| Wylie | e-texts based on the ACIP/ALL Input |
རྣལ་འབྱོར་འདིས། །སྒྲུབ་པ་རུ་ནི་རིགས་པ་ཡིན། །སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། །།རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་ཙརྱ་གཱི་ཏི། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ ་ལོ། །བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའི། །ཆུ་ལ་གཡོ་བས་དཔའ་རླབས་རྣམས་སུ་སྣང། །དེ་ལྟར་རྒྱལ་པོས་མདའ་བསྣུན་སྣང་བ་ཡང། །གཅིག་ཉིད་ན་ཡང་རྣམ་བ་སྣ་ཚོགས་བྱེད། །ཇི་ལྟར་རྨོངས་པས་བཟློག ་ནས་བལྟས་པ་ཡི། །མར་མེ་གཅིག་ལས་གཉིས་སུ་སྣང་བར་འགྱུར། །དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། །ཀྱེ་མ་བློ་ནི་གཉིས་ཀྱི་དངོས་པོས་སྣང། །ཁྱིམ་དུ་མར་མེ་མང་པོ་སྦོར་གྱུར་ཀྱང། མིག་མེད་པ་ལ་མུན་པར་སྣང་བཞིན་དུ། །ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ ་བྱས་པས། །ཉེ་ཡང་རྨོངས་བདག་ལ་ཤིན་ཏུ་རིང། །ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་ཉིད་དང། །བརྫུན་པ་དུ་མདག་ཀྱང་བདེན་པ་གཅིག་གིས་འཇོམས། །ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིས། །མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད། །ཇི ་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས། །ཆུ་བླངས་ནས་ནིས་གཞི་གང་བྱས་ཀྱང། །དེ་ཉིད་མ་ཉམས་ནམ་མཁའ་དག་དང་མཉམ། །འཕེལ་བ་མེད་ཅིང་འགྲིབ་པ་དག་ཀྱང་མེད། །རྒྱལ་བ་ཕུམ་སུམ་ཚོགས་པས་ཡོངས་གང་བ། །ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད། །དེ་ལ་འགྲོ ་བ་སྐྱེ་ཞིང་འགག་པ་སྟེ། །དེ་ལ་དངོས་དང་དངོས་པོ་མེད་པ་མེད། །དམ་པའི་བདེ་བ་སྤངས་ནས་གཞན་དུ་འགྲོ། །རྐྱེན་ལས་སྐྱེས་པའི་བདེ་ལ་དེ་བར་བྱེད། །རང་གི་ཁང་བཅུག་སྦྱར་རྩི་ཉེ་བ་ནི། །བཟུང་བར་མི་བྱེད་ཤིན་ཏུ་དེ?་དབང་འགྱུར། །བྱོལ་སོང་དག་གི་སྡུག་བསྔལ ་མི་བྱེད་པར། །མཁས་པ་རྣམས་ཀྱིས་དེའི་སྡུག་བསྔལ་བྱེད?། །ཅིག་ཤོས་ནམ་མཁའ་ཨི་བདུད་རྩི་འདུད་བར་བྱེད། །གཞན་ནི་ཕུལ་རྣམས་དག་ལའང་རྣམ་པར་ཆགས། །བཤང་བའི་?་དུ་?་ཆགས་པ་ནི། །ཙན་དན་དག་ལ་ཕྲི་ངན་དག་ཏུ་སོམས། །ཇི་ལྟར་མྱ་ངན་འདས ་པ་སྤངས་ནས་ནི། །སྲིད་པའི་འབྱུང་གནས་མ་ཐུབ་པོ་དག་ལ་ཆགས་པར་བྱེད། །བ་ལང་?་རྗེས་?་ཡིས་གང་བྱས་ཀྱང། །ཇི་ལྟར་དེ་ཡང་སྐམས་པར་འགྱུར་བ་བཞིན། །ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས། །ཡང་ནི་ཕུན་སུམ་ཚོགས་བསྐལ་པར ་འགྱུར། །ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ། །ཆུ་འཛིན་ཁ་ཡིས་བླངས་ན་མངར་བར་འགྱུར། །བརྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེད་པ། །ཡུལ་འཛིན་དུག་ཀྱང་བདུད་རྩིར་འགྱུར་བ་བཞིན། །བརྗོད་དུ་མེད་ན་སྡུག་བསྔལ་མ་ཡིན་ཏེ། །བསྒོམ་དུ་མེད་ན་དེ་ཉིད་བདེ་བ་ཡིན།། ་ཇི་ལྟར་འབྲུག་གི་སྒྲ་ཡིས་དང་?་ན་ཡང། །ཆར་པ་བངས་པས་ལོ་ཏོག་སྨིན་པར་བྱེད། །དང་པོ་ཐ་མ་དེ་བཞིན་གཞན་ན་མེད། །ཐོག་མ་ཐ་མ་བར་དུ་གནས་པ་མེད། །ཀུན་ཏུ་རྟོག་པ་རྨོངས་པའི་ཡིད་ཅན་ལ། །སྟོང་པ་དང་ནི་སྙིང་རྗེ་བརྗོད་པས་སོ། །ཇི་ལྟར་མེ་ཏོག་ནང་ནས ་སྦྲང་རྩི་ནི། །བུང་བ་ཉིད་ཀྱིས་ཤེས་པར་འགྱུར་པ་ཡིན། །སྲིད་དང་མྱ་ངན་འདས་པ་མི་ཕྱེད་དོ། །རྨོངས་པ་དག་གིས་ཇི་ལྟར་ཡོངས་སུ་ཤེས། །ཇི་ལྟར་མེ་ལོང་ངོས་ཀྱི་བཞིན་ཀྱི་གཟུགས། །རྨོངས་པ་མི་ཤེས་པ་ཡིས་བལྟས་པ་ལྟར། །དེ་ལྟར་བདེན་པ་སྤངས་པའི་སེམས་འདི་ནི། །མི་བདེན ་པ་ལ་མང་དུ་བརྟེན་པར་བྱེད། །མེ་ཏོག་དྲི་ནི་གཟུགས་སུ་མེད་ན་ཡང། །མངོན་སུམ་ཀུན་ཏུ་ཁྱབ་པར་བྱེད་པ་ལྟར། །དེ་བཞིན་གཟུགས་མེད་པ་ཡི་རང་བཞིན་གྱིས། །དཀྱིལ་འཁོར་འཁོར་ལོ་དག་ཀྱང་བཤད་པར་བྱ། །རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། །འཇམ་པའིི་ཆུ ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། །རྟོག་པས་དཀྲུགས་པ་རྨོངས་པ་གཟུགས་མེད་ལ། །ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར། །སེམས་གང་དྲི་མ་མེད་པའི་རང་བཞིན་ལ། །སྲིད་དང་མྱང་འདས་འདམ་གྱིས་མ་གོས་སོ། །འདམ་དུ་བཅུག་ན་མཆོག་གི་རིན་པོ་ཆེ། །དེ་ཡི་འོད་ཀྱང ་གསལ་བ་མ་ཡིན་ནོ། །གཏི་མུག་བསལ་བས་ཡེ་ཤེས་མི་གསལ་ཏེ། །གཏི་མུག་གསལ་བས་སྡུག་བསྔལ་བསལ་བ་བཞིན། །ཇི་ལྟར་ས་བོན་ལས་ནི་མྱུ་གུ་འབྱུང། །མྱུ་གུའི་རྒྱུ་ལས་ཡན་ལག་འབྱུང་བའོ། །གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །གསལ་བ་སྤངས་ནས ་སྲིད་པ་དག་ཏུ་འགྲོ། །མཐོང་བ་བཞིན་དུ་དོང་དུ་འགྲོ་བ་ལ། །དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོང། །ཁ་སྦྱོར་བདེ་བ་ཡོངས་སུ་ཆགས་ནས་ནི། །འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ། །གང་ཞིག་ཁྱིམ་ནས་བྱུང་ནས་སྒོ་དྲུང་དུ། །ཀཱ་མ་རཱུ་པའི་གཏམ་ནི་འདྲི་བར་བྱེད། །རླུང་གི་རྒྱུ་ལ་སྟོང ་པའི་ཁྱིམ་དུ་ནི། །རྣམ་པ་དུ་མའི་ཚུལ་གྱིས་བཅོས་མ་བས། །ནམ་མཁའ་ལས་བབས་ཉེས་དང་བཅས་པ་ཡི། །གདུང་བས་བརྒྱལ་བར་གྱུར་པའི་རྣལ་འབྱོར་པའོ། །ཇི་ལྟར་བྲམ་ཟེ་མར་དང་འབྲས་ཀྱིས་སུ། །འབར་བའི་མེ་ལ་སྦྱིན་བསྲེག་བྱེད་པ་ནི། །ནམ་མཁའ་བཅུད་ཀྱི་རྫས་ཀྱིས ་བསྐྱེད་པ་སྟེ། །འདི་དེ་ཉིད་དུ་ཞེན་པར་ཤེས་པ་ཉིད། །ཁ་ཅིག་ཚངས་པའི་གནས་སུ་འོད་སྤར་ནས། །ལྕེ་ཡིས་ཀུན་དུ་རུ་ཡིས་ལྕེ་ཆུང་བསྐྱོད། །འཆིང་བར་བྱེད་པ་ཤིན་ཏུ་དཀྲུགས་བྱེད་དེ། །ང་རྒྱལ་དབང་གིས་རྣལ་འབྱོར་པ་ཞེས་ཟེར། །རང་རིག་དེ་ཉིད་རིག་པ་གཞན་ལ་སྟོན། །གང་གིས་བཅིངS ་པ་དེ་ཉིད་གྲོལ་ཞེས་ཟེར། །ཁ་དོག་དབྱེ་བས་འཆིང་བུ་མར་གད་ཟེར། །རྨོངས་པས་རིན་ཆེན་བརྟགས་པ་མ་ཤེས་པས། །དེ་ནི་ར་གན་གསེར་གྱི་བློ་ཡིས་ལེན། །ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད། །རྨི་ལམ་བདེ་ལ་རྗེས་སུ་ཆགས་པར་བྱེད། །ཕུང་པོ་མི་རྟག་བདེ་བརྟག ་ཅེས་ཟེར། །ེ་བཾ་ཡི་གེར་རང་གིས་གོ་བར་བྱེད། །སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང། །ཉམས་སུ་མྱོང་བས་ལྷན་ཅིག་སྐྱེས་པ་ཟེར། །གཟུགས་བརྙན་ཞེན་པས་མེ་ལོང་ལྟ་བཞིན་ནོ། །ཇི་ལྟར་མ་རྟོགས་མིག་རྒྱུའི་ཆུ་ལ་ནི། །འཁྲུལ་པའི་དབང་གིས་རི་དགས་རྒྱུག་པར་བྱེད། །རྨོངས་པས ་སྐོམ་པ་མི་ངོམས་འཆིང་བར་འགྱུར། །དོན་དམ་ཟེར་ཞིང་དེ་བ་ལེན་པར་བྱེད། །ཀུན་རྫོབ་བདེན་པ་དྲན་པ་མེད་པ་སྟེ། །སེམས་གང་སེམས་ནི་མེད་པར་འགྱུར་བའོ། །དེ་ནི་ཡོངས་སུ་དག་པར་མཆོག་གི་མཆོག། མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས། །སེམས་ནི་དྲན་མེད་ཏིང་ངེ་འཛིན ་དུ་སྦྱོར། །ཉོན་མོངས་ཡོངས་སུ་དག་པ་དེ་ཉིད་དོ། །ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན། །སྲིད་འགྱུང་ཉེས་པས་རྒྱལ་ཆོས་མི་གོས་སོ། །དེ་ཡང་ཐམས་ཅད་སྒྱུར་མར་ངེས་པར་བལྟ་བྱ་སྟེ། །འཇིག་རྟེན་འདས་དང་སྐད་ཅིག་ལེན་དང་བཏང་སྙོམས་བྱེད། །བརྟན་པའི་བློ་ཅན་དེ་ནི་གཏི་མུག ་འཆིང་བར་འགྱུར། །རང་འབྱུང་བསམ་གྱིས་མི་ཁྱབ་རང་བཞིན་གྲུབ་པ་ཡིན། །སྣང་འདི་གསལ་བ་དང་པོ་ཉིད་ནས་མ་སྐྱེས་ཏེ། །གཟུགས་ཅན་མ་ཡིན་གཟུགས་ཀྱིས་རང་བཞིན་རྣམ་པར་སྤངས། །དེ་ཉིད་རྒྱུན་ཏུ་གནས་ཤིང་བསམ་གཏན་གཅིག་པུ་བྱེད། །ཡིད་ལ་མི་བྱེད་དྲི་མེད་བསམ་གཏན ་སེམས་མ་ཡིན། །བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་བདག་ཉིད། །འཇིག་རྟེན་གང་གང་གཞན་དུ་སྣང་བ་དེ་བདག་ཉིད། །སྣ་ཚོགས་མ་ལུས་མཐོང་བ་མཐོང་བྱ་དེ་བདག་ཉིད། །ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱང་བདག་ཉིད་དོ། །གཏི་མུག་མུན་པར་སྒྲོན་མེ་སྦར། །ཇི་སྲིད་བློ་ཡི ་དབྱེ་བས་ཕྱེ། །དེ་སྲིད་སེམས་ཀྱི་དྲི་མ་སྤངས། །མ་ཞེན་རང་བཞིན་གང་ཞིག་བསམ། །དགག་པ་མེད་དེ་སྒྲུབ་པ་མེད། འཛིན་པ་མེད་དེ་བསམ་མི་ཁྱབ། །བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །དབྱེར་མེད་ལྷན་ཅིག་སྐྱེས་རྣམས་དག། གཅིག་དང་དུ་མས་རྣམ་བརྟགས་གཅིག་ཉིད་མིན། །ཤེས་པ ་ཙམ་གྱིས་འགྲོ་བ་རྣམ་པར་གྲོལ། །གསལ་བ་གང་ཞིག་ཤེས་པ་བསྒོམ་པ་བསྟན། །མི་གཡོ་བ་ཡི་སེམས་ནི་བདག་གིས་དེ་རུ་གཟུང། །དགའ་བས་རྒྱས་པའི་ཡུལ་ཐོབ་པས། །མཐོང་བའི་སེམས་ནི་རྣམ་པར་རྒྱས། །དེ་ཡིས་དེ་རུ་དགོད་པ་ཡིན། །ཡུལ་ལ་བྲོས་ཀྱང་ཐ་དད་མིན། །དགའ་བས་བདེ ་བའི་མྱུ་གུ་དང། །མཆོག་གི་འདབ་མ་སྐྱེས་པ་སྟེ། །ཇི་སྲིད་ཕྱོགས་བཅུར་མི་འཕྲོ་བ། །སྤྲོས་མེད་བདེ་བ་འབྲས་བུ་ཉིད། །གང་གིས་གང་དུ་དེ་ལ་དེ་དག་མེད། །དེ་ཡིས་དེ་རུ་དེ་ལ་དགོས་པ་བྱས། །རྗེས་སུ་ཆགས་པ་དང་ནི་མ་ཆགས་པའི། །གཟུགས་ཉིད་ཀྱང་ནི་སྟོང་པ་ཉིད་ཡིན་ནོ། །སྲིད་པའི་འདམ ་ཞེན་ཕག་ལྟ་བུ། །དྲི་མེས་སེམས་བྱུང་སྐྱོན་ཅི་ཡོད། །གང་ཡང་གང་གིས་མ་གོས་པ། །དེ་ཡང་དེ་ཡིས་ཅི་ཕྱིར་འཆིང། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་རྫོགས་སོ།། །།རྒྱ་གར་སྐད་དུ་།དོ་ཧ་ཀོ་ཥ་ཨུ་པ་དེ ་