདི་ནི་བསྒོམ་པའོ། །འདི་ཡིས་བསྒོམས་པའོ་ཞེས་བདག་དང་བདག་གིས་བགྱི་བས་སེམས་ཅན་འཆིང། ཆོས་ཉིད་ལ ་བདག་དང་བདག་གིར་བགྱི་བ་མ་མཆིས་པས། དབྱེ་བ་དེ་ཉིད་འཆིང་དང་བྲལ་བར་བྱ། བདག་ཉིད་གྲོལ་བ་ནི་སྐྱེ་བ་མེད་པ། བསམ་དུ་མེད་པ་རྟོགས་ན། བདག་གི་དོན་དུ་སངས་རྒྱས་པ་ཡིན་པས། འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །བདག་ཉིད ་དང་གཞན་གྱི་འཁྲུལ་པས་སེམས་ཅན་?་འགྱུར་བ་ཡིན་པས་དེའི་ཕྱིར། བདག་དང་གཞན་དང་འཁྲུལ་པར་མ་བྱེད་པར། ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ནི་རྒྱུན་མི་འཆད་པའི་སངས་རྒྱས་ཀྱི་དགོངས་པ་དང་མི་འབྲལ་བ་ཡིན ་པས། མ་ལུས་རྒྱུན་ཏུ་གནས་པའི་སངས་རྒྱས་ཏེ། སེམས་མ་དག་ན་སེམས་ཅན་ཞེས་བགྱི་བ་དང། སེམས་རང་བཞིན་གྱིས་དག་ནས་སངས་རྒྱས་ཞེས་མིང་སོ་སོར་བཏགས་ཀྱང། སེམས་ཉིད་སྐྱེ་བ་མེད་པ་ལ་སོགས་པ་གང་ཡང་མེད། སེམས ་ནི་རང་བཞིན་གྱིས་འོད་གསལ་བས། སེམས་ནི་ངོ་བོ་ཉིད་ཀྱིས་དག་པས་ན། སེམས་ཞེས་ངོ་བོ་ཉིད་ཀྱིས་དག་པས་ན། སེམས་ཞེས་བགྱི་བ་དེ་ཡང་དྲི་མ་ཡིན་ཏེ། དེའི་ཕྱིར་སེམས་ཀྱི་འདུ་ཤེས་སམ། སེམས་མ་ཡིན་པའི་འདུ་ཤེས་དང་བྲལ་རྒྱུ་མེད་པར་བྲལ་བ། དེ ་ཉིད་དྲི་མེད་མཆོག་གི་གོ་འཕང་དོ། །སེམས་ཉིད་སྐྱེ་བ་མེད་པ་ལ་གཟུང་བ་དང་འཛིན་པས་འཁོར་བར་འཁོར་ལ། དེ་ཉིད་དབྱིངས་སུ་དག་ནས་དེ་ཉིད་མཉམ་པ་ཉིད་ལ་གནས་ན་མྱ་ངན་ལས་འདས་པས། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། ་དག་པའི་སེམས་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མང་པ་དེས་ནི། ཁམས་གསུམ་དང་དུས་གསུམ་དུ་ཁྱབ་པས། ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང། ཀུན་ལ་ཁྱབ་པ་ནི་ཆོས་སྐུ་བློ་ལས་འདས་པ་ཡིན་ལ། འགྲོ་ལ་ཕན་པའི་དོན་མི་མངའ་ ་ཡང?་སེམས་ཅན་གྱི་འཁྲུལ་པའི་དབང་གིས་རང་རང་གི་དོན་བྱས་སོ་སྙམ་པ་ཡིན། དཔེར་ན་སྣོད་མང་གི་ནང་དུ་ཆུས་གང་བ་ལ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་དུ། སྙིང་རྗེ་མི་རྟོག་གཞན་ཕན་འབྲས་བུ་འཛིན། དེ་ལ་ཆོས་སྐུ་ལ་ནི་མིང་ཡང ་མེད་ན། གཟུགས་སྐུ་གཉིས་ཀྱི་འབྱུང་ས་ཡིན་པས། མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །དེ་ལ་བློའི་ཡུལ་ལས་འདས་པ་དོན་དམ་པ་སྟོང་པ་ཉིད་ནི་ཆོས་ཀྱི་སྐུའོ། །དེ་ལ་མེ་ཏོག་རྒྱས་པ་ནི། ལོངས་སྐུ་ཡིན་པས། སྟོང་པའི་སྡོང་པོ་དམ་པ ་མེ་ཏོག་རྒྱས། དེ་ཡང་འགྲོ་བའི་རང་གི་རྣམ་རྟོག་གིས་རང་ལ་བྱས་པས་མཐོང་བ་སྣ་ཚོགས་དང་ལྡན་པས། སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། འབད་པ་ལས་བྱུང་བ་མ་ཡིན་ལྷུན་གྲུབ་ཡིན། སྔ་མ་དྲན་པ་རྒྱུ་ཡིན་ལ། ཕྱི་མ་མ་དྲན་པས་འབྲས ་བུ་ཡིན། སྔ་མ་དྲན་པ་རྒྱུ་ཡིན་ལ། ཕྱི་མ་མ་སྐྱེས་པ་འབྲས་བུ་ཡིན། སྔ་མ་མ་སྐྱེས་པ་རྒྱུ་ཡིན་ལ། ཕྱི་མ་བློ་ལས་འདས་པ་འབྲས་བུ་ཡིན། །དེ་དག་འབད་པ་བྱ་མི་དགོས་པས། ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། འབད་རྩོལ་དང་བྲལ་བ་བློའི ་ཡུལ་ལས་འདས་པ་དེ་ཉིད་སེམས་ཀྱི་མིང་མེད་དེ། སེམས་ཙམ་པ་ལ་སོགས་པ་གཞན་གྱིས་སེམས་སུ་ཁས་བླངས་ཀྱང་མ་ཡིན་པས། བདེ་བ་འདི་ནི་གཞན་པའི་སེམས་ཡིན་ནོ། །དེའི་ཕྱིར་བློ་ལས་འདས་པའི་དོན་དམ་པའི་སྟོང་པ་ཉིད་ལ་ནི་གཟུགས ་སྐུ་གཉིས་ཡོད་པ་མ་ཡིན་པས། སྟོང་པའི་སྡོང་པོ་དམ་པ་སྙིང་རྗེ་མིན། དེ་ལྟ་བུའི་ཆོས་ཉིད་ཟབ་མོ་ལ་རྩ་བ་སེམས་ཉིད་དམ། སྡོང་པོ་སེམས་སམ་ལོ་འདབ་སེམས་ལས་བྱུང་བ་མེད་པས། གང་ཡང་སླར་ཡང་རྩ་བ་ལོ་འདབ་མེད། དེ་ལ་བློ་དང་རིག་པས ་དམིགས་སུ་མེད་དེ། དེ་ལ་བློ་དང་རིགས་པས་དམིགས་པར་འགྱུར་ན། དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། བསྒོམ་དུ་མེད་པའི་དབྱིང་ཡིན་པས། བསྒོམས་ན་ལོངས་སྐུ་སྤྲུལ་སྐུ་མཚང་བས། དེར་ལྷུང་བས་ནི་ཡན་ལག་ཆགས་པར་འགྱུར། བློ་ལས་འདས ་ཤིང་སྐྱེ་བ་མེད་པ་དེ་ལས་དྲན་པ་དང་མ་དྲན་པ་བྱུང་ཡང་སེམས་ཉིད་མ་སྐྱེས་པ་ཡིན། དེ་ལས་འཁོར་བ་དང་མྱ་ངན་ལས་འདས་པར་གཉིས་སུ་སྣང། ས་བོན་གཅིག་ལས་སྡོང་པོ་གཉིས། ཆོས་སྐུ་བློ་ལས་འདས་པ་དེ་ནི་འབྲས་བུ་ཐ་དད་པ་མང་པས ་རྒྱུ་མཚན་དེ་ལས་འབྲས་བུ་ཅིག། དེ་ཡང་འཁོར་བའི་རྒྱུ་ཡང་དེ་ཡིན་ལ། མྱ་ངན་ལས་འདས་པའི་རྒྱུ་ཡང་དེ་ཡིན་པས། དེ་ཡང་དབྱེར་མེད་གང་སེམས་པ། རྣལ་འབྱོར་པ་ཐ་མས་འཁོར་བའི་ཕྱོགས་གཅིག་པ་ལས་གྲོལ་བར་མཐོང། འབྲིད་པོས་མྱ་ངན ་ལས་འདས་པ་ཙམ་ལས་གྲོལ་བར་མཐོང། རྣལ་འབྱོར་པ་རབ་ཀྱི་དགོངས་པ་ནི། འཁོར་བ་ལ་གནས་པའི་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཡང་མི་འདོར་མི་ལེན། མྱ་ངན་ལས་འདས་པའི་སེམས་མཉམ་པ་ཉིད་ལ་གནས་པ་ཡང་མི་འདོར ་མི་ལེན་པས། འཁོར་བའི་དངོས་པོ་མེད་པས་དོགས་པ་མེད། མྱ་ངན་ལས་འདས་པ་དེ་ཡང་དངོས་པོར་མ་གྲུབ་པས་རེ་བ་མི་བྱེད་པ་ནི་ཨུརྣལ་འབྱོར་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེས་ནི་འཁོར་དང་མྱ་ངན་ལས་འདས་རྣམས་གྲོལ། གལ་ཏེ་སོ་སོའི་སྐྱེ་བོའི ་སེམས་ཀྱིས། སངས་རྒྱས་ཐོབ་པར་འདོད་པས་རེ་བ་དང་བཅས་པ་དེའི་ཚེ། ཡང་དག་པའི་དོན་དང་ཕྲད་བར་མི་འགྱུར་རོ། །གང་གི་ཚེ་གང་དང་ཡང་མ་ཕྲད་པ་དེའི་ཚེ་ཡང་དག་པའི་དོན་དམ་པ་ཕྲད་པའོ། །དེའི་ཕྱིར་སོ་སོའི་སྐྱེ་བོ་ནི་ཆོས ་ཀྱི་སྐུ་དང་ཕྲད་པར་འདོད་པས། གང་ཞིག་འདོད་པ་ཅན་གྱི་སྐྱེ་པོ་?་པའི་ཚེ། གལ་ཏེ་སོ་སོའི་སྐྱེ་བོ་དེས་ཆོས་སྐུ་དེ་ལ་རེ་བ་མེད་ནས་སེམས་ཆོས་ཀྱི་སྐུ་ལ་གྲོལ་བར་ཤེས་ན་ནི། དེ་ནི་རེ་བ་མེད་ནས་གལ་ཏེ་འགྲོ་ན་ནི། རེ་བ་མེད་པ་དེ་ནི་འཇིག་རྟེན་པས་བོར ་བའོ། །གང་བོར་བ་དེ་ནི་རྣལ་འབྱོར་པས་བླངས་པའོ། །འཇིག་རྟེན་པས་བློ་དང་སེམས་དང་ཡིད་དང་རིག་པས་བླངས་པ་གང་ཡིན་པ་དེའི་ཚེ། བོར་བ་བློའི་ཡུལ་མ་ཡིན་བླ་མ་དམ་པའི་བརྡའི་མན་ངག་གིས་བླང་བས། ཕྱི་སྒོར་བོར་བའི་ཁམ་པོར་བླངས་ནས་སུ། ་རྟོགས་པའི་རྣལ་འབྱོར་པས་སེམས་ཀྱིས་ཁྱིམ་ཐང་དྲན་པ་འདི་ལ་དོན་དུ་མ་བཟུང་བས་བོར་བ་དང་འདྲ་ལ། ཆོས་སྐུ་བློ་ལས་འདས་པ་དེ་ཉིད་རྟོགས་ནས་གཞན་ལ་རེ་བ་མི་བྱེད་པར་བསྡང་བ་རུང། དེ་ལས་ཁྱིམ་ཟབ་བོར་ནས་བསྡད་པ་རུང། ཆོས་སྐུ་བློ ་ལས་འདས་པ་ནི་གཟུགས་སྐུ་རྣམ་པ་གཉིས་བྱའོ་སྙམ་པའི་སེམས་དང་ཡེ་ཤེས་མི་མངའ་ཨོ། །རིག་པའི་ཡེ་ཤེས་མི་མངའ་ཡང་དཔག་བསམ་གྱི་ཤིང་ལ་སོགས་པས་འགྲོ་དོན་མཛད་པ་མེད་པ་སྟེ། བྱས་པ་ལྟར་སྣང་བ་རང་རང་གི་རྣམ་རྟོག་ཡིན་པས། ་གཞན་ལ་ཕན་པའི་དོན་ནི་མི་བྱེད་ལ། འདོད་པ་པོ་ནི་ཕྱིའི་ཡུལ་དང་ནང་གི་ཡུལ་གཉིས་ལ་སོ་སོའི་སྐྱེ་བོ་སང་རྒྱས་ཐོབ་པར་འདོད་པའོ། །དེ་དག་གི་ཆོས་ཀྱི་སྐུ་མ་རྟོགས་པས། འདོད་པ་པོ་ལ་སྦྱིན་པ་མི་སྟེར་བ། རྒྱུ་འཁོར་བ་ལས་འབྲས་བུ་མྱ་ངན་ལས ་འདས་པ་དོན་དམ་པར་མ་གྲུབ་པས། འདི་ནི་འཁོར་བའི་འབྲས་བུ་གང་ཡིན་ལོ། །རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་འདོད་པ་ནི། བདག་ཏུ་ལྟ་བརྒྱུན་གྱིས་འདོད་པས། དེ་བས་བདག་ཉིད་བོར་བར་བྱས་ན་རུང་།གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ ་མ་བྲལ་བས་རྣལ་འབྱོར། དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ལ་དབང་བསྒྱུར་བས་དབང་ཕྱུག། ཕྱག་རྒྱ་ཆེན་པོ་ཁོང་དུ་ཆུད་པས་ཆེན་མོ། ཆོས་རྣམས་གཉིས་སུ་མེད་པས་དཔལ། དེ་ལྟར་རྟོགས་པའི་མངའ་མཁན་མོ་བླངས་པས་ས་ར་ཧ་།སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་པ་ལས་ཞལ་ནས་ཞལ་དུ་བརྒྱུད་པས་ཞལ་སྔ་ནས་།མ་འོངས་པའི་དུས་སུ་སྙིང་པོའི་དོན་ལ་མོས་པའི་དོན་དུ་མཛད་པས། གཉིས་པ་མ་ལུས་པ་འཇོམ་པ་དང། བརྗོད་དུ་མེད་པའི་དོན་རྟོགས་པས་དོ་ཧ། རྒྱ་རྣམ་པ་བདུན་གྱིས་བཏབ ་པས་ཀོ་ཥ། མི་གཡོ་བའི་ཆོས་ཉིད་ཀྱི་དོན་དུ་འགུར་དུ་བཞེས་པའི་གླུ། འདི་དཔེ་དོན་མ་ལུས་པར་བསྟན་པ་རྫོགས་སོ།། །།དུས་གསུམ་བདེ་གཤེགས་རྣམས་ཀྱི་དགོངས་པ་མཚུངས་པ་མེད་པ་ལ། །དཔལ་ལྡན་རི་ཁྲོད་པ་ཡི་དགོངས་པ་ནམ་མཁའ་ ་ཉིད་དང་མཚུངས། །གཉིས་མེད་ཨ་བ་དྷུ་ཏིའི་དྲན་པ་འཇའ་ཚོན་འདྲ་བ་དེས། །དོ་ཧ་ཀོ་ཥའི་དོན་འགྲེལ་བྲིས་པས་གོང་ནས་བཟོད་པར་བཞེས། །སྙིང་གི་པདམོའི་དཀྱིལ་ན་གནས་པའི་སྙིང་པོའི་དོན་འདི་ནི། །སློབ་མ་སྙིང་དང་འདྲ་བ་འབྲིང་ཡེ་ཤེས་ཀྱིས་ཞུས་ནས་སུ།། ་འདི་ལ་མོས་པ་རྣམས་ཀྱི་དོན་དུ་བདག་གིས་འདི་སྒྲུབ?་བས། །སེམས་ཅན་མ་ལུས་སྙིང་པོའི་དོན་འདི་རྟོགས་ནས་གྲོལ་གྱུར་ཅིག། །།ན་མོ་ཨཐི(རྒྱུད་འགྲེལ་