CLOSE WINDOW

N1915: do ha mdzod ces bya ba phyag rgya chen po'i man ngag
Wyliee-texts based on the ACIP/ALL Input

རྫོགས་སོ།། །།བླ་མ་ནག་པོས་རང་འགྱུར་དུ་གནང་བའོ།། །།གུ་ཡ་ས་མ་པ་ཏ་སྨི་སི།། *། །དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་དཔལ་རི་?་ཞབས་ཀྱིས་མཛད་པ་བཞུགས།། *་། །རྒྱ་གར་སྐད་དུ། །ངོ་ཧ་ཀོ་ཥ ་ནཱ་མ་མ་ཧཱ་མུ་དྲ་ཨུ་པ་དེ་ཤ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་བའི་ཡེ་ཤེས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་དངོས་དང་དངོས་མེད་སྣང ་སྟོང་དང། །རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའ་ཨི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང། །ནམ་མཁའ་ཨི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན ་དང། །དེ་ལས་གཞན་དུ་འང་མཚན་པའི་ཡུལ་ལས་འདས་།དེ་ལྟར་ནམ་མཁའ་སེམས་དང་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དང་མིང་ནི་གློ་བུར་བཏགས་པ་ཙམ། །དེ་ལ་དོན་མེད་བརྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི ་སེམས་ཡིན་ཏེ། སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཆོས་ཀྱི་ཟ་མ་ཏོག་ཅེས་ཡོངས་སུ་གདགས། །དེ་ཡང་ལོག་པའི་ཆོས་གཞན་མ་ཡིན ་ཏེ། །གཟོད་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། དེ་ཡི་དེ་ཉིད་བསྟན་དུ་ཡོད་མིན་ཏེ། །བརྗོད་དུ་མེད་པས་སུས་ཀྱང་གོ་བ་མེད། །གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ། །ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས ་མེད་པ་ལ་ཆོས་ཞིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་ཚོལ་མཁན་གོང་ནས་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པས། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །དེ ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་པ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས་བཏགས་པའི་ཆོས་རྣམས་རི་བོང་དྭ་དང་འདྲ། །ཀྱེ་མ་ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང། །མིག་མེད་རྣམས་ལ་མུན་པ་རྣམས་སུ་སྣང།། ་ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་གྱུར་ཀྱང། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང། །འགྲོ་བ་རྣམས་ཀྱིས་སེམས་མེད་མ་རྟོགས་པས། །བཏགས་པའི་སེམས་ཀྱིས་སེམས་ཉིད་རབ་ཏུ་བཅིངས། །ཇི་ལྟར་གདོན་གྱིས་བརླམས་པའི་སྨྱོན་པ་དག། དབང་མེད་དོན་མེད་སྡུག ་བསྔལ་བྱེད་པ་ལྟར། །དངོས་འཛིན་རྣམ་ཏོག་གདོན་ཆེན་ཟིན་པ་ཡི། །སྐྱེ་བོ་དོན་མེད་སྡུག་བསྔལ་འབའ་ཞིག་བྱེད། །ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚོལ། །ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན། །ཁ་ཅིག་རྩཱ?་བ ་བོར་ནས་ལོ་འདབ་འབྲེག། ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རོ། །ཀྱེའོ་བུས་པ་རྣམས་ཀྱིས་དེ་ཉིད་མ་རིག་ཀྱང། །དེ་ཉིད་དང་ལས་གཡོས་མེད་ང་ཡིས་རྟོགས། །ང་ཡིས་ང་ཡིར་ཐོག་མཛའ་ཤེས་གྱུར་པས། །ང་ཡིས་ང་མཐོང་དང་ཉིད་གཅིག་པུར་ལུས། །གཅིག? ་པོ་ཉིད་ལ་བལྟས་པས་གཅིག་མ་མཐོང། །མཐོང་བྱ་མཐོང་བྱེད་བྲལ་བས་བརྗོད་དུ་མེད། །བརྗོད་དུ་མེད་པ་སུ་ཡིས་གོ་བར་འགྱུར། །གཉུག་མའི་ཡིད་ལ་གང་ཚེ་སྦྱང་གྱུར་པ། །དེ་ཚེ་རི་ཁྲོད་ང་ཡི་རྟོགས་པར་འཇུག། སེང་གེའི་འོ་མ་སྣོད་ངན་ཕལ་པར་མིན། །ཇི་ལྟར་ནགས་ན་སེང་གེའི་ང ་རོ་ཡིས། །རི་དགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང། །སེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་གྱུར་ཀྱང། །སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། །ཀྱེའོ་མ་ཡེངས་སེམས་ཀྱིས ་རང་གིས་རང་ལ་སྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་དང། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས ་བའི་བསམ་པས་ཀུན་བསླངས་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །དེ་ཉིད་མཐོང་བས་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བློ་ན་ཟད་གྱུར་པས། །སྤང་དང་བླང་བའི་འབད་རྩོལ་ཅི་བྱར ་ཡོང། །སྣང་གྲགས་ཐམས་ཅད་སྒྱ་མེ་སྨིག་རྒྱུ་དང། །གཟུགས་རྙན་དང་མཚུངས་དངོས་པོ་མཚན་མ་མེད། །སྒྱུ་མར་སྣང་མཁང་སེམས་ཉིད་ནམ་མཁའ་ཨི་སྟེ། །མཛའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གམ་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚོ་ཅན ་གྱི་རྒྱ་མཚོར་རོ་གཅིག་ལྟར། །བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །གང་ཞིག་ནམ་མཁའ་ཨི་ཁམས་ནི་ཡོངས་བཙལ་ཀྱང། །མཛའ་དང་དབུས་མེད་མཐོང་བ་ཡོངས་སུ་འགག། དེ་བཞིན་སེམས་དར་ཆོས་ནི ་ཡོངས་བཙལ་བས། །སྙིང་པོ་རྡུལ་ཙམ་རྙེད་པར་མ་གྱུར་ཏེ་ཡོངས་སུ་ཆོས་བའི་སེམས་ཀྱང་མི་དམིགས་པས། །ཅི་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན། །ཇི་ལྟར་གཟིངས་ལ་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ཞིང་སླར་ཡང་དེ་རུ་འབབ། །འདོད་པའི ་སེམས་ཀྱིས་བསྟན་པའི་རྗེས་བཅད་ཀྱང། །དང་པོའི་སེམས་ཉིད་གཉུག་མ་ཉིད་དུ་འབབ། །རྐྱེན་གྱིས་མི་འགུལ་རེ་བའི་ཡི་ཆང་པ། །དོགས་པའི་ལྐུགས་ས་ཞིག་པས་རྡོ་རྗེ་སེམས། །རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། །སྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ།། ་ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་པ་ངག་གིས་མ་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་དགའ་ཉིད་དུ་ཞོག། གལ་ཏེ་མ་རྟོགས་བློ་ལ་སྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོད་པས་སྟོད་པ་སྒོམ་དུ་མེད། །གཉིས་མེད་ཤེས་པས་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱ་བ་མེད་ཅིང་མ་བྲལ་གཉུག ་མའི་དང། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་གདགས། །རླུང་ནི་མི་བཟུང་ཡིད་ནི་མི་བཅིངས་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག། དྲན་ཏོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དང་མ་རྟོགས་ཅིག། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །སྒོམ་རྒྱུ་རྡུལ་ཙམ་མེད ་པས་མི་སྒོམ་སྟེ། །སྒོམ་མེད་དོན་དང་འབྲལ་མེད་སྒོམ་པའི་མཆོག། གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་རོ། །ཇི་ལྟར་ཆུ་ལ་ཆུ་གཞག་རོ་གཅིག་ལྟར། །ཇི་བཞིན་དང་དུ་དེ་བཞིན་གནས་པའི་ཚེ། །དམིགས་འཛིན་ཞེན་པའི་ཡིད་ནི་རབ་ཏུ་ཞི། །ཀྱེའོ། །གཉིས་མེད་གཉུག་མའི ་རྣལ་འབྱོར་གང་དེ་ལ། །སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བ་མི་སྨྲའོ། །ཇི་ལྟར་ནོར་བུ་དེ་དངོས་མེད་པ་ལྟར། །རྣལ་འབྱོར་སྤྱོད་པ་དེ་དངོས་མེད་པ་སྟེ། །འདུ་བྱེད་སྣ་ཚོགས་ཅལ་ཅོལ་བར་སྨྲས་ཀྱང། །རྣལ ་འབྱོར་བློ་ནི་གཅིག་ལས་མི་འདའ་ཨོ། །གཅིག་ཉིད་ན་ནི་གཅིག་ཀྱང་ཡོད་མིན་པས། །རྣམ་པ་སྣ་ཚོགས་རྩ་བ་བྲལ་གྱུར་ཏེ། །སྨྱོན་པ་བཞིན་དུ་རྩིས་མེད་ཡན་པ་ལ། །བྱར་མེད་སྤྱོད་པ་བུ་ཆུང་བཞིན་དུ་གནས། །ེ་མ་སྲིད་པའི་འདམ་སྐྱེས་པདྨ་ལྟ་བུའི་སེམས། །ཉེས་པ་གང་གིས ་གང་ལ་གོས་པ་མེད། །ཟ་ཞིང་འཐུང་ལ་གཉིས་སྤྲོད་བདེ་བ་དང། །གལ་ཏེ་ལུས་སེམས་རབ་ཏུ་གདུངས་གྱུར་དང། །རྣམ་པ་སྣ་ཚོགས་གང་ལ་སྤྱོད་གྱུར་པ། །གང་གིས་མ་བཅིངས་མ་གྲོལ་གོས་པ་མེད། །རྟོགས་པའི་རང་སྤྱོད་རྩིས་མེད་དང་དེ་ནས། །རྨོངས་པའི་འགྲོ་བ ་ཉམ་ཐག་མངོན་གྱུར་ཚེ། །མི་བཟོད་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འབྱུང། །བདག་གཞན་བཟློག་ནས་ཕན་པ་ཉིད་ལ་འཇུག། དོན་ལ་བརྟགས་ན་དམིགས་པ་གསུམ་བྲལ་བས། །ཡང་དག་མ་ཡིན་རྨི་ལམ་སྒྱུ་འདྲ་སྟེ། །ཆགས་ཐོགས་བྲལ་བས་དགའ་ཞིང་སྐྱེ་མེད་པ། །སྐྱུ ་མ་མཁས་པ་སྒྱུ་མའི་དོན་བྱེད་མཚུངས། །གདོད་ནས་ངག་པ་ནམ་མཁའ་ཨི་རང་བཞིན་ལ། །སྤངས་དང་ཐོབ་པའི་དངོས་པོ་འགའ་ཡང་མེད། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ནི། །འབྲས་བུ་གང་དུ་འང་རེ་བ་མ་བྱེད་ཅིག། རེ་བའི་སེམས་ནི་གདོད་ནས་མ་སྐྱེས་པས། །སྤངས་དང ་ཐོབ་པའི་དངོས་པོ་ཅི་ཞིག་ཡོད། གལ་ཏེ་གང་གིས་ཐོབ་པའི་དངོས་ཡོད་ན། །བསྟན་པའི་ཕྱག་རྒྱ་རྣམ་བཞིས་ཅི་ཞིག་བྱེད། །ཇི་ལྟར་རི་དགས་འཁྲུལ་པས་གདུངས་པ་ཡིས། །སྨིག་རྒྱུའི་ཆུ་ལ་རབ་ཏུ་རྒྱུག་པ་ལྟར། །རྨོངས་པ་གང་ཞིག་འདོད་པས་རབ ་གདུངས་བས། །ཇི་ལྟར་འབད་ཀྱང་སླར་ནི་རིང་པར་འགྱུར། །ཡེ་ནས་མ་སྐྱེས་རང་བཞིན་རྣམ་དག་པས། །དེ་ལས་ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །བཏགས་པའི་ཡིད་ནི་དབྱིངས་སུ་དག་གྱུར་པ། །དེ་ལ་རྡོ་རྗེ་འཆང་ཞེས་བཏགས་པ་ཙམ། ཇི་ལྟར་ཨེ་ཐ?་བསྐམ་པོའི ་སྨིག་རྒྱུ་དག། ཆུར་སྣང་ཆུ་ནི་གཉིས་སུ་མེད་པ་ལྟར། །གཟོད་ནས་དག་པ་བཏགས་པའི་ཡིད་སངས་པ། །དེ་ལ་རྟག་ཆད་གཉིས་སུ་བརྗོད་དུ་མེད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །སྨོན་ལམ་དབང་གིས་རེ་བ་ཡོངས་སྐོར་བ། །དེ་ཡང་འཇིག་རྟེན་ཐ་སྙད་ཀུན་རྫོབ ་སྟེ། །།དམ་པའི་དོན་དུ་འགའ་ཡང་ཡོང་མ་ཡིན། །དེ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་དཔལ་རི་ཁྲོད་པ་ཆེན་པོ་ས་ར་ཏའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙན་རཀྵི་ཏས་རང་འགྱུར ་དུ་མཛད་པའོ།། ། *། །ངོ་ཧ་མའོ་གྱི་སྙིང་པོ་དོན་ཀྱི་ཀླུའི་འགྲེལ་བ་བཞུགས་སོ། *། །རྒྱ་གར་སྐད་དུ། རྡོ་ཧ་ཀོཥ་ཧྲི་ད་ཡ་ཨརྠ་གཱི་ཏ་ཊཱི་ཀཱ་ནཱ་མ། བོད་སྐད་དུ་།དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ ་