CLOSE WINDOW

N1913: thugs kyi mdzod skye med rdo rje'i glu
Wyliee-texts based on the ACIP/ALL Input

ཐུགས་སྐྱེ་མེད་རྡོ་རྗེའི་གུས་ར་ཧས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཙིཏྟ་ཀོའ་ཨ་བཛྲ་ཙེ་ཏ། བོད་སྐད་དུ་།ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱེའོ་ལྷན་ཅིག་སྐྱེས ་པའི་ཡེ་ཤེས་ནི། །རང་གིས་ཉམས་སུ་མྱོང་བ་དེ་ཁོ་ན། །རིག་དང་མ་རིག་རང་རིག་གསལ་བ་དེ་ཁོ་ན། །མར་མེ་མུན་བསལ་རང་གིས་རང་གསལ་རང་ལ་སང། །འདམ་གྱི་པདྨ་འདམ་ལ་མ་ཞེན་ཁ་དོག་ལེགས། །གཟུང་འཛིན་དྲི་མ་མ་སྤངས་སྙིང་པོ་བསལ། །ནགས ་ཁྲོད་གནས་པའི་རི་དགས་གཅིག་པུར་རྒྱུ། །རྒྱུ་ལ་མ་ཞེན་འབྲས་བུ་དེ་ཁོ་ན། །སྣང་དང་མི་སྣང་ཡུལ་མེད་གསལ། །དངོས་སྟོང་མ་དྲན་དྲན་མེད་བརྗོད་པ་མེད། །ལྷན་ཅིག་སྐྱེས་པ་རྣམས་གསུམ་ཉམས་སུ་བདེ། །ཞེན་པ་མེད་ཕྱིར་རྟོག་གེའི་ཡུལ་ལས་འདས། །སྣ ་ཚོགས་དྲན་ཕྱིར་རྗེས་སུ་འབྲང་བ་མེད། །གསལ་དང་མཉམ་པའི་ཡེ་ཤེས་སྙིང་པོ་ཉིད། །མུན་སེལ་ཉི་མ་སྒྲོན་མེའི་ཁ་དོག་ལྟར། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །སྒྲུབ་པ་ཟད་ཕྱིར་དྲན་མེད་ཡེངས་པ་མེད། །གཉིས་དང་ཡོད་དང་མེད་དང་ཐ་སྙད་མ་སྐྱེད་ཅིག ་ཕྱག་རྒྱ་ཆེན་པོ་བསམ་མེད་བློ་ལས་འདས། །རང་རིག་རྡོ་རྗེ་འཛིན་པ་རྣལ་འབྱོར་པ། །འདའ་དཀའ་ལྷན་ཅིག་སྐྱེས་པའི་མར་མེ་ནི། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན། །སྐྱེ་མེད་སྟོང་པ་འོད་གསལ་སྟོང་པར་རིས་དང་བྲལ། །ཁྱད་པར་ཅན་གྱི་ཡེ་ཤེས ་ཁོ་ན་ཉིད། །གཉིས་ལ་མི་བལྟོས་བདེ་བ་རྒྱུན་མི་འཆང། །རང་འབྱུང་རྟོག་མེད་བག་ཆགས་བརྩད་ནས་གཅོད། །སེམས་ཅན་སངས་རྒྱས་ཁྱད་པར་བསམ་ཡས་ཀྱང། །སྤྱོད་ལམ་དག་ན་རྒྱུན་གྱི་རྣལ་འབྱོར་ཆེ། །དྲན་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང། །གདོད ་ནས་དག་པས་དྲན་མེད་དབྱིངས་ལ་ཐིམ། །རང་དོན་སྐྱེ་མེད་གཉིས་བྲལ་རྟོགས་པའི་དོན། །འབྲས་བུ་དག་པས་བློ་འདས་ཡུལ་མེད་བྲལ། །རྟོག་པའི་ཐབས་རྒྱུན་རང་བཞིན་ཀུན་ལ་ཁྱབ། །ཐབས་ཀྱི་འགྲོ་དོན་སྙིང་རྗེ་བསམ་ཡས་ཀྱང། །ཡེ་ཤེས་རང་བཞིན ་སྐྱེ་འགག་མེད་པར་རྟོགས། །ཐབས་ཀྱི་བདེ་བ་སྐྱེས་ཀྱང་དེ་མེད་མ་ཟིན་འཆིང། །གྲོལ་བའི་ཡེ་ཤེས་རང་ལ་ལྷན་ཅིག་འབྱུང། །བསྒོམ་བྱ་བསྒོམ་བྱེད་དམིགས་པའི་བློ་ལས་འདས། །སངས་རྒྱས་སེམས་ཅན་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ན་བློར་མི་སྣང། །དེ་ཉིད་སད ་པས་བདེ་བསྟོང་པས་མཚོན། །བསྒོམ་བྱའི་ངོ་བོ་སྣང་བའི་རྐྱེན་ལས་བྱུང། མི་རྟོག་རྟོགས་པས་ཀུན་རྫོབ་ཐ་སྙད་འགྲུབ། །གཉིས་སུ་མེད་པའི་སྣང་པ་རྐྱེན་མེད་ལ། །རང་བཞིན་དག་པ་སྐྱེ་བའི་རྣམ་འཕྲུལ་ཤར། །བྲལ་དང་མ་བྲལ་མི་རྟོག་བློ་ལས་འདས། །གཉིས་མེད་རྟོགས་བྱར ་སྐྱེ་མེད་ཡུལ་དུ་འགྱུར། །སྟོང་པར་?་བས་དེ་ཉིད་རྟོགས་མི་འགྱུར། །བློ་ལས་འདས་པས་མོན་བསམ་ཡུལ་མ་ཡིན། །མཛའ་གསུམ་རྟག་འདོད་དག་གིས་རྙེད་པར་དཀའ་། །དགའ་བཞི་དག་ལ་དམིགས་ཀྱང་དེ་ཉིད་དཀའ་། །ཚོགས་དྲུག་རང་ཆས་ཡེ་ཤེས་མཆོག་ལྡན་པས། །གཉིས་མེད་བཅུད ་ཀྱི་སྣང་པར་ངལ་འཆར། །ཀྱེའོ་ཕྱག་རྒྱ་ཆེན་པོ་རྟོགས་བྲལ་ཀུན་གྱི་གཞི། །དངོས་གྲུབ་འབྱུང་པས་ངོ་མཚར་རྨད་དུ་ཆེ། །གཉིས་མེད་བག་ཆགས་སད་ནས་རང་རིག་བྲལ། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བསྟན་པས་ཉན་ཐོས་ལ ་སོགས་སྐྲག། རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །རྩེ་གཅིག་བྱས་ཀྱང་ཅུང་ཟད་བསྒོམ་དུ་མེད། །རྣམ་རྟོག་དང་འབར་དྲན་མེད་གསོས་སུ་ཞི། །དྲན་པ་མེད་སྣང་མེ་ལོང་གཟུགས་བརྙན་འདྲ། །ཐ་སྙད་བྲལ་བས་སྐྱེ་མེད་བློ་འདས་ལམ། །མཚན་མའི་དྲན་པ་དྲི་མེད ་བག་ཆགས་བསྟན། །ཐོག་མཛའ་བྲལ་ཞིང་སྔ་ཕྱིའི་དུས་མི་དམིགས། ཀྱེའོ་དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ། །ཇི་ལྟར་བག་ཆགས་བྲལ་བའི་ཚུལ་ཞེན། །གཉིས་སུ་མ་གཟུང་གདོད་མཛའ་བྲལ་བས་ཞི། །བག་ཆགས་བྲལ་བས་ཕྱོགས་མེད་རྒྱུ་བ་སྟོང། །ཟུང་དུ ་འཇུག་པ་སངས་རྒྱས་ངོ་བོ་ཉིད། །ཤེས་རབ་རྣམ་གསུམ་ཡུལ་དང་ཐབས་སུ་གསུངས། །དཔེ་དང་བྲལ་བས་མཚོན་པའི་ཡུལ་ལས་འདས། །སྐྱེ་བ་འདི་ལ་དམ་པའི་སྙིང་པོ་མིན། །ཐབས་ཀྱི་སྦྱོར་བས་ཚོགས་དྲུག་རང་སར་ཞི། །ཕུང་བ་ལྔ་སོགས་ཡོན་ཏན་དག་པའི་ཞིང། །ཀུན་མཁྱེན ་གཉིས་མེད་སྣང་ཡུལ་ཞེན་དང་བྲལ། །དོན་དམ་སྨྲ་མེད་ཀུན་རྫོབ་རྟོག་རྩེ་ཙམ། །མྱ་ངན་འདས་ལམ་འཁོར་བའི་སྣང་བ་ཉིད། །བླ་མ་དམ་པའི་དགོངས་པ་ཐུག་ཕྲད་དུ། །རྙེད་ནས་འཁོར་བའི་ལམ་ལས་གྲོལ་བར་འགྱུར། །རྣལ་འབྱོར་དགོངས་པའི་ཉམས་རྙེད་རྫོགས་སངས་རྒྱས ་མ་ནོར་ལམ་དུ་ལྷན་ཅིག་ཁོ་ན་ཡི། །ཀྱེའོ་གཉིས་མེད་དོན་དུ་གསང་སྔགས་བརྡ་ཡིས་བཀྲོལ། །ཡོན་ཏན་མི་ཟད་རྒྱ་མཚོ་ནོར་བུ་མཚུངས། །ཐབས་མཆོག་ཟིན་ན་བཅུ་བཞི་ས་ལ་གནས། །གང་དུ་གནས་ཀྱང་ཡེ་ཤེས་དང་ལས་རྙེད། །གཏེར་རྙེད་བདག་གཞན་གཉིས་ཀའི་དོན ་ལ་རྨོངས། །སྙིང་གི་གའུ་པདྨ་མེ་ཏོག་དཀྱིལ། །ཐབས་དང་ལྡན་པ་སྦྱོར་བདེ་ནས་འགྱེད། །འཁོར་ལོའི་ཕྱོགས་ཀྱི་རྩ་གནས་གང་དུ་ཡང། །འདོད་དང་བྲལ་བས་ཆགས་མེད་ནམ་མཁའ་ལ། །གྱེན་ཐུར་འདྲེན་དང་འཁོར་ལོ་བསྐོར་དང་ཡང། །ཐབས་ཀྱི་འདྲེན་ཚུལ་དོན་གྱི ་གཏིང་མི་རྙེད། །གཟུངས་དང་འཕངས་དང་སྦྱར་དང་སྦར་བ་ཡང། །བླུན་པོ་དབུགས་མི་བདེ་དང་ཁྱད་མེད་མཚུངས། །རྟོགས་པར་འདོད་པས་དེ་ཉིད་རྟག་ཏུ་བལྟ། །གུས་དང་དང་བས་བླ་མ་དཀོན་མཆོག་བརྟེན། །གསང་པའི་ཡོན་ཏན་བླ་མ་མཆོག་ལས་བྱུང། །དོན་ལྡན་མཚན ་ཉིད་ཉོན་མོངས་གཡུལ་ལས་རྒྱལ། །གསང་བའི་དོན་ཉིད་དོན་དང་རབ་ལྡན་པའི། །བླ་མ་སློབ་དཔོན་ལུང་དང་རབ་ལྔ་ནས། །མི་གཉིས་སྒོ་ནས་འགྲོ་བ་གྲོལ་འགྱུར་ཤོག། །།ཐུགས་ཀྱི་མཛད་སྐྱེ་མེད་རྡོ་རྗེའི་གླུ་སྙིང་པོ་གསང་བའི་དོན། །དཔལ་ས་ར་ཧ་པའི་ཞལ་ནས་གསུངས་པ ་རྫོགས་སོ།། །། *། །སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེན་བྱ་བ་ས་ར་ཧས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ་།ཀཱ་ཡ་ཀཱཀ?་ཙིཏྟ་ཨ་མན་སི་ཀ་ར་ནཱ་མ། བོད་སྐད་དུ། སྐུ་གསུང་ཐུགས་ཡིད་ལ་མི ་