| Wylie | e-texts based on the ACIP/ALL Input |
པོ་ཟླ་བ་མགོན་དང། བོད་ཀྱི་ལོཙྪ་བ་ཤེས་རབ་གྲགས་ཀྱིས་བསྒྱུར་པའོ།། །།*། །ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འབྲེལ་ཅེས་བྱ་བ་ལྷ་ལྕམ་དཔལ་མོས་མཛད་པ་བཞུགས་སོ། །*། །རྒྱ་གར་སྐད་དུ། ས་ཧ་ཛ་སིདྡྷི་པཏྟ?་ཏིནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས ་གྲུབ་ཀྱི་གཞུང་འགྲེལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྲི་མེད་ཆོས་འབྱུང་གཙང་བའི་གནས་མཆོག་ཉམས་དགའ་བར། །ཕུང་པོ་ལ་སོགས་བདུད་རྣམ་བཞི་པོ་མི་འཇུག་ཕྱིར། །ཚད་མེད་བཞི་ཡི་སྒོ་གླེགས་ལེགས་པར་གཏམས་མཛད་ནས། །འདྲེན་པ་གང་ཞུགས་དེ་རྣམས་ལ ་ནི་བདག་ཕྱག་འཚལ། །སྐྱེས་མཆོག་དེ་རྣམས་ཞབས་ལ་ཕྱག་བྱས་ནས། །འགྲོ་བས་ལྷན་ཅིག་སྐྱེས་རྟོགས་མེད་པའི་ཕྱིར། །དྲི་མེད་ལྷན་ཅིག་སྐྱེས་པའི་གཞུང་འགྲེལ་འདི། །འགྲོ་ལ་ཕན་ཕྱིར་དཔལ་མོ་བདག་གིས་བྲི། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་ལས་ཁ་ཕྱིར་ཕྱོགས ་པར་གྱུར་པའི་དབང་གིས་འཛམ་བུའི་གླིང་པའི་སྐྱེ་བོ་རྣམས་སྡིག་པའི་ལས་ལ་གཞོལ་བར་འགྱུར་ཏེ། དེ་ཡང་དགོངས་བ་ལུང་སྟོན་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཇི་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ ་བཀའ་སྩལ་པ། གསང་པའི་བདག་པོ་དོན་རྒྱས་ཚུལ། །ཚུལ་ཆེན་འདི་ནི་རྙེད་གྱུར་ནས། །ཇི་བཞིན་དོན་རྙེད་མ་བཟུང་བས། །དེ་ཕྱིར་ལམ་ངན་ངག་ཏུ་ལྟུང། །རྟག་པར་མངོན་པའི་ང་རྒྱལ་ལ། །རབ་ཏུ་དགའ་དང་ལྡན་པ་ཡིས། །རྣལ་འབྱོར་པ་རྣམས་བདག་ཅེས་སྨྲ། །ཆོས་ནི་གཡོ་ཡིས་བྱེད ་གྱུར་ལ། །དེས་ནི་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་བྱེད་པ། །གསང་བ་གསུངས་པར་མི་བྱེད་ཅིང། །ཐམས་ཅད་དུ་ནི་རབ་ཏུ་སྟོན། །མངོན་སུམ་སངས་རྒྱས་དང་འདྲ་བའི། །སློབ་དཔོན་ལ་སྨོད་བཀུར་མི་བྱེད། །སྐད་ཅིག་ཙམ་གྱི་ཁོང་ཁྲོ་ཞིང། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས།། ་མ་དང་སྲིང་མོ་བུ་མོ་སོགས། །བགྲོད་མིན་ལ་ནི་འཁྲིག་སྤྱོད་ཅིང། །ཕ་དང་མ་གསོད་དེ་བཞིན་དུ། །སྲོག་ཆགས་གཞན་ཡང་མང་དུ་གསོད། །དེ་བཞིན་བརྫུན་གྱི་ཚིག་སྨྲ་ཞིང། །ཁྱད་པར་དུ་ཡང་རྐུ་བར་བྱེད། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང། །ངས་སྨད་གཞན་ཡང་བྱེད་པར་འགྱུར།། ་དེ་ཉིད་ཡེ་ཤེས་རང་འབྱུང་བའི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཉེས་པ་ཅུང་ཟད་ཙམ་ལ་ཡང། མངོན་སྤྱོད་དྲག་པོ་བྱེད་འགྱུར་ལ། །རྣལ་འབྱོར་རབ་སྦྱོར་སྨན་པ་ཡིས། །སྔགས་པ་རྣམས་ནི་གྲུབ་མི་འགྱུར། །རྟག་པར་ཕྱི་ཡི་བསྟན་བཅོས་དགའ་། །དེ་ཕྱར་སྦྱོར་ལ་མཁས་པ ་དང། །རང་གི་དམ་ཚིག་སྤངས་ནས་ནི། །ལྕགས་ཀྱུ་མེད་པའི་གླང་ཆེན་བཞིན། །འདོད་དགུ་དག་ཏུ་འཁྱམ་པར་བྱེད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཚོ་བ་དག་ཀྱང་སྒྲུབ་པར་བྱེད། །གང་དུ་རྙེད་པ་ཐོབ་པར་འགྱུར། །གསང་སྔགས་ཚུལ་ཆེན་འཆད ་པར་འགྱུར། ཞེས་གསུངས་པ་དེ་བས་ན་བདག་གིས་ལྷན་ཅིག་སྐྱེས་པའི་ཚུལ་ཟབ་མོ་ཉན་ཐོས་དང། རང་རྒྱལ་བ་དང། ཕྱི་རོལ་བའི་ཐུབ་པ་རྣམས་དང། །རྟག་པ་དང་ཆད་པར་ལྟ་བ་པ་རྣམས་ཀྱིས་རྟོགས་པར་དཀའ་བ་དང། །དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས ་བཏབ་པ། །བླ་མ་ཡོངས་སུ་བསྟེན་རྣམས་ལ། རྣ་བ་ནས་རྣ་བར་འཕོ་བར་འགྱུར་བ་གང་ཡིན་པ་དེ་ལེགས་པར་བསྟན་པར་བྱའོ། །དེ་ཡང་རེ་ཞིག་བརྗོད་པར་བྱ་བའི་ལྷན་ཅིག་སྐྱེས་པའི་དེའི་རྗོད་པར་བྱེད་པའི་གཞུང་གི་ཚོགས་ནི། དང་པོ་ཁོ་ནར་དཔལ་ལྡན་རོལ་པའི་ལྷ་མོ་ཞེས་པ་ནས། ཡང་དང ་ཡང་དུ་ཀུན་ལ་འདུད། ཅེས་པའི་བར་གྱིས་ནི་ལྷན་ཅིག་སྐྱེས་པའི་མན་ངག་དཔལ་ཨུ་རྒྱན་གྱི་གནས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལས། བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལོ་རྒྱུས་དང། ལྷན་ཅིག་སྐྱེས་པ་འདི་ཉིད་ཀྱིས། མ་རིག་པའི་ཉོན་མོངས་པ་མཐར་བྱེད ་པས་གཤིན་རྗེ་ཡིན་པ་དང། སའི་བདག་པོ་དབང་པོའི་བློས། རྒྱལ་སྲིད་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་སྟེ། དུར་ཁྲོད་བསྟེན་པ་ལ་སོགས་པའི་གླེང་གཞི་སྟོན་ཅིང། བླ་མ་གོང་མ་རྣམས་ལ་ཕྱག་འཚལ་བ་སྟོན་པར་བྱེད་དོ། །དེ་རྣམས་ཞབས་ལ་ཞེས་པ་ནས་བརྗོད་པར་བྱ་ཞེས་པའི ་རྐད་པ་གཉིས་ཀྱིས། ལྷན་ཅིག་སྐྱེས་པའི་རྩོམ་པ་སྟོན་པར་བྱེད་དོ། །ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ་ཞེས་པ་ནས། གཞུང་ལས་མ་གཏོགས་རྙེད་མི་འགྱུར། ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་རྒྱུ་བ་དང། མི་རྒྱུ་བའི་དངོས་པོ་མཛའ་དག་ལ་ཁྱབ་པ་ཡིན་ཡང་བླ་མའི ་ཞལ་ལས་མ་གཏོགས་པ་མི་རྙེད་པར་སྟོན་པར་བྱེད་དོ། །གང་དང་མཚུངས་པར་སྐྱེས་པས་ན། ཞེས་པ་ནས། དེ་ནི་འབད་པ་མེད་པར་ཐོབ་ཅེས་བྱ་བའི་བར་གྱིས་ནི། བླ་མའི་ཞལ་ལས་རྙེད་པའི་རྗེས་ལ་འབང་པ་མེད་པའི་ཚུལ་གྱི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བ་དང་ལྷན་ཅིག་སྐྱེས་པའི་དེས་ཚིག ་སྟོན་པར་བྱེད་དོ། །ཐེ་ཙོམ་མེད་ཅིང་རྟོག་པ་མེད་གཞེས་པ་ནས། ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར། ཞེས་པའི་བར་གྱི་ནི་། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས་ཟ་བ་དང་འཆག་པ་ལ་སོགས་པའི་དུས་སུ་ཡང་མི་འབྲལ་བར་སྟོན་པར་བྱེད་དོ། །རྟོགས་དང་བྲལ་ཞིང་མངོན་སུམ་བ། ་ཞེས་པ་ནས། ལྷན་ཅིག་སྐྱེས་པར་དེས་བརྗོད་བྱ། ཞེས་པའི་བར་གྱིས་རྟོག་པ་མེད་པའི་ལྷན་ཅིག་སྐྱེས་པས་བསྐུལ་བའི་དབང་གིས་སྙིང་རྗེ་ཆ་བཅུ་དྲུག་པ་ཟླ་བ་ཡར་གྱི་ངོ་བཞིན་པའི་ཆོས་ཅན། སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་སོགས་པ་ལ་ལྷན་ཅིག་སྐྱེས་པ་ཡིན་པར་སྟོན་པར་བྱེད ་དོ་ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི་ཞེས་པ་ནས། འགྲོ་བའི་གྲོང་ཁྱེར་ངག་ཏུ་འཁྱམ་པ་ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པ་འདི་ཉིད་བདེ་སྡུག་ཐམས་ཅད་ཀྱི་གཞི་ཡིན་པ་དང་།ལྟ་བ་དང་གྲུབ་པའི་མཛའ་འཛིན་པ་ཐམས་ཅད་ཀྱི་རྩོད་པའི་གཞིར་གྱུར་པ་དང། འགྲོ་བ་གང་གིས ་ལྷན་ཅིག་སྐྱེས་པ་མ་ཤེས་པ་དེ་དག་སྡུག་བསྔལ་གྱི་ཕུང་པོ་ལས་མི་གྲོལ་བར་སྟོན་པར་བྱེད་དོ། །སངས་རྒྱས་བདག་ཉིད་ལུས་ལ་ནི། ཞེས་བ་ནས། དེ་ཡིས་སྡིག་པ་མ་བྱས་སམ། ཞེས་པའི་བར་གྱིས་ནི། གང་ཞིག་ལྷན་ཅིག་སྐྱེས་པའི་རང་བཞིན་ལ། དེའི་རང་བཞིན་དུ་མ་རྟོགས་པའི་སྐྱེས་བུ ་དེ་རྣམས་སྡིག་ཅན་ཡིན་པར་སྟོན་པར་བྱེད་དོ། །བདག་ཉིད་ངེས་པར་སངས་རྒྱས་ཀུན་།ཞེས་པ་ནས་།དངོས་པོ་ཀུན་ལ་ཡང་དག་གནས། ཞེས་པའི་བར་གྱིས་ནི་།འགྲོ་བ་ཐམས་ཅད་སངས་རྒྱས་ལ་སོགས་པའི་རང་བཞིན་ཡིན་པར་སྟོན་ཏེ། འདི་ལྟར་ལྷན་ཅིག་སྐྱེས་པས་དངོས་པོ་ཐམས་ཅད་ལ ་ཁྱབ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྟོན་པར་བྱེད་དོ། །ལྷ་དང་ལྷ་མིན་ཀླུར་བཅས་ནས། ཞེས་པ་ནས། གླེན་པ་རྨོངས་པས་མི་ཤེས་སོ། །ཞེས་པའི་བར་གྱིས་ནི། བདག་ཏུ་ལྟ་བ་ཅན་གྱི་ལྷ་ཚངས་པ་ལ་སོགས་པ་དང། དྲང་སྲོང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག ་སྐྱེས་པ་ཤེས་པར་མི་འགྱུར་རོ་ཞེས་སྟོན་པར་མི་བྱེད་དོ། །མཆོག་གི་གོ་འཕངས་མི་ཤེས་ཕྱིར། ཞེས་པ་ནས། དེ་ཡིས་ཀུན་ནས་མི་ཤེས་སོ། །ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པ་མི་ཤེས་པས་གྲུབ་པའི་མཛའ་དུ་མ་འཛིན་ཅིང་རྩོད་པ་སྟོན་པར་བྱེད་དོ། །ཐེག་ཆེན་ཤིན་ཏུ ་ཡངས་པ་?། ཞེས་པ་ནས། བླ་མ་དེ་ཡིས་འབྲོ་བ་སྒྲོལ། ཞེས་པའི་བར་གྱིས་ནི། གསང་བའི་ཐེག་པ་ཉིད་དུ་བསྟན་པའི་ལྷན་ཅིག་སྐྱེས་པ་བླ་མ་གཅིག་ནས་གཅིག་ཏུ་འོངས་པའི་སྟོན་པ་གང་ཡིན་པའི་བླ་མ་དེས་ཉོན་མོངས་པ་རྩད་ནད་གཅོད་པ་སྟོན ་པར་བྱེད་དོ། །བསྒོམ་བྱ་སྒོམ་བྱེད་འབྲེལ་པའམ། ཞེས་པ་ནས། དོར་བ་ཉིད་དུ་ཡོངས་སུ་བརྟགས་།ཞེས་པའི་བར་གྱིས་ནི། སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ལ་གདམས་པ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཡང་ཞེས་པ་ནས་དེ་ཡིས་ཐམས་ཅད་རྫོགས་པར་འགྱུར། ་ཞེས་པའི་པར་གྱིས་ནི། རྟོག་པའི་ཏིང་ངེ་འཛིན་མ་ལུས་པར་སྟོན་པར་བྱེད་ཅིང། ཞི་ལ་ལྷན་ཅིག་སྐྱེས་པ་མ་ཡིན་པར་སྟོན་པར་བྱེད་དོ། །ཐུབ་པས་སྔོན་དུ་གང་གསུངས་པ། ཞེས་པ་ནས། གང་ཞིག་མཐོང་བས་དེ་བདེན་མིན། ཞེས་པའི་བར་གྱིས་ནི། ཇི་ལྟར་བརྟགས་པ ་དེ་ལྟར་རྟོག་པའི་རྣལ་འབྱོར་བློའི་ཡུལ་དུ་འབྱུང་བར་སྟོན་པར་བྱེད་དོ། །གང་མ་མཐོང་བ་བདེན་ཏེ། ཞེས་པ་ནས། བླ་མ་མཆོག་གིས་སྔོན་གསུངས་པ་།ཞེས་པའི་བར་གྱིས་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོ་རྒྱས་པར་སྟོན་པར་བྱེད་དོ། །དཔལ་ལྡན་རོལ་པའི་ལྷ་མོའི ་དྲིན་གྱིས་ནི་།ཞེས་པ་ནས། ལྷན་ཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན་ཞེས་པའི་བར་གྱིས་ནི། བླ་མ་གོང་མ་ལས་བརྒྱུད་པའི་དབང་གིས་སའི་བདག་པོ་དབང་པོའི་བློས་ཀྱང་ལྕམ་དཔལ་མོ་ལས་རྟོགས་ཤིང་ཁོང་དུ་ཆུད་པ་སྟོན་པར་བྱེད་དོ། །ཐེ་ཙོམ་མེད་གཞན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང། ལྷན་ཅིག་སྐྱེས་པ ་པ་ནས། སྲིད་པའི་མཚོ་ལས་སངས་རྒྱས་བཞིན། ཞེས་པའི་བར་གྱིས་ནི་།བདག་དབང་པོའི་བློ་ཡིས་ཇི་ལྟར་སྤྱད་བལྟར། བདག་ལས་གཞན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང། ལྷན་ཅིག་སྐྱེས་པ་ལ་དེ་ལྟར་འཇུག་པར་བྱེད་ན་ཡང་།སྲིད་པའི་གཟེབ་ལས་གྲོལ་བར ་འགྱུར་རོ། ཞེས་སྟོན་པར་བྱེད་དོ། །བདག་ཉིད་ཀྱིས་ནི་དྲན་དོན་དུ། ཞེས་པ་ནས། བདག་ལ་བཟོད་མཛོད་སེམས་ཅན་ཆེ། ཞེས་པའི་བར་གྱིས་ནི། བདག་གི་གཞུང་བརྩམས་པ་ལ་རང་ཉིད་ང་རྒྱལ་མེད་པའི་ཚུལ་དང་བཟོད་པ་གསོལ་བ་སྟོན་པར་བྱེད་དོ། །གང་ཞིག་ཅུང ་ཟད་འདི་བརྗོད་པས། ཞེས་པ་ནས། ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག། ཅེས་བྱ་བའི་བར་གྱིས་ནི་དགེ་བའི་རྩ་བ་བསྔོ་བ་སྟོན་པར་བྱེད་དོ། །དེ་ལྟར་དོན་མདོར་བསྡུས་ནས། ད་ནི་ཡན་ལག་གི་དོན་འགྲོལ་བར་བྱའོ། །དེ་ལ་དཔལ་ལྡན་རོལ་པའི་ལྷ་མོ་ཆེ། ཞེས་བྱ་བ་ལ་སོགས་པ་སྨོས ་པ་སྟེ། དེ་ལ་བདག་དང་གཞན་གྱི་དོན་བྱེད་ནུས་པ་གང་ལ་ཡོད་པ་དེ་ནི་ཤྲཱི་སྟེ་དཔལ་ཡིན་ལ། དེས་འགྲོ་བའི་དོན་དུ་རོལ་པ་མཛད་ཅིང་ལུས་དག་གི་སྤྱོད་བརླབས་པོ་ཆེའི་རོལ་པ་མཛད་ཅེས་བྱ་བའི་དོན་ཏོ། །ལྷ་མོ་ཞེས་བྱ་བ་ནི་ལུས་ལ་སྐྱེས་པའི་བདེ་བ་ལ་ལོངས་སྤྱོད་ཅིང ་བདེ་བདེ་དང་ལྡན་པ་ལ་ལྷ་ཞེས་དགོངས་སོ། །དེ་ཡང་དཔལ་ཨུ་རྒྱན་གྱི་ཡུལ་ན། རིན་པོ་ཆེས་བརྒྱན་པ་ཞེས་བྱ་བའི་ནགས་ཚལ་དགོན་པ་ཞིག་ན། གསང་བའི་བདག་པོའི་སྤྲུལ་པར་གྱུར་པ། དྲང་སྲོང་འགྲོ་བ་དབུགས་འབྱིན་པ་ཞེས་བྱ་བ་སྐལ་པ་དང་ལྡན་པ་རྣམས་ལྷན་ཅིག ་སྐྱེས་པའི་རིན་པོ་ཆེའི་མན་ངག་གི་རྒྱུད་བསྟན་པར་བྱ་བའི་ཆེད་དུ་བཞུགས་པར་གྱུར་ཏོ། །དུས་དེ་ནས་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་ཞེས་བྱ་བ་ལ། བུ་མོ་རོལ་པ་མོ་ཞེས་བྱ་བ་མཛེས་མ། བལྟ་ན་སྡུག་པ་།སྐྱེས་བུ་ཐམས་ཅད་ཀྱི་ཡིད་འཕྲོག་པ་ཅིག་བཅས?་སོ། །བུ་མོ ་དེ་ཆུང་དུ་ནས་སངས་རྒྱས་ཀྱི་སྒྲ་དང། ཆོས་དང་དགེ་འདུན་ལ་དང་ཅིང་།ལུས་དང་ངག་དང་ཡིད་ཁྱད་པར་དུ་དུལ་བ་དང་ལྡན་ནོ། །དེ་ཆེར་སྐྱེས་ནམ་གཡོག་མོ་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ། རིན་པོ་ཆེས་བརྒྱན་བའི་ནགས་ཚལ་དགོན་པ་ལྟར་དོང་དོང་བ་ལས། དགོན་པ་དེར ་ཕྱིན་པ་ན། དགོན་པ་དེ་ན་དྲང་སྲོང་མདོག་གནག་པ། སྐྲ་ཁམ་པར་འདུག་པ། རྩཝ་དང་ཤིང་ཤུན་ལུས་ལ་གྱོན་པ་འདུག་པ་མཐོང་བ་ལས། བུ་མོ་ལྔ་བརྒྱ་པོ་སྐྲག་པར་གྱུར་ནས་།ེ་མ་གནོད་སྦྱིན་ཨེ་མ་གནོད་སྦྱིན་ཞེས་བྱ་བའི་སྒྲ་སོ་སོ་ནས་བཏོན་ཏོ། །གཞོན་ནུ་མ?་རོལ་པ་མོས ་དྲང་སྲོང་དེ་མཐོང་མ་ཐག་ཏུ། ཡིད་དགའ་བ་དང་བདེ་བ་སྐྱེས་པར་གྱུར་ནས་།བུ་མོ་ལྔ་བརྒྱ་པོ་ལ་སྨྲས་པ་།བུ་མོ་རྣམས་མ་འཇིགས་ཤིག་དང། འདི་ནི་དྲང་སྲོང་ཡིན་ཏེ། གནོད་སྦྱིན་མ་ཡིན་པར་ངེས་སོ། །དེ་ཅིའི་ཕྱིར་ཞེ་ན་།ཁོ་མོས་མཐོང་མ་ཐག་ཁོ་མོས་ཡིད་དགའ་བ་དང་བདེ་བ ་སྐྱེས་པ་ལས་ན། འདི་ནི་གདོན་མི་ཟ་བར་གནོད་སྦྱིན་མ་ལགས་ཀྱིས། ཁོ་མོ་ཅག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ཞིག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཞན་ཡང་ཡུལ་ཁམས་འདི་ནི་དཔལ་ཨོ་ཊི་ཡ་ནི་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན ་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས་ཡིན་ནོ། །ཞེས་གྲགས་པས། གནོད་སྦྱིན་མི་མ་ལགས་པ་འདིར་གནས་པར་མི་འགྱུར་རོ་ཞེས་བསྒོ་བ་དང། བུ་མོ་ལྔ་བརྒྱ་པོ་ཡང་ཡིད་བརྟན་ཞིང་སྐྲག་པ་མེད་པར་གྱུར་ཏོ། །དེ་ནས་གཞོན་ནུ་མ་རོལ་པ་མོས་གཡོག་བུ་མོ་ལྔ་བརྒྱ་དང ་བཅས་པས། དྲང་སྲོང་ལ་མཎྜལ་བྱས་ཏེ་གུས་པ་དང་བཅས་ནས་ཕྱག་བྱས། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །དྲང་སྲོང་ཆེན་པོ་ཁོ་མོ་ཅག་ལ་བསྐྱབས་སུ་གསོལ། །ཁོ་མོ་ཅག་ལ་རྗེས་སུ་གཟུང་དུ་གསོལ། །ཁོ་མོ་ཅག་གི་བདག་ཏུ་ལྟ་བའི་མདུད་པ་གཅད་དུ ་གསོལ། །ཁོ་མོ་ཅག་གི་མི་རིག་པའི་ལིང་ཏོག་བསལ་དུ་གསོལ། ཞེས་པ་དང། བུ་མོ་དེ་དག་ལ་དྲང་སྲོང་གིས་སྨྲས་པ། ཀྱེ་གཞོན་ནུ་མ་རྣམས་ཁོ་བོ་ནི་ཡང་དག་པའི་གནོད་སྦྱིན་ནོ། །ཁོ་བོ་འཁོར་བའི་ཉོན་མོངས་པ་གཅོད་པའི་གནོད་སྦྱིན་ནོ། །ཁོ་བོ་ནི་འགྲོ་བ་རྣམས ་ཀྱི་བདག་ཏུ་ལྟ་བའི་སྲོག་དང་ཕྲལ་ནས་བདག་མེད་པའི་གནས་སུ་འཁྲིད་པར་བྱེད་པའི་གནོད་སྦྱིན་ནོ་ཞེས་བསྒྲགས་ཏེ། བུ་མོ་རོལ་པ་མོའི་སྤྱི་བོར་ལག་པ་གཡས་པ་བཞག་ནས་།བུ་མོ་དྲན་པར་གྱུར་ཏམ། དྲན་པར་གྱུར་ཏམ་ཞེས་བརྗོད་པས་།བུ་མོ་དེས་སྔོན་གྱི ་སྐྱེ་བ་དྲན་ཏེ། སྔོན་གྱི་དགེ་བའི་བཤེས་གཉན་གསང་བའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བར་བྱེད་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་དྲན་པར་གྱུར་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་ནས་བསྐོར་བ་བྱས་ནས་ཞབས་ལ་ཡང་དང ་ཡང་ཏུ་གཏུགས་སོ། །བུ་མོ་ལྔ་བརྒྱ་པོ་ཡང་བུ་མོ་རོལ་པ་མོའི་རྗེས་སུ་སློབ་པར་བྱེད་དོ། །དེ་ནས་དྲང་སྲོང་གིས་སྨྲས་བ་།རོལ་པ་མོ་བུ་མོ་ཁྱོད་ཀྱིས་སྐྱེ་བ་སྔ་མར་ཡིད་ལ་བྱས་ཤིང་གཟུང་བའི་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཡིད་ལ་གྱིས་ཤིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་དང། ཡེ་ཤེས་ཀྱི་དམ་ཚིག་བསྲུང་བར་གྱིས་ཤིག་།བུ་མོ་གཞན་ཡང་རེ་བ་མེད་པའི་བསམ་པ་རྒྱ་ཆེན་པོ་སྐྱེད ་ཅིག་ཅེས་བསྒོ་ནས་དེ་ཉིད་དུ་དྲང་སྲོང་དེ་མི་སྣང་བར་གྱུར་ཏོ། །དེ་ནས་བུ་མོ་རོལ་པ་མོས་ནམ་མཁའ་མཛེས་ཀྱི་གཏེར་ཞེས་བྱ་བ་ནས་།སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མཛའ་ཡས་པ་སྐད་ཅིག་དེ་ཉིད་ལ་ཐོབ་ནས། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང། གསུང་དང་།ཐུགས་དང་ཡེ་ཤེས་ཀྱི་དམ་ཚིག་བསྲུང་ཞིང། བུ་མོ་ལྔ་བརྒྱ་དང་བཅས་པ་ཨུ་རྒྱན་གྱི་ཡུལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས་ན་རྣལ་འབྱོར་གྱི་སྤྱོད་པ་མཛད་ཅིང། སྐལ་པ་དང་ལྡན་པ་རྣམས་ལྷན ་ཅིག་སྐྱེས་པའི་ཏིང་ངེ་འཛིན་།སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་ཡེ་ཤེས་ཀྱི་དམ་ཚིག་དང་ལྡན་པའི་དོན་འདི་སྟོན ་ཅིང་བཞུགས་ཏེ། དེའི་ཚུལ་ནི་དེ་འདྲའོ།། །།དེ་བཞིན་དཔའ་བོ་རྡོ་རྗེ་དཔལ་ཞེས་བྱ་བ་ནི། དེ་ནས་དུས་ཕྱི་མ་ཞིག་ན་།ུ་རྒྱན་གྱི་གནས་དེ་ཉིད་དུ་རྒྱལ་པོ་ཆེན་པོ་དཔའ་བོ་རྡོ་རྗེ་ཞེས་བྱ་བ་།རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་།དཀོན་མཆོག་གསུམ་ལ ་མི་ཕྱེད་མའི་དང་པ་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །རྒྱལ་པོ་བསྙེན་གནས་ཀྱི་སྡོམ་པ་ལ་གནས་ཤིང་སྦྱིན་པ་རྒྱ་ཆེ་བ་ཡང་གཏོང་ངོ། །དུས་དེར་རྣལ་འབྱོར་མ་རླ་པ་མོ། བུ་མོ་རྣལ་འབྱོར་མ་ལྔ་བརྒྱ་དང་བཅས་པ་གདོལ་པ་མོའི་ཆ་བྱང་དུ་བྱས་ནས། རྒྱལ་པོའི་དྲུང་དུ་རྒྱལ་པོ་དེ་ལ་ཕྱག ་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྐལ་པ་དང་ལྡན་པར་གཟིགས་ནས་། དེ་ལ་ཏིང་ངེ་འཛིན་འདི་བསྟན་པའི་ཆེད་དུ་རྒྱལ་པོའི་དྲུང་དུ་གདོལ་པ་མོ་རྣལ་འབྱོར་མ་རྣམས་ཀྱི་སྡུག་བསྔལ་བའི་ཚིག་དང་ལྡན་པས་།སློང་བའི་ཚུལ་དུ་བྱས་སོ། །རྒྱལ་པོས་ཀྱང་གོས་དང་ཁ་ཟས་མང་པོ་བྱིན་པ་ལས་ད་དུང་མདུན་ན ་འཁོད་དོ། གདོལ་པ་མོ་དེ་དག་འཁོད་པན་སྔ་ན་མེད་པའི་དྲི་བསུང་བཟང་པོས་རྒྱལ་པོ་དེའི་ཕོ་བྲང་གང་བར་གྱུར་ཏོ། །རྒྱལ་པོས་འཁོར་མི་རྣམས་ལ་སྨྲས་པ། །ཁོ་བོའི་ཕོ་བྲང་འཁོར་གྱི་སྔོན་མེད་པའི་དྲི་འདི་གང་ལས་བྱུང། མེ་ཏོག་གམ། སྤོས་སམ། ཅི་བསྒོས་ཞེས་བཙལ་དུ་བཅུག་པ་ལས ་མ་རྙེད་དོ། །སྐབས་དེར་གདོལ་པ་མོ་རྣམས་ལངས་ཏེ། འགྲོ་བར་ཆས་པ་ལས་དྲི་མེད་པར་གྱུར་ཏེ། རྒྱལ་པོས་བསམ་པ་གོར་མ་ཆག་པར་དྲི་འདི་ནི་གདོལ་པ་མོ་རྣམས་ལས་བྱུང་བ། འདི་རྣམས་ནི་གདོལ་པ་མོ་མ་ལགས་ཀྱི་ཨུ་རྒྱན་གྱི་གནས་འདི་ན་རྣལ་འབྱོར་མ་རོལ་པ་མོ། རྣལ་འབྱོར་མ་ལྔ་བརྒྱ ་དང་བཅས་ནས་འགྲོ་བའི་དོན་ལ་སྤྱོད་པ་མཛད་ཅེས་གྲགས་པ་འདི་རྣམས་རྣལ་འབྱོར་མ་ཡིན་ནོ་ཞེས་རྟོགས་ཏེ་མཆོད་པའི་ཡོ་བྱད་བཤམས་པ་ལས་།རྣལ་འབྱོར་མ་རྣམས་ཀྱིས་མངོན་དུ་མ་བྱེད་ཅེས་པའི་བརྡས་གོ་བར་བྱས་ནས་མཚན་མོ་ཚོགས་ཀྱི་མཆོད་པ་གྱིས་ཤིག། ཁོ་མོ་ཅག་འོད་དོ་ཞེས་བརྡའ ་མཛད་ནས་དེ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་མཆོག་ཏུ་དགའ་བསྐྱེས་ནས། ཚོགས་ཀྱི་མཆོད་པ་ཆེན་པོ་བཤམས་ནས་འདུག་པ་ལས་།རྣལ་འབྱོར་མ་རྣམས་བྱོན་ནས་རྒྱལ་པོའི་ཚོགས་ཀྱི་མཆོད་པ་ལ་ལོངས་སྤྱོད་ནས། རྒྱལ་པོས་ཀྱང་རྒྱལ་སྲིད་ཀྱི་འབྱོར་བ་རྩཝ་དང་འདྲ་བར་བལྟོས་པ་མེད་པའི ་ཚུལ་གྱིས་རྣལ་འབྱོར་མ་རྣམས་ལ་ཕུལ་བ་དང། རྣལ་འབྱོར་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཉིད་ཀྱིས་རྒྱལ་སྲིད་ཀྱི་འབྱོར་བ་ཟུང་ཞིག། རྒྱལ་པོས་གསོལ་པ། རྒྱལ་སྲིད་ཀྱི་འབྱོར་བས་ཁོ་བོ་འཆིང་བའི་རྒྱུར་མི་འགྱུར་བ་ལགས་སམ། རྣལ་འབྱོར་མ་རྣམས་ཀྱིས་སྨྲས་པ། སེང་གེ་རྣམ་པར་བསྒྱིངས་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། གང་གིས་ཀྱང་འཆིང་བ་མེད་དེ། །བདེ་བར་གཤེགས་པ་རྣམས་ཀྱིས་ཁྱིམ་ལ་གནས་པ་དང་རབ་ཏུ་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྣམ་པ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པས་སྨྲས་པ། སེང་གེ་རྣམ་པར ་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ལགས་ཤིང་ཅི་འདྲ་བ་བདག་ལ་བསྟན་དུ་གསོལ། །རྣལ་འབྱོར་མ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །སའི་བདག་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི། རང་ལས་གཞན་པའི་རི་དགས་ཀྱི་འཇིགས ་བ་འམ། བག་ཆེ་བའམ། སྤུ་ཟིང་ཞེས་བྱེད་པ་འམ། དོགས་པ་ཙམ་ཡང་མེད་ཀྱིས། གཞན་དུ་ན་རང་གི་ཁ་ཟས་ཙམ་ཡིད་ལ་བྱེད་དོ། །སའི་བདག་པོ་དེ་བཞིན་དུ། ཏིང་ངེ་འཛིན་གང་ལ་གནས་ན་རྣམ་པར་རྟོག་པ་དང་མཚན་མའི་འདུ་ཤེས་ཐམས་ཅད་ཟིལ་གྱིས་མནན་ཅིང་དོགས་པ་མེད་པར་གནས་ལ། གཞན ་དུ་ན་དངོས་པོར་ལྟ་བ་རྣམས་བདག་མེད་པ་ལ་འཛུད་པ་ཙམ་ཅིག་ཡིད་ལ་བྱེད་དོ། །སའི་བདག་པོ་དེ་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །ས་ཡི་བདག་པོ་གནོད་སེམས་སྤང་བྱ་སྟེ། །མཁའ་ལ་བྱ་བཞིན་གང་ལམ་ཐོགས་པར། །ཐོགས་མེད་ཏིང་འཛིན་འདི་ལ་རབ་གནས ་ན། །སངས་རྒྱས་བྱེ་བ་ཕྲག་བརྒྱ་ཁྱོང་མཐོང་འགྱུར། ཞེས་གསུངས་ནས། རྣལ་འབྱོར་མ་དེ་དག་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་ཀྱང་སྐད་ཅིག་དེ་ལ་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། རྣམ ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུང་དེ། ཁ་ན་མཐོ་བ་མེད་པའི་རྒྱལ་སྲིད་ཀྱིས་འགྲོ་བ་སྐྱོང་ཞིང། །རྣལ་འབྱོར་གྱི་སྤྱོད་པ་བྱེད་པ་སྐལ་པ་ལྡན་པ་རྣམས་ལ་ཏིང་ངེ་འཛིན་འགི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུངས་དང། ཐུགས་དང། ཡེ་ཤེས ་ཀྱི་དམ་ཚིག་དང་ལྡན་པར་སྟོན་ཏེ། རྣལ་འབྱོར་པ་དེའི་ཚུལ་ནི་དེ་འདྲའོ།། །།དམ་ཚིག་ཅེས་བྱ་རྡོ་རྗེ་དཔལ། ཞེས་བྱ་བ་ནི་རྒྱལ་པོ་དཔའ་བོ་རྡོ་རྗེ་དེ་ཉིད་ཀྱི་བྲམ་ཟེ་མདུན་ན་འདོན། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ཚིག་བདེན་པར་སྨྲ་ཞིང། དམ་བཅས་པའི་དམ་ཚིག་ལས་འདའ་བར་མི ་བྱེད་པ། བླ་མ་ལ་སྲི་ཞུ་བྱེད་པ། ཆོས་དང་འཐུན་པའི་སྨྲང་འདོན་གྱི། ཕུར་བུ་པ་དང་ནི་འཇིག་རྟེན་པའི་སྨྲང་འདོན་པར་མི་བྱེད་པ་ཅིག་གནས་ཏེ། དེས་གཉུག་མར་ཆོས་དང་མཐུན་པའི་སྤྱོད་པ་འབའ་ཞིག་གིས་གནས་ཤིང། རྒྱལ་པོ་མཉེས་པར་བྱེད་ཅིང་རྒྱལ་པོའི་བཀའ་ལས་ནམ་ཡང་འདའ་བར་མི ་བྱེད་པ་ཞིག་གནས་པ་ལས། དེ་ལས་རྒྱལ་པོས་བཀའ་སྩལ་པ། མདུན་ན་འདོན་ཤེས་པར་གྱིས་ཤིག། ཁྱོད་ཀྱིས་དམ་ཚིག་ལ་གནས་པ་ལེགས་སོ། །བདེན་པར་སྨྲ་བ་ལེགས་ཀྱིས་ད་དུང་དམ་ཚིག་ལ་གནས་བར་གྱིས་ཤིག་དང། དམ་ཚིག་གིས་ནི་འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བ་དང། ཀུན ་གྱིས་བཀུར་བར་ཡང་འགྱུར་རོ། །མདུན་ན་འདོན་གྱིས་ཡང་གསོལ་པ། ལྷ་ལགས་དམ་ཚིག་ཅེས་བགྱི་བ་བདེན་པར་སྨྲ་བ་ལགས་སམ། བཀའ་སྩལ་པ། མདུན་ན་འདོན་དམ་ཚིག་འདི་ནི་བདེན་པར་སྨྲ་ཞིང་དམ་བཅས་པ་ལྟར་བྱེད་པའོ། །གསོལ་བ། ་ལྷ་ལགས་བདེན་པར་སྨྲ་བས་འཇིག་རྟེན་འདི་ཡི་བྱ་བ་ཡོངས་སུ་རྫོགས་པ་བདེན་པར་སྨྲ་བའི་དམ་ཚིག་ལགས་ན་།བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པར་འགྱུར་ཞིང་མི་འབྲལ་བར་འགྱུར་པའི་དམ་ཚིག་གང་ཡིན་པ་དེ་དེ་བསྟན་ན། ཁྱོད་ཡིད་ཆེས་པར ་མི་འགྱུར་ལ། དེའི་དབང་གིས་མདུན་ན་འདོན་ཁྱོད་མནར་མེད་པར་སོང་ན་མི་ལེགས་སོ། །གསོལ་པ། སའི་བདག་པོ་ཡིད་མི་ཆེས་པ་མ་མཆིས་སོ། །བཀའ་སྩལ་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུངས་དང། ཐུགས་དང། ཡེ་ཤེས ་མི་ཟད་བ་ཞེས་བྱ་བའི་དམ་ཚིག་ལ་གནས་པར་བྱས་ན། བླ་མ་དང་སངས་རྒྱས་ལ་སོགས་པ་དང་མི་འབྲལ་བར་འགྱུར་རོ། །གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཡང་མཐོང་བར་འགྱུར་རོ། །གསོལ་པ། དམ་ཚིག་དེ་མ ་འཚལ་ལོ། །བཀའ་སྩལ་པ། མདུན་ན་འདོན་ཐོག་མར་ཇེ་རང་གི་སེམས་ལ་སོ་སོར་རྟོགས་ལ། དེའི་རྗེས་ལ་སེམས་དེ་ཡང་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་ཞོག་ཅིག་དང། དེས་ན་དམ་ཚིག་ཐམས་ཅད་ཡོངས་སུ་རྫོགས་ཤིང་།སངས་རྒྱས་ཐམས་ཅད་དང་ཕྲད ་པར་འགྱུར་རོ། །ཞེས་གསུངས་ནས་ཅང་མི་གསུང་བར་གྱུར་ཏོ། །མདུན་ན་འདོན་གྱིས་ཀྱང་དམ་ཚིག་དེ་ཡིད་ལ་བྱས་པ་ཙམ་གྱིས། སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་བར་གྱུར་ཏེ། མདུན་ན་འདོན་དམ་ཚིག་རྡོ་རྗེ་ཞེས ་བྱ་བའི་རྣལ་འབྱོར་བ་དེའི་ཚུལ་ནི་དེ་འདྲའོ།། །།དེ་བཞིན་པདྨའི་རྡོ་རྗེ་དཔལ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་ཡུལ་དེ་ཉིད་ན་ཞིང་པ་པདྨའི་རྡོ་རྗེ་ཞེས་བྱ་བ། སྔ་ནས་བདག་དང་བདག་གིར་འཛིན་པ་ཤས་ཆུང་བ་གཙང་བ་དང། མི་གཙང་བའི ་རྣམ་པར་རྟོག་པ་དང་དམན་པ་ཞིག་གནས་པ་ལས་།དེ་དུས་གཞན་ཞིག་ན་སཱ་ལུའི་ཞིང་རྨེད་པ་ལས་།ཞིང་གི་ལས་ཀྱིས་སུན་པ་གྱུར་ཅིང་སྐྱོ་བ་ཤས་ཆེར་སྐྱེས་ནས། དེས་བསམས་པ་ཨུ་རྒྱན་གྱི་གནས་འདི་ནི་རྣལ་འབྱོར་པས་གང་ཞེས་གྲགས་ན། ཁོ་བོ་ཡང་རྣལ་འབྱོར་ཅིག་ལས་ཡང ་དག་པའི་ལམ་བཙལ་ལ་།རྣལ་འབྱོར་གྱི་སྤྱོད་པ་སྤྱད་པར་བྱའོ། ཞེས་དམ་བཅས་པ་ལས། དེའི་ལྷག་པའི་བསམ་པ་རྒྱ་ཆེན་པོ་དེ་རྣལ་འབྱོར་པ་མདུན་ན་འདོན་གྱིས་མཁྱེན་ཅིང་སྐལ་པ་དང་ལྡན་པར་གཟིགས་ནས། ཞིང་པ་པདྨའི་རྡོ་རྗེ་ག་ན་བ་དེར་བྱོན་ནས། ཞིང་པ་པདྨའི་རྡོ ་རྗེས་མཐོང་ནས། རབ་ཏུ་དགའ་བ་ཐོབ་ནས། རྐང་པ་ལ་སྤྱི་བོས་གཏུགས་ཏེ། འདི་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ་ཆེན་པོ་ཁྱོད་ནི་རྣལ་འབྱོར་པ་འགའ་ཞིག་ལགས་གྲང་ན། ཁོ་བོ་ལ་རྣལ་འབྱོར་གྱི་སྤྱོད་པ་བསྟན་དུ་གསོལ། ཞེས་སྨྲས་པ་དང། མདུན་ན་འདོན་གྱིས་སྨྲས་པ། རིགས ་ཀྱི་བུ་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱོད་པ་རླབས་པོ་ཆེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། རྣལ་འབྱོར་རྟོག་པའི་རླུང་ཚུབ་ཀྱིས་མི་བསྒུལ་བའི་སྤྱོད་པ་ལ་སྤྱད་པར་གྱིས་དང། རྣལ་འབྱོར་པ་མཐར་ཕྱིན་པར་འགྱུར་རོ། ཞེས་བསྒོ་ནས། །རང་གི་རྣལ་འབྱོར་གྱི་གནས་སུ་སོང་བར ་གྱུར་ཏོ། །ཞིང་པ་པདྨའི་རྡོ་རྗེས་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱོད་པ་རླབས་པོ་ཆེ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ། རྣམ་པར་རྟོག་པའི་རླུང་གིས་མི་བསྒྱེལ་བ་ལེགས་པར་རྟོགས་ཤིང། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ཀྱང། སྐད་ཅིག་དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པར་མཐོང ་ཞིང་སྔགས་ཀྱི་ཚུལ་གྱིས་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་གྲུབ་བརྙེད་པ་འབའ་ཞིག་གིས་ཡོངས་སུ་གང་བ་མཐོང་སྟེ། རྣལ་འབྱོར་པ་པདྨའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །དཔལ་ལྡན་ལྷན་ཅིག་སྐྱེས་རྡོ་རྗེ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ན་ཆང་འཚོང་མ་ལྷན་ཅིག ་སྐྱེས་པའི་རྡོ་རྗེ་ཞེས་པ་གནས་པ་ལས། ཆང་ཚོད་མ་དེས་བསམ་པ། ཨེ་མའོ་ཁོ་མ་ནི་རྟག་པར་འཇིག་རྟེན་ཐམས་ཅད་ཀྱི་བྱ་བ་འཆོར་བར་བྱེད་པའི་ཆང་འདི་ལ་སྤྱོད་ཅིང། གཞན་ལ་འཚོང་བ་ནི་ཆ་མ་ཡིན་གྱིས། མ་ལ་ད་ནི་ལྷན་ཅིག་སྐྱེས་པའི་ཆང་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཐམས ་ཅད་ཀྱི་གསོལ་བ་ཞིག་ཡོད་ཀྱང་ཟེར་ལ། དེ་ད་ལྟར་དཔལ་ཨུ་རྒྱན་གྱི་གནས་འདི་ན་བཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་ཅེས་གྲགས་པས། ཁོ་མོས་ཀྱང་རྣལ་འབྱོར་པ་འགའ་ཞིག་ལ་ཆང་དེ་བཙལ་ལ་ལོངས་སྤྱད་ཅིང། གཞན་དག་ལ་ཡང་བསྟན ་པར་བྱའོ། ཞེས་སེམས་ལ་དྲན་ཞིང། ཚིག་ཏུ་ཡང་བརྗོད་ནས་དེ་ཀུན་ཏུ་འགྲོ་ཞིང་ཁོ་མོ་ལ་ལྷན་ཅིག་སྐྱེས་པའི་ཆང་གིས་རོ་བསྟན་དུ་གསོལ་ཞེས་དུས་རྟག་བར་བརྗོད་པ་ལས། དེའི་སེམས་རྒྱ་ཆེན་པོ་དེ་དག་རྣལ་འབྱོར་པ་པདྨའི་རྡོ་རྗེས་མཁྱེན་ཅིང་ཕྱག་རྒྱ་ཆེན་པོའི་འབྲས་བུ ་མངོན་དུ་བྱེད་པར་གཟིགས་ནས། ཆང་འཚོང་མ་གལ་བ་དར་བྱོན་ནས། ཕྱག་བརྐྱང་བ་ཙམ་གྱིས་ཆད་འཚོང་མ་དེ་རབ་ཏུ་དགའ་ནས། རྣལ་འབྱོར་པ་པདྨའི་རྡོ་རྗེའི་ཞབས་ལ་མགོ་བོས་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །སྐྱེས་བུ་ཆེན་པོ་ཁོ་མོ་ལ་ལྷན་ཅིག་སྐྱེས ་པའི་བཏུང་བ་བསྟན་དུ་གསོལ་ཞེས་ཞུས་པ་དང། རྣལ་འབྱོར་པ་པདྨའི་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་སུས་ཀྱང་མ་བྱས་པའི་ཆང། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ་ཟད་པ་མེད་པ། མ་རིག་པའི་གཉིད་སངས་པར་བྱེད་པ། འཁོར་བའི ་འབྲོག་དགོན་པར་དལ་བ་ལས་དབུགས་འདོན་པར་བྱེད་པ་འཐུངས་ཤིག། དེ་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་མི་ཟད་པའི་ཟམ་ཏོག་ཅེས་བྱ་བ་ཡང་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་བྱ་བ་ཡང་ཡིན་ཏེ། རིགས་ཀྱི་བུ་ཏིང་ངེ་འཛིན་དེ ་ལ་མཉམ་པར་ཞོག་དང། གདོང་ལྷན་ཅིག་སྐྱེས་པའི་ཆང་སངས་རྒྱས་རྣམས་ཀྱིས་གསོལ་པ། འགྲོ་བ་ཀུན་ལ་འགྱེད་ནུས་པ་ཁྱོད་ཀྱིས་མྱོང་ཞིང་སྒོམ་པ་ལས་སེལ་བར་འགྱུར་རོ་ཞེས་སྒོ་ནས་རྣལ་འབྱོར་གྱི་གནས་སུ་གཤེགས་སོ། །ཆང་འཚོང་མ་དེས་ཀྱང་ཏིང་ངེ་འཛིན་དེ་ལ ་བཞག་པ་ཅམ་གྱིས་ལྷན་ཅིག་སྐྱེས་པའི་བཏུང་བ་ཟད་པ་མེད་པའི་གཏེར་ཞེས་བྱ་བ་ཉམས་སུ་མྱོང་སྟེ། རྣལ་འབྱོར་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ།། །།དེ་བཞིན་དགའ་བའི་རྡོ་རྗེ་དཔལ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ན། ཐ་ག་བ ་དགའ་བའི་རྡོ་རྗེ་ཞེས་བྱ་བ་རྣལ་འབྱོར་པ་གང་དག་མཐོང་བ་དེ་དག་ལ་དགའ་བའི་སེམས་བསྐྱེད་པ་ཅིག་གནས་པ་ལས། ཐ་ག་བ་ཟླ་བོ་དག་ལ་རྣལ་འབྱོར་གྱི་སྤྱོད་པ་སྤྱད་པའི་སྔགས་པ་འབའ་ཞིག་བརྗོད་ཅིང། བདག་ཉིད་ཀྱང་འདི་ལྟར་སེམས་ཏེ། མ་ལ་བདག་ནི་དཀྱིལ་འཁོར་གྱི ་འཁོར་ལོ་མངོན་དུ་འགྲོ་བས་བླ་མ་དམ་པ་དག་ལས་མངོན་པར་དབང་བསྐུར་བ་ཐོབ་སྟེ། མཚན་མ་མེད་པའི་གནས་ལ་གནས་ཤིང་རྣལ་འབྱོར་པ་དེ་དག་དང་འགྲོགས་ཏེ། དེ་དག་གི་ཞབས་ལ་བསྙེན་བཀུར་བྱེད་ན་ཅི་མ་རུང་ཞེས་ཡིད་ལ་རྟག་ཏུ་བྱེད་པ་ལས། ཐག་པ་དེས་དེ་མ་ཐག་ཏུ་བྱ་བ ་ལྷག་མ་དག་ཡོངས་སུ་སྤངས་ཏེ་བླ་མ་དམ་པ་དག་ལས་ཡོན་སུ་རྙེད། ཡོངས་སུ་རྙེད་ནས། མཚན་མ་མེད་པའི་གནས་པ་ནམ་ཞིག་འགོད་པར་འགྱུར་བའི་བླ་མ་དེ་འདྲ་བ་ཚོལ་ཚོལ་བ་ལས། རྣལ་འབྱོར་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་བྱ་བ། བླ་མ་དམ་པ་རྣམས་བསྙེན་བསྙེན་པ་ཅིག། ད་ལྟར་ཆང་འཚོང ་པའི་གྲོད་ན་རྣལ་འབྱོར་གྱི་སྤྱོད་པ་མཛེད་ཞེས་ཐོས་ནས། རྣལ་འབྱོར་པ་དེས་ཐག་པ་དེའི་སེམས་ཀྱི་རྒྱུན་རྗེས་སུ་རྟོགས་ཏེ། འདི་སྐད་ཅེས། ཀྱེ་ཐ་ག་པ་ཁྱོད་ཀྱིས་བསམ་པ་རྒྱ་ཆེན་པོ་དེ་མཆོག་ཏུ་ལེགས་སོ། །མྱུར་བ་མྱུར་བར་དཀྱིལ་འཁོར་གྱི་འཁོར་ལོ་དམ་པར་ཞུགས་ཤིག་དང། སྐྱེས་བུ་ཆེན ་པོ་ཁྱོད་ཀྱིས་བསམ་པ་རྒྱ་ཆེན་པོ་ཁོ་བོས་མྱུད་དུ་བསྐང་དོ་ཞེས་སྨྲས་པ་དང། ཐ་ག་པ་རབ་ཏུ་དགའ་ནས་ཞབས་ལ་སྤྱི་བོས་གཏུགས་ཏེ། དཀྱིལ་འཁོར་སྔོན་དུ་འགྲོ་བས་མངོན་པར་དབང་བསྐུར་བ་བླངས་པ། ཐག་པ་དེ་ལ་མཚན་མ་མེད་པའི་གནས་ལ་གནས་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ། ་འཇུག་པ། ཡང་དག་པ་ཐོབ་ཅིང་རྣལ་འབྱོར་པ་གཞན་དག་ལ་ཡང་བསྙེན་བཀུར་ཅིང། ཐག་པའི་ཚུལ་སྤྱོད་ཅིང། །རྣལ་འབྱོར་གྱི་སྤྱོད་པ་བྱེད་དེ། རྣལ་འབྱོར་དགའ་བའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ།། །།རྡོ་རྗེ་དང་ལྡན་བྲམ་ཟེ་མོ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ན། བྲམ་ཟེ་མོ་རྡོ་རྗེ་ཞེས་བྱ་བ ་ཁྲུས་དང་གཙང་སྒྲ་མཐར་ཕྱིན་པ། ཁྲུས་དང་གཙང་སྒྲ་དེ་ཙམ་གྱིས་དག་པ་དང་གྲོལ་བར་འཛིན་པ་ཞིག་གནས་པ་ལས་དེ་དུས་གཞན་ཞིག་ན། འཇུག་དོགས་ན་ཁྲུས་བྱེད་ཅིང། དེའི་མཐར་རང་གི་སྡུག་པའི་ལྷ་ལ་མཆོད་པ་བྱེད་ཅིང་གནས་པ་ལས་རྣལ་འབྱོར་པ་དགའ་བའི་རྡོ་རྗེ་ཞེས་བྱ་བ་དེས་བྲམ་? ་མོ་དེའི་སྔ་ཕྱིའི་ལོ་རྒྱས། ཐ་ག་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་ཐོས་ཏེ། བྲམ་ཟེ་མོ་དེ་རྗེས་སུ་གཟུང་བར་བཞེད་དེ། བྲམ་ཟེ་མོ་དེའི་འཇུག་དོགས་སུ་ཐ་ག་པ་དེ་སོང་བ་དང། བྲམ་ཟེ་མོ་དེ་ཡང་དེ་ན་ཁྲུས་བྱེད་པ་དང་ཕྲད་དེ། བྲམ་ཟེ་མོ་དེ་ལ་འདི་སྐད་ཅེས་སྨྲ་སོ། །ཅི་བྲམ་ཟེ་མོ་ཁྱོད་དེ ་ལྟར་ཁྲུས་བྱས་པས་ཕྱིའི་དྲི་མ་འབའ་ཞིག་དག་པར་ལྟ་བ་འམ། འོན་ཏེ་ནང་ཡང་དག་པར་བལྟ། བྲམ་ཟེ་མོས་སྨྲས་པ། གཉིས་ཀ་དག་པར་བལྟ་སྟེ་ལེགས་ལྡན་ཆེན་པོ་ཚངས་པས་ཀྱང་དེ་སྐད་ཅེས་བསྟན་ཏེ། །རྣལ་འབྱོར་པ་དགའ་བའི་རྡོ་རྗེས་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱིས་ཕྱིའི་དྲི་མ ་དག་པ་ལ་ནི་ཁོ་བོ་མི་འགེགས་ཀྱི། གལ་ཏེ་ཁྱོད་ཀྱི་ཕྱིའི་ཁྲུས་ཀྱི་ནང་གི་བདག་ཉིད་ཅན་ཡང་དག་པར་འདོད་པ་ལྟ་ན་ནི་ཁོ་བོ་དག་པར་མི་འདོད་དེ། དེ་ཡང་ཇི་སྐད་དུ་།གལ་ཏེ་ཁྲུས་གྱིས་དག་ལྟ་ན། ཉ་པ་རྣམས་ཀྱང་དོན་བྱས་ཤིང། །ཉིན་དང་མཚན་དུ་གནས་པ་མི། །ཉ་པ་ལ་སོགས ་སྨོས་ཅི་དགོས། ཞེས་གསུངས་ལ། གཞན་ཡང་སཱ་ལུའི་ས་བོན་ལས་ནི་སཱ་ལུ་ཉིད་འབྱུང་གི་།ཁྲེ་རྒོད་ནི་མ་ཡིན་ནོ། །བྲམ་?་མོ་དེ་བཞིན་དུ་ཉོན་མོངས་པའི་གཞི་ལས་ཉོན་མོངས་པ་ཉིད་སྐྱེའི། །རྣམ་པར་བྱང་བ་ནི་མ་ཡིན་ནོ། །ཁྲམ་ཟེ་?་སྨྲས་པ། འོ་ན ་གང་གིས་ནང་གི་བདག་ཉིད་དག་པར་འགྱུར་པའི་ཁྲུས་དེ། ཁོ་མོ་ལ་བསྟན་དུ་གསོལ་།རྣལ་འབྱོར་པས་སྨྲས་པ། གང་ལུས་དང་དག་གི་འབད་པ་མེད་པའི་ཁྲུས་ཀྱིས་དག་པར་གྱིས་ཤིག་དང། ཁྱོད་ཀྱི་ཕྱི་ནང་མ་ལུས་པར་དག་པར་འགྱུར་རོ། །སྨྲས་པ་སྐྱེས ་བུ་ཆེན་པོ་དེ་ལྟ་བུའི་ཁྲུས་དེ་ཁོ་མོས་མི་འཚལ་གྱིས། ལེགས་པར་བསྟན་དུ་གསོལ་ཞེས་སྨྲས་ནས། སྙིམ་པ་མེ་ཏོག་གིས་བཀང་སྟེ། །རང་ཉིད་ཀྱི་སྟོད་གཡོགས་དང་བཅས་པ་ཕུལ་ལོ། །རྣལ་འབྱོར་པས་སྨྲས་པ། བྲམ་ཟེ་མོ་ན་མཁའ་ཡོངས་སུ་དག་པའི་དབྱིངས་ནས་སྤྲིན་དག་བྱུང་ནས ་དེ་ཉིད་དུ་ཐིམ་པའམ། ཆུ་ཀླུང་ཡོངས་སུ་དངས་པ་ལས་ཉ་དག་བྱུང་བ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་མོ་མོ་ཁྱོད་ཀྱི་སེམས་ལ་ལྟ་བར་གྱིས་དང། གདོང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཆུ་ཞེས་བྱ་བས་བདག་ཏུ་ལྟ་བའི་དྲི་མ་མ་ལུས་པར་འདག་པར་འགྱུར་རོ་ཞེས་བསྒོ་ནས། ? ་གི་གནས་སུ་དེངས་ཏེ། བྲམ་ཟེ་མོ་ངེས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། བདག་ཏུ་ལྟ་བའི་དྲི་མ་ཅན་གྱི་བྲམ་ཟེ་གཞན་རྣམས་ཀྱང་འདྲེན་ཅིང་གནས་ཏེ། བྲམ་ཟེ་མོ་དེའི་ཚུལ་ནི་དེ་འདྲའོ།། །།དེ་བཞིན་གྲུབ་པའི་རྡོ་རྗེ ་དཔལ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ན། འདྲེག་མཁན་གྲུབ་པའི་རྡོ་རྗེ་ཞེས་བྱ་བ་གནས་པ་ལས། དེ་དམན་པའི་ལུས་ཀྱིས་ཡིད་བྱུང་ནས། བྲམ་ཟེ་མོ་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་མ་ཞིག་ཡོད་པ་ཐོས་ནས། དེའི་དྲུང་དུ་ཕྱིན་པ་དང། རྣལ་འབྱོར་མ་དེས་ཀྱང་དེའི་བསམ་པ ་རྟོགས་ནས་དེ་ལ་གསོ་སྤྱོད་གི་སྡོམ་པ་བྱིན་ཏེ། མཐར་གྱིས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་འདུས་པ་ཞེས་བྱ་བའི་དཀྱིལ་འཁོར་དུ་བཀོད་ཅིང་།རྟོགས་པའི་རྣལ་འབྱོར་ལ་མཐར་ཕྱིན་པར་གྱུར་ཏེ་།དེའི་སེམས་ཀྱི་མོས་བ་དང་ལྷག་པའི་བསམ་པ་རྒྱ་ཆེན་པོ་རྣལ ་འབྱོར་མ་དེས་མཁྱེན་ནས། འདྲེག་མཁན་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ནས། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་སྐད་ཅིག་ཙམ་གྱིས་བསྟན་པ་དང། འདྲག་མཁན་དེས་ཀྱང་སྐད་ཅིག་དེ་ཉིད་ལ་ཏིང་ངེ་འཛིན་དེ་?་བྱས་བཙམ་གྱིས་ལྷའི་མིག་ལ་སོགས་པ་མངོན ་པར་ཤེས་པ་དང་ཡང་ལྡན་ལ། རྣལ་འབྱོར་གྱི་སྤྱོད་པ་འགྲོ་བ་གཞན་གྱི་དོན་མཛད་ཅིང་གནས་ཏེ། རྣལ་འབྱོར་པ་གྲུབ་པའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །དཔལ་ལྡན་གཤིན་?་རྒྱལ་པོ་འདི་ཞེས་བྱ་བ་ནི་ཁ་དོ་དུ་བརྗོད་པའི་ལྷན་ཅིག་སྐྱེས་བའི་ཏིང་ངེ་འཛིན། སངས་རྒྱས་ཐམས་ཅད ་ཀྱི་ཡུལ་ལ་ཨའ་ཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཐ་སྙད་སྣ་ཚོགས་པས་མཚོན་པ་འདི་ཉིད་དེ་།ཏིང་ངེ་འཛིན་འདི་ཉིད་ཀྱིས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་ཏུ་རྟོག་པའི་བགེགས་མཐར་བྱེད་པའི་ཕྱིར་རོ། །དེ་བས་ན་གཤིན ་རྗེ་སྟེ། གང་ལ་གཤིན་རྗེའི་དང་ཚུལ་ཡོད་པ་དེ་ནི་གཤིན་རྗེ་ཞེས་བྱ་ཞིང། དེས་བདག་ཅག་རྣམས་ཀྱི་དཔལ་དུ་བྱེད་པས། དཔལ་གཤིན་རྗེའི་རྒྱལ་པོ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་བྱེད་པའི་སྒྲ་རུ་སྦྱར་ཏེ། འདི་ལྟར་དཔལ་ལྡན་འཁོར་ལོའི་མངོན་བརྗོད་པས། ཞེས་བྱ་བས། ། ་སྲིད་པའི་འཁོར་ལོ་གང་ཞིག་དཔལ་གྱི་འབྱོར་པ་ཕུན་སུམ་ཚོགས་པར་མངོན་པར་བསྟོད་ཅིང་སྟོན་པ་སྟེ། འཁོར་ལོའི་ནི་ལས་སུ་བྱ་བའི་ཚིག་གོ། དེ་བས་ན་དཔལ་ལྡན་འཁོར་ལོའི་མངོན་བརྗོད་པ་ཞེས་བྱའོ། །བླ་མ ་དགེ་སློང་གཉིད་ལོག་པ། ཞེས་བྱ་བ་ནི། སའི་བདག་པོ་དབང་པོའི་བློ་རྒྱལ་སྲིད་ཀྱི་འབྱོར་བས་།རབ་ཏུ་གཡེངས་པར་གྱུར་པ་ལས། དཔལ་མོ་བདག་གིས་རྒྱལ་སྲིད་ཀྱི་འབྱོར་པ་སྤོང་བ་ལ་བཀོད་དེ། ཤཱཀྱའི་དགེ་སློང་གྱིས་ཞེས་བསྒོས་ནས། དེས ་ཀྱང་རྒྱལ་སྲིད་ཀྱི་འབྱོར་པ་མཆིལ་མའི་ཐལ་བ་ལྟར་བོར་ནས། དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་གི་དངོས་པོར་གྱུར་ནས་།ཆོས་གོས་ངུར་སྨྲིག་ཡང་དག་པར་བླངས་ཏེ། མཁན་པོ་དང་སློབ་དཔོན་གྱི་རྗེས་སུ་ཡང་དག་པར་སློབ་པ་ལས། ་ད་དུང་སློབ་དཔོན་དང་མདུན་ན་འདོན་ལ་སོགས་པས་བསྙེན་བཀུར་ཞིང་རྗེས་སུ་འབྲངས་པ་ལས། དེའི་དགེ་བའི་ཕྱོགས་ཀྱི་བགེགས་སུ་གྱུར་ཏོ། །དུས་དེ་ན་ཁོ་མོ་དཔལ་གྱི་རི་ཞེས་བྱ་བ་ལ་གནས་པ་དང། དཔལ་མོས་ལྟོས་ཤིག་ས་བདག་ལྟོས། །མི་དབང ་ས་བདག་མིང་པོ་ལྟོས། །ད་དུང་རྒྱལ་སྲིད་འབྱོར་བ་ཡིས། །མི་དབང་རྣལ་འབྱོར་གེགས་བྱེད་དོ། ཞེས་ནམ་མཁའ་ལ་སྒྱུར?་གྲགས་པར་གྱུར་ཏོ། །དེ་མ་ཐག་ཏུ་ཁོ་མོས་དཔལ་ཨུ་རྒྱན་གྱི་གནས། མི་དབང་དགེ་སློང་ག་ལ་བ་དེར་ཕྱིན་ནོ། །གཞན་གྱིས ་རིག་པར་ཡོངས་མ་གྱུར། །བོ?་མོའི་རྐང་པར་དེ་བཏུང་ནས། ། ཧོ་ལཀྵྨི་མ་ཞེས་ཀྱང་བརྗོད། །དགའ་བའི་མདངས་ཀྱིས་མི་ཏོག་གཏོར། །དེ་ལ་ཁོ་མོས་འདི་སྐད་ཅེས། །ཀྱེ་དབང་པོ་བློ་ཁྱོད་རྒྱལ་པོ་འབྱོར་བས། འཁོར་བའི་གཡངས་ཆེན་པོར་ཁྲིད་པའི་གནས ་ཡོངས་སུ་དོར་ལ། དགེ་སློང་གི་དངོས་པོ་ཟུང་ཅིག་ཅེས་བསྒོ་བ་ཡིན་ནོ། ཅི་ག་ང་དུང་དགེ་སློང་དུ་གྱུར་ཀྱང་འདོར་བར་མི་བྱེད་དམ་ཞེས་སྨྲས་སོ། །དགེ་སློང་དེས་ཁོ་མོ་ལ་འདི་སྐད་ཅེས། ཀྱེ་སྲིང་མོ་བདག་གིས་ནི་རྒྱལ་སྲིད་འཆིལ་མའི་ཐལ་བ་ལྟར་བོར ་ལགས་ཀྱིས་ཀྱང། སྐྱེ་བའི་ཚོགས་ཆེན་པོ་འདི་དག་ནི་ད་ལྟར་ན་བདག་གི་སླང་བཞིན་འབྲང་བ་ལགས་ན། དེ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི་བ་གསུངས་ཤིག་ཅེས་ཟེར་བ་ལས། ཁོ་མོས་དེ་ལ་དུར་ཁྲོད་དུ་སོང་ལ་དེ་ཉིད་ཡིད་ལ་བྱོས་ཤིག་ཅེས་བསྒོ་བ་ན། ་དགེ་སློང་གིས་བདག་གི་དག་གི་རྗེས་སུ་ཞུགས་ཏེ་མཚན་ཕྱེད་ན་ལངས་ཏེ། མཁན་པོ་དང་དགེ་འདུན་ལ་སོགས་པས་དུར་ཁྲོད་དུ་གནས་པའི་བགེགས་བྱེད་པའི་འཇིགས་པ་དང་ལྡན་པས་མཁན་པོ་དང་སློབ་དཔོན་ལ་སོགས་པ་གཉིད་ཀྱིས་ཡོངས་སུ་ནོན་པ་གང ་ན་བ་ངར་སོང་སྟེ། །དེ་དག་གིས་མི་ཚོར་བའི་ཚུལ་དུ་རྐང་པ་ལ་གཏུགས་ནས། གཙུག་ལག་ཁང་ལ་བལྟོས་པ་མེད་པར་དུར་ཁྲོད་དུ་སོང་སྟེ་།དེ་ཉིད་ཡིད་ལ་བྱེད་ཅིང་གནས་པ་ན། རྒྱལ་པོའི་བཙུན་མོའི་ཆོགས་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་དེའི ་སེམས་ཀྱིས་ལྷག་པའི་བསམ་པ་བརྟན་ནམ་མི་བརྟན་ཞེས་ཅོ་འདྲི་བར་བསམས་པ་ལས། དགེ་སློང་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་ལ། བྱེད་པའི་སྟོབས་ཀྱིས་སྔགས་འཆང་མ་རྣམས་ཀྱིས་མཐོང་བར་མ་གྱུར་ཅིང། ་དགེ་སློང་དེའི་ལབ?་ཙམ་ཅིག་སྣང་བ་ལ་འདི་སྐད་ཅེས་བརྗོད་དེ། ཨེ་མ་ཤཱཀྱའི་དགེ་སློང་དག་ནི་གཡོ་ཆེ་སྟེ། ལ་བ་ལྟར་ལུས་བསྒྱུར་བ་ཡིན་གྲང། ལ་བ་འདི་ཉིད་བཟའ་འོ་ཞེས། ལབ་དུམ་བུར་བྱས་ཏེ་ཁར་སོ་སོར་བཅུག་པ་ལས། སྔགས་འཆང་མ་དེ་རྣམས་མ་ལུས་པ ་ལུག་ལྟ་བུར་གྱུར་ཏེ། ཡུལ་བར་ནས་རྒྱལ་པོའི་ཐད་དུ་ལྟགས་ཏེ། འདི་སྐད་ཅེས་ཀྱི་རྒྱལ་པོ་བདག་ཅག་རྣམས་དགེ་སློང་དུར་ཁྲོད་པས་འདི་ལྟར་བགྱིས་ཏེ། ཨེ་མ་ཀྱི་ཧུད་རྒྱལ་པོས་སྐྱབ་དུ་གསོལ་ཞེས་བརྗོད་དོ། །རྒྱལ་པོས་བཙུན་མོ་རྣམས་མཐོང་བསམ་ངན་གྱིས་གདུད ་ནས་དགེ་སློང་ག་ལ་བ་དེར་ཁྲིད་དེ་ཞབས་ལ་གཏུགས་ནས། འདི་སྐད་ཅེས་འཕགས་པའི་རྣལ་འབྱོར་ལ་ཅོ་དྲི་བ་བཟོད་པར་གསོལ་ཞེས་སྨྲས་པ་དང། དགེ་སློང་གིས་རྒྱལ་པོ་དེ་ལ་འདི་སྐད་ཅེས། ཀྱེ་རྒྱལ་པོའི་བཙུན་མོ་འདི་དག་གིས་ཁོ་བོའི་ལ་བཟོས་པ་ཕྱིར་བྱིན ་ཅིག་ཅེས་སྨྲས་པ་དང། དེ་དག་གིས་ལ་བའི་དུམ་བུ་རྣམས་ཕྱིར་སྐྱུགས་ཏེ། སྔོན་ཇི་ལྟ་བ་བཞིན་སྒྲུབས་ནས་ཕུལ་བ་ཙམ་གྱིས་ཀྱང་ལུག་ལྟ་བུའི་དངོས་པོ་ལས་སླར་ལོག་པར་གྱུར་ཏེ། དགེ་སློང་རྣལ་འབྱོར་པ་དེ་ལ་གཞན་དག་ཏུ་ལ་བ་པ་ལ་བ་པ ་ཞེས་ཀྱང་གྲགས་ཏེ། ཏིང་ངེ་འཛིན་དེའི་བྱིན་གྱིས་རླབས་ནི་དེ་དང་འདྲའོ།། །།དེ་བཞིན་གཞན་ཡང་གང་ཞིག་ལྔ་ཞེས་བྱ་བ་ནི། གོང་དུ་བརྗོད་པའི་རྣལ་འབྱོར་པ་རྣམས་ལ། རང་ལས་བྱུང་བའི་བདེ་བ་དང་ལྡན་པས་ལྷ་ཡིན་ལ། དེ་ལས་གཞན་པའི་ལྷའི ་རྣལ་འབྱོར་པ་གཞན་ཡང་ཡོད་དེ། དཔལ་ལྡན་ཀུན་འགྲོའི་མགོན་པོ་དང། ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་གནས་འདི་ཉིད་ན། དཔལ་ཀུན་འགྲོའི་མགོན་པོ་ཞེས་བྱ་བའི་རྣལ་འབྱོར་པ་ཞིག་དཔལ་ཨུ་རྒྱན་གྱི་གནས་ཀུན་ཏུ་འགྲོ་ཞིང། དེ་ཁོ་ན་ཉིད་ཆོལ་ཚོལ་བ་དང། ་རྣལ་འབྱོར་པ་གྲུབ་པའི་རྡོ་རྗེ་ཞེས་བྱ་བའི་དྲུང་དུ་ཕྱིན་ཏེ། ལོ་དུ་མ་བསྙེན་བཀུར་ནས། དེ་ཁོ་ན་ཉིད་སྩལ་དུ་གསོལ་ཤེས་གསོལ་བ་དང། རྣལ་འབྱོར་པ་དེས་འདི་སྐད་ཅེས། རིགས་ཀྱི་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད ་ནི་འབད་པ་དང། ཡི་གེ་དང་བརྡའ་དང། བརྗོད་པ་དང། སྒྲའི་ཡུལ་མ་ཡིན་ཏེ། དེ་ཁོན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ཡིན་པས། འབད་པ་དང་།ཡི་གེ་དང་།བརྡར་དང་།སྒྲ་བརྗོད་པ་དང་སྒྲས་རྙེད་པར་མི་འགྱུར་རོ། །ཞེས་བརྗོད་མ་ཐག་ཏུ་ཏིང་ངེ་འཛིན་དེ་ཉིད ་མངོན་པར་གསལ་བར་གྱུར་ཏེ། རྣལ་འབྱོར་པ་ཀུན་འགྲོ་མགོན་པོའི་ཚུལ་དེ་འདྲའོ།། །།དེ་བཞིན་དཔལ་ལྡན་ཐུགས་རྡོ་རྗེ་ཞེས་བྱ་བ་ནི། དཔལ་ཨུ་རྒྱན་གྱི་ཡུལ་འདི་ཉིད། །རྣལ་འབྱོར་པ་ཐུགས་རྡོ་རྗེ་ཞེས་བྱ་བ་བདག་དང་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུན་ལ་ཀུན་ཏུ ་སྤྱོད་ཅིང་སེམས་ཀྱི་རང་བཞིན་ཚོལ་ཏེ། རྣལ་འབྱོར་པ་དག་གི་དྲུང་དུ་འགྲོ་ཞིང་སེམས་ཀྱི་རང་བཞིན་ཅི་འདྲ་བའི་མན་ངག་ཞུ་བ་དང། དེས་རྣལ་འབྱོར་བ་ཀུན་འགྲོ་མགོན་པོ་ཞེས་བྱ་བ། འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུན་ལ་མཁས་པ་ཞིག་ཡོད་ཅེས་ཐོས་ཏེ། དེ་ག་ན་བ་དེར་སོང ་ནས་རྣལ་འབྱོར་པ་དེ་ལ་ཇི་ལྟ་བའི་བསྙེན་བཀུར་ཕུལ་ནས་སེམས་ཀྱི་རང་བཞིན་དྲིས་པ་དང། རྣལ་འབྱོར་པ་ཀུན་འགྲོ་མགོན་པོས་འདི་སྐད་ཅེས་རིགས་ཀྱི་བུ་དཔེར་ན་ནམ་མཁའ་ནི་ཁ་དོབ་མ་ཡིན། དབྱིབས་མ་ཡིན། ཚད་མ་ཡིན། བསྟན་དུ་མེད་པ། རྫས་སུ་གྲུབ་པ་མེད་པའོ་།རིགས་ཀྱི་དུ་དེ་བཞིན་དུ་འགྲོ ་བ་རྣམས་ཀྱི་སེམས་ཀྱི་རྒྱུན་གྱི་རང་བཞིན་ཡང། ནམ་མཁའ་ལྟར་ཁ་དོག་མ་ཡིན། དབྱིབས་མ་ཡིན། ཚད་མ་ཡིན། བསྟན་དུ་མེད་པ། རྫས་སུ་གྲུབ་པ་མེད་པའོ་ཞེས་བརྗོད་པ་ཙམ་གྱིས་།རྣལ་འབྱོར་པ་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ཡང་ཤེས་ཁོང་དུ་ཆུང་ལ། འགྲོ་བ་རྣམS། ་ཀྱི་སེམS་ཀྱི་རང་བཞིན་ཡང་ཇི་ལྟ་བ་བཞིན་དུ་ཤེས་པར་གྱུར་ཏེ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་དེའི་ཚུལ་ནི་དེ་འདྲའོ།། །།དེ་ལྟར་ཁོ་མོས་ཀྱང་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་།བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛད་ཀྱི་གཏེར་ཞེས ་བྱ་བ། འགྲོ་བ་ཐམས་ཅད་ཀྱི་རྒྱུན་རྟོགས་པར་བྱེད་པ་འདི་ཚོལ་བ་ལས། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ཞིག་ཏིང་ངེ་འཛིན་འདིའི་རང་བཞིན་ལ་མཁས་ཞེས་བྱ་བ་ཐོས་ནས། དེའི་དྲུང་དུ་ཕྱིན་ཏེ་ཁོ་མོས་ལོ་དུ་མར་མཆོག་གི་རྣལ་འབྱོར་པ་དེའི་ཞབས་ལ་བསྙེན་བཀུར་ཏེ། ་དེའི་མཐར་ཏིང་ངེ་འཛིན་དེ་གནང་ནས་ཁོ་མོས་དཔལ་གྱི་རིལ་ཡིད་ལ་བྱས་པ་ལས་མངོན་དུ་གྱུར་པ་ཡིན་ཞིང། སའི་བདག་པོ་དབང་པོའི་བློ་ལ་རྣམ་གྲངས་དུ་མས་བསྟན་ཅིང་ཁོང་དུ་ཆུང་བར་བྱ་སྟེ། རྒྱལ་སྲིད་ཀྱི་འབྱོར་པ་དང་བྲལ་ནས་།དུར་ཁྲོད་དུ་བསྟེན་པ་ལས་མངོན་དུ་གྱུར་པ་ཡིན་ནོ། ་དེ་ལྟར་བརྗོད་པའི་རིམ་པས་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་འདི་ནི་རྙེད་པར་དཀའ་ལ། ཉན་ཐོས་དང་རང་སངས་རྒྱས་དང། བྱིས་པ་ཕལ་པ་རྣམས་ཀྱིས་རྙེད་པར་རབ་ཏུ་དཀའ་ཞིང། བླ་མ་ལེགས་པར་བསྟེན་པ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་དགོངས་སོ། །དཔལ ་ལྡན་རོལ་པའི་ལྷ་མོ་སོགས། །ཡང་དང་ཡང་དུ་ཀུན་ལ་འདུད། །ཅེས་བྱ་བ་ནི། སའི་བདག་པོ་དབང་བོའི་བློས་ལྷན་ཅིག་སྐྱེས་པའི་གཞུང་གི་དུམ་བུ་ལྔ་བཅུ་རྩ་བརྒྱད་པོ་འདི་རྩོམ་པར་འདོད་པས། བར་དུ་བགེགས་མི་འཇུག་པར་བྱ་བའི་ཕྱིར་དང། ཚོགས་བསགས་པའི ་ཕྱིར་སྔོན་གྱི་བླ་མ་དཔལ་ཨུ་རྒྱན་གྱི་གནས་ན་བཞུགས་པའི་རྣལ་འབྱོར་ཆེན་པོ་རྣམས་ལ་གུས་པའི་ཚུལ་གྱིས་མཆོད་པར་བརྗོད་པ་ཡིན་ནོ། །དེ་རྣམས་ཞབས་ལ་ཕྱག་བྱས་ནས། །གཞུང་ལུགས་མཛའ་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི། །བླ་མ་རྣལ་འབྱོར ་ཆེན་པོ་དེ་རྣམ་ལ་ཕྱག་བྱས་ནས་།ལྷན་ཅིག་སྐྱེས་པའི་མན་ངག་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་ཕྱུང་བ་རྙེད་པར་དཀའ་བའི་ཚུལ་བདག་གིས་གསལ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ། ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་འགྲོ ་བ་ཀུན་ལ་ཁྱབ་པར་གནས་པར་སྟོན་ཏེ། །འདི་ལྟར་རེ་ཞིག་ལྷན་ཅིག་སྐྱེས་པའི་རང་བཞིན་གང་ཞིག་མ་ཤེས་པ་དེ་ནི་སྡུག་བསྔལ་དང་མཚུངས་པར་ལྷན་ཅིག་སྟེ། དེ་བས་ས་ཧ་ཇི?་ཞེས་བྱ་ལ། དེ་ཡང་འདི་སྐད་དུ་།འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེའི་རྒྱུད་ལས། ་ལུས་ཅན་ཐམས་ཅད་སྡུག་བསྔལ་ལོ། །ཧ་ཞེས་སྨྲེ་སྔགས་འདོན་ཞིང་འབྱུང། །རྒ་ཤིའི་རང་བཞིན་ལུས་ཅན་རྣམས། །དེ་ལྟར་སྡུག་བསྔལ་དང་མཚུངས་སྐྱེ། །ཡང་ལུས་ཅན་ཐམས་ཅད་སྐྱེ་བ་ན་།ཧ་ཞེས་སྲོག་རླུང་ཕྱིར་འབྱུང་ལ། །རྒ་ཤིང་ཡི་དབང་གིས ་འབྱུང?་།དེ་ཕྱིར་རྒ་ཤི་མེད་ལ་འབད། །ཡང་ཁུ་བའི་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཧ་ཞེས་དབུགས་ཀྱིས་ན། །དབང་པོའི་ལམ་ནས་འཛག་པར་བྱེད། །གང་དེས་སྐྱེ་དང་འཆིབ་གནས། །ཡང། ལུས་ཅན་འདི་དག་ཐམས་ཅད་ནི། །ང་ཞེས་ང་རྒྱལ་གྱིས་བཅིངས་ཏེ། །རིགས ་སུ་བཟུང་བས་འཕུང་གྲོལ་བྱེད། །དེ་བས་བདག་འཛིན་རྣམ་སྤང་བྱ། །ཞེས་གསུངས་ལ། གཞན་ཡང་སྡུག་བསྔལ་གྱི་ཕུང་པོ་དེ་དག་ལས་གོ་བཟློག་སྟེ། གཟོད་མ་ནས་ལྷན་ཅིག་སྐྱེས་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་སྐྱེས་བུ་གང་ཞིག་གནས་པ ་དེ་ལྟ་ན་ནི། ཞི་བའི་བདག་ཉིད་དུ་ལྷན་ཅིག་གནས་པ་ཡིན་ཏེ། ཡང་ཇི་སྐད་དུ། འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེའི་དེ་ཉིད་ལས། །ཐམས་ཅད་གཟོད་ནས་བདག་ཉིད་གནས། །ཧ་ཞེས་རོལ་ཅིང་དོད་པས་གནས། །དྲ་ཤི་མེད་པར་དེ་གནས་ཤིང། །ལྷན་ཅིག ་སྐྱེས་པས་རྣམ་པར་རོལ། །ཡང་ལུས་ཅན་འདི་དག་ཐམས་ཅད་ནི། །འདི་ཉིད་ཀྱིས་ནི་དབུབས་འབྱིན་ཅིང། །དངོས་མེད་གཞི་ལས་སྐྱེས་པར་བྱེད། །དེ་འདི་ལྷན་ཅིག་སྐྱེས་བ་ཡིན། །ཡང། འགྲོ་ཀུན་གཟོད་མ་ཉིད་ནས་སྟོང། །རྒྱུ་རྐྱེན་གང་གིས་སྟོང་མ་བྱས། །འདི་ལས ་སྐྱེ་རྒ་ཡོད་མ་ཡིན། །ལྷན་ཅིག་སྐྱེས་པར་དེ་ལྟར་བརྗོད། །ཅེས་གསུངས་སོ། །དེ་བས་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་སྒྲའི་དོན་ནི་དེ་ལྟར་རྟོགས་པར་བྱ་བའི་དོན་ཏོ། །རྟག་ཏུ་འབྱུང་ཞིང་རང་ལ་གནས། ཞེས་བྱ་བ་ནི། གོང་དུ་བརྗོད་པའི་རིམ་པ་ད་ལྟར་ལུས་ཅན་ཀུན་ལ་གནS ་སོ་ཞེས་པའི་དོན་ཏོ། །དུས་ཀུན་ཏུ་ནི་མི་ཟད་པ་ཞེས་བྱ་བ་ནི། །དེ་ལྟར་གོང་དུ་བརྗོད་པའི་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད། གནས་སྐབས་རྣམ་པ་གཉིས་པོ་ཟད་ཅིང་དེ་ངེས་པ་ཡིན་ལ། དེ་ལ་ཅིག་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བའི ་རང་བཞིན་ནི། །རྟོག་པས་བརྟགས་པ་སྤངས་པ་ཉིད་ཅེས་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་གང་ཡིན་པ་དེ་ནི་རྟོག་པའི་རྣལ་འབྱོར་གྱིས་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་དང་ཕྱི་རོལ་ནང་ན་གནས་ཞེས་བྱ་བ་ནི། མ་བརྟགས་པའི་དེ་ཁོ་ན་ཉིད་རྒྱུ་བ ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱིས་རང་བཞིན་ལ་གནས་ཞེས་དགོངས་སོ། །ཕྱི་དང་ནང་ལས་མ་སྐྱེས་བ་ཞེས་བྱ་བ་ནི། དེ་ལྟར་རྒྱུ་བ་དང་མེ་རྒྱུ་བ་མཛའ་དག་ལ་གནས་ཀྱང། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ཚུལ་དུ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟུང་འཇུག་ཚིག་གི་དོན་དུ་ནི། ། ་རྒྱུ་དང་མི་རྒྱུའི་གནས་པ་ལ། །དུས་ཀུན་ཏུ་ནི་ཡང་དག་གནས། ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དེ་ཡོད་པའམ། མེད་པ་འམ། གཉིས་ཀ་ལས་འདས་པ་ཞེ་འམ། རྟག་པ་འམ། མི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ། བདག་མེད་པ་འམ། ཉིན ་མོ་ཞའམ། མཚན་མོ་ཞེ་འམ། འཁོར་བ་ཞ་འམ། མྱ་ངན་ལས་འདས་པ་ཞེས་གང་གིས་བརྗོད་པའི་མཛའ་དང་བྲལ་བའི་མཚན་ཉིད་དེ། དེ་བས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་དུས་ཆད་བ་མེད་པར་གནས་ཞེས་དགོངས་སོ། །དེ་ལྟར་ན་འགྲོ་བ་རྣམས་དེ་ཁོ་ན་ཉིད་དེ་དང་ལྡན་བས ་བླ་མས་བསྒོ་བ་ཅི་ཞིག་བྱ་ཞེ་ན། གཞུང་ལས་མ་གཏོགས་རྙེད་མི་འགྱུར། ཞེས་སྨོས་ཏེ། དཔེར་ན་བུད་མེད་དབུལ་མོ་ཞིག་ལ་ལྟོ་བ་ན་བུ་གླིང་བཞི་ལ་དབང་བྱེད་པ་ཡོད་ཀྱང། རང་ཉིད་སློང་བ་འབའ་ཞིག་ཡིད་ལ་བྱེད་པ་ལྟར་།སོ་སོའི་སྐྱེ་བོ་གང་ཡིན ་པ་དེ་དག་ཀྱང་དེ་དང་འདྲ་བ་དེ་བས་ན། ཀྱེ་སེམས་ཅན་རྣམས་བླ་མའི་ཡོན་ཏན་རིན་པོ་ཆེ་གཏེར་ཡང་དག་པར་བསྟེན་ཅིག་ཅེས་བྱ་བའི་དོན་ཏོ། །གང་དང་མཚུངས་པར་སྐྱེ་བའོ། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། ཅེས་བྱ་བའི་ལྷན་ཅིག་སྐྱེས་བའི་དེ་ཁོ་ན། ་གང་ཞིག་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་དང་ལྷན་ཅིག་ཏུ་གནས་པ་དེ་བས་དེ་སྐད་ཅེས་བྱའོ། །རྟོག་པའི་བདག་ཉིད་ཅན་གྱིས་ལྷན་ཅིག་སྐྱེས་པ་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ལ་རེག་པ་མེད་པས་།ལྷན་ཅིག་སྐྱེས་པ་རྟོག་པ་མེད། །མི་རྟོག་ལས ་སྐྱེས་ལྷན་ཅིག་སྐྱེས་ཞེས་བྱའོ། །སངས་རྒྱས་རྣམས་ལ་ལྷན་ཅིག་སྐྱེས། །རྫོགས་པའི་བྱང་ཆུབ་སྟེར་མཛད་པ། ཞེས་བྱ་བ་ནི། གང་ཞིག་ཇི་ལྟར་གནས་པ་དེ་ལྟར་གནས་པའི་ཚུལ་དུ་གནས་པས། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ ་བསྙེས་སོ་ཞེས་བྱའོ། །སེམས་ཀྱི་བཅོས་པ་ཁོ་ནར་བདུད་དུ་བསྟན་ཅིང། འབང་པས་ལྷན་ཅིག་སྐྱེས་པ་ཐོབ་པ་མེད་དོ་ཞེས་བསྟན་པར་བྱ་བའི་ཆེད་དུ། རྟོག་ལས་ཕྱི་རོལ་ལྷན་ཅིག་སྐྱེས། །བླང་བྱ་དོར་བྱ་སྤངས་པ་ཉིད། །གང་དུ་ཇི་ལྟ་བུར། །དེ་ནི་འབད་པ་མེད་པས་ཐོབ་ཅེས་བྱ་བ་སྨོས་ཏེ། ་ཏིང་ངེ་འཛིན་འདི་ལ་ནི་གནས་ཀྱི་ངེས་པ་འམ། རེ་བ་འམ། དོགས་པ་འམ། འདུག་སྟངས་སམ། ཟས་ཀྱི་བྱེ་བྲག་གམ། ཕྱག་རྒྱ་བཅིང་བ་འམ། མེ་ཐབ་བམ། གཟའ་དང་ཆོས་གྲངས་ལ་སོགས་པས་རྣམ་པར་དབེན་པ་ཡིན་ཏེ། དེ་ལྟ་བུ་དག་ནི་བརྟགས་པའི་རྣལ་འབྱོར་ཞེས་བྱའོ།། ་བརྟགས་པ་མ་ཡིན་པ་དང། བརྟགས་པས་མ་བརྟགས་པ་འཐོབ་པ་ནི་འགལ་བ་ཡིན་ནོ། །གཞན་ཡང་ཇི་སྐད་དུ། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐེ་ཚོམ་?་ཅིང་རྟོག་མེད་པ། །མངོན་སུམ་དུ་ནི་རྙེད ་པར་འགྱུར་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ལྷན་ཅིག་སྐྱེས་པའི་ཐེ་ཚོམ་དང་རྟོག་པའི་དྲ་བ་ཐམས་ཅད་གཅོད་པ་བླ་མ་དམ་པ་ལས་མངོན་སུམ་དུ་རྟོགས་ཏེ་ལེགས་པར་ཉམས་སུ་མྱོང་བ་དེ་ལྟ་བུ་ནི། ཉིན་མཚན་བསྐལ་པ་དེ་བཞིན་ལོ། །བསྐལ་པ་བྱེ་བ་བརྒྱ་དག་གམ། །རྒྱུན་མི་འཆང་པར་དུས་ཀུན ་ཏུ། །ལྷན་ཅིག་སྐྱེས་པ་ཐོབ་པར་འགྱུར། ཞེས་བྱ་བ་སྨོས་ཏེ། ཚིག་འདིའི་དོན་ནི་གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་གནས་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང་ཐུགས་ཡེ་ཤེས་ཀྱི་གསང་བའི ་དམ་ཚིག་ཅེས་བྱ་བ་དྲི་མ་མེད་པའི་ཆུ་བོའི་རྒྱུན་ལྟར་འབབ་པ་ཡིན་ལ། ཆུ་རྒྱུན་དེ་ཡང་བདག་ཉིད་འདོད་ན་ནི། ཉིན་མཚན་གྱི་གྲངས་སམ་།ཟླ་བའི་གྲངས་སམ། ལོའི་གྲངས་སམ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པའི་གྲངས་སུ་ཡང་དུས་ཀུན་ཏུ་རྒྱུན་མི་འཆད་པར་གནས ་པ་ཡིན་ཞིང། ཉམས་སུ་མྱོང་བ་ཡིན་ནོ། །གང་ཡང་ཆུ་རྒྱུན་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་དང། སྟོང་པ་ཉིད་དུ་དུས་ཀྱི་མཛའ་མེད་ཅེས་བྱ་བར་གསུངས་པ། འོག་མིན་གྱི་གནས་དཔལ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ཡེ་ཤེས་གང་ཆེན་མཚོ་ཞེས་བྱ་བ་ནས་རབ་ཏུ ་འབབ་སྟེ། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཉི་མའི་ཟེར་རབ་ཏུ་ཚ་བས་འཁྲི་ཤིང་དང་གེལ་པ་ལ་སོགས་པ་བསྲེགས་པ་ལྟར་གནས་པ་རྣམས་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མྱུ་གུ་སྐྱེད་པར་བྱེད་པ་ཡང་ཡིན་ནོ། །གཞན་ཡང་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་འདི ་ཁོ་ན། རྣལ་འབྱོར་ཆེན་པོའི་རྒྱུད་ཐབས་ཀྱི་བདག་ཉིད་དང། ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་དུ་ཐབས་སམ་མན་ངག་དམ་པ་ཞེས་བསྟན་ལ། ཐེག་པ་གཞན་དག་གམ་།བྱ་བ་འམ། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ལས་ཁྱད་པར་འཕགས་པར་སྟོན་ཏོ། །རྟོག་པ་བྲལ་ཞིང་མངོན་སུམ ་པ?་།རྒྱལ་པ་ཡིད་ཀྱིས་ནང་ནས་གསུངས་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་མ་བཅོས་པ་གང་ཡིན་པ་དེ། རྣལ་འབྱོར་པའི་མངོན་གྱི་རྒྱུད་ལ་སོགས་པ་ལས་ཁྱད་པར་འཕགས་པར་སྟོན་ཏོ། །རྟོག་པའི་བརྩོན་འགྲུས་ཀྱིས་ཕྲད་དེ། རྣམ་པར་ཤེས་པའི་ཐུགས་ཀྱི་རྡོ་རྗེ་དངོས་ཀྱི་རང་བཞིན་དུ ་གནས་ཞེས་རྡོ་རྗེ་འཆང་རྣམས་ཀྱིས་གསུངས་སོ། །རྟག་དང་ཆང་དང་བྲལ་པ་ཉིད་ཅེས་བྱ་བ་ནི་རྟག་ཆད་དུ་ལྟ་བ་སྤངས་པའོ། །མཚོན་པར་བྱེད་པ་དང་མཚན་གཞི་རྟག་པ་སྤངས་པས་ན། མཚན་དང་མཚན་གཞི་སྤངས་པ་ཉིད་ཅེས་བྱའོ། །གཞན་ཡང་སྙིང་རྗེའི ་མངོན་བརྗོད་པ་ཞེས་བྱ་བ་ཡང། སྙིང་རྗེ་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་ཞེས་བྱ་བ་དཀར་པོ་ཆོས་གཅིག་ནས་ལྔའི་བར་དང། ཆོས་ལ་དམིགས་པ་ཞེས་བྱ་བ་དྲུག་ནས་བཅུའི་བར་དང། དམིགས་པ་མེད་པ་ཞེས་བྱ་བ་བཅུ་གཅིག་ནས་བཅོ་ལྔའི་བར་ཡིན་ལ། དེ་ལྟ ་བུའི་སྙིང་རྗེ་ནང་གི་བདག་ཉིད་ཅན་དག་ལ་སྙིང་རྗེ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ཉིད་བསྐུལ་ཞིང་འཛག་པ་མེད་པའི་བྱེད་པ་པོ་དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷན་ཅིག་སྐྱེས་པར་ཡོངས་བརྗོད་བྱ། ཞེས་བྱ་བ་ནི། དེ་ལྟར་སྐུལ་བར་བྱེད་པས་བསྐུལ ་བར་བྱ་བ། བསྐུལ་བའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ལྷན་ཅིག་སྐྱེས་ཆེན་པོ་ཡིན་ཞེས་དགོངས་སོ། །ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི། །རྒྱུ་དག་ཏུ་ནི་ཡོངས་སུ་བརྗོད་།ཅེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་འདི་ཉིད་ཡོངས་སུ་ཤེས་པ་དེ་ལྟ་ན་ནི་བྱེད་བ་དང་གྲོལ་བའི ་གཞི་ཡིན་ལ། ཡོངས་སུ་མ་ཤེས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཡོངས་སུ་བསྐྱེད་པ་འམ། ཡང་ན། སངས་རྒྱས་རང་སངས་རྒྱས་རྣམས་དང། །ཉན་ཐོས་རྣམས་ཀྱིས་ཁྱོད་བསྟེན་ན། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་དེས། ་ཞེས་བྱ་བའི་དོན་ཏོ། །ལ་ལས་བདག་ནི་ལྷན་ཅིག་སྐྱེས། །ཁ་ཅིག་རྨོངས་པས་དབང་ཕྱུག་སྟེ། ཞེས་པ་ནི། བྱིས་པའི་སྐྱེ་བོ་ཁ་ཅིག་བདག་རྟག་པ་ལ་ལྷན་ཅིག་སྐྱེས་པ་ཞེས་ཟེར་རོ། །ཁ་ཅིག་ཕྱ་?་དབང་ཕྱུག་ཅེས་བྱ་བ་ལེགས་པ་དང་ཉེས་པ་སྤྲད་པའི་འབྲས་བུ ་མ་ཡིན་པ་ཕྱཱ་འམ། །དབང་ཕྱུག་དེ་དག་ལེགས་པར་མཆོད་ན་བདག་འདོད་པ་སྟེར་རོ། ཞེས་དེ་ལ་ལྷན་ཅིག་སྐྱེས་པར་རྟོག་གོ། འོ་ན་གང་ཡིན་སྙམ་བ་ལས། བདག་བཅས་མ་ཡིན་བདག་མེད་པ། །རྟོག་པ་གཉིས་ནི་སྤངས་པ་ཉིད། ཅེས་བྱ་བ་སྨོས་ཏེ། ལྷན་ཅིག་སྐྱེས ་པ་ནི་ཆོས་དང་གང་ཟག་གི་བདག་ཉིད་ལས་ཀྱང་སྟོང་པ་སྟེ། དེ་བས་ན་རྟོག་པ་གཉིས་སྤངས་པའི་བདག་མེད་པ་ཁོ་ན་ལ་བརྗོད་པར་བྱའོ། །གང་ལ་གཉིས་ཀྱི་འདུ་ཤེས་མེད་པ་དེ་ལ། ཟུང་འཇུག་གི་གོ་འཕང་སྟེ། དེ་ཞེས་བྱ་བ་ལྷན་ཅིག་སྐྱེས་པ་དེ་ཞེས་སྦྱོར་རོ། །རྒྱལ་བས་ལྷན་ཅིག་སྐྱེས་པར་གསུངས ་ཞེས་བྱ་བ་ནི། གཞན་ཡང་གཉིས་ཀྱི་འདུ་ཤེས་སྤངས་པའི་ཟུང་འཇུག་ལ་གནས་པ་ལྷན་ཅིག་སྐྱེས་པར་གསུངས་སོ། །སུས་ཞེ་ན། རྒྱལ་བས་ཞེས་བྱ་བ་སྨོས་སོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ཅེས་བྱ་བ་ནི། གང་ཞིག་ཡོངས་སུ་ཤེས་ན་དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་སྲོག་ཆེན་པོ་ཡང་ཡིན་ནོ། །དེ་ཉིད ་ཟང་བ་མེད་ཅིང་མི་འགྱུར་བས། དེ་ཉིད་མཆོག་ཏུ་མི་འགྱུར་བ་ཞེས་བྱའོ། །དེ་ཉིད་ཀུན་ལ་ཁྱབ་པའོ། །ལུས་ཀུན་ལ་ནི་རྣམ་པར་གནས་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་སྙིང་རྗེ་རྣམ་པ་གསུམ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ཡིན་ཏེ། དེ་བས་འགྲོ་བ་ཀུན་ལ་ཁྱབ་ཅིང་ལུས་ཐམས་ཅད་ལ་དབྱེར་མེད་པར ་གནས་ཞེས་བྱ་བའི་དོན་ཏོ། །བུད་མེད་ནི་མི་མོའོ། །བྱིས་པ་ནི་དོན་ལ་ཤེད་མ་བྱེ་བའོ། །བ་ལང་རྗི་ནི་བ་ལང་སྐྱོད་དོ། །ཀླ་ཀློ་ནི་གང་ལ་ཆོས་མེད་པ་?། །རིགས་ངན་ནི་གདོལ་པའོ། །ཆུ་ཡི་ནང་གནས་སེམས་ཅན་དང། ཞེས་བྱ་བ་ནི་།ཆུའི་སྐྱེ་བོ་སྟེ་ཆུ་མི་ལ་སོགས་པའོ། །ལྷ་ནི་རྒྱལ་པོ་ཆེན་པོ་བཞི་ལ་སོགས ་པའོ། །གནོད་སྦྱིན་ནི་འགྲོ་བའི་མདངས་འཕྲོག་པ་ལ་སོགས་པའོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ། །དེ་དག་གི་ཚོགས་ལ་བཅས་པ་ཞེས་བྱའོ། །ད་རྣམས་ལྡན་ཅིག་སྐྱེས་མི་ཤེས་ཞེས་བྱ་བ་ནི། འགྲོ་བ་དེ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་གང་ཞིག་མ་ཤེས་པས་སྲིད་པ་གསུམ་གྱི་འགྲོ་བའི་གྲོང་ཁྱེར་དག ་ཏུ་འཁྱམ་པ་ཡང་ཡིན་ནོ། །སངས་རྒྱས་བདག་ཉིད་ལུས་ལ་ནི། ཞེས་བྱ་བ་ནི། ལུས་ཅན་ཐམས་ཅད་ཀྱི་ཕུང་པོ་དང། ཁམས་དང། སྐྱེ་མཆོད་རྣམས་བཟོད་མ་ནས་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །དེ་བས་དེའི་ཕྱིར་དངོས་གྲུབ་བདེ་བ་མི་ནུས་ཤིང། ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་རང ་བཞིན་དུ་ལྟ་ཞིང་རྟོག་པར་མི་བྱེད་པའི་ཕྱིར། བདག་ཉིད་འཕྲོག་པའི་ཆོམ་རྐུན་ཏེ་ཞེས་སྨོས་ཏེ་།རང་གིས་དང་འཇོམས་པའི་ཕྱིར་རོ། །དེ་ཡིས་སྡིག་པ་མ་བྱས་སམ་།ཞེས་པ་ནི། གང་ཞིག་གང་གི་རང་བཞིན་ལ། །དེ་དང་དེ་ཡི་རང་བཞིན་དུ། །མ་བྱས་དེ་ཕྱིར་སྡིག་ཅན་ནོ། །བདག་ཉིད ་འདི་དག་གཞན་པ་ལས་།ཞེས་པ་ནི། ལུས་ཅན་རྣམས་ཀྱི་སྟོང་པར་གཞན་པ་ལ། གཞན་དག་ཏུ་ནི་རྟོག་པར་བྱེད་ཅེས་བྱ་སྟེ་།བདག་མེད་པ་ལ་བདག་ཏུ་རྟོག་པའི་ཕྱིར་ནའོ། །དེའི་ཕྱིར་ན་ཡང་བདག་ཉིད་འཕྲོས་པའི་ཆོམ་རྐུན་ཏེ་།དེའི་སྡིག་པ་མ་བྱས་སམ། ཞེས་བྱ་སྟེ། གོང་མ་བཞིན ་དུ་སྦྱོར་རོ། །འོ་ན་ཅི་ཞེ་ན། བདག་ཉིད་ངེས་པར་སངས་རྒྱས་ཀུན། ཞེས་བྱ་བ་སྨོས་ཏེ། ཀྱེ་སེམས་ཅན་རྣམས་མ་རྟོགས་པའི་ཕྱིར། སེམས་ཅན་ཞེས་པའི་མིང་ཡིན་ལ། རྟོག་པས་སངས་རྒྱས་ཞེས་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །མཛའ་བོ་ཐམས་ཅད་ཉིད་ཀྱང་ངོ། །ཞེས་བྱ་བ་ནི། བདག་ཉིད་སངས་རྒྱས ་ཀུན་གྱི་རང་བཞིན་གང་ཡིན་པ་དེ་ནི། མཛའ་བོ་དང། གྲོགས་དང། ཕ་མ་དང། རྩ་ལག་ལ་སོགས་པ་ཡང་ཡིན་ཞེས་པའི་དོན་ཏོ། །རང་གི་ལྷག་པའི་སྦྱོར་བ་ཡིས་ཞེས་པ་ནི་འདོད་པའི་ལྷར་སྦྱོར་བས་སོ། །དེ་ཕྱིར་བདག་ཉིད་བསྒྲུབས་པར་བྱ། ཞེས་པ་ནི་བདག་ཉིད་ལྷན་ཅིག་སྐྱེས་པའི་སངས་རྒྱས ་ཡིན། དེ་བས་ན་སངས་རྒྱས་ལྷན་ཅིག་སྐྱེས་པར་ཤེས་པར་གྱིས་ཤིག་ཅེས་པའི་དོན་ཏོ། །ལུས་གནས་ལུས་མ་ལུས་མ་སྐྱེས་པ་ཞེས་པ་ནི། ལྷན་ཅིག་སྐྱེས་པ་མི་རྟོག་པ་གང་ཡིན་པ་དེ་ལུས་ལ་གནས་ཀྱང་ལུས་ཀྱི་རྒྱུའི་ཚུལ་དུ་སྐྱེད་པ་ནི་མེད་དོ། །རྟོག་པ་གཉིས་ནི་ཞེས་ནི། གཟུང་བ་དང། ་འཛིན་པ་དང། ཡོད་པ་དང་མེད་པ་འམ། རྟག་པ་དང་ཆད་པར་རྟོག་པ་ཡིན་ལ་ལྷན་ཅིག་སྐྱེས་པ་ལ་དེ་མི་མངའ་བས་སྤངས་པའོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། དངོས་པོ་ཀུན་ལ་ཡང་དག་གནས་ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་བོ་ཁྱབ་པར་བྱ་བ་ལྷན་ཅིག་སྐྱེས་པའི་ངོ་བོས ་ཁྱབ་ནས་གནས་ཞེས་བྱ་བའི་དོན་ཏོ། །ལྷ་དང་ལྷ་མིན་ཀླུར་བཅས་དང། ཐུབ་པ་རྣམས་དང་དྲང་སྲོང་དང། ཞེས་པ་ནི། ལྷ་ནི་སྔོན་དུ་བསྟན་པའོ། །ལྷ་མ་ཡིན་ནི་ཆང་ལ་མི་དགའ་བ་འམ་།ཀུན་ནས་སྟོབས་དང་ལྡན་པའོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ། སྔོན་དུ་བསྟན་ཏོ།། ་ཐུབ་པ་ནི་མེ་སྤྱིན་ལ་སོགས་པའོ། །དྲང་སྲོང་ནི་རྒྱས་པ་ལ་སོགས་པའོ། །བདག་ཏུ་འཛིན་པ་མཐར་གནས་པ། །ཞེས་བྱ་བ། བདག་མེད་པ་ལ་བདག་ཏུ་ལྟ་བའི་ཕྱིར། གླེན་པ་རྨོངས་པ་ཡིན་ལ། དེ་བས་ན་ལྷན་ཅིག་སྐྱེས་པ་མི་ཤེས་སོ། །མཆོག་གི་གོ་འཕང་མི་ཤེས་ཕྱིར། །རྨོངས ་པ་ཐམས་ཅད་ཉོན་མོངས་འགྱུར། ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་བའི་མཆོག་གི་གནས་མ་ཤེས་པས་འཁོར་བར་ཉོན་མོངས་ཤིང་སྡུག་བསྔལ་ལོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་གསུམ་དུ་ངལ་བྱས་ནས་ཞེས་བྱ་བ་ནི། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ། ས་དམའ་བའ་ཨི ་ཚུལ་ཁྲིམས་སུ་ཁས་ལེན་ཅིང་ལྷ་དང་མིའི་འབྱོར་པའི་སྟེགས་ཙམ་ཚོལ་ཞིང། དག་པ་དང་གྲོལ་བར་འཛིན་པ་ཡིན་ཏེ། འདི་ལྟར་བདག་ཉིད་གཅིག་བུ་འདུལ་བ་པོ་ཞེས་བྱ་བ། སེམས་བསྐྱེད་བ་དམན་པས་ཇི་སྲིད་འཚོའི་བར་དུ་ཞེས་དམ་བཅའ་བའི་ཕྱིར་དང། བདག་ཉིད་གཅིག་བུ་དུལ ་ཞིང་ཞི་བའི་བསམ་པ་དང་ལྡན་པའི་ཕྱིར་དང། རྣམ་པ་ཀུན་ཏུ་འདི་དག་མིན་ན་འང་ཞེས་བྱ་བ། བདག་ཉིད་གཅིག་བུ་ཞི་ཞིང་དུལ་བ་ལས། གཞན་དུ་འགྲོ་བ་གཞན་ནི་རྣམ་པ་ཀུན་ཏུ་ཞི་ཞིང་དུལ་བ་ལ་མི་བརྩོན་པ་སྟེ། བདག་ཉིད་འབའ་ཞིག་འཇུག་པ་བཞི་དང་འབྲས་བུ་བཞི་ཙམ་ཞིག་གིས ་ཆོག་པར་འཛིན་པ་ནི། ཉན་ཐོས་པའི་བྱང་ཆུབ་འདོད་ཅེས་བྱ་བ་ཡིན་ནོ། །དེ་བས་ཀྱང་ལྷན་ཅིག་སྐྱེས་པ་མི་ཤེས་ཞེས་བྱ་བའི་དོན་ཏོ། །དབུ་མའི་འདོད་ལུགས་གཞུང་གི་ཚུལ། །དེ་ནི་རྩོད་པ་ཀུན་ལ་མོས། ཞེས་བྱ་བ་ནི། རྟོག་གེ་བ་གང་ཞིག་དབུམ་པ་ཁས་ལེན་ཅིང་དམ་བཅའ་བ་དང། ་རྟགས་ཀྱི་རྗེས་སུ་འགྲོ་བ་དང། ལྡོག་པ་ཙམ་གྱིས་གཞན་དག་སུན་འདོན་ཅིང། བདག་རང་གི་གཞུང་ཡང་ཆོས་ཐམས་ཅད་དབུས་དང་མཛའ་དམིགས་སུ་མེད་དོ་ཞེས་དམ་བཅའ་བ་དང། གཏན་ཚིགས་ལ་སོགས་པ་ཙམ་གྱིས་སྒྲུབ་སྟེ། གང་ཡང་ཚིག་ཙམ་གྱི་ཆོས་ཐམས་ཅད་སྟོང་པར་བརྗོད ་པ་རྟོག་གེ་པ་བརྩོད་པ་ལ་མོས་པ་ཞེས་བྱ་བ་ཡིན་ལ། སྐྱེས་བུ་དེ་དག་གིས་ཆོས་ཐམས་ཅད་བདག་ཡོད་པ་འམ། མེད་པར་དམ་བཅའ་བ་ལ་སོགས་པའི་སྦྱོར་བས། བསྐལ་པའི་ཡལ་ཀར་ཏེ། བསྐལ་པ་གྲངས་མེད་པར་བརྩོད་ཀྱང་ངལ་བ་དོན་མེད་པ་ཡིན་པས། ལྷན་ཅིག་སྐྱེས་པའི་རང ་བཞིན་དེ་ཡིས་ཀུན་ནས་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་འགའ་ཞིག་གླ་རྩིའི་དྲི་ཉམས་སུ་མི་མྱོང་བས། གླ་རྩིའི་ཡོན་ཏན་སྐྱེས་དུ་གཞན་དག་ལ་སྟོན་པ་དང། མཚུངས་པ་ནི་དབུ་མའི་གཞུར་ཡིན་ཏེ། གང་ཡང་རྡོ་རྗེ་འཆང་གིས་གསུངས་པའི་ཆོས་ཐམས་ཅད་སྟོང ་པ་དང། ཞི་བ་དང་བདག་མེད་པ་ཉིད་ཉམས་སུ་མྱོང་ཞིང། གཞན་ལ་ཡང་ཚིག་གིས་མཚོན་པར་བྱེད་ཅིང་སྟོན་པར་བྱེད་པ་དག་གི་རྣལ་འབྱོར་པ་ནི་ཁོ་བོ་འགོག་པར་མི་བྱེད་དོ། །ཐེག་ཆེན་ཤིན་ཏུ་ཡངས་པ་ལ། ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི ་སྐུ་དང། གསུང་དང་ཐུགས་ཀྱི་གསང་བསྟོན་པར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །རྒྱལ་བ་མཆོག་ཅེས་པ་ནི། རྡོ་རྗེ་འཆང་རྣམས་སོ། །སྔོན་གསུངས་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །འདི་ལྟར་གཅིག་པུ་ཉིད་ཀྱིས་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག ་པ་རྟོག་པའི་དྲི་མས་དབེན་པའི་ཏིང་ངེ་འཛིན་འདི་གཅིག་བུ་ཉིད་ཀྱིས་སོ། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག། ཕྱག་ན་རྡོ་རྗེའི་རིམ་པས་འོངས་ཞེས་པ་ནི། གསང་བའི་བདག་པོའི་སྤྲུལ་པ་ལས་བརྒྱུད་དེ། གོང་དུ་བརྟན་པ་ཉིད་དོ། །རྣ་བ་ནས་ནི་རྣ་བར་རྙེད་ཅེས་པ་ནི། བླ་མ་གཅིག་ནས་གཅིག ་ཏུ་རྣ་བ་ནས་རྣ་བར་བརྒྱུད་པ་ཡིན་ཞིང། གཞུང་གི་ཚོགས་ནས་མི་རྙེད་ཅེས་བྱ་བའི་དོན་ཏོ། །གང་ལ་བྱང་ཆུབ་གཞུང་གནས་པ། །བླ་མ་དེ་ཡིས་འགྲོ་བ་སྒྲོལ། ཞེས་བྱ་བ། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ནམ་མཁའ་མཛོད་ཀྱི་གཏེར་གྱི་ཏིང་ངེ་འཛིན་གྱི་གཞུང་གང་ལ ་གནས་པའི་བླ་མ་ཆེན་པོ་དེས། སྐྱེ་བོ་སྐལ་པ་དང་ལྡན་པ་རྣམས་གྲོལ་བར་ནུས་ཀྱི་།གཞན་དུ་ཚིག་ཙམ་དང་ཀུན་ཏུ་བརྟགས་པས་མི་གྲོལ་ཞེས་བྱ་བའི་དོན་ཏོ། །བསྒོམ་བྱ་བསྒོམ་བྱེད་འབྲེལ་བ་འམ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པ་རྣམས་ཀྱིས་ཀྱང། བསྒོམ་པར་བྱ་ཞེ ་འམ་བསྒོམ་པ་པོ་ཞེས་ནི་ནམ་དུ་ཡང་བརྟག་པར་མི་བྱའོ་ཞེས་པའི་དོན་ཏོ། །ཡང་དང་ཡང་དུ་བརྟགས་པ་ནི། ཞེས་པ་ནི། གདན་དང་ས་བོན་དང་མཚན་མ་ལ་སོགས་པ་འམ། རྩ་འམ། ཐིག་ལེ་འམ། རླུང་གི་གོང་བུ་འམ་།སྒྲ་འམ། ཟླ་བའི་དུམ་བུ་འམ། ལྟེ་བར་མེའི་གཟུགས་ལ་སོགས ་?་ཡང་དང་ཡང་དུ་མི་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་མི་བརྟག་སྙམ་པ་ལས། །རྟོག་པ་བསྒོམ་པའི་བདག་ཉིད་ཀྱིས། །དངོས་གྲུབ་དོན་ཏུ་སྒྲུབ་པའི་ཐབས་ཤེས་བྱ་བ་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གནས་ཀྱི་དངོས་གྲུབ་འདོད་པ་གང་དག་ཡིན་པ་དེ་དག་གིས་ཀུན་བརྟགས་པའི ་རྣལ་འབྱོར་གྱིས་རྡོ་རྗེ་འཆང་གི་གནས་ལ་རེག་པ་མེད་དེ་བརྟགས་པ་ཡིན་པའི་ཕྱིར་རོ། །གང་ཡང་གནས་དེ་ནི་མ་བརྟགས་པ། འདུས་མ་བྱས་པ། རྒྱུ་རྐྱེན་གྱི་མ་བསྐྱེད་པ། །རྡོ་རྗེ་ལྟར་གཞིག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱིར། དེ་ཀུན་རྟག་ཏུ་རྣལ་འབྱོར་?། །དོར་བ་ཉིད་དུ་ཡོངས་སུ ་བརྟགས། ཞེས་བྱ་བ་སྨོས་སོ་།བརྟགས་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་གང་དག་ཡིན་པ་དེ་དག་ཡོངས་སུ་སྤངས་ཞེས་བྱའོ། །དེ་བཞིན་དུ་ཡང་ཞེས་པ་ནི་མདོར་བསྡུས་པའི་ཚུལ་ལོ། །ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་བརྫུན་ཞེས་བྱ་བ་ནི། མདོར་ན་ཇི་སྲིད་དུ་རྣམ་པར ་རྟོག་པ་ཡིན་པ་དེ་སྲིད་དུ་བརྫུན་པ་དང། སླུ་བའི་ཆོས་ཅན་ཡིན་པས་སྤང་ཞེས་པའོ། །མི་འགྱུར་བའི་ཆོས་ཅན་གང་ཡིན་ཞེ་ན། གང་ཞིག་དེ་ཉིད་མ་བརྟགས་པ། །དེ་བཞིན་ཡང་དག་དེ་བདེན་པ་ཞེས་བྱ་བ་སྨོས་ཏེ། གང་ཞིག་སྟེ། ཏིང་ངེ་འཛིན་གང་ཞིག་མ་བརྟགས་པ་དང། མ་བཅོས་པ་དང། ་བཙལ་བ་ཐམས་ཅད་དང་བྲལ་བ་དེ་ནི། བདེན་པ་དང། རྟག་པ་དང། བརྟན་པ་དང། གཞིག་ཏུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་སྐད་དུ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པར་།འཇིགས་པས་སྟོང་ཉིད་ཤེས་པར་བྱ ་ཞེས་གསུངས་པ་དང། གཞན་ཡང། མ་བཅོས་ལམ་ལ་གནས་ན་ནི། །ཐམས་ཅད་བྱས་ཀྱང་གྲོལ་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་དེའི་ཕྱིར་སེམས་ཀྱི་ཀུན་ཏུ་རྟོག་པ་ཁོ་ན་བདུད་ཡིན་ལ། དེ་དང་བྲལ་བས་སངས་རྒྱས་སུ་ཤེས་པར་བྱའོ། །རྟེན་འབྲེལ་ལས་སྐྱེས་སྐད ་ཅིང་མ་ཞེས་བྱ་བ་ནི། བྱིས་པ་གང་དག་སྐྱེས་པ་དང་མི་མོ་ལས་བྱུང་བ་ཉིད་དངོས་གྲུབ་ཏུ་འདོད་དེ། དེ་ནི་ཁ་ཅིག་དངོས་གྲུབ་དབང་གཉིས་སྐྱེས་ཞེས་བྱ་བ་ཡིན་ཏེ། ཐུགས་རྗེ་ཆེན་པོ་མངའ་བའི་སངས་རྒྱས་རྣམས་ཀྱིས་མ་འོངས་པའི་དུས་ཀྱི་སྐྱེ་བོ་འདུལ་པར་དཀའ་བ་འདོད་ཆགས་ཀྱི་དབང་དུ་གྱུར ་པ་རྣམས་ལ། དཔེའི་ཡེ་ཤེས་དང་མཚོན་པར་བྱེད་པ་དང་བྲིད་པར་གསུངས་པ་ཁོ་ན་མཆོག་དང། དམ་པ་དང། གཙོ་བོ་དང། ཁྱད་པར་འཕགས་པར་འཛིན་པར་བྱེད་དེ། དེ་ནི་གནས་ཕྱི་མ་ཕྱི་མའི་དབང་གིས་སྤངས་པར་བྱའོ་གསུངས་སོ། །གང་ཡང་དེ་དེའི་ཡེ་ཤེས་དེ་ཡང་གསང་སྔགས ་ཀྱི་སྒོ་ནས་སྤྱོད་པ་སྤྱོད་པ་ལས་ཀྱི་དང་པོར་གཏོགས་པ་རྣམས་ཀྱིས་དཔེའི་ཡེ་ཤེས་བརྟན་པར་མ་གྱུར་གྱི་བར་དུ། བླ་མ་དམ་པ་རྣམས་ཀྱི་ཞལ་ལས་རྟོགས་པར་བྱ་ཞིང། སྦྱང་བར་ཡང་མི་བྱ་ལ། གང་ཞིག་མོངས་སུ་ཤེས་པའི་རྗེས་ལ་སྤང་བར་བྱ་ཞེས་གསུངS ་སོ། །གཞན་ཡང་འདི་ན་གང་དག་ལམ་འདི་ལ་སྨོད་ཅིང་བཀུར་པ་དག་ཀྱང་ཕྱི་མའི་དུས་སུ་འབྱུང་བར་གསུངས་ལ། དེ་དག་ལ་འཇི་སྐད་དུ། ཙཀྲ་སམ་བྷ་རའི་རྒྱུད་ལས་གདམས་བ་བསྟན་ཏེ། ཟབ་མོའི་ཆོས་འདི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང། སྨད་པ་དག་ཏུ་མི་བྱ་སྟེ། ་ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། ཞེས་པ་གསུངས་སོ། །དེ་བསན་མཚོན་པའི་ཡེ་ཤེས་བྱ་བ་ཡིན་གྱི་།དེ་དངོས་གྲུབ་ཏུ་མི་ལྟ་ཞིང་མཆོག་ཏུ་མི་བཟུང་ངོ། །བྱིས་པ་ཡུན་རིང་རྒན་སོགས་ཀྱིས། །འབད་པ་ཡིས་ནི་ཐོབ་མི་འགྱུར་ཞེས་བྱ་བ་ལ་ལྷན་ཅིག་སྐྱེས་པ་དེ་ཉིད ་ལས་གཞན་པ། སྤྲོད་པ་ལས་བྱུང་བ། ཁམས་ཐམས་ཅད་ཟད་པར་བྱེད་པ། མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྐལ་བ་དཔག་ཏུ་མེད་པའི་ཡུན་དུ། བྱིས་པ་དང་རྒན་པོ་ཁ་ཅིག་གིས་བསྒྲུབས་ཀྱང་བསྒྲུབ་པར་མི་འགྱུར་ཏེ། འབད་པར་བྱས་ཀྱང་འགྲུབ་པར་མི་འགྱུར་ཞེས ་པའི་དོན་ཏོ། །རྒྱུ་དང་བཅས་པའི་སྐད་ཅིག་མ་ཞེས་བརྟགས་པའི་རྣལ་འབྱོར་ཐམས་ཅད་ཀྱི་རྒྱལ་རག་ལུས་པས་སྐད་ཅིག་པ་སྟེ། མི་བརྟན་ཞེས་བྱའོ། །འཁྲུལ་དང་རྣམ་པར་འཁྲུལ་འདྲ་བ། །ཁ་ཅིག་ལོངས་སྤྱོད་རྫོགས་པའི་གཞུང་ཞེས་བྱ་བ་འདི་ནི་ཐེག་པ་ཆེན ་པོ་ལ་ཁ་ཅིག་ཆོས་ཐམས་ཅད་སྒྱུ་མ་དང། རྨི་ལམ་དང། མིག་ཡོར་ཞེས་ཟེར་ཡང། རྨི་ལམ་དང་མིག་ཡོར་ཉིད་ཀྱང་ཇི་ལྟ་བ་བཞིན་རྟོགས་པ་མེད་ན། ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་སེམས་ཉིད་བཟུང་བ་དང་འཛིན་པས་ཀུན་ནས་སྟོང་པ་ཉིད་ཅེས་ཚིག་ཏུ་བརྗོད ་ལ། ཀུན་ཏུ་རྟོག་བ་ནི་མེད་དོ། །ཁ་ཅིག་ཆོས་ཐམས་ཅད་སེམས་ཙམ་སྟེ། གཟུང་བ་དང་འཛིན་པས་སྟོང་པའི་སེམས་སྟོན་ཀའི་ཉི་མ་ཕྱེད་པའི་ན་ནམ་མཁའ་དྲི་མ་མེད་པ་ལྟ་བུ་ཁོ་ན་བསྒྲུབ་པར་བྱ་བར་འདོད་དེ། དེ་ལྟར་བརྗོད་པའི་རིམ་པ་དེ་ནི། ལྷན་ཅིག་སྐྱེས་པར་དེ ་མི་བརྗོད་ཅེས་བྱ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། ཞེས་གསུངས་པའི་ཕྱིར་རོ། །ལྟེ་བའི་དབུས་སུ་འཁོར་ལོ་མཆོག། དེ་དབུས་གཟི་བརྗིད་གཟུགས་ཅན་ནི། །སྒྲུབ་པ་པོ་ཡིས་རྟག་བསྒོམས་བ། །ཞེས་བྱ་བ་ནི། བྱིས་པ་དག་སྤྲུལ་པའི་འཁོར་ལོ ་ཞེས་བྱ་བར། ཉི་མ་དང་ཟླ་བ་ཀུན་ཏུ་ཁ་སྦྱར་བའི་དབུས་སུ་ཨཱ་ལི་དང་ཀཱ་ལིས་ཀུན་ནས་བསྐོར་བའི་དབུས་སུ། མེ་ཡི་གཟུགས་ཅན་གྱི་ཤེས་རབ་བསམ་པ་ལས། དཀར་པོ་འཛགས་བ་ལས་ཤེས་རབ་ཏུ་འདོད་དེ། དེ་ཡང་རྟོག་པས་བརྟགས་པའི་ཕྱིར། ལྷན་ཅིག་སྐྱེས་པར་དེར་མི་བརྗོད་ཅེས ་བྱའོ། །སྤྱི་བོར་གནས་པའི་འཁོར་ལོ་ཆེ། ཞེས་བྱ་བའི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་ལ་རེག་དང་བདེ་བ་འབབ་ཅེས་བྱ་བ་ནི། བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་བྱང་ཆུབ་སེམས་དངོས་གྲུབ་དུ་ཟེར་བ་སྣ་འོད་ཀྱིས་རབ་ཏུ་གང་བའི་རྩ་ཉཾ་ཐུར་དུ་ལྟས་པ་ལྟ་བུ་ཙནད་ལིའི་མིང་ཅན་གྱི ་མེས་རེག་པ་ནི་བདེ་བ་འབྱུང་སྟེ། དེ་ཡང་བྱ་བའི་རབ་ཏུ་སྦྱོར་བས་ཐོབ་ཅེས་བྱ་བ་སྨོས་ཏེ། ཁ་མིག་ལ་སོགས་པ་ཀ་ར་ནའི་བཅིང་བའི་སྦྱོར་བས་རླུང་དང་མེ་སྤར་ལ། དེས་འཇིགས་པར་བྱེད་ཅེས་བྱ། དེ་ཡང་འཇིག་རྟེན་པའི་སྤྱོད་པ་ཉིད་ཡིན་པས། ལྷན་ཅིག་སྐྱེས་བར་དམི་བརྗོད་དེས་བྱ་སྟེ་བརྗོད ་དྲ་སྟན་ཅིག་སྐྱེས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །སྲོག་གོ་རླུང་ནི་འགོག་པ་ཡིས། །སྣ་ཡི་རྩེ་མོར་རབ་ཞུགས་བྱ་ཞེས་གསུངས་པ་ནི། རླུང་གི་རྒྱུན་རིམ་གྱིས་བགྲང་བ་ལ་སོགས་པ་སྔོན་དུ་འགྲོ་བས། ཀུན་རྫོབ་ཀྱི་སྣ་རྩེར་རླུང་གི་གོང་བུའི་ཚུལ་དུ་འཇུག་པར་བྱེད་པས། དེ་འགོག་པ ་ཡིས་གང་ཐོབ་པ་ཅེས་བྱ་བ། དེ་ལྟར་རླུང་ཞུགས་པ་ན་དུས་ཅུང་ཟད་ཙམ་གསལ་ཞིང་གནས་པ་ལ། བྱིས་པ་ཤེས་རབ་ཆུང་བ་ཅན་རྣམས་དངོས་གྲུབ་ཏུ་འདོད་དེ། དེས་ནི་ཕྱིས་ཡང་སླར་ཞིང་འབྱུང་བའི་ཕྱིར། ལྷན་ཅིག་སྐྱེས་པར་དེར་མི་བརྗོད། ཅེས་སྨོས་པ་སྟེ། གང་ཡང་གནས་མིན ་ལྷན་ཅིག་སྐྱེས། ཞེས་གསུངས་པའི་ཕྱིར་རོ། །ཐུར་སེལ་རླུང་ནི་འགོག་པ་ཡིས། །ལུས་ནི་བརྟགས་དར་བྱས་པ་ཡིས། །ཡང་ནས་ཡང་དུ་གོམས་པར་བྱེད། ཅེས་བྱ་བས། དེ་ལས་སྲོག་གི་རླུང་དང་ཐུར་སེལ་དང། །མེ་དང་མཉམ་དུ་གནས་པ་དང། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང། །རྒྱུ་དང ་རྣམ་པར་རྒྱུ་བ་དང། ཡང་དག་རྒྱུ་དང་རབ་རྒྱུ་དང། །ངེས་པར་རྒྱུ་བ་ཞེས་བྱ་སྟེ། །རླུང་ནི་རྣམ་པ་བཅུ་དུ་འདོད། ཅེས་གསུངས་ལ། དེ་ཡང་ཐུར་དུ་སལ་བ་ཞེས་བྱ་བའི་རླུང་ནི་འདོམས་ན་གནས་ལ། དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཡིན ་ཏེ?་གང་ཡང་རླུང་དེའི་རྒྱུ་བ་དྲག་ཤུལ་གྱི་སྦྱོར་བས། འགེགས་པར་བྱེད་ཅིང་ལུས་སྡུག་བསྔལ་བར་བྱེད་པ། ཡང་ནས་ཡང་གོམས་པར་བྱེད་དེ། དེ་ཡང་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་བས། ལྷན་ཅིག་སྐྱེས་པར་དེ་མི་བརྗོད། ཅེས་བྱ་བ་སྨོས་ཏེ། ཐོག་མར་དགེ་བ་མ ་ཡིན་པའི་ཕྱིར་རོ། །མཉམ་གནས་ཆེད་བརྗོད་རྒྱས་རྣམས་ཀྱི། །གང་ཞིག་རླུང་ནི་འགོག་པ་རུ། །འབད་པ་ཡིས་ནི་གང་བྱེད་པ། ཞེས་བྱ་བ་ནི་ཡང། སྲོག་དང་ཐུར་སེལ་གྱེན་རྒྱུ་དང། །ཁྱབ་བྱེད་མཉམ་གནས་ཞེས་བཤད་པ་དང། རླུང་དང་དུ་སྦྲལ་རྩངས་པ་དང། ལྷ་སྦྱིན་དང་ནི ་གཞུ་ལས་རྒྱལ་ཞེས་པ་རྣམས་ཏེ། རླུང་བཅུ་པོ་རྣམས་འབད་པས་འགོག་པར་བྱེད?་ཀྱང། །མཚན་མ་ལ་གནས་པ་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པར་དེ་མི་བརྗོད།?་ཅེས་སྨོས་པ་ཡིན་ནོ། །སལ་སོགས་པ་བཟུང་བ་ཡིས་།ཞེས་བྱ་བ་ནི། སྣ་སྒྲོ་གཡས་ས་ལ་སོགས་པ་དབྱུག ་ཚོད་ལྡར་རྒྱུ་ལ། དེ་ལྔ་ལས་ཀྱང་ས་ལ་སོགས་པ་གང་ཡང་དུང་བའི་དབྱུག་ཚོད་གཅིག་འགག་པ་ཙམ་གྱིས། སྒྲུབ་པོ་གང་ཞིག་ཐམས་ཅད་འདོད་ཅེས་བྱ་བ་སྟེ། དེ་གཟུང་བས་སྤྱོད་པ་གྲོལ་བའི་འབྲས་བུར་འདོད། དེ་བས་ཤིན་ཏུ་འབད་པར་སྒྲུབ་བྱེད་པ། ཞེས་བྱ་བ་སྦྱོད་པ་དང ་གྲོལ་བར་འདོད་པས་འབད་པར་སྒྲུབ་པར་བྱེད་དོ། །དེ་ཡང་འཇིག་རྟེན་པའི་སྤྱོད་པ་ཡིན་པས། ལྷན་ཅིག་སྐྱེས་པར་དེར་མི་བརྗོད་ཅེས་བྱ་བ་ཡིན་ནོ། །ཕྲ་མོའི་ཐིག་ལེ་རྣལ་འབྱོར་ནི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བབས?་པར་བྱ་བའི་ཕྱིར་དུ་ཡར་འགྲོ་བ་སྐྱོན་གྱི་རང་བཞིན་དང། ་མར་འོང་བ་ཡོན་ཏན་གྱི་རང་བཞིན་དག་ཕྲ་བའི་ཕྲ་བར་ལྟེ་བ་དང། གཞན་ཡང་སྙིང་ག་ལ་སོགས་པར་པདྨའི་འདབ་མཁ་དོག་ལྔ་དང་ལྡན་པའི་ཐིག་ལེ་ལ་དམིགས་པ། ཁ་ཅིག་སྒྲུབ་པས་སྒྲུབ་པར་བྱེད་ཅེས་པ་སྟེ། དེ་དང་འདྲ་བའི་ཏིང་ངེ་འཛིན་ལ་གནས་པས། ལྷན་ཅིག་སྐྱེས ་པ་མཐོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་བསམ་བྱར་གང་ཡོད་པ་ཞེས་བྱ་བ། གང་དུ་བསྒོམ་པ་པོ་དང་བསྒོམ་པར་བྱ་བའི་འབྲེལ་པའི་དྲ་བ་མ་ཆད་པ་དེ་སྲིད་དུ་མཚན་མ་ལ་གནས་པ་སྟེ། ལྷན་ཅིག་སྐྱེས་པ་ནི་མཚན་མའི་ཁམས་ལ་མི་གནས་པའི་ཕྱིར། ལྷན་ཅིག ་སྐྱེས་པར་དེ་མི་བརྗོད་ཅེས་བྱ་བ་སྨོས་སོ། །བྷ་ག་ནང་གནས་ཐིག་ལེ་ནི་ཞེས་བྱ་བ་ནི། ཨ་བ་དྷུ་ཏཱི་ཞེས་བྱ་བའི་རྩའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྒྱ་ཤུག་གི་ཚིག་གུ་ཙམ་བསམ་པས་ལུས་སིམ་པ་ལ་སོགས་པ་དང། ཁ་ཅིག་སྒྲུབ་པོས་སྒྲུབ་བྱེད་དེ། དེ་ནི་རྟོག་བཅས ་གོ་འཕང་སྟེ་ཞེས་བྱ་བ་དེ་ཡང། རྟོག་པའི་གནས་ལ་བརྟེན་ཅིང་གནས་པ་ཡིན་པས། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། ཅེས་སྨོས་པ་ཡིན་ནོ། །སྙིང་གའི་དབུས་སུ་བསམ་བཏན་ནི། ཡིད་འདོད་རྣམས་ཀྱིས་གོམས་པར་བྱེད་ཅེས་བྱ་བ་ལ། འདི་ནི་སྒྲུབ་པ་པོ་ཁ་ཅིག ་བདག་གི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་པ་ལ་ཉི་མ་དང་ཟླ་བའི་བར་དུ་ཆུད་པའི་ཐིག་ལེ་ཁ་སྦྱར་ལ་པདྨའི་རྩ་བའི་སྐུད་པ་འདྲབ?་དེ་མོ་སྒྲ་ཞེས་བྱ་བར་གྲགས་པ་ཕྱེད་དང་བདུན་སྐོར་དུ་བསྡམས་ཏེ། རྩེ་མོ་སྟེང་དུ་ཕྱུང་ནས། དེ་ནས་ཟླ་བའི་བུ་གར་ཞུགས་ཏེ། ་རྗེས་སུ་འགྲོ་བ་དང་འོང་བར་གྱུར་པས་བརྗོད་ཅིང་སྤྲོ་བར་བྱ་བ་དང། སྲོག་དང་རྩོལ་བ་བསྡམས་ཏེ་སྔགས་སླར་བསྡུ་བ་དང། ཡི་གེ་གསུམ་གྱིས་སྐྱེས?་གཞུག་ཅིང་དབྱུང་བར་བྱ་བ་ནི། སྟེང་དུ་འགྲོ་བའི་རླུང་ཡི་གེ་གསུམ་དང་ལྡན་པའི་སྒྲས་འབྱུང་ཞིང་གཞུག་པར་བྱ་བའི་གཞི་ལ་ཡང་བཅུག་ལ། ་མནས་པར་བྱ་བའི་གཞི་ལ་རླུང་ཕྲ་མོའི་ཐིག་ལེ་དཀར་པོའི་དབུས་སུ་འཇུག་པའི་དེ་ཉིད་ངལ་ཞིང་དལ་བས་གཞན་དུ་མི་གཏོར་ཞིང་།ོཾ་ཨཱ(རྒྱུད་འགྲེལ་དང་ལྡན་པའི་ཕྱིར། ལྷན་ཅིག་སྐྱེས་པར་དེ་མི་བརྗོད། ཅེས་སྨོས་པ་མིན་ནོ། །ལུག་དང་སེར་སྐྱ་དག་ཏུ་ནི་ཞེས་བྱ་བ་ནི་གཡས་པ་གཡོན་པའོ། །དེ་དབུས་ལ་གནས་ཡིད་བཟང་མ་ཞེས་བྱ་བ་ནི། ཨ་བ་དྷུ་ཏཱི་སྟེ་གཡས་གཡོན་གཉིས་ཀྱི་དབུས་ན་གནས་པ་མེའི་རི་མོ་ཅན་གྱི་རྩའོ། །དེ་འགོག ་ཁ་ཡིས་གང་ཐོབ་པ་ཞེས་པ་ནི། དེ་གསུམ་ན་རྒྱུ་བའི་ཁམས་རྣམས་འགག་པ་ལས་བྱུང་བའི་བདེ་བ་ཙམ་ལ་མཆོག་གི་གནས་སུ་བལྟ་སྟེ། གང་བདེ་བ་དེ་ནི་རྟོག་པས་མཚམས་སྦྱར་བ་ཡིན་པས། ལྷན་ཅིག་སྐྱེས་པར་དེ་མི་བརྗོད་ཅེས་པ་ཡིན་ནོ། །དགའ་བ་དང ་ཁྲོ་བོའི་དབང་གིས་སེམས། །རྩེ་གཅིག་ཅེས་སུ་མཚན་པར་ནི་ཞེས་བྱ་བ་ནི་བྱིས་པའི་རྣལ་འབྱོར་པ་ལ་ལ་དག་འདི་སྐད་ཅེས། ཀྱེ་རིགས་ཀྱི་དུ་དག་ཤེས་པར་གྱིས་ཤིག། གང་དུ་ཆགས་པའི་སེམས་སྐྱེས་པ་དེར་ནི། འདོད་ཆགས་རྡོ་རྗེ་ཤེས་པར་བྱས་ལ། གཞན་ཡང་གང་དུ་ཞེ་སྡང་བར ་གྱུར་བ་དེར་ཞེ་སྡང་རྡོ་རྗེ་ཞེས་བྱ་བར་སེམས་རྩེ་གཅིག་པར་གནས་པར་བྱའོ། །ཞེས་བརྗོད་ཅིང་དེ་ལྟ་བུའི་སེམས་ཀྱི་གནས་སྐབས་ལ་།བྱིས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་བའི་ཡེ་ཤེས་སུ་རྟོག་པར་བྱེད་དེ། དེ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་ལོག་པར་རྟོགས་པར་བྱེད་པ་དེ་བས་ན། ་ལྷན་ཅིག་སྐྱེས་པར་དེ་མི་བརྗོད། ཅེས་པ་ཡིན་ནོ། །ཀུན་ཏུ་གནས་སུ་འཁྱིལ་པ་ལ་ཞེས་བྱ་བ་ནི། གནS་ལྡན་གང་ཞིག་གི་རྩ་ཕྲད་ནས། གཡའ་ཞིང་བདེ་བར་གྱུར་པའོ། །རླུང་འགོག་པ་ཡིས་ཞེས་པ་ནི། རྩ་དེ་དག་ཕྲད་པའི་སྦྱོར་བ་སྟེ། རླུང་འགོག་པར་བྱེད་པའོ། །འབར་བ་ཞེས་པ་ནི་སྦྱོར་བ་དེ་དག་མ་ལུས ་པས་ཀྱང་མེ་ཡི་ཚུལ་གྱི་དྲོད་སྐྱེད་པར་བྱེད་ལ་།དྲོད་ཀྱི་དབང་གིས་ལུས་ཅན་རྣམས་ཀྱི་ཁུ་བ་འབྱུང་བར་བྱེད་དོ། །གཞན་ཡང་དེའི་སྦྱོད་བ་ནི་འདི་ལྟ་སྟེ། ཟུམ་པ་འམ་ནི་རྒྱས་པ་སྟེ་ཞེས་བྱ་བ་ནི། གསེར་གླིང་ཞེས་བྱ་བའི་གནས་ཀྱི་སྒོ་འབྱེད་པ་དང། གཅད་པའི་སྦྱོར་བས་ཀྱང་རྩ་གང ་ཞིག་ཕྲད་པར་བྱེད་དེ། གང་ཡང་སྦྱོར་བ་དེ་དག་ཐམས་ཅད་ནི་འཇིག་རྟེན་པའི་སྦྱོད་པ་ཉིད་ཡིན་པས། ལྷན་ཅིག་སྐྱེས་པར་དེ་མི་བརྗོད་ཅེས་བྱ་བ་སྨོས་སོ། །འདར་དང་བརྒྱལ་དང་དེ་བཞིན་གཉིད་ཅེས་བྱ་བ་ནི། ཡི་དགས་ལ་སོགས་པ་འདེབས་པར་བྱེད་པའི་སྦྱོར་བས། ཁ་ཅིག་འདར ་ཞིང་སྤྲུགས་པར་བྱེད་པ་དང། ཁ་ཅིག་བརྒྱལ་བར་འགྱུར་བ་དང། ཁ་ཅིག་བདག་ལ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང། །ཆོས་ཀྱང་འཆོད་ལ་འགྲོ་བ་གཞན་གྱིས་རྟོགས་པར་མ་གྱུར་པའི་ཟབ་མོའི་ཏིང་འཛིན་ཡང་སྟོན ་ཏོ་ཞེས་བརྗོད་པ་དང། ཁ་ཅིག་རྡོ་རྗེའི་གླུ་ལྷའི་སྐད་ལྟར་འགྲོ་བའི་ཡིད་འཕྲོག་པ་ལེན་ཅིང་།རྡོ་རྗེའི་གླུ་དེ་ཉིད་དོན་དང་ལྡན་པར་འཁོར་གྱི་ཚོགས་ལ་སྟོན་པ་དང། ཁ་ཅིག་འབྱེད་དང་འཛུམས་པ་ལ་སོགས་དང་ཞེས་བྱ་བ་ནི། ཁོ་བོ་ནི་མིག་འཛུམས་པས་ལྷ་ལ་སོགས་པའི་ཚོགས་མཐོང་ངོ་ཞེས་ཟེར་བ་དང། ་ཁ་ཅིག་ནམ་མཁའ་ལྟ་བར་བྱེད་ཅིང། ཁོ་བོས་ཚངས་པ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་མཐོང་ངོ་ཞེས་ཟེར་བ་དང། ཁ་ཅིག་ལུས་ལ་སོགས་པ་ལས་འཕང་པར་སྟོན་པ་དང། ཁ་ཅིག་ལས་སྒྲ་སྐད་དྲག་པོ་སྲོག་ཆགས་རྣམས་སྐྲག་པར་བྱེད་པ་འགྱུར་པ་དང། ཁ་ཅིག་རང་གི་ལུས་མི་བཟད་པ་ཆེན་པོ་སྟེ། མི་སྡུག ་པའི་ཆ་བྱང་དུ་སྟོན་པ་དག་ཡོད་དེ། གང་དེ་དག་ཐམས་ཅད་ནི་ཤ་ཟ་དང་གྲོང་གི་ལྷ་མོ་ལ་སོགས་པས་བྱིན་གྱིས་བརླབས་པ་ཡིན་པས། སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ། དེ་བས་ལྷན་ཅིག་སྐྱེས་པྲ་དེ་མི་བརྗོད་ཅེས་བྱ་བ་སྨོས་སོ། །བུམ་པ་བཞིན་དི་ཞེས་བྱ་བ་ནི། སྐྱེས་དུལ་ལ ་ནི་བདག་གི་ལུས་བུས་པ་ལྟར་ནང་སྟོང་ལ་ཕྱིའི་ཤའི་དྲ་བས་གཡོགས་པ་ལྟར་ལྟ་བ་དང། ལ་ལས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལུས་སུན་འདོན་ཏེ་འདི་སྐད་ཅེས། གསོད་ལྡོང་ངལ་སྐྱེན་ཕོལ་མིག་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཇིག་པར་བྱེད། །གལ་ཏེ་བདག་གི ་ཁྱོད་མཐོང་ན། །དབྱར་དུས་ཕྱི་སས་བསླད་པ་བཞིན། །ཐག་ཏིང་རྣམ་པར་འདོད་བར་བགྱིད་ཅེས་བརྗོད་ཅིང། མི་གཙང་བའི་རང་བཞིན་དུ་རྟོག་སྟེ། །གང་ཡང་དེས་ནི་གསང་སྔགས་ཀྱི་ཐེག་པའི་རིམ་པ་སྤངས་པ་ཡིན་ནོ། །ཡང་ན་སྟོང་པར་སྨྲ་བའི་བློ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས ་པ་འམ། ཉམས་སུ་མྱོང་བའི་དངོས་པོ་ལ་སོགས་པ་འདི་འགོག་སྟེ། དེ་ནི་ཆད་པར་སྨྲ་བ་ཡིན་པས། ལྷན་ཅིག་སྐྱེས་པར་དེ་མི་བརྗོད་ཅེས་སྨོས་སོ། །དངོས་པོ་གང་ཞིག་དེ་དག་ཀུན་ཅེས་བྱ་བ་ནི། གོང་དུ་བརྗོད་པའི་རྟོག་པའི་རྣལ་འབྱོར་རྣམས་སོ། །རྟོག་པའི་ཡེ་ཤེས་ལས་སྐྱེས་བརྗོད་ཅེས་བྱ ་བ་ནི། རྟོག་པའི་རང་བཞིན་ཡིན་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་སྟོབས་ཀྱི་སེམས་ཀྱིས་ནི། འདི་ཡིས་ཐམས་ཅད་རྫོགས་པར་འགྱུར་ཞེས་བྱ་བ། གང་ཞིག་རྟོག་པའི་རྣལ་འབྱོར་པ་དེ་ཐམས་ཅད་ཇི་ལྟར་རྟོགས་པར་མཐོངས་བར་འགྱུར་ཏེ། ཇི་སྐད་དུ་ས་བོན་གང་དང་གང་ལས་ནི། འབྲས་བུ་ཏེ། ་དང་དེ་འདྲ་འབྱུང། ཞེས་པ་དང། གཞན་ཡང་འདོད་དང་མྱ་ངན་བློ་དང་མཚུངས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་ལ། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་དེ་དང་དེའི་རྣམ་པརྤ་མི་སླུ་ཞེས་བྱ་བའི་དོན་ཏོ། །ཐུབ་པས་སྔོན་དུ་གང་གསུངས་པ་ཞེས་པ་ནས། སྤྱི ་བླུགས་དཔུང་མགོར་ཐོགས་པ་སྟེ་ཞེས་བྱ་བ་ཡན་ཆད་ནི་རྟོགས་པར་སླ་སྟེ། གྲགས་པ་ཉིད་ཡིན་པས་འདིར་གཞུང་མངས་བS་?་བསམ་བཀྲོལ་ལོ། །དེ་ལྟར་སྣ་ཚོགས་རྣམ་པར་ནི། །བསྒོམ་པའི་སྟོབས་ཀྱིས་མཐོང་བར་འགྱུར་ཞེས་བྱ་བ་ནི། རྟོག་པའི་རྣལ་འབྱོར་བ་གང་དག་གོམས ་པས་དེ་དག་མངོན་དུ་གྱུར་པའི་དཔེ་རྒྱས་པར་བསྟན་པ་ཡིན་ནོ། །འདིར་ནི་བདེན་མིན་མཐོང་བས་ན། ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་འཇུག?་པ་རྣམ་པའི་ལམ་ཞེས་བྱ་བ་མཐོང་བ་མེད་ལ། བདེན་པ་མ་ཡིན་པའི་བརྟགས་པའི་ཡུལ་རྣམས་མཐོང་བས། ་ལྷན་ཅིག་སྐྱེས་པ་མཐོང་བ་མེད་ཅེས་པའི་དོན་དེ་ཡིན་ནོ། །དེ་བཞིན་དུ་ཡང་ཞེས་པ་ནི། གཞན་ཡང་ཞེས་བྱ་བའི་དོན་ཏོ། །དོན་གཞན་ཡང་འདི་ལྟ་སྟེ་ཞེས་བྱ་བའི་དོན་ཏོ། །གང་ཞིག་མཐོང་བ་དེ་བདེན་མིན་ཞེས་པ། བདག་ལས་གཞན་པའི་དངོས་པོ་གནག་ཞིག་ཕྱཝ?་འམ ་དབང་ཕྱུག་གམ་བྱེད་པ་པོ་ལ་སོགས་པར་ལྟ་བ་དང། རྟོག་པ་རྣམས་ནི་བདེན་པ་མ་ཡིན་ཏེ། བདག་ལས་གཞན་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །གང་དུ་མཐོང་བ་དེ་བཞིན་ཏེའང་ཞེས་བྱ་བ་ནི་མཐོང་བ་མེད་པའི་ཚུལ་དུ་གང་མཐོང་བ། མཐོང་བ་ཞེས་སུ་ཐ་སྙད་གདགས་སོ།། ་དེ་ལས་གཞན་དུ་དངོས་པོར་རྟོག་པ་སྟེ། བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པར་གང་རྟོག་ན། དེ་ནི་ཁོ་ན་ལྟ་བའི་སྐབས་ལ་དམུས་ལོང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ན། རབ་རིབ་ལ་སོགས་གནོད་པ་བཞིན་ཞེས་བྱ་བ་སྨོས་ཏེ། དཔེར་ན་མིག་སེར་ལ་སོགས ་པ་དགྲ་ལ་གནོད་པའི་ནད་ཀྱིས་སྐྱེས་བུ་འགའ་ཞིག་བཟུང་ན། དངོས་པོ་ཐམས་ཅད་སེར་པོར་མཐོང་བ་འམ། ནམ་མཀའ་ལ་སྐྲ་ཤད་འཇིངས་པ་ལ་སོགས་པར་མཐོང་བ་ལྟར། དངོས་པོར་རྟོག་པ་རྣམས་ཀྱང་དེ་ལྟར་བལྟ་བར་བྱའོ། །སྐྱེ་འགྲོ་ཐམས་ཅད་བདེན་པའི་ཚུལ ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་ཚུལ་དང་རང་བཞིན་དུ་གནས་པའི་དོན་ཏོ། །གཟུང་དང་འཛིན་པ་སྤངས་པ་ཉིད། །ལྷན་ཅིག་སྐྱེས་བྱའི་གོ་འཕང་གནས། །གང་གིས་མཐོང་བ་དེ་ཡིས་མཐོང་ཞེས་བྱ་བ་ནི། འདི་ལྟར་གནས་པ་འདི་དག་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྐྱེ་བ་དང་གནས ་པ་དང་དབེན་པར་སྐྱེས་བུ་གང་གིས་མཐོང་བ་འམ། རིག་པ་དེས་ལྷན་ཅིག་སྐྱེས་པ་མཐོང་བའོ་ཞེས་བྱ་བའི་དོན་ཏེ། དངོས་དང་དངོས་མེད་གོ་འཕང་གནས་ཞེས་བྱ་བ་ནི། འདི་ནི་དངོས་པོ་སྟེ་དོར་བ་ཡིན་ལ། འདི་ནི་དངོས་པོ་མེད་པ་སྡེ། བླང་བར་བྱའོ་ཞེས་བྱ་བའི་འདུ་ཤེས་ཐམས་ཅད་དང ་བྲལ་བའི་གནས་ལ་གནས་པའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྟོག་དང་བརྟགས་པ་མིན་ལས་གྲོལ་ཞེས་བྱ་སྟེ། མི་རྟག་པའི་དབྱིངས་ཆེན་པོ་ལ་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ནི། །དངོས་པོ་ཀུན་ལ་རང་བཞིན་དུ་ཡོང་དེ། འོན་ཀྱང་?་བ་དང་ཤིང་དག་ལ ་མེ་གནས་ཀྱང་མ་གཙུགས་ན་མངོན་དུ་མི་འགྱུར་བ་ལྟར། ལྷན་ཅིག་སྐྱེས་པ་ཡང་གསལ་བ་མ་བྱས་ཞེས་བྱ་བ་དེ་ལྟར་གནས་ཀྱང། སྐྱེ་བོ་ཀུན་གྱིས་མཐོང་བའི་སྐལ་བ་ལས་འདས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པའི་རིམ་པས་ལྷན་ཅིག་སྐྱེས་ཀྱང། རྡོ་དང་ཤིང་དག་གཙུབས ་པ་ལ་བལྟོས་ནས་གདོད་མེ་འབྱུང་བ་ལྟར། བླ་མ་རྗེ་བཙུན་གྱི་ཞལ་ལས་རྟོག་པར་བྱ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པར་སྔོན་དུ་བརྗོད་པར་བྱ་བ་ལ། ལྷན་ཅིག་སྐྱེས་པའི་རང་བཞིན་སྔོན་དུ་བསྟན་པ་རྣམས་རྗེ་བཙུན་གྱི་ཞལ་སྔ་ནས་རྟོགས་པར་བྱ་བའི་དོན་ཏོ། །བྱིས་པའི་བརྗོད་པ་དག་དང་བྲལ། ་བརྗོད་བྱ་རྗོད་བྱེད་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་དེ་ལྟ་བུར། བླ་མ་མཆོག་གིས་སྔོན་དུ་གསུང་ཞེས་བྱ་བ་ནི། བླ་མ་རྣམས་ཀྱིས་ཅི་ཞིག་སྟོན་ཞེ་ན། བྱིས་པ་རྣམས་ཀྱིས་ཀུན་ནས་བརྟགས་པའི་རིག་ངོ་བོ་དང་བྲལ་བ། བརྗོད་བྱ་དང་རྗོད་བྱེད་ཀྱི་ཀུན་ཏུ་སྟོང་པ་ཁོ་ན་བསྟན་པར་བྱ་བ་ཡིན ་ལ། སྔོན་རབས་ཀྱི་བླ་མ་རྗེ་བཙུན་རྣམས་ཀྱིས་ཀྱང། དེ་ཁོ་ན་དང་དུ་བཞེས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སློབ་མ་རྣམས་ཀྱིས་ཀྱང་ཇི་ལྟ་བའི་ཚུལ་བསླབ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་སྐད་དུ་བཙལ་བས་རྙེད་པ་མ་ཡིན་ལ། །མ་བཙལ་བས་ཀྱང་རྙེད་མི་འགྱུར། །ཆུ་ཟླ་བཞིན ་དུ་རྟོགས་དཀའ་བ། དེ་འདི་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་པའི་ཚུལ་དུ་བསླབ་པར་བྱའོ།། །།དཔལ་ལྡན་རོལ་པའི་ལྷ་མོའི་བྲིན་གྱིས་ནི། །དེ་བཞིན་དཔལ་ལྡན་བླ་མ་དག་དང་ནི། །ཞེས་བྱ་བ་ནི་གོང་དུ་བསྟན ་པའི?་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་རྟོགས་པར་བྱས་ཞེས་བྱ་བ་ཡིན་ལ། བདག་དབང་པོའི་བློ་སའི་བདག་པོ་དཔལ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བས་ཀྱང། སྲིད་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་དཔལ་མོ་ཡོངས་སུ་མཉེས་པ་ལས། ལྷག་ཅིག་སྐྱེས་པ་རིན་པོ་ཆེའི་མན ་དག་ཞལ་ནས་འཕྲོས་བཙས?་གྱིས་སོ། །ལན་ཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན་ཞེས་བྱ་བ་རྗེ་བཙུན་མས་གསུངས་བཙམ་གྱིས་རྟོགས་ཤིང། ཁོང་དུ་རླུང་པ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་མེད་ཅིང་རྟོག་པ་མེད། །རང་རང་ངོ་བོ་སྟོན་པ་པོ། །བདག་གིས་ཡང་དག་ཉམས ་སུ་མྱོང་ཞེས་པ་ནི། དབང་པོའི་བློ་བདག་གིས་ལྷན་ཅིག་སྐྱེས་པའི་རང་བཞིན། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་སྟོན་པར་བྱེད་པ་ཉམས་སུ་མྱོང་བ་ནི། དཔེར་ན་མུན་པ་ལ་ནི་སྒྲོན་མ་བཞིན་ཤེས་བྱ་བ་སྟེ། མུན་དུམ་སྒྲག་ཏུ་གྱུར་པ་ལ། ཟས་ཀྱི་བྱ་བ་?་བདེ་བ་མ་ཡིན་པ ་ལ་སྒྲོན་མས་གསལ་བར་བྱས་པས་བདེ་ཞིང་ཚམ་པ་ལྟར། བདག་བདེ་བ་ཆེན་པོའི་རང་བཞིན་གྱིས་ཆིམ་ཞེས་བྱའོ། །ཟ་བ་འམ་ནི་འཁྲིག་ན་ཡང། །གནས་སྐབས་ཀུན་ལ་ཐམས་ཅད་དུ་གསང་བ་མེད་ཅིང་འཇོགས་པ་སྤངས་ཞེས་བྱ་བ་ནི། ཏིང་ངེ་འཛིན་ཆེན ་པོ་འདལ་གནས་པ་རྣམས་ནི་བཟའ་བ་དང་འཁྲིག་པ་དང། བཙུན་མོའི་འཁོར་གྱི་ནང་དུ། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང། །ཀུན་ནས་འཆིང་བ་མེད་དེ། གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་རྣལ་འབྱོར་པ་ལ་ནི་རྒྱལ་པོ་དང། ཆོམ་པོ་ལ་སོགས་པས ་གཙོ་བའི་འཇིགས་པ་ལས་བསྲུང་བ་དང། གསང་བ་དང། སྦ་བ་མི་དགོས་ཏེ། བདག་ཉིད་ཀུན་གྱི་མངའ་བདག་ཆེན་པོ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་རང་གིས་རིག་ཅེས་བྱ་བ་ནི། རང་ལ་ཡོད་པའི་ཡེ་ཤེས་ཆེན་པོ་རང་གིས་རིག་སྟེ། སངས་རྒྱས་ཐམས ་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ཡང་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་འདི་ལ་རྗེས་དྲན་པར། །ཡང་དང་ཡང་དུ་དྲན་བྱེད་པ། དེ་ནི་དངོས་གྲུབ་རྒྱས་འགྱུར་ཏེ། སྲིད་པའི་མཚོ་ལས་སངས་རྒྱས་བཞིན། ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་བའི་གནས་འདི་ལ་དྲན་ཅི་མོས་པ་བྱེད་པས་ཀྱང། མཆོག་གི ་གོ་འཕང་ཐོབ་པར་འགྱུར་ན། ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །བདག་ཉིད་ཀྱིས་ནི་དྲན་དོན་དུ། །བདག་གིས་འདི་ནི་བརྗོད་པ་ཡིན་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་འདི་གཞན་ལ་བསྟན་ཀྱང་རྟོགས་པའི་སྐལ་པ་མེད་དེ། །དེ་བས་ན ་བདག་ཉིད་དབང་པོའི་བློས་སླར་ཞིང་དྲན་པའི་དོན་དུ་བརྩམས་ལ། གཞན་དག་སྐལ་པ་དང་ལྡན་པ་རྣམས་ཀྱང་བཀག་པ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྙིང་རྗེས་བཅིངས་པའི་ཞེས་བྱ་བ་ནི། བླ་མ་རྗེ་བཙུན་གོང་ན་བཞུགས་པ་རྣམས་ཀྱིས་གཞུང་གི་སྐྱོན་གྱི་དྲི་མ་བཅོམ? ་པ་དང། གསལ་བར་གསོལ་ཞེས་བྱ་བའི་དོན་ཏོ། །བདག་ལ་བཟོད་མཛོད་སེམས་དཔའ་ཆེ་ཞེས་བྱ་བ་ནི་གལ་ཏེ་གཞུང་གི་དོན་ལ་འཁྲུལ་པ་ན་ཡང་།དམ་ཚིག་དམ་པས་བདག་ལ་མི་གུས་པར་མི་མཛད་པའི་རོགས་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅུང་ཟད་འདི་བརྗོད་པས་ཞེས་བྱ་བ་ནི། །ལྷན་ཅིག ་སྐྱེས་བའི་གཞུང་གི་ཚོགས་ཅུང་ཟད་བརྗོད་པས་ཞེས་བྱའོ། །དེ་ཡིས་བསོད་ནམས་གང་གྱུར་བ་ཞེས་བྱ་བ་ནི། །ལྷན་ཅིག་སྐྱེས་པའི་གཞུང་བརྩམས་པའི་བསོད་ནམས་ཞེས་སྦྱར་རོ། །བསོད་ནམས་དེས་ཞེས་བྱ་བ་ནི། དེ་ལས་བྱུང་བས་ཞེས་བྱ་བའོ། །སེམས་ཅད་རྣམས་ཞེས་བྱ་བ་ནི། ནམ་མཁའ་ཨི ་མཐས་ཁྱབ་པའི་སེམས་ཅན་རྣམས་སོ། །ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག་ཅེས་བྱ་བ་ནི། བསོད་ནམས་དེ་ཡིས་ཤུགས་ཀྱིས་ནི། །ནམ་མཁའ་ཨི་མཛའ་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་འགྱུར་བ་མེད་པའི་ལྷན་ཅིག་སྐྱེས་པ་ཕྱིན་ཅི་མ་ལོག་པ་ནམ་མཁའ་མཛོད་ཀྱི་གཏེར་ཨིཞེས་བྱ་བ་ཐོབ་པར་ཤོག་ཅེས་བྱ་བའི ་དོན་ཏོ།། །།ལྷན?་ཅིག་སྐྱེས་པ་གྲུབ་པ་ཡི། །གཞུང་འགྲེལ་བརྩམས་པའི་དགེ་ཚོགས་ཀྱིས། །སྐྱེ་བོ་དཔལ་མོ་བདག་བཞིན་དུ། །ལྷན་ཅིག་སྐྱེས་པ་གནས་པར་ཤོག། དཔལ་ཨུ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པའི ་གཞུང་འགྲེལ་ལྷ་ལྕམ་རྗེ་བཙུན་དཔལ་མོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་མ་ནཱ་བྷི་ཧ་ལ་ལ་དང། བོད་ཀྱིའོ་ཙྪ་བ་དགེ་སློང་པྲཛྙ་ཀཱི་རྟིས་ལེགས་པར་མཉན་ནས་བསྒྱུར་པ་ལགས་སོ།། །། ་དཔལ་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཉེར་ལི་པས་མཛད་པ་བཞུགས། ། *། །རྒྱ་གར་སྐད་དུ། ཤྲཱི་ཏཏྟཝཱ་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་གྲུབ་པ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཚེ་འདིས་འགྲུབ་ཀྱི་གཞན་དུ་མིན། །ལུས་དང་ངག་ཡིད ་