| Wylie | e-texts based on the ACIP/ALL Input |
དཔལ་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཉེར་ལི་པས་མཛད་པ་བཞུགས། ། *། །རྒྱ་གར་སྐད་དུ། ཤྲཱི་ཏཏྟཝཱ་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་གྲུབ་པ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཚེ་འདིས་འགྲུབ་ཀྱི་གཞན་དུ་མིན། །ལུས་དང་ངག་ཡིད ་?་གནས་པས། །མེད་པར་འགྲུབ་པར་མི་འགྱུར་རོ། །འདོད་པའི་ལོངས་སྤྱོད་རྒྱུན་མི་འཆད། །མེད་ན་དེ་ཡང་འགྲུབ་མི་འགྱུར། །དེ་ཡང་ཇི་ལྟར་འདོད་པ་བསྟེན། །གཉིས་མེད་ཡེ་ཤེས་དག་པ་ལས། །དེ་ལྟར་མིན་ན་ལོག་པར་ལྟུང། །དེ་ནས་སྡུག་བསྔལ་བརྒྱུད་པར་འབྱུང། །དེ་ཕྱིར་སྔགས ་ཀྱིས་བྱིན་བརླབས་པའི། །མཁས་པ་དག་པས་སྔོན་འགྲོ་སྤྱད། །ཇི་ལྟར་ཆུ་ཡི་ཐེགས་པ་ནི། །རྒྱ་མཚོར་བབས་ན་ལན་ཚྭར་འགྱུར། །ལན་ཚྭའི་མའི་མཚོར་ཞུགས་ནས། །དེ་ཉིད་སླར་ཡང་བདུད་མིར་འགྱུར། །ཇི་ལྟར་དུག་སྤྲུལ་དེ་ཉིད་ཤེས། །ནུས་པ་འཕྲོག་བར་བྱེད་ནུས་མེད། །དེ་ཉིད ་རྒྱུད་གཞན་དག་ལ་ནི། །ལྔ་པོའི་གནས་སྐབས་ལས་མི་འདའ་། །གཞན་ཡང་འདོད་པ་ཟིལ་ནོན་ན། །འདོད་པ་ཉིད་ནི་སྨན་ཡིན་ནོ། །ཇི་ལྟར་དུག་གིས་གདུངས་པ་ལ། །དུག་ཉིད་སྨན་དུ་ཆེ་བ་ཡིན། །ཇི་ལྟར་མེ་ཡིས་ཚིག་?་མེ། །ཚེར་མས་ཟུག་ལ་ཚེར་མ་ཉིད། །དེ་བཞིན་ཉོན་མོངས་ཀྱིས་ཉེན་ན།། ་ཉོན་མོངས་ཉིད་ནི་བདུད་རྩིར་ཆེ་།དཔེར་ན་དུག་གི་དེ་ཉིད་ཤེས། །དུག་ཟོས་ཀྱང་ནི་གནོད་མི་འགྱུར། །དེ་བཞིན་ཡུལ་གྱི་དེ་ཉིད་ཤེས། །འདོད་པ་སྤྱད་པས་གནོད་པ་མེད། །ཇི་ལྟར་འདམ་གྱི་པདྨ་ནི། །འདམ་ལ་གནས་ཀྱང་དེས་མི་གོས། །དེ་ཉིད་རིགས་པས་རྟག་ཏུ་ནི། །འདོད་ཕ་རོལ་པས་སྤྱད ་པར་བྱ། །དེ་ཕྱིར་ཀུན་ནས་དོགས་མེད་པར། །ཁྱད་པར་དུ་ནི་ལོངས་སྤྱོད་འགྱུར། །འདོད་པ་ལྔ་ལ་བརྟེན་བྱས་ན། །དངོས་གྲུབ་མྱུར་དུ་ངེས་ཐོབ་འགྱུར། །དཀའ་ཐུང་བརྟུལ་ཞུགས་སྨྱུང་བ་ཡིས། །ཁམས་རྣམས་སྐམས་པར་འགྱུར་བ་ཡིན། །སྐམས་པས་སྡུག་བསྔལ་འགྱུར་བ་སྟེ། སྡུག ་བསྔལ་གྱིས་ནི་སེམས་གཡེངས་འགྱུར། །གཡེངས་པས་བྱང་ཆུབ་གཞན་དུ་འགྱུར། །དེ་ཕྱིར་དངོས་གྲུབ་མཆོག་གཉེར་ན། །དཀའ་ཐུབ་བརྟུལ་ཞུགས་སྤྱད་མི་བྱ། །ཇི་ལྟར་བདེ་བས་དེ་བཞིན་གནོས། །བདེ་བ་སྤངས་ན་དངོས་གྲུབ་མེད། །དེ་བས་ཡིད་འོང་གནས་སུ་ནི། །ཉམས་དགའ་ཨི་བུ་མོ ་བཅུ་གཉིས་མ། །ཡིད་འོང་མིག་གི་དཀྱུས་རིང་མ། །གཟུགས་དང་ལང་ཆོས་རྣམ་པར་མཛེས། །བརྟན་ཞིང་མི་གཡོ་དམ་ཚིག་ཅན། །འདམ་ལས་སྐྱེས་བའི་དྲི་འབབ་མ། །ཆགས་པ་ཆེན་པོའི་ཡོས་རོལ་པ། །མཆོག་ཏུ་མཁས་ཤིང་སྒེག་པ་དང། །ཉམས་དང་ལྡན་པའི་རྣལ་འབྱོར་པས ་རང་ཉིད་འཁོར་ལོའི་དབུས་སུ་གནས། །དམ་ཚིག་ཅན་ནི་རྒྱུད་དག་པའི། །ནང་དུ་ཉིན་མཚན་འདུ་བར་བྱ། །སྡུ?་ལྡང་འདར་ཞིང་ཚེར་འདར་ལ། འཛུམ་དང་དགོད་དང་རབ་ཏུ་དགོད། །མྱོས་བ་དང་ནི་བཅས་པ་ཡི། །འབེབས་པ་རྣམ་པ་བདུན་དུ་བཤད་།དེ་ངས་དང་མྱོས་དང་འགྱུར་བ་དང།། ་རོལ་དང་ཡུང་དང་ཤིན་ཏུ་འཕེལ། རྐང་པ་འདོར་དང་ལག་པ་བརྒྱུད། །?་རྒྱ་མཚེན་མ་ལྟ་སྟངས་དང། །སྔགས་དང་?་དང་དྲག་བོ་སོགས། །ཀི་ལི་ཀི་ལི་ཕྲེང་སོགས་བྱེད། །དོལ་བ་དཔའ་བོ་རྣམ་པར་ཉེད། ས་བསྐྱོངས་ཅ་ཅོའི་བྱེ་བྲག་ལྡན། །བརྒྱལ་བ་རབ་ཞི་དུ་བས་རྟོགས། །བྱམས ་ཤིང་དགའ་རྒྱ་མཚོ་ནི། །བདེ་བའི་རྟགས་ལས་སྐྱེས་བའི་འོད། །ངོ་བོ་ཉིད་ཀྱིས་གསལ་བའི་ཡིད། །གཉི་ས་མེད་རྣམ་པར་གསལ་བ་ཡི། །རྫུ་འཕྲུལ་མངོན་ཤེས་དག་དང་ལྡན། །དེ་ལྟར་བདེན་དོན་རབ་ཞི་བའི། །བྱེ་བྲག་བཅུ་གཉིས་དག་གིས་མཛེས། །ེ་ཡི་ཆ་བྱད་བཟང་པོ་གང། ་དབུས་སུ་བི་གྱིས་རྣམ་པར་བརྒྱན། །བདེ་བཀུན་གྱིས་གནས་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག། དེར་ནི་དགའ་བ་སྐྱེ་འགྱུར་ཏེ། །སྐད་ཅིག་ངེས་བས་ཕྱེ་བ་ནི། །དགའ་བའི་བྲངས་ཀྱི་རིམ་པ་ཡིས། །དེ་དགོས་སོར་གསལ་བར་བྱས། །སྟོང་ཉིད་གསུམ་གྱི་ཉམས་སྦྱར་བས། །ཐམས་ཅད་སྟོང ་ཉིད་རབ་ཏུ་གསལ། །དེ་ཉིད་གསལ་བས་དག་བ་ནི། །མཆོག་གི་གོ་འཕང་དེ་གསལ་འགྱུར། །དེ་ཕྱིར་མི་གཡོ་ཕྲ་བའི་ཡིད། །ལྡན་པའི་རྣལ་འབྱོར་བས་མཚོན་བྱ། །ཇི་སྲིད་གསལ་བར་མ་གྱུར་པ། །དེ་སྲིད་བསྒོམ་པ་ལ་འཇུག་བྱ། །རབ་ཏུ་གསལ་བ་ཐོབ་ནས་ནི། །རང་དགའ་ཨི་གཟུགས་སུ ་སྐྱེ་བར་འགྱུར། །དེར་ནི་སྐད་སྐད་ཅིག་མ་བཞི་དང། །དེ་བཞིན་དུ་ནི་དགའ་བ་བཞི། །དེ་ལ་སྣ་ཚོགས་སྐད་ཅིག་དང། །རྣམ་པར་སྨིན་པ་རྣམ་པར་ཉེད?། །མཚན་ཉིད་མེད་པར་བརྗོད་པ་ཡི། །བྱེ་བྲག་མཁས་པས་ཤེས་པར་བྱ། །སྣ་ཚོགས་དུ་མའི་རྣམ་པ་ཅན།། ་འཁྱུད་དང་འོ་བྱེད་ལ་སོགས་པའོ། །རྣམ་སྨིན་དེ་ལས་གྱུར་པ་སྟེ། །བདག་གི་བདེ་བ་ལ་སྤྱོད་མཛེས། །རྣམ་ཉེད་སྤྱོད་པའི་བདག་ཉིད་དེ། །བདག་གི་བདེ་བ་ལ་སྤྱོད་མཛེས། །དེ་དག་ལས་གཞན་མཆན་ཉིད་བྲལ། །དགའ་བ་དང་པོ་མཆོག་དགའ་དང། །དགའ་བྲལ་ལ་སོགས་ལྷན ་ཅིག་སྐྱེས། །དགའ་བའི་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བདེ་བས་ལྷག། དགའ་བྲལ་ཆགས་པ་བྲལ་བ་སྟེ། །ལྷན་ཅིག་སྐྱེས་པ་དེ་དག་སྤངས། །བརྒྱལ་དང་ཕྱི་མོ་ཕྱེད་ཙམ་དང། །ཕྱི་མོ་ཞེས་བྱ་སྐད་ཅིག་གསུམ། །དམ་པའི་བདེ་བ་རྣམ་པར་རོལ། །དབྱེ་བས་ལྷན་ཅིག ་སྐྱེས་པ་ཤེས། །བརྒྱལ་བ་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། །དེ་ཕྱིར་དེ་ཉིད་ཡེ་ཤེས་ནི། །གཉིས་མེད་ཡེ་ཤེས་རབ་ཏུ་གསལ། །དེ་ལ་ཆགས་དང་ཆགས་བྲལ་མེད། །གཉི་ག་མ་ཡིན ་སྟོང་ཉིད་མིན། །ཀུན་མིན་ཐམས་ཅད་མིན་པ་མིན། །ཡང་ན་ཐམས་ཅད་རྣམ་པར་ཐིན། །ཇི་ལྟར་ཆར་གྱི་རྒྱུན་སྣ་ཚོགས། །དེ་གཟུགས་དུ་མ་གཞན་ཡིན་ཀྱང། །སྣོད་གཅིག་ཏུ་ནི་ཞུགས་པ་ན། །ཞུ་ནས་རོ་གཅིག་ཉིད་དུ་འགྱུར། །དེ་བཞིན་ཡེ་ཤེས་བདེ་ཆེན་པོ། །རྣམ་པར་ངོ ་བོ་ཉིད་ཀྱིས་གསལ། །གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། །ཆོས་ཀུན་རྣམ་པར་བཅོམ་པས་ན། །ཡེ་ཤེས་རྒྱུན་འབབ་གཏོང་པའི་བློ། །མ་པས་པས་དེ་ལྟ་བུ་ཉིད་མཚོན། །མི་གཡོ་སྒྲིབ་བྲལ་ཕྲ་བ་ཡི། །ཐིག་ལེའི་གཟུགས་ཅན་རྟོགས་པ་མེད། །ཐོག་མཛའ་མེད་པའི་དེ་ཉིད ་ནི། །མ་བྱུང་མ་བྱས་མཆོག་ཡིན་ནོ། །སྐྱེ་བོའི་ཆོས་རྣམས་ཐམས་ཅད་ཀྱི། །གཞི་ནི་དེ་ཉིད་ཉིད་ཡིན་ནོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རྣལ་འབྱོར་བ་ཡིས་དེ་ཉིད་ལ། །མཐོང་བ་དེ་ཉིད་མ་མཐོང་བ། །དེ་ལ་ཕྱི་རོལ་ཅི་ཞིག་བསམ། །དེ་ཕྱིར་འཁྲུལ་པའི་མཆོད་པ ་སོགས། །ཕྱི་རོལ་པ་ཡིས་ཅི་བྱར་ཡོད། །ཐམས་ཅད་སྤངས་ནས་དེ་ཉིད་བསྒོམ། །ཐམས་ཅད་འདི་ལས་འགྲུབ་པར་འགྱུར། །ཱ་ལཀཱི་ལི་མཉམ་སྦྱོར་ལས། །གང་ཚེ་ནོར་བུར་ཆུད་པ་ན། །མན་ནག་གིས་ནི་རླུང་བཟུང་སྟེ། །དེ་ཚེ་ཡེ་ཤེས་མཐོང་བས་འགྲུབ། །བསྐལ་པ་མཛའ་ཡས་པར ་དུ་ནི། །དེར་ནི་འདོད་པ་ཡང་དག་གནས། །འོད་གསལ་པ་ཡི་གནས་ཐོབ་ནས་།སེམས་ཅན་ཀུན་གྱི་ཕྱག་བྱས་པའི། །ཐ་མ་ལ་སྣང་བའི་རྣལ་འབྱོར་གྱིས། །བཞི་པའི་དེ་ཉིད་ལ་བརྟེན་བྱ། །སྔོན་དུ་གོམས་བྱེད་རྣལ་འབྱོར་པས། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །རྒྱུ་ལ་འབྲས ་བུའི་རྒྱས་གདང?་ཅིང། །འབྲས་བུ་ལ་ཡང་རྒྱས་རྒྱས་གདབ། །རྒྱུ་འབྲས་གཅིག་ཏུ་རྒྱས་བཏབ་པས། །ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར། །མཚན་མོ་སྣང་བའི་ཆ་སྟེ་གསལ་བའི་ཉི་མའི་འོད་ཟེར་སྣང་བ་འགྱེད་པ་སྣང་བ་འཆེད་པ་ཡིན། །མཚམམས་ནི་སྣང་པ་ཐོབ་པ་རང་གི་རང་བཞིན་རྣམས ་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མིན་པ་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་ཡིན་པར་བླ་མ་མཆོ་བཤད་རྣལ་འབྱོར་བ་ཉིད་ཡུལ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནག་།ཇི་ལྟར་ནང་བཞིན་ཕྱི་རོལ་ཏེ། །གཉིས་མེད་པའི ་རྣལ་འབྱོར་འདིས། །སྒྲུབ་པ་རུ་ནི་རིགས་པ་ཡིན། །སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། །།རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་ཙརྱ་གཱི་ཏི། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ ་