| Wylie | e-texts based on the ACIP/ALL Input |
*། (།དབང་བཞི་པའི་རབ་ཏུ་བྱེད་པ་བཞུས་སོ།)་།རྒྱ་གར་སྐད་དུ། ཙ་ཏུརྠཱ་བྷི་ཥེ་ཀ་པྲཱ་ཀཱ་ར་ཎཱ། བོད་སྐད་དུ། དབང་བཞི་པའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེའི་རྗེས་སུ་ཇི་སྐད་གསུངས་པའི་ཆོ་གས་ཤེས་རབ་ཡེ་ཤེས ་ཀྱི་དབང་མངོན་སུམ་དུ་བྱས་པ་ལ། འབྲས་བུའི་དབང་བསྐུར་བ་རིན་པོ་ཆེ་བཞི་པ་སྦྱིན་པར་བྱ་སྟེ། དེ་ཡང་གསུང་པ། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་ཞིང། །ཡིད་ཀྱིས་སློབ་མའི་མོས་པ་བརྟགས་ནས་ནི། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། །དབང་བསྐུར ་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །འོ་ན་འདི་རྒྱ་ཆེ་བ་ལ་མོས་པ་དང། ཡང་ན་མ་ཡིན་པ་ཞེས་ཇི་ལྟར་རྟོགས་པར་བྱ་ཞེ་ན། དུ་བ་ལས་ནི་མེ་ཤེས་དང། །ཆུ་སྐྱད་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་ཨི་རིགས་དག་ནི། །བློ་ལྡན་གྱིས་ནི་མཚན་མས་ཤེས། །གཞན་གྱི ་པདྨ་རབ་དང་ཞིང། །དགའ་བ་རྒྱས་པའི་སྤུ་ལོང་ཅན། །མཐོང་ནས་མཁས་པས་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་བཟུང་བྱ། །མྱུ་གུར་གྱུར་པའི་བྱང་ཆུབ་སེམས་དེ་ཁོ་ན་ཤེས་རབ་ཡེ་ཤེས་ཏེ། བསྒོམས་པས་རབ་ཏུ་འཕེལ་བཞིན། ས་སྒྲིབ་པ་མེད་པ་ཉིད་ཐོབ་པ ་ནི་དེ་ཁོ་ན་ཉིད་དང། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་དང། ཡན་ལག་བདུན་དང་ལྡན་པ་དང། ཕྱག་རྒྱ་ཆེན་པོའི་བདག་ཉིད་དང། རྡོ་རྗེ་འཆང་ཆེན་ཆེན་པོའི་རང་བཞིན་དང་བཞི་པ་ཞེས་བྱའོ། །ཡང་གསུངས་པ། དེར་ནི་ཐོག་མ ་དབུས་མཛའ་མིན། །སྲིད་མིན་མྱ་ངན་འདས་པ་མིན། །འདི་ནི་བདག་མིན་གཞན་མ་ཡིན། །འདི་དེ་མཆོག་ཏུ་བདེ་ཆེན་པོ། །ཡང་གསུངས་པ། འགྲོ་བ་རྣམས་ལ་རྟག་ཏུ་ཤར་ཞིང་རྒྱལ་གྱུར་པའི། །བདེ་བའི་རྒྱལ་པོ་གཅིག་པུ་དེ་ནི་བྱེད་པ་བྲལ ་གང་ཞིག་དུས་སུ་ངེས་པར་གསལ་བར་བརྗོད་པ་ན། །ཐམས་ཅད་མཁྱེན་པ་ཡང་ནི་ཚིག་གིས་དབུལ་བར་གྱུར། །དེ་ནི་བླ་མས་བརྗོད་པར་བྱ་བ་འམ། །དེ་ནི་སློབ་མས་གོ་བར་བྱ་བ་མིན། །ལྷན་སྐྱེས་བདུད་རྩིའི་བདེ་བ་ཐོབ་པ་དེ། །སུ་ལ་སུ་ཞིག ་གིས་ནི་བརྗོད་པར་བྱ། བློ་ཡི་སྤྱོད་ཡུལ་མ་ཡིན་པས་ནི་ཚིག་གི་དཔྱོད་པ་མེད། །བླ་མའི་བརྗོད་པ་ལས་རིང་གཏམ་གྱི་དངོས་པོས་འཇུག་པ་སྟེ། དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་དག་པ་དང། །དད་ཅན་རྣམས་ཀྱི་སྙིང་ལ་རང་གི་འཕང ་བྱེད་ཡིན། །འོ་ན་བྱང་ཆུབ་ཀྱི་སེམས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན་དབང་པོ་རྣམས་ནི་གཉིད་ལོག་ལྟ་བུ་དང། །ཡིད་ནི་ནང་དུ་ཞུགས་པ་འདྲ་བ་སྟེ། །བྱ་བྱེད་མེད་པ་ལྟ་བུར་སྣང་བ་དང། །ལུས་ནི་དམ་པའི་བདེ་བས་རྒྱལ་གྱུར་པའོ། །དབང་པོའི ་ཚོགས་རྣམས་འཇུག་པ་མེད་པ་དང། །སྲིད་པའི་ས་བོན་རྣམས་རྟོག་རྫོགས་པར་ཉམས། །དགའ་བའི་རང་བཞིན་ནམ་མཁའ་དང་མཉམ་ཡང། །བསིལ་བའི་རོ་མྱོང་འདི་ནི་ཨ་ལ་ལ། །དབང་པོ་ངང་ནི་ཐིམ་པར་སོན། །བདག་གི་རང་བཞིན་ཉམས ་པ་དེ། །ངེས་པར་ལྷན་སྐྱེས་དག་པའི་སྐུ། །བླ་མའི་ཞབས་ལ་གསལ་བར་དྲི། །དེ་ཉིད་གསུངས་པ། གང་ཞིག་ཤར་བས་དུས་མཉམ་དུ་ནི་དབང་པོ་རྣམས། །ཡུལ་དང་མཚུངས་པར་ནུབ་ཅིང་གང་ཡང་མཁས་རྣམས་ཀྱི། །སྙིང་ལ་མངོན་དགའ་ཅི ་ཡང་སང་ཅིང་རྒྱས་གྱུར་པ། །རྒྱལ་བའི་མཛེས་སྐུ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །དེ་བས་ན། འདིར་ནི་གང་བློ་དམ་པའི་བདེ་བ་ཡིས། །སྟོབས་སུ་གྱུར་པ་རྣམས་རྟོག་མཛའ་དག་འཇོམས། །དེ་ཡང་མཁས་པ་བྱ་བ་བྱས་པ་སྟེ། །གཞན་པ་དེ ་རྣམས་རྐང་གཉིས་ཕྱག་ཡིན་ནོ། །གང་དུ་དངོས་དང་དངོས་པོ་མེད་པ་འབའ་ཞིག་ཉིད་དང་རྣམ་བྲལ་རང་ཉིད་མཛེས་པ་སྟེ། །སྡུག་པོར་གྱུར་པའི་དགའ་བའི་རང་བཞིན་རབ་ཏུ་རྟོགས་པ་ཆེན་པོ་ནམ་མཁའ་ཨི་གནས་ཁྱབ ་ཅིང། །རྒྱ་ཆེའི་རྣམ་པ་སྣ་ཚོགས་ཅན་དང་དྲི་མེད་ཉིད་ཀྱིས་མེ་ལོང་དཀྱིལ་འཁོར་འཕྲོ་འདྲ་བ། །བདེ་བ་ཀུན་གྱི་གཞིར་གྱུར་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཞི་པ་ཡིན་པར་བརྗོད། །དེ་ཡི་ཕྱིར་ཐེ་ཚོམ་མེད་པ་ལས་སྐུ ་གསུམ་གྱི་རྗེས་སུ་འཇུག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཕྱག་རྒྱ་ཆེན་པོ་ཉིད་ནི་བཞི་པ་ཡིན་པར་བྱའོ། །དབང་བཞི ་པའི་རབ་ཏུ་བྱེད་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའོ།། །།ཞལ་སྔ་དེ་ཉིད་དུ ་ལེགས་པར་མཉན་ནས་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བས་བསྒྱུར་བའོ། །།བཀྲ་ཤིས་སརྦ་མངྒཱ་ལཾ།། ་