| Wylie | e-texts based on the ACIP/ALL Input |
རྗེའི་གླུ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། བཱ་ཀ་ཀོ་ཥ་ཤྲཱི་རཾ་པ་ར་བཛྲ་ཙེ་ཏ། བོད་སྐད་དུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱེའོ་ཏིང་འཛིན་རྩེ་གཅིག་རོ་སྙོམས་ཁྱད་པར་ཅན། །དངོས ་དང་དངོས་མེད་ཡིག་རྟོགས་འཁོར་རྒྱུ་བཏང་བར་བྱ། །སྣང་དང་སྟོང་པ་ཟུང་དུ་འཇུག་པ་དབྱེར་མེད་དེ་ཁོ་ན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐམས་ཅད་འབྱུང་ཞིང་ཐིམ་པར་གནས། །བདག་དང་གཞན་དོན་གཉིས་མེད་དྲན་མེད་གསལ་བའི་དང། །ཕྱག་རྒྱ་ཆེན་པོའི་རྣམ་གྲངས ་དཔག་མེད་བརྗོད་ལས་འདས། །དངོས་དང་དངོས་མེད་ཡོངས་སུ་བཏང་ན་འཁོར་འདས་མེད། །རྫིང་བུ་བླ་གབ་མེད་ན་ཕྱོགས་བཞིར་འཁོར་ལོ་ཡངས། །བྱིས་པ་མ་ཤེས་རྟེན་འབྲེལ་འཁོར་བར་འཇུག་པའི་རྒྱུ། །ཤེས་རབ་ཞན་པས་དངོས་འཛིན་བདག་གཞན་དོན་མི ་འགྲུབ། །མར་མེ་སྤར་ཡང་དམུན་ལོང་དག་ལ་སྣང་མི་སྲིད། །བདག་གཞན་དོན་འདོད་དངོས་འཛིན་རང་གིས་རང་ལ་འཛིན།། རྟོག་པ་ཡིན་ཕྱིར་བཏང་མི་བཏང་ལ་བརྟག་པར་བྱ། །སྣང་མེད་རང་རིག་རྟོག་པའི་ཐ་སྙད་ཀུན་དང་བྲལ། །ཐབས་དང་བྲལ་ཕྱིར་དག་དོན་མི་འགྲུབ་མཆན ་མར་འགྱུར། །དབྱེར་མེད་དོན་ལ་གནས་པས་དེ་ཉིད་སྟོན་པ་དང། །ཆོས་ཀྱི་དབྱིངས་ལ་འཇུག་པའི་མཚན་ཉིད་བསྟན་པའོ། །བླ་མ་ལ་བསྟན་ལུང་འབྲེལ་གདམས་ངག་རྗེས་སུ་སྟོན། །ལུང་དང་རིགས་པས་རང་གི་མཚན་ཉིད་རྟོགས་འདོད་པ། །བླ་མ་ལ་བསྟེན་གདམས་ངག་ལྡན་པ་ ་དག་ལས་རྙེད། །བསྙེན་བཀུར་བྱས་ན་བདེ་བ་མཆོག་ཐོབ་འགྱུར། །དྲི་མ་དང་བྲལ་བྱ་ཕྱིར་བླ་མའི་ཞབས་ལ་འདུད། །མཆོད་ན་བྱིན་བརླབས་ཆེན་པོ་འབྱུང་བར་རྒྱལ་བས་བཤད། །ཀྱེ་འོ་གྲོང་ཁྱེར་ཙམ་ཨོ་ཤམ་ཀུ་སུ་ན་མཁར་སོང ་བཞིན་དུ། །ཐར་པས་འབད་ན་རྒྱལ་བའི་ས་ལ་གདོན་མི་ཟ། །བརྗོད་བྱ་རྗོད་བྱེད་དབང་བསྐུར་བྱིན་བརླབས་སྐྱེ་ཞིང་འཕེལ་བའི་གནས། །སྔོན་དུ་སློབ་མས་བྱ་དང་སློབ་དཔོན་བྱ་བའི་རིམ་པ་དང། །རྗེས་སུ་སློབ་མས་བྱ་དང་ཟབ་མོ་དབང་བསྐུར་བ། །ཕྱག་རྒྱ་མཆོད ་དང་བསྟོད་པ་དག་གིས་གསོལ་བ་གདབ། །སྙན་པའི་ཚིག་གིས་གསོལ་གདབ་རིག་པ་རྩལ་དབང་དང། །ཕྱག་རྒྱལ་བརྟེན་གསང་བའི་དབང་བསྐུར་སྡོམ་སྦྱིན་དང། །གནང་བ་སྦྱིན་དང་རྗེས་སུ་སྤྲོ་བ་བརྟན་པ་སྟེ། །སློབ་མས་རྫས་དབུལ་ཟབ་མོའི་དབང་བསྐུར་དམ ་བཅའ་དང། །བསྐྱེད་པའི་རིམ་པ་ལ་སོགས་བསྟན་པ་ནི། །ངོ་བོ་ཉིད་ཀྱི་རིམ་པ་བསྟན་པ་དང། །ཉམས་མྱོང་བསྒོམ་པར་བྱ་བའི་བརྗོད་བྱ་ལ་སོགས་ཀུན། །གང་ལ་མི་གནས་བྱ་སར་ཀོ་ནེ་གང་ལ་རྟེན་མི་འཆའ། །འདོད་པ་མེད་པའི་བདེ་བ་དག་ལ་མི་གནས་ཏེ།། ་ཡ་ཟུང་མེད་ཕྱིར་གང་ལ་རྟེན་དང་རྟེན་བྱེད་བྲལ། །གཉིས་མེད་རྣལ་འབྱོར་རང་ལ་འཆར་བའི་ཉམས་མྱོང་བདེ། །བདག་ཏུ་རྟོག་པའི་དངོས་པོ་བཏང་ན་ནམ་མཁའ་ཨི་མཛའ་ལྟར་ཡངས། །མྱ་ངན་འདས་པའི་གྲོང་ཁྱེར་དག་ཏུ་འཇུག་འདོད་ན། །ཚོགས་དྲུག་ཐུག་ཕྲད་ཆར ་བ་རྒྱུན་གྱི་རྣལ་འབྱོར་ཆེ། །སྣང་བ་སྟོང་པ་སྐྱེ་མེད་ཐུག་ཕྲད་རྐྱེན་ལ་རག་མ་ལུས། །གཉིས་མེད་གོམས་པས་ལམ་མྱུར་ཟུང་དུ་འཇུག་མི་ལྡོག། སེམས་ཅན་སངས་རྒྱས་རང་བཞིན་ཡིན་པར་ཤེས་ན་རྩོལ་བ་མེད། །གོང་གི་རོ་སྙོམས་སྤྱོད་པ་དག་ལ་བརྟེན་ནས་འབྲས་བུ་ཐོབ། །སྤྱོད ་པ་བྱས་ན་འགྲོ་བ་འཁོར་བ་དག་ལས་ཐར་པར་ཐེ་ཚོམ་མེད། །བདུད་དང་མི་མཐུན་ཕྱོས་ལས་རྣམ་པར་རྒྱལ་བར་འགྱུར། །མཚན་མའི་རྣལ་འབྱོར་མི་བྱ་བཏང་སྙོམས་རྣལ་འབྱོར་མིན། །མཁས་པའི་ཡེ་ཤེས་མྱུར་དུ་ཐོབ་ཅིང་སྒྲིབ་པ་ཟད། །མཚན་མའི་སྤྱོད་པས་དྲང ་དོན་མཁས་ཀྱང་རྨོངས་རྣམས་འཆིང། །རོ་སྙོམས་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནམ་མཁར་འགྲོ། གཉིས་མེད་སྤྱོད་ལམ་རྒྱུན་དུ་བརྟེན་ན་ཚེ་འདིར་ཐོབ། །སྣང་བ་སྒྱུ་མའི་ཡུལ་ལ་མི་གནས་རྟོག་ཡུལ་མེད། །འཇིག་རྟེན་ཆོས་བརྒྱད་འཆིང་བར་མི་ནུབ་བཏུལ་ཞུགས་མཆོག། སྙིང་རྗེ་ཐབས་ཟིན ་སྤྱོད་པ་ཆགས་མེད་མཁའ་ལྟར་ཡངས། །ཕྱག་རྒྱ་ཆེན་པོ་ཡན་ལག་བཞི་ལྡན་ཐབས་ཀྱི་མཆོག། བཞིར་ལྡན་ཕྱག་རྒྱ་གཅིག་གི་ཆོ་འཕྲུལ་གཅིག་གི་དང། །གཉིས་མེད་དང་ལ་ཕྱག་རྒྱ་ཆེན་པོ་གློད་དེ་བཞག། བྱང་ཆུབ་སེམས་ལྡན་བཏང་གཞག་མེད་ན་གླང་ཆེན་འདྲ། །རྟོག་པའི་ངོ ་བོས་སབ་མོ་རྟ་ལྟར་སྣང་འདོད་ན། །རྟོག་མེད་?་དེ་རྣལ་འབྱོར་བྱ། །སྐུ་བཞི་མཐར་ཕྱིན་འབྲས་བུ་བདེ་བ་ཆེན་པོའི་དང། །སྐྱེ་བར་སྣང་བ་ལམ་གྱིས་ལུས་རྣམས་ནི། །སྐུ་གསུམ་མཐུར་ལྡན་རྟོག་པ་རྣམ་པར་བྲལ། །ཤེས་དང་ཤེས་བྱ་རང་རྒྱུད་དག་པའི་ཡུལ། །དངོས་པོའི་རང་བཞིན ་སྐྱེ་བའི་རྐྱེན་སྣང་ཡང། །མ་སྐྱེས་པའི་ཡུལ་ལས་འདའ་མི་མྱོང། །དངོས་པོ་དངོས་མེད་བཏང་སྙོམས་ལ་སོགས་ཀུན། །འབྱེད་པ་མེད་དེ་དྲན་མེད་སྐྱེ་མེད་ཡུལ། །ཕྱག་རྒྱ་ཆེ་ལ་རྟག་ཏུ་མཚན་ཉིད་བྲལ། །ཕུང་པོ་དག་པས་གསང་པའི་ཡུལ་ལས་འདས། །དགའ་བ་བཞི་ཡི་མཚན་ཉིད་ཕྱག་རྒྱའི ་ཡུལ། །རང་རྒྱུད་མ་ཡིན་ཤེས་རབ་ཐབས་དང་བྲལ། །སྣ་རྩེ་ལ་སོགས་དེ་ཉིད་མ་ཟིན་ན། །དེ་ཉིད་དག་ལ་སྦྱོར་ཡང་དོན་དམ་མིན། །རང་རིག་རྡོ་རྗེ་གནས་ཏེ་སེམས་དཔའ་ཨི་རྣལ་འབྱོར་ནི། །ཐམས་ཅད་མཁྱེན་པ་ངོ་བོ་འདི་འདྲར་མེད། །རྒྱ་མཚོའི་རྦ་རླབས་བྲལ་བའི་ངོ་བོར་མཚུངས། །གྲག ་ཙམ་ཉིད་ན་གང་དུ་འང་སླེབ་པ་མེད། །དམ་ཚིག་བསྒྲུབ་དང་འབྲས་བུ་རྣམ་སྦྱར་བ། །མཚོན་བྱ་མཚོན་བྱེད་ཚིག་གི་ཐ་སྙད་ལམ། །དམ་ཚིག་ཉམས་ན་ཐབས་སོགས་ཉམས་གང་ན། །བློ་ལས་འདས་པའི་ཡུལ་དུ་སློབ་པ་མེད། །བརྟུལ་ཞུགས་སྤྱོད་པས་ཕྱི་དང་ནང་འགྱུར་བ།། ་ཁོ་ན་ཉིད་དང་ལྡན་ན་ཁྱད་པར་ཅན། །དེ་ཉིད་མི་ལྡན་དུ་ད་འགྲོ་དག་དང་མཚུངས། །དེ་ཉིད་སྦས་པས་ཡེ་ཤེས་སྐྱེས་བསྒོམS་པ། །ཐབས་བྲལ་དམ་ཚིག་འགལ་ཡང་ཉེས་པ་མེད། །འདི་དང་ཕ་རོལ་གྲངས་ལ་མི་བསྟོད་པར། །ད་ལྟ་ཉིད་དུ་མངོན་གྱུར་ཕྱག་རྒྱ་ཆེ། །དེ་ཉིད་སྤངས ་ན་ནམ་ཡང་ཕྲད་མི་འགྱུར། །ཕྱག་རྒྱ་ཆེན་པོ་སྐད་ཅིག་ཐོས་པས་ཀྱང། །སྨོད་དང་ལྡན་མི་ལྡན་ལ་མི་ལྟོས་པར། བསྟན་པ་ཙམ་གྱིས་རྩེ་གཅིག་འདི་ཡིས་ཐོབ། །གང་ཞིག་དྲན་པ་དག་ལ་མ་ཡེངས་པའི། །ལྷན་ཅིག་སྐྱེས་དོན་བསྒོམ་དང་ལྡན་པས ་ཐོབ། དེ་ཉིད་རང་ཡིན་གཞན་གྱི་ཆོས་མི་ཚོལ། །དུར་ཁྲོད་ཝ་སོགས་ཚོལ་ཕྱིར་འབྲངས་ཏེ་འཕུང། །ཀྱེའོ་བྲམ་ཟེ་རིགས་དན་ཁྱིམ་འདྲེས་འཚོལ་སློང་བཞིན། །བཟང་ངན་འདྲེས་པ་གཅིག་ལ་གཅིག་གནོད་དེ། །མཚན་མའི་རྣལ་འབྱོར་མཚན་མར་རེག། མཚན་མ་མེད ་ལ་བལྟས་པ་ནམ་ཡང་མེད། །མཚན་མ་དུས་དང་གྲངས་ལ་བལྟོས་པར་འགྱུར། །བསྐྱེད་དང་རྫོགས་པའི་རིམ་པ་ཁྱད་པར་བསམ་མི་བྱ། །གཉིས་མེད་འདུས་པ་རྣལ་འབྱོར་མཆོག་ལྡན་གང། །གང་ཡང་མ་ཤེས་དྲན་མེད་ཡེངས་པའི་ཡུལ། །བྲན?་པའི་གྱུར་སྦངས་དེ ་ལ་གོམས་པར་བྱ། །ཐུན་མོང་མ་ཡིན་གསང་སྔགས་ཁྱད་པར་ཅན། །ཐོག་མ་ཉིད་ནས་བདེན་པའི་ངོ་བོར་གནས། །དངོས་གྲུབ་བསྡུས་པས་ལྷན་ཅིག་སྐྱེས་ལ་ཐུག། དེ་ཉིད་ཁྱད་པར་རང་རིག་ཡུལ་ལས་འདས། །དེ་ཉིད་བདེ་བའི་གནས་དང་དངོས་པོ་སྟོང། །ཆོས ་རྣམས་དག་པས་རང་བཞིན་བདེ་བའི་དོན། །གང་ལ་མི་གནས་བློ་ཡི་ཡུལ་ལས་འདས། །ཡུལ་མེད་གནས་མེད་རྟེན་དང་བྲལ་བས་སྟོང། །ེ་བཾ་དངོས་གྲུབ་ངོ་བོ་ཉིད་ཀྱི་རྒྱུ། །རྡོ་རྗེ་འཆང་དང་རང་རིག་བླ་མའི་བཀའ་། །འདུས་པའི་རྒྱུད་དུ་དྲི་མེད་ཕྱག་རྒྱ་ཆེ། །ཀུན་རྫོབ ་ལས་ཀྱི་ཕྱག་རྒྱ་ལ་སོགས་ཀུན། །འཁོར་ལོས་སྦྱང་རྒྱལ་དམངས་ཀྱི་འཁོར་དང་མཚུངས། །རྫོགས་པ་ཕྱག་རྒྱ་ཉི་ཟླའི་སྐར་ཕྲན་བཞིན། །དགའ་བྲལ་དགའ་བ་མཆོག་ཏུ་དགའ་ལ་སོགས། །ལྷན་ཅིག་སྐྱེས་དགའ་འཁོར་ལོའི་རྩ་བ་ཉིད། །དྲི་མ་མེད་པར་དག་བྱེད་དེ་ཡི ་དགོངས་པར་གསལ། །དེ་ཉིད་ལྡན་པས་རྟག་ཏུ་ཡེ་ཤེས་མྱོང། །དབྱེར་མེད་ཐུགས་ཀྱི་སྟོང་ཉིད་གོ་འཕངས་ཡངས། །ལུས་ངག་ཐབས་ལྡན་ཐབས་ལ་བརྟེན་བསྒོམ་པ། །དྲན་པ་སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་སྨིན། །ལས་ཅན་དྲང་ཕྱིར་གྲོལ་བའི་ཐབས་སུ་སྦྱོར།། ་ལས་ཀྱི་ཕྱག་རྒྱ་ཉམས་མྱོང་བྲོད་པ་སྐྱེད། །དེ་ཉིད་ལྡན་གོམས་ཉམས་མྱོང་གྲོལ་བའི་ལམ། །པདྨ་རྡོ་རྗེར་སྦྱོར་བ་མཐོང་འདོད་དང། །ཆགས་ཅན་ལམ་གྱིས་དེ་ཉིད་གྲོལ་མི་འགྱུར། །གཞན་ཡང་ལས་ཀྱི་ཕྱག་རྒྱ་ཉམས་མྱོང་དག་བསྟེན་ལ། །ཐ་མལ་ལུས་ལ་ཕྱག ་རྒྱ་ཆེན་པོ་སྦར། །ཕྱག་རྒྱ་ཆེན་པོ་ཀུན་ཏུ་ཁྱབ་པའི་དཔེ། །རིན་པོ་ཆེ་དང་ནམ་མཁའ་ལྟ་བུར་མཚུངས། །ཕུང་པོ་ལྔ་སོགས་གསང་བ་མཆོག་ཏུ་འགྱུར། །འཇིག་རྟེན་འཇིག་རྟེན་འདས་པ་ལྷན་ཅིག་གནས། །ཁོ་ན་ཉིད་ནི་བླ་མའི་བཀའ་དྲིན་གྱིས། །མཚོན་ཅིང་བསྒྲུབ་མི་དགོས ་པར་རང་ལ་རྙེད། །ཕྱག་རྒྱ་ཆེན་པོ་མཆོག་ཉིད་དྲི་མ་བྲལ། །གོ་འཕང་ཐོབ་པར་བྱ་ཕྱིར་སྤྱད་པར་བྱ། །རྟག་ཆད་གཉིས་མེད་མཉམ་སྦྱར་གཅིག་ཉིད་བཞག། ལུང་དང་མན་ངག་དག་གིས་རིག་པས་ཤེས་པར་བྱ། །ཁོ་ན་ཉིད་ནི་བསྒྲུབ་ན་གདོན་མི་ཟ། །ཕྱག་རྒྱ་ཆེན་པོ ་གསལ་ཏེ་ཤེས་སྒོམ་ན། །ཁོ་ན་ཉིད་ནི་རྟོགས་པར་ཐེ་ཙོམ་མེད། །དེ་ཉིད་ཤེས་ན་གོམས་པའི་སྟོབས་ཀྱིས་སྤྱོད། །དེ་ཉིད་མ་ཤེས་སྟེང་སྒོ་འོག་སྒོ་དང། །རིག་མ་ལ་རྟེན་གསུམ་པོ་གཙོར་བྱེད་དང། །ཆུ་བྱ་ལ་སོགས་ཉ་དང་དུ་ད་འགྲོར་མཚུངས། །རང་རིག་རྒྱུད ་ལ་ཐ་སྙད་འཇལ་བྱེད་དང། །ཕྱི་ནང་གཞིག་ནས་རང་བཞིན་མེད་འདོད་ན། །འཇིག་རྟེན་ཅ་ཅོ་ཡིན་མོད་ཁྱད་མེད་མཚུངས། །བདེན་དང་རྟེན་འབྲེལ་སྒོ་ནས་ཐར་འདོད་དང། །དབང་པོ་བསུབས་པས་ཐར་ལམ་འདྲེན་འདོད་དང། །བྱིས་པ་ཆང་པ་སྟོང་པས་འདྲིད་དགའ་སྟེ། །དེས་ན ་བྱ་བ་བྱེད་འདོད་ཐར་མེད་བརྫུན་གྱིས་བསླུས། །གྲངས་ཅན་རིགས་སོགས་གཅེར་དུ་བྱེ་བྲག་འདོད། །བྱེད་དང་རྒྱུར་ལྟ་ལ་སོགས་བྱིན་འཁྱམ། །ཀྱེའོ་དེས་ན་འཁོར་བ་ཇི་ལྟར་བཏང་བར་འགྱུར། །རྒྱུ་རྐྱེན་མེད་པས་རྟགས་ཡུལ་མ་ཡིན་པའི། །སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེ་ལ་གནས། །དེ ་ཉིད་སྟོབས་ཀྱིས་མཚན་མ་དང་བྲལ་ཞིང། །ཚེ་གཅིག་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །ཀྱེ་འོ་ངོ་མཚར་གསང་བའི་སྤྱོད་ཡུལ་འདི། །སྨན་པའི་རྒྱལ་པོ་རྟོག་ལས་སྐྱེ་མེད་འཆར། །ཡེ་ཤེས་ལྔ་སོགས་མཚན་ཉིད་རང་ལ་ལྡན། །དང་པོ་ལས་ཅན་རིགས་ཀྱིས་ཁོ་ན་མཐོད། །མཚན ་མ་ལ་བསྟེན་དྲན་པས་གཡེང་བའི་རྒྱུ། །ཁོ་ན་ཉིད་ལ་ཕྱི་རོལ་མ་དམིགས་ན། །མཚན་མོའི་སྤྱོད་ཡུལ་དྲན་མེད་དང་ལ་ཐིམ། །མཚན་མའི་རྣལ་འབྱོར་ཁམས་གསུམ་འཁོར་པའི་ལམ། །མཚན་མའི་དངོས་པོ་བག་མེད་ས་བོན་བཅས། །དྲན་མེད ་རྣལ་འབྱོར་ནམ་མཁའ་ཨི་དཀྱིལ་དང་མཚུངས། །སོ་སོར་མེད་ན་ངོ་བོ་མ་སྐྱེས་ཕྱིར། །སྐྱེ་བོ་གཞན་གྱི་བློ་ཡི་སྤྱོད་ཡུལ་མིན། །དེ་ཉིད་ལྟ་ལ་མཁས་བས་སྤྱད་བྱར་འབྱུང། །དྲན་པ་རྣམ་རྟོག་གཟུགས་སུ་གནས་པ་དང། །དྲན་མེད་ཁམས་གསུམ་དག་པའི་གནས་སུ་སྤངས།། ་དེ་ཉིད་མ་སྐྱེས་དངོས་གྲུབ་ཀུན་གྱི་གནས། །ཕྱི་དང་ནང་རོལ་མ་དམིགས་ཐམས་ཅད་འགྲུབ། །ཀྱེའོ་ཕྱག་རྒྱ་ཆེན་པོ་ཡོན་ཏན་མཆོག་ལྡན་གང། །བླ་མ་མཉེས་པར་བྱ་ཕྱིར་དངོས་གྲུབ་ཀུན་གྱི་གཞི། །བླ་མ་དཀོན་མཆོག་མི་སྤང་ཡོན་ཏན་འབྱུང། །གང་ཞིག་དང ་པའི་སེམས་ལྡན་བརྒྱ་ལམ་ན། །རྣལ་འབྱོར་གཟུངས་ཀྱི་གཞུང་འདི་རྟོགS་པར་ཤོག། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ་སར་ཧས་གསུངས་པ་རྫོགས་སོ།། །། ་