| Wylie | e-texts based on the ACIP/ALL Input |
མཛད་པ་བཞུགས།།)་།།རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དཀའ་འགྲེལ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྟོང་པ་སྙིང་རྗེ་རོ་མཉམ་པ། །ལྷན་ཅིག ་སྐྱེས་པ་དེ་ལ་འདུད། །གང་ཞིག་ཞལ་གྱི་བདུད་རྩི་ཡི། །འགྲོ་བའི་འཆི་བདག་འཇོམས་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །དོ་ཧ་མཛོད་ཀྱི་དཀའ་འགྲེལ་ནི། །རྨོངས་པའི་བློ་གྲོས་སད་བྱེད་པ། །འགྲོ་ལ་ཕན་ཕྱིར་བྲི་བར་བྱ། ། ་སྔགས་ཀྱི་ཐེག་པ་འདིར་རྫོགས་པའི་བྱང་ཆུབ་ནི་བླ་མ་ལ་རག་ལས་པ་ཡིན་ནོ། ཞེས་གསུངས་པས་དང་པོར་བླ་མ་བརྟག་པར་བྱའོ། །དེ་ལ་བླ་མ་དམ་པ་མ་ཡིན་པ་བརྟེན་པ་ནི་བདག་ཉིད་ཉམས་པར་བྱེད་པས་དེའི་སྐྱོན་བསྟན་པ་ནི། དུག་སྦྲུལ ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དཔེར་ན་སོ་ཀའི་ཚད་པས་ཉེན་པས་དུག་སྦྲུལ་ལ་གྲིབ་མར་འཁྲུལ་ཏེ་དྲུང་དུ་ཕྱིན་ན་བདག་ཉིད་གསོད་པར་བྱེད་པ་བཞིན་དུ། བླ་མ་ངན་པ་རྣམས་ལ་བླ་མར་འདུ་ཤེས་ནས་སྡུག་བསྔལ་གྱིས་ཉན ་ནས་དེའི་དྲུང་དུ་ཕྱིན་ནས། དེ་བསྟེན་པས་དེའི་སྐྱོན་ལྟ་བ་ངན་པ་དང། སྤྱོད་པ་ངན་པ་འགོས་པས། དེ་དག་སྤྲུལ་བཞིན་དུ་བལྟས་ཏེ་སྤང་བར་བྱའོ། །སྦྲུལ་ལྟ་བུའི་བླ་མ་དེ་གང་ཡིན་སྙམ་པ་ལ། དེ་ཉིད་མི་ཤེས་བྲམ་ཟེ་ཞེས་པ་ནས། །ཐུན ་པ་ཉིད་དུ་གོལ་ཞེས་པའི་བར་གྱི་བྲམ་ཟེ་པས་བསྟན་ཏེ། གྱི་ན་རིག་བྱེད་ཅེས་པ་ནས་མེ་ལ་བསྲེག་གི་བར་ནི་ཁྱིམ་ན་གནས་པའོ། །དབྱུག་གུ་ནས་ཚིག་གཞན་གྱིས་ནི་དཀའ་ཐུབ་ལ་གནས་པ་བསྟན་ཏེ། དབྱུ་གུ་ནི་བརྟུལ་ཞུགས་སོ། །འདུལ་བ་དང་དད ་པས་བསྟན་པའང་དེ་ཉིད་དོ། །ེ་རའི་ཐལ་པ་ནས་གཞན་ལ་སྟོན་གྱི་བར་གྱིས་ནི་དབང་ཕྱུག་པ་སྟེན་ཏེ་གོ་སླའོ། །སེན་མོ་རིང་ཞིང་ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར་བའི་བར་གྱིས་མཆོད་འོས་པ་བསྟན་ཏེ་གོ་སླའོ། །ལུས་ཀྱི་དཀའ་ཐུབ་འབའ་ ་ཞིག་ཙམ་ནས་སངས་རྒྱས་ཀྱི་ཚུལ་འཛིན་གྱི་བར་གྱིས་ནི་ཐེག་པ་ཆུང་ངུ་ལ་ཞུགས་པའོ། །ཐེག་པ་ཆེན་པོ་དེ་ལ་རྒྱུ་ཕྱེད་ཅེས་ནས། ཚད་མའི་བསྟན་བཅོས་ཡིན་གྱི་བར་གྱིས་ནི་རྒྱུའི་ཐེག་པ་ལ་ཞུགས་པར་བསྟན་ཏོ། །ཁ་ཅིག་དཀྱིལ་འཁོར ་འཁོར་ལོ་མ་ལུས་སྒོམ་ནི་འབྲས་བུའི་ཐེག་པ་ལ་ཞུགས་པ་རྟོག་པའི་རྣལ་འབྱོར་ལ་གནས་པ་བསྟན་ཏོ། །ནམ་མཁའ་ཨི་ཁམས་ལ་རྟོག་པར་སྣང་བ་ནི་ཕྱི་རོལ་བ་དང་ཡང་ཐུན་མོང་བ་སྟེ། ནམ་མཁའ་ལ་ལྟ་བ་དང། དུས་ལ་ལྟ་བ་དང། ཕྱོགས་ལ་ལྟ ་བའོ། །དེ་ལ་དང་པོ་ནི་ནམ་མཁའ་སྤྲིན་མེད་པ་ལ་གློ་བུར་སྤྲིན་བྱུང་བས་དེ་མི་རྟག་པར་ལྟ་བ་དང། །དུས་ཀྱི་འགྱུར་བས་མི་རྟག་པར་ལྟ་བ་དང། ཕྱོགས་ནི་ཉི་མ་ཤར་ནུབ་ཀྱི་མི་རྟག་པར་ལྟའོ། །བཞི་པའི་དོན་འཆད་པ་ནི་བཞི་པ་གསུམ་པའི ་དོན་དུ་གོ་ནས་སངས་རྒྱས་པའི་བདེ་བ་ལ་བརྟེན་པའོ། །དེ་དག་ལས་ཁ་ཅིག་ནི་དེ་ཁོ་ན་ཉིད་དང་བྲལ་བའོ། །ཁ་ཅིག་དེ་ཉིད་མ་ནོར་བ་དང་བྲལ་བའོ། །དེ་ལྟར་བླ་མ་དམ་པ་མ་ཡིན་པ་དེ་དག་ཤེས་ནས་སྤངས་ལ། །དེ་དག་ལས་བཟློག་པའི་དམ་པའི ་བླ་མའི་དེ་ཁོ་ན་ཉིད་མ་ནོར་བ་ལ་ཞུགས་ཤིང་དེ་སྟོན་པར་ནུས་པ་རྣམས་བརྟེན་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་བཙལ་བར་བྱའོ། །དེ་ལ་དང་པོར་དེ་ཁོ་ན་ཉིད་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་དེའི་མི་མཐུན་པ་དམིགས་པ་དང་བཅས་པའི ་བསམ་གཏན་ཀུན་ཤེས་ནས་སྤང་བར་བྱ་བ་ནི། གང་ཞིག་གང་ལ་ཞེན་པ་ལ་སོགས་པས་སྟོན་ཏོ། །དེ་ལ་གང་ཞིག་ནི་གང་ཟག་གོ་།གང་ལ་ནི་ཡི་དམ་གྱི་ལྷ་ལྟ་བུ་དེ་ལའོ། །མོས་པར་གྱུར་པ་ནི་དེས་བདག་གྲོལ་བར ་བྱེད་དོ། །ཞེས་ལྷག་པར་དད་པའོ། །བསམ་གཏན་གནས་པ་ནི་དེ་ལ་བསྐྱེད་རིམས་ཀྱི་སྒོ་ནས་བསྒོམ་པའོ། །ཐར་པ་མི་ཐོབ་པ་ནི་སངས་རྒྱས་ཉིད་དུ་མི་འགྱུར་བ་སྟེ། དཔལ་དགྱེས་པའི་རྡོ་རྗེ་ལས། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས ་གསུངས་པ་དང། མཚན་ཡང་དག་པར་བརྗོད་ལས། བདག་གིར་མི་འཛིན་པར་མི་འཛིན་ཞེས་གསུངས་པས་སོ། །མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བརྟེན་པ་ཅི་དགོས་ཞེས་པ་ནི་མཆོད་པ་དང་བཟླས་པས ་མཉེས་པས་མི་གྲོལ་བའོ། །འབབ་སྟེགས་ནས་ཐོབ་བམ་ཅིའི་བར་གྱིས་ལྷ་རྟེན་ལྟ་བས་མི་གྲོལ་བ་སྟེ། འོ་ན་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ། སྙིང་རྗེ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དོན་ནི་འདི་ཡིན་ཏེ། སྟོང་པ ་དང་སྙིང་རྗེ་རོ་མཉམ་པའོ། །དེ་ལ་སྟོང་པ་གང་ཞེ་ན། སྒྱུ་མའི་རྣམ་པར་སྣང་བ་སྟེ། དངོས་པོས་སྟོང་པའོ། །དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པའོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། གཟུགས་མེད་གཟུགས ་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་གསུངས་པ་དང། འདི་ཉིད་ལས་སྒྱུ་མའི་རྣལ་འབྱོར་མ་ནི་མཆོག་ཏུ་རྟོགས་ཞེས་གསུངས་པས་སོ། །དེ་ནི་མངོན་སུམ་དུ་མཐོང་བ་ཡིན་གྱི་ཆད་པའི་སྟོང་པ་འམ་རྟག་པའི ་སྟོང་པ་ལྟ་བུས་མངོན་དུ་མ་མཐོང་བ་ནི་མ་ཡིན་ཏེ། རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཉིད་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་མི་འབྱུང་ངོ། །རྒྱུ་ལས་འབྲས་བུ་གཞན་མིན་པས། །ཞེས་གསུངས་པས་སོ། །སྙིང་རྗེ་ནི་མི་འབྲལ་བ་སྟེ། ཟག་མེད་ཀྱི་བདེ ་བའོ། །དེ་ནི་སྡུག་བསྔལ་དང་བྲལ་བ་ཙམ་ཡང་མ་ཡིན་གྱི། མི་དམིགས་པའི་བདེ་བའོ། །དེ་ཡང་བདེ་མཆོག་ལས། ལྷ་དང་མི་ཡི་བདེ་བ་ཡིས། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། ཞེས་པ་དང། འདི་ཉིད་ལས་གང་ཡང་བརྟེན ་ནུས་མེད་པས་ན། ཞེས་གསུངས་སོ། །སྙིང་རྗེ་དང་བྲལ་ནས་ཐོབ་མི་འགྱུར་གྱི་བར་གྱིས་ནི། ཁ་ཡང་བ་ལམ་མ་ཡིན་པ་དང། གང་ཡང་གཉིས་པོ་ལ་སོགས་པ་ནི་རོ་ཉམས་པ་ལམ་དུ་བསྟན་ཏེ། འབྲས་བུ་དང་མཐུན་པའི་ལམ་བསྒོམ་དགོས ་པས་སོ། །དེ་ཉིད་མ་བཅོས་པའི་ལྷ་སྟེ། ཐམས་ཅད་ཀྱི་དོན་གྱི་སྙིང་པོར་སྟོན་པ་ནི། ཀྱེ་ལགས་གང་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། ཀྱེ་ལགས་ནི་བོད་པའོ། །གང་སྨྲས་ནི་བླ་མ་དམ་པ་མ་ཡིན་པ་རྣམས་ཀྱིས་གོང་དུ་བསྟན་པའོ། །བརྫུན་པ ་ནི་དོན་མེད་དོ། །ལོག་པ་ནི་གཉུག་མ་མི་མཚོན་པའོ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང། ཞེས་པ་ནི་ཡི་དམ་གྱི་ལྷ་ཡིན་ཞེས་འཛིན་པ་དེ་ཐོང་ཞེས་པའོ། །རྟོག་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། ཞེས་པ་ནི་ལྷན་ཅིག་སྐྱེས་པ་དེ་རྟོགས་ན ་བརྟན་གཡོ་ཐམས་ཅད་དེ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་རང་བཞིན་འབའ་ཞིག་ཡིན་པའོ། །དེ་ལས་གཞན་གྱི་སུས་ཀྱང་ཤེས་མི་འགྱུར་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལས་གཞན་ལོགས་ནས་ལྷ་གང་གིས་ཀྱང་མི་ཤེས་པའོ། །འོ་ན་གཞན ་ཐམས་ཅད་སྤང་ངམ་སྙམ་པ་ལ། ཀློག་པ་ཞེས་པ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་སྐྱེས་པ་དེ་ཡེ་ནས་ཀུན་ལ་གནས་པས་རྟོགས་ན་ཐམས་ཅད་དེ་རང་ལས་མ་འདས་པའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་དེ་ཐབས་གང་གིས་རྟོགས་པར་བྱ་སྙམ་པ་ལ། དེ ་མི་མཚོན་པའི་ལྟ་བ་ཡོང་མིན་ཏེ། ཞེས་པ་ལ་སོགས་པ་སྨོས་ཏེ། །དེ་ནི་ལྷན་སྐྱེས་སོ། །མི་མཚོན་པ་ནི་མཚོན་པའི་ལྟ་བ་གྲུབ་མཛའ་གང་ཡང་མེད་དེ། ཀུན་ནས་སྟོན་ཀྱང་བླ་མས་མཚོན་ན་མི་རྟོགས་ཏེ། དེ་དག་ནི་མཛའ་དྲུག་གིས་རྒྱས་བཏབ ་པས་སོ། །བླ་མའི་མན་ངག་གིས་ཇི་ལྟར་མཚོན་ན། ལག་གི་ནོར་དང་འདྲ་བས་མངོན་སུམ་དུ་གསལ་པོར་མཐོང་སྟེ། བླ་མ་ཡིས་ནི་གང་གིས་དེ་མངོན་སུམ་དུ་འགྱུར་བའི་ཐབས་སྟོན་གྱི། དོན་དེ་དངོས ་སུ་བརྗོད་ནུས་པ་ནི་མ་ཡིན་ཏེ། བརྗོད་དུ་མེད། གང་འདི་ལྟར་བཤད་དུ་ཡོད་ཅེས་པ་དང། བླ་མས་བསྟན་པ་མ་ཡིན་ཞིང་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་དབང་བཞི་པ་ཁོ་ནས་རྟོགས་སོ། །མ་མཚོན་པར་མི་རྟོགས་པ་ནི་གཉུག ་མའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། ལྷན་སྐྱེས་དེ་ཡེ་ནས་གནས་ཀྱང་རྟོག་པའི་བག་ཆགས་བཞི་པོས་དཀྲུགས་པའི་ཕྱིར་མི་རྟོགས་སོ། །དེ་རྟོགས་པའི་གང་ཟག་ནི་ཤེས་པ་ཅི་ལ་ཡང་མི་དམིགས་ཤིང་སྤྱོད་པ་གང་ལ་ཡང་བླང ་དོར་མེད་དོ། །ཞེས་སྟོན་པ་ནི་བསམ་གཏན་མེད་ཅིང་ཞེས་པ་ལ་སོགས་པ་སྟོན་ཏེ་གོ་སླའོ། །ལྷན་སྐྱེས་དེ་དབང་གསུམ་པའི་ཉམས་མྱོང་གིས་མི་རྟོགས་སམ་སྙམ་པ་ལ་དེ་དག་དགག་པའི་ཕྱིར། གལ་ཏེ་མངོན་སུམ་གྱུར་ན་ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །གལ་ཏེ་མངོན་སུམ་གྱུར་ན་བསམ་གཏན་ཅི་ཞེས་པ་ནི་གསུམ་པའི་དུས་སུ་ལྷན་ཅིག་སྐྱེས་པ་དེ་མངོན་སུམ་དུ་མཐོང་ན་སྒོམ་ཅི་དགོས་ཞེས་པའོ། །གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ་ཞེས་པ་ནི་གལ་ཏེ་མ་མཐོང ་ན་སྒོམ་དུ་མེད་དེ་རྟོག་པས་མོས་པར་ཟད་དོ། མུན་ཁུང་གི་གཟུགས་ལྟ་བ་བཞིན་ནོ། །ཡང་ན་གསུམ་པའི་བདེ་བ་དེ་ལྷན་སྐྱེས་དེ་རྣལ་མ་མ་ཡིན་ཏེ། རྣལ་མ་དེ་ནི་དངོས་པོ་མ་ཡིན་ཏེ། རྡུལ་ཕྲ་རབ་ལས་འདས་པ་དང། དངོས་མེད་མིན ་ཏེ། མིག་སྔར་སྣང་བས་སོ། །ཡང་ན་དངོས་དང་དངོས་མེད་མིང་མིན་ནི། དངོས་པོ་ནི་བདེ་བའི་ཉམས་སོ། །དངོས་མེད་ནི་སྟོང་པའོ། །མིང་ནི་ཐ་དད་མིན་ཏེ་རོ་མཉམ་པའོ། །འདི་ནི་དེ་ལས་བཟློས་པ་སྟེ། འདི་ནི་དངོས་པོའི་རྟོག་པའོ། །དེ ་ཡང་ཧེ་བཛྲ་ལས་གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེས་ན་བདེ་བ་དེ་ཉིད་མིན། ཞེས་པ་དང་ཀླུ་སྒྲུབ་ཀྱིས་བཅོས་མ་ལས་མ་བཅོས་པ་ཇི་ལྟར་འབྱུང་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གལ་ཏེ་མངོན་སུམ་གྱུར་ན་བསམ་གཏན་ཅི། ཞེས་པ་ལ ་སོགས་པའི་དོན་ནི་མངོན་སུམ་གྱུར་ན་སྟེ། དངོས་པོ་ནི་སྒོམ་མི་དགོས་ཏེ། མངོན་དུ་གྱུར་པས་སོ། །དངོས་མེད་ནི་སྒོམ་དུ་མི་རུང་སྟེ་མ་མཐོང་བས་སོ། །དེ་ནི་ལྐོག་ཏུ་གྱུར་ན་མུན་པ་འཇལ་ཏེ། མུན་ཁུང་གི་གཟུགས་ལ་སེམས་པ་བཞིན་ནོ། ། ་དེ་བས་ན་ལྷན་ཅིག་སྐྱེས་པ་ཉིད་ནི་དངོས་དང་དངོས་མེད་མིན་ཏེ། སྟོང་པ་དང་སྙིང་རྗེ་རོ་མཉམ་པའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་དེ་སྤྱིར་བསྟན་ནས། ད་ནི་དེ་ཉིད་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པའི་ཕྱིར་གང་ཞིག་སླངས་ནས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་ལ་གང་ཞིག་ནས་ཇི་ལྟར་བྱ་བའི་བར་གྱིས་ནི་རྒྱུའི་ལྷན་སྐྱེས་ཏེ། གང་ཞིག་ནི་རྩ་བའི་འོད་གསལ་མི་ཤིགས་པའི་ཐིག་ལེའོ། །བླངས་པ་ནི་དེ་ལ་བརྟེན་ནས་རྟོགས་པ་སྐྱེ་བའོ། །དེའི་དབང་གིས་སྐྱེ་ཞིང་འཆིང་བར་བྱེད་པས་སོ། ། ་ཡང་ན་ཡེ་ཤེས་ཀྱི་རླུང་གིས་སེམས་ཅན་སྐྱེ་ཞིང་དེས་སྲོག་ཟད་པར་བྱས་ནས་འཆི་བ་སྟེར་རོ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས་པ་ནི་རྩ་བའི་འོད་གསལ་དེ་མ་དག་ན་འཁོར་བར་སྐྱེ་ལ། དེ་དག་ན་ཉི་མ་ལྟ་བུར་འཆར་ལ་དེ་ཤར་ན་དེ་ན་རྦད ་མེད་ཀྱི་བདེ་བ་འགྲུབ་པའོ། །གཞན་ནི་གོ་སླའོ། །ང་ནི་རྒྱུའི་ལྷན་སྐྱེས་དེ་རྟོགས་པར་བྱ་བའི་ཕྱིར། ལམ་གྱི་ལྷན་ཅིག་སྐྱེས་པ་སྟོན་པར་བཞེད་ནས་བསམ་གཏན་བྲལ་བ་ནི་བསམ་པའི་ཡུལ་ལས་འདས་པ་དང། བརྗོད་དུ་མེད་པ་ནི་ཐ་སྙད་ལས ་འདས་པའོ། །མ་བརྗེད་ན་རྟོགས་སམ་ཞེ་ན་མ་ཡིན་ཏེ། སྲིད་པའི་ཕྱག་རྒྱ་སྟེ། རྟོག་པའི་རྒྱུ་རླུང་ཞུགས་པའི་དབང་གིས་ལྷན་སྐྱེས་དེ་མི་རྟོགས་པས། བླ་མ་དམ་པའི་གདམས་ངག་ལ་ལྟོས་དགོས་ཨིསོ། །གདམས་ངག་ཀྱང་རྟོགས་པའི་བསྒོམ་པ་མ་ཡིན ་པར་སྟོན་པ་ནི། རྒྱུད་མེད་སྔགས་མེད་ཅེས་བྱ་བ་ལ་སོགས་པའོ། །གདམས་ངག་དེ་གང་ཡིན་ན། ཟ་ཞིང་ནི་བདེ་བའོ། །འཐུང་བ་ནི་ཤུ་ཀྲའོ། །གཉིས་སྤྲོད་ནི་སྟེང་འོག་གི་རླུང་འཐབས་པའི་དྲོད་ཀྱིས་སོ། །རྟག་ཏུ ་ཡང་དང་ཡང་དུ་འཁོར་ལོ་འགེངས་ཞེས་པ་ནི་རྩ་དབུ་མའི་སྟེང་བྱང་ཆུབ་ཀྱི་སེམས་སྨད་ཁྲག་གིས་གང་བས་བྱང་སེམས་ཕྱིར་ཤོར་བས་ལུས་སེམས་ཉམས་པ་ལ་སོགས་པའོ། །དེ་ནས་བྱང་སེམས་ཁ་གྱེན་དུ་འདྲེན་པའོ། །ཤུ་ཀྲ་ལ་གྱེན་དུ་བལྟས ་ཏེ་འཁོར་ལོ་དྲུག་རིམས་ཀྱིས་འགེངས་པའོ། འཇིག་རྟེན་ཕ་རོལ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བདེ་བའི་བསམ་གཏན་བསྟན་ནས། སྟོང་པ་བསྟན་པའི་ཕྱིར་གང་དུ་རླུང་དང་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་མི་རྒྱུ་བ་ནི་དབུ ་མར་རླུང་བཅིངས་པའོ། །དེ་ཡང་སེམས་མ་བཅིངས་ན་མི་འགྲུབ་པས་སེམས་ནི་མི་རྟོགས་པ་ལ་གཞག་པའོ། །ཉི་ཟླ་ནི་གཡས་གཡོན་གཉིས་ཀྱི་རླུང་ངོ། །འཇུག་པ་མེད་འགྱུར་ནི་དབུ་མར་ཞུགས་པའོ། །གཞན་ནི་གོ་སླའོ། །གཉིས ་མེད་ཀྱི་བསམ་གཏན་ནི་གཉིས་སུ་མི་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། ཞེས་བྱ་བ་ནི་གཡས་གཡོན་གྱི་རླུང་ཨ་བ་དྷཱུ་ཏཱིར་གཅིག་ཏུ་བྱས་པའོ། །རིགས་ནི་ཁ་དོག་ལྔའི་རླུང་ཐ་དད་དུ་མི་བྱ་བར་ཡེ་ཤེས ་ཀྱི་རླུང་ཁ་དོག་གཅིག་ཏུ་བྱས་པའོ། །ཡང་ན་རིགས་ལས་བྱེ་བྲག་ནི་ཐབས་ཀྱི་རིགས་དང། ཤེས་རབ་ཀྱི་རིགས་ཐ་དད་དུ་མི་བྱ་བར་ཨེ་བཾ་རོ་མཉམ་དུ་བྱའོ། །ཁམས་གསུམ་ནི་ལུས་ངག་ཡིད་གསུམ་མོ། །འདོད་ཆགས་ཆེན་པོ་ནི ་བདེ་བ་ཆེན་པོར་རོ་མཉམ་པའོ། །བདེ་བ་ཆེན་པོ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེས་ནི་ཐོག་མ་སྟེ་དགའ་བ་དང། བར་ནི་མཆོག་ཏུ་དགའ་བ་དང། ཐ་མ་དགའ་བ་སྟེ་དེ་རྣམས་སྤངས་པའོ། །སྲིད་མིན་ནི་དགའ་བ་དང་མཆོག་ཏུ་དགའ་བ་སྟེ། འཁོར་བ ་དང་མྱ་ངན་ལས་འདས་པ་ནི་དགའ་བྲལ་ལོ། །མ་ཡིན་ན་དེ་གཉིས་སྤངས་པའི་ལྷན་ཅིག་སྐྱེས་པའོ། །དེ་ནི་ཟག་བཅས་ཀྱི་བདེ་བའོ། །ཡང་ཟག་མེད་ཀྱི་བདེ་བའི་དབང་དུ་བྱས་ནས། ཐོག་མ་ནི་སྐྱེ་བ། བར་ནི་གནས་པའོ། །ཐ་མ་ནི་འཇིག་པ་སྟེ། ཟག ་མེད་ཀྱི་བདེ་བ་ནི་རྒྱུ་ལས་མ་སྐྱེས་པའོ། །སྲིད་མིན་ནི་མ་ཞུ་བ་དང། དཔྲལ་བ་ན་གནས་པ་མ་ཡིན་པའོ། །མྱ་ངན་འདས་པ་མིན་ནི། རྡོ་རྗེ་ནོར་བུ་ནས་འཕོས་པའོ། །དེ་ལྟར་ཕབ་ལ་མ་ཕོ་བའོ། །གཞན་ནི་གོ་སླའོ། །གཉིས་མེད་ཀྱི་དུས་དེར་གཟུང ་འཛིན་གྱི་འབྲེལ་པ་ཆད་པ་ནི། མདུན་ན་ཞེས་པ་ལ་སོགས་པས་སྟོན་ཏེ། མདུན་ནི་རྟོག་པའོ། །རྒྱབ་ནི་ཡེ་ཤེས་སོ། །ཕྱོགས་བཅུ་ནི་ཕྱིའི་ཕྱོགས་སོ། །གང་གང་མཐོང་བ་དེ་དེ་ཉིད་ཅེས་པ་ནི། ཅི་སྣང་བ་དེ་དེ་ཉིད་དེ་བདེ་ཆེན་ཉིད་དོ། །དེ་རིང་མགོན ་པོ་ད་ལྟར་འཁྲུལ་པ་ཆད། ཅེས་པ་ལ། དེ་རིང་ནི་རྟོགས་པའི་དུས་སོ། །མགོན་པོ་ད་ལྟར་ནི་ནང་དུ་རྟོགས་པའི་ཉམས་བཞིན་ཕྱིའི་བཟུང་བའི་འཁྲུལ་པ་ཆད་པའོ། །ད་ནི་སུ་ལའང་དྲི་བར་མི་བྱའོ་ཞེས་བྱ་བ་ནི་འཁྲུལ་བ་ཆད་པས་ན་བདེ་བའི་དོན ་གཞན་ལ་མི་འདྲི་བའོ། །དབང་པོ་གང་དུ་ལ་སོགས་པས་ནི་འཛིན་པའི་འབྲེལ་པ་ཆད་པ་སྟོན་ཏེ། དབང་པོ་ནི་འཛིན་པའི་རྟོག་པའོ། །གང་དུ་ནི་ལྷན་ཅིག་སྐྱེས་པ་གང་དུའོ། །ནུབ་པ་ནི་འབྲེལ་པ་ཆད་པའོ། །དེ་ཡང་ཇི་ལྟར་ཆད་ན། རང་གི་ངོ་བོ་ཉམས ་བས་འགྱུར་ཞེས་པ་སྟེ། རང་གི་ངོ་བོ་གྲུབ་པ་མེད་པར་ཤེས་པའོ། །གཟུང་འཛིན་གྱི་འབྲེལ་བ་ཆད་པས་མཐོང་བ་དེ་ནི་མིང་ཅི་ཡིན་ན། ལྷན་ཅིག་སྐྱེས་པའི་ལུས་ཏེ་སྐུའོ། །དེ་ནི་བླ་མའི་ཞལ་ལས་ཤེས་སོ། །བླ་མའི་ཞལ་ལས་ཐོབ་པ་དེའི་ཚེ་ཡིད ་འཆིང་སྟེ་མི་རྟོགས་པས་སོ། །རླུང་དེངས་པ་དེ་དབུ་མར་ཐིམ་པའོ། །གར་ཤེས་པ་སྟེ་ཐབས་ཤེས་པའོ། །ལྷན་སྐྱེས་དེ་ལ་འཁྲུལ་པ་བསལ་བའི་ཕྱིར། །ས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་གསུམ་ནི་སྣང་བ་གསུམ་མོ། །འདི་ལ་ཞེས་པ་ནི ་འདིར་ཞེས་པའོ། །ཡན་ལག་ཐམས་ཅད་ནི་འཁོར་འདས་སོ། །གནས་ནི་གཞིའོ། །དེ་ལྟར་སྣང་བ་གསུམ་པོ་དེ་ནི་རྨོངས་པའི་རྒྱུ་ཡིན་པས་གཞག་ལ་སྣང་བ་གསུམ་དང་ལྡན་པའི་སེམས་ཀྱི་རྣམ་པ་འཁོར་བ་ཡིན་པས ་སྤངས་པ་དང། སངས་རྒྱས་ཀྱི་སྣང་བ་སྟོབས་ཡིན་ཏེ། དེ་ལྟར་མི་ཐོབ་པས་དེ་གཉིས་ནི་དབང་པོའི་རིམ་པས་མཚམས་ཏེ་རྣལ་འབྱོར་པས་འོད་གསལ་བསྒོམ་ཞེས་པའོ། །མཚམ་ནི་གཞི་འོད་གསལ་གྱི་བདག་ཉིད་ཡོངས་སུ་ཤེས་པའོ།། ་འོད་གསལ་དེའི་གཏི་མུག་སྟེ། མི་ཤེས་པའི་མཚོ་ཆད་པར་བྱེད་པའོ། །གལ་ཏེ་འོད་གསལ་གང་ཡིན་པ་དེ་ཤེས་ནའོ། །དེས་ནི་སེམས་ཅན་གྱི་རིག་པའི་ཤེས་བ་མྱོང་བ་ནི་རྟོག་པ་ཡིན་པས་དེ་ལྷན་སྐྱེས་མ་ཡིན་པར་བསྟན་ཏོ། །འོ་ན ་སྣང་བ་འདི་ཉིད་ལྷན་སྐྱེས་ཡིན་སྙམ་པ་ལ། །ལན་དུ་ཀྱེ་ཧོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཀྱེ་ཧོ་ནི་ཀྱེ་མས་ཏེ་ངོ་མཚར་བའོ། །འདི་ནི་རང་གི་རིག་པ་སྟེ། འདི་ལ་འཁྲུལ་པར་མ་བྱེད་ཅིག་ཅེས་པ་ནི་སྣང་བ་འདི་ཉིད་ནི་གོང་གིས་གསུམ་ཞེས་པ་སྣང་བ ་དང། མཆོད་པ་དང། ཉེ་བར་ཐོབ་པས་ཏེ་འཁོར་བ་བརྒྱུད་མར་འགྲོ་བ་རྟོག་པའི་སྣང་བ་སྟེ། འདི་ལ་ལྷན་ཅིག་སྐྱེས་པ་ཡིན་ནོ་ཞེས་འཁྲུལ་བར་མ་བྱེད་ཅིག་ཅེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དངོས་དང་དངོས་མེད་ཀྱི་རྟོག་པ་གཉིས་ཀ་འཆིང ་བ་ཉིད་དུ་བདེ་བར་གཤེགས་པས་གསུངས་སོ། །དེ་ལྟ་བུ་ལམ་མ་ནོར་བ་དེ་ལ་བློ་ཇི་ལྟར་གཞག་སྙམ་པ་ལ་གཉུག་མའི་ཡིད་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ལྷན་སྐྱེས་སོ། །གཅིག་ཏུ་སྡོད་དང་ཞེས་པ་ནི་བསྒོམ་བྱ ་སྒོམ་བྱེད་གཉིས་སྤངས་ལ། མི་དམིགས་པ་ལ་གཞག་པའོ། །དཔེ་ཇི་ལྟར་གཞག་ན་ཆུ་ལ་ཆུ་གཞག་བཞིན་དུ་སྟེ། །ཆུ་རྒྱུ་འོད་གསལ་སྟོང་པ་ལ། །ཆུ་གཞག་སྟེ་མི་རྟོག་པར་གཞག་པའོ། །བཅོས་མའི་རྣལ་འབྱོར་གྱིས་མི་གྲོལ་བར ་བསྟན་པའི་ཕྱིར། བསམ་གཏན་བརྫུན་པ་ཞེས་པ་ལ་སོགས་པ་སྨོས་ཏེ། བསམ་གཏན་བརྫུན་པ་ནི་རྟོག་པའི་རྣལ་འབྱོར་རོ། །སྒྱུ་འཕྲུལ་དྲ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་སྤང་དུ་འཁྱུད་དེ་མ་འཁྱུད་པར་སྤོངས་ཞེས་པའི་དོན་ཏོ། །དེ་ཉིད་སྤངས་པའི ་འཐད་པ་བསྟན་པའི་ཕྱིར། བླ་མ་དམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མ་དམ་པའི་བཀའ་ཨི་བདེན་པར་ཡིད་ཆེས་པ་དེ་ཡིས་ནི་ས་ར་ཧ་ཡིས་སོ། །བརྗོད་དུ་ཡོད་པ་མིན་ཞེས་མདའ་སྣུན་སྨྲ་ཞེས་པ་ལ། སྒྲ་དང་ཡི་གེའི་ཡུལ་མ་ཡིན་པས་ན། ཡུལ་ཇི ་ལྟ་བུ་ལ་གཞག་སྙམ་པ་ལ། གདོད་ནས་དག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོད་ནས་དག་པའི་ནམ་མཁའ་ནི་སྤྲིན་མེད་པའི་ནམ་མཁའ་ཨོ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར་ཞེས་པ་ནི་ཁེངས་པའི་ལྟ་སྟངས་ཀྱིས་བལྟས་ན་མཐོང ་བ་འགག་པ་ནི་གཟུང་འཛིན་གྱི་འབྲེལ་པ་ཆད་པའོ། །དེ་ལྟ་བུའི་དུས་སུ་འགོག་བྱེད་ཅིང་ཞེས་པའི་རླུང་བཞི་རིམས་ཀྱིས་འགག་པའོ། །དེ་ཡང་དང་པོ་སངས་རྒྱས་ཀྱི་རྒྱུད་ལས། ནམ་མཁའ་སྤྲིན་བྲལ་ལས་ནི་ཁེངས་པའི་ལྟ་བས་ལྟ་ཞེས་གསུངས་པས་སོ།། ་དེའི་དོན་ནི་འདི་ཡིན་ཏེ། ཉིན་པར་བླ་གབ་མེད་པར་འདུག་སྟེ། སྤྲིན་མེད་པའི་ནམ་མཁའ་ལ་ཁེངས་པའི་ལྟ་བས་ལྟ་ཞིང། ཡིད་མི་རྟོག་པ་ལ་བཞག་ན་རླུང་རིམས་ཀྱིས་འགགས་ནས་རྟགས་འཆད་བའོ། །འདི་ནི་གདམས་ངག་དམ་པ་སྟེ། །གསལ་བར ་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟ་བུ་ལྷན་སྐྱེས་དེ་རང་ལ་གནས་ན་མི་རྟོགས་པའི་རྒྱུ་ཅི་ཡིན་སྙམ་པ་ལ། གཉུག་མའི་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ལྷན་སྐྱེས་མ་བཅོས་པའོ། །ང་རྒྱལ་སྐྱོན་ནི་དེ་དང་ངར་འཛིན་པའི ་སྐྱོན་གྱིས་བསྒྲིབས་པའོ། །གཞན་གྱི་སྐྱོན་གྱིས་མི་རྟོག་པར་སྟོན་པ་ནི། འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་ཏེ་ཞེས་པ་ལ་རྟོག་པའི་རྣལ་འབྱོར་མཚན་བཅས་སྟོན་པ་བླ་མའི་སྐྱོན་གྱིས་མི་རྟོག་པ་དང། གཞན་ཡང་སྟོང་པ་ཉིད་རྟོག་པའོ ་སྟོན་པས་ཀྱང་མི་རྟོགས་ཏེ། ལྷན་སྐྱེས་དེ་སྐྱེ་འགགས་རྣམས་ཀྱི་བརྟགས་ན་དེའི་རང་བཞིན་མི་ཤེས་སོ། །ལྷན་ཅིག་སྐྱེས་པ་དེ་རྟོགས་པ་ལས་ཅི་འབྱུང་སྙམ་པ་ལ། དེའི་ཕྱིར་དོན་གྱིས་ལྷན་སྐྱེས་རྣམ་པར་དག ་པའི་འབྲས་བུ་བསྟན་པར་བཞེད་ནས། རྩ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བ་བྲལ་བ་ནི། རྒྱུས་མ་བསྐྱེད། རྐྱེན་གྱིས་མི་འགག་།ངོ་བོ་གང་ལ་ཡང་མི་རྟེན་པས་སོ། །དེ་ཉིད་མི་འགྱུར་བ་སྟེ་ལྷན་སྐྱེས་སོ། །གང་སེམས་པ་ནི་ལྷན ་སྐྱེས་གང་ཡིན་པ་དེ་བསྒོམས་ན། འཁོར་བའི་རང་བཞིན་ནི་སེམས་ཉིད་ཀྱི་རྣམ་རྟོག་ཙམ་ཡིན་པས། སེམས་མཚོན་པའི་བླ་མའི་གདམས་ངག་དེས་ཆོག་པས་གཞན་གྱི་ཅི་བྱ་ཞེས་པའོ། །ལྷན་སྐྱེས་དེ་གང་གིས་ཀྱང་བརྗོད་པར ་བྱ་བ་མ་ཡིན་ན། བླ་མས་ཇི་ལྟར་མཚོན་སྙམ་པ་ལ། དེའི་ཕྱིར་རང་བཞིན་གཉུག་མ་བརྗོད་བྱ་མ་ཡིན་ཏེ། སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་དོན་ནི་བརྗོད་བྱ་མ་ཡིན་དུ་ཟིན་ཀྱང། ་ཐབས་བསྟན་པས་དང་པོ་དབང་པོའི་མངོན་སུམ་གྱིས་སྒྱུ་མ་ལྟ་བུའི་ལུས་མཐོང་བར་འགྱུར་ཏེ། དཔེར་ན་མུན་ཁུང་གི་རྫས་བརྗོད་པས་མི་མཐོང་བའི་ཐབས་མར་མེ་སྟོན་པ་ལྟ་བུའོ། །དཔེས་ནི་འབྲས་བུའི་ལྷན་སྐྱེས་མངོན་སུམ་དུ་གྱུར ་པར་བསྟན་ཏེ། དེ་ཉིད་ཉེས་པ་དང་བྲལ་བར་བསྟན་པའི་ཕྱིར་ཆོས་དང་ཆོས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ནི་དགེ་བའི་ཆོས་དང། ཆོས་མིན་ནི་མི་དགེ་བའོ། །མཉེས་པར་ཁྱད་པར་མེད་པར་རོ། །ཟོས་པ་ནི་རྟོག་པའོ། །དེ་ལྟར ་དེ་ནི་ལས་རྒྱུ་འབྲས་དང་བྲལ་བའོ། །ཡང་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བས་བསྟན་པའི་ཕྱིར། གཉུག་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉུག་མའི་ཡིད་ནི་ལྷན་སྐྱེས་སོ། །སྦྱངས་པ་ནི་རྟོག་པའི་རླུང་དག་པར་བྱས་པའོ། །བླ་མའི་ཡོན ་ཏན་སྙིང་ལ་འཇུག་པ་ནི། གོང་མ་མཆོག་གི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་རང་ལ་འཆར་བའོ། །གླུ་ལེན་ནི་དགའ་ནས་སོ། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་ཞེས་པ་ནི་མ་མཐོང ་མོད་དོན་རྟོགས་པས་མཆོག་ཅེས་པའོ། །དེ་ལྷན་ཅིག་སྐྱེས་པ་དེ་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པའི་ཕྱིར་འགྲོ་བ་རྣམས་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འགྲོ་རྣམས་ཐམས་ཅད་ལས་ཀྱི་སོ་སོར་བཅིངས ་གྱུར་ཏེ། ཞེས་པ་ལ་དགེ་མི་དགེའི་ལས་ནི་རང་གི་རྣམ་རྟོག་ཙམ་སྟེ། དེས་ན་རང་གི་རྟོག་པས་སྤྲུལ་པ་ཡིན་གྱི། ལས་རྒྱུར་སྨྲ་བ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་རྡོ་རྗེ་ཕྲེང་བ་ལས་ཁམས་གསུམ་རླུང་གི་སྤྲུལ་པ་སྟེ། རྨི་ལམ་རྨི་བ་བཞིན་དུ་ལྟ ་ཞེས་གསུངས་སོ། །རྣམ་པར་རྟོག་པ་དེ་ཉིད་ནི་རྩ་བའི་འོད་གསལ་ཏེ། དེ་དག་ན་རྟོག་པ་ཀུན་འགགས་ཏེ། དེ་དག་པའི་གནས་སྐབས་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་སྐད་དུ་ཡང་འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས ་ཞེས་དེ་ལ་བྱ་ཞེས་གསུངས་སོ། །དེ་ལྟར་ན་སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ་ཞེས་བསྟན་ཏོ། །སེམས་ཉིད་གཅིག་པུ་དེ་ཉིད་དཔྱད་པར་བྱ་སྟེ། རང་རིག་རྟོག་མེད་ལ་བྱ་འམ་འོན་ཏེ་གཞན་ཞིག་ཡིན་དེ་ནི་ལྟ་བའི་གནས་ལུགས་ཡིན ་ཏེ། དེས་ནི་འཁོར་བ་འམ་མྱ་ངན་ལས་འདས་པ་གང་ཡང་མ་བྱས་པ་མ་ཡིན་ཏེ་བྱེད་པ་དང་བྲལ་བས་སོ། །གཞན་ནི་མ་ཡིན་ཏེ། རྒྱུད་དུ་མ་ལས་བཀག་པས་སོ། །འོ་ན་གང་ལ་བྱ་ན་མི་ཤིགས་པ་ལ་སྟེ། དེ་ནི་རྩ་བའི་འོད་གསལ་ཞེས་བྱ། ་རྣམ་རྟོག་བྱང་ཆུབ་སེམས་ཞེས་བྱ། །མ་དག་པའི་དུས་ན་མ་རིག་པ་ཞེས་བྱའོ། །དེ་ནི་རྒྱུད་རྣམས་སུ་ཨ་ཞེས་བྱ་བའི་བརྡས་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང། ། ནི་ཡིག་འབྲུ་ཀུན་གྱི ་མཆོག་།དོན་ཆེན་ཡི་གེ་དམ་པ་ཡིན། །སྲོགས་ཆེན་པོ་སྟེ་སྐྱེ་བ་མེད་ཅེས་པས་སོ། ། ཞེས་པས་ཀྱང་སེམས་སྐྱེ་མེད་མཚོན་ནོ་སྙམ་ན། དེ་མ་ཡིན་ཏེ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྙིང་གའི་དབུས་ན་མི ་གཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། ། ནི་མི་འགྱུར་དམ་པའོ་ཞེས་པ་དང། ཧེ་བཛྲ་ལས་ལྟེ་བར་ཕྱག་རྒྱ་ཆེན་པོ་ནི། དབྱངས་ཡིག་དང་རང་བཞིན་ཏེ། བློ་ཆེན་སངས་རྒྱས་རྣམས་ཀྱིས་བརྟགས་ཞེས་གསུངས་པས། ་སྐྱེ་མེད་ལ་ཨའི་བརྡའ་བསྟན་པ་མ་ཡིན་ཏེ། སྐྱེ་མེད་ནི་ཐུན་མོང་དུ་གྲགས་པས། བརྡ་དོན་མེད་དུ་འགྱུར་རོ། །དེ་ལྟར་རྒྱུའི་ལྷན་ཅིག་སྐྱེས་པ་བསྟན་ནས། ད་ནི་དེ་མངོན་དུ་བྱ་བའི་ཕྱིར་ཐབས་ཀྱི་ལྷན་ཅིག་སྐྱེས་པ་སྟོན་ཏེ། སེམས་བཅིངས ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་མི་ཤིགས་པའི་ཐིག་ལེའོ། །བཅིངས་པ་ནི་རྟོག་པའི་རླུང་རྒྱུ་བས་སོ། །འཆིང་འགྱུར་ནི་འཁོར་བར་འགྱུར་བའོ། །དེ་ཉིད་གྲོལ་ནི་མྱ་ངན་ལས་འདས་པར་འགྱུར་རོ། །འཆིང་བའི་རྒྱུ་གང་ཡིན ་ཞེ་ན། བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཡི་མྱུར་དུ་གྲོལ་ཞེས་གསུངས་ཏེ། བླུན་པོ་ནི་མི་ཤེས་པའི་འགྲོ་བའོ། །གང་གིས་འགྱུར་ནི་རླུང་གིས་སོ། །ཐབས་ཤེས་པའི་མཁས་པ་ནི། རླུང་དེ་ཉིད་ཀྱི་མྱུར་དུ་སྟེ། ཚེ་འདི་ཉིད ་ལ་སངས་རྒྱས་སྟེར་བའོ། །དེ་ཡང་ཧ་བཛྲ་ལས་གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེ་ཡིས་མཁས་པ་ཡོངས་སུ་གྲོལ་ཞེས་གསུངས་སོ། །འཆི་བ་ལས་ཐར་བའི་ཐབས་དེ་གང་ཡིན་སྙམ་པ་ལ། སེམས་ནི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སེམས་ནི་ནམ་མཁའ་ལྟ་བུར་བཟུང་བྱ་སྟེ་ཞེས་པ་ནི་སེམས་རྟོག་མེད་དུ་བཞག་པའོ། །ཆོས་རྣམས་ཀུན་ཀྱང་ནམ་མཁར་མཉམ་པར་བལྟ་ཞེས་པ་ནི། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་ནམ་མཁའ་དང་མཉམ་པས་ཏེ། ་དེ་གདོང་མ་ནས་མ་གྲུབ་པའོ། །རྟོག་མེད་དེ་ལས་ཅིར་འགྱུར་ན་སེམས་དེ་བསམ་གྱིས་མི་ཁྱབ་པ་སྟེ། མི་རྟོག་ལྷུན་གྲུབ་ཏུ་གཞག་ན། བླ་མེད་སྒྱུ་མའི་རང་བཞིན་དུ་རྟོགས་པར་འགྱུར་བའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། དངོས་པོ ་མེད་པར་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པ་ཡིན་ཞེས་པའོ། །ཧེ་བཛྲ་ལས་ཀྱང། སྒོམ་པ་པོ་མེད་བསྒོམ་བྱ་མེད། ཅེས་གསུངས་པ་དང། འདི་ཉིད་ལས ་བསམ་གཏན་དག་གིས་མ་བསླད་ཅེས་གསུངས་པས་སོ། །སེམས་མི་རྟོག་པ་ལ་གཞག་ན་རླུང་གང་དུ་འཆིང་སྙམ་པ་ལ། མཁའ་འདྲར་བྱས་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འདྲར་བྱས་ནས་ནི་སེམས་ནི་མི་རྟོག་པར་བྱས་ནས་སོ། །དེ ་ཅིས་བྱས་ན་རླུང་ནི་རྣམ་པར་རྟོག་པས་བཅིངས་པས་སོ། །དེ་ལྟར་འཆིང་ན་མཉམ་ཉིད་དེ། །ཡུལ་དང་ཡུལ་ཅན་རོ་མཉམ་པའོ། །དེ་ཤེས་པས་རབ་ཏུ་ཐིམ་ཞེས་པ་ནི། རླུང་གཅིག་ལ་གཅིག་ཐིམ་ནས་འོད་གསལ་དུ་འཇུག་པའོ། །མདའ་སྣུན་གྱིས ་སྨྲས་སོགས་ནི་ཕན་ཡོན་ཏེ་གོ་སླའོ། །རླུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་ནི་འོག་གི་དྲི་ཆུའི་རྩའོ། །མེ་ནི་སྟེང་གི་གཡས་པའོ། །དབང་ཆེན་ནི་འོག་གི་དབུས་མ་དྲི་ཆེན་གྱི་རྩ་ན་གནས་པའི་རླུང་ངོ། །སྟེང་དུ་དྷཱུ་ཏཱིའོ། །བདུད་རྩི་རྒྱུ་བ ་ནི་སྟེང་དུ་ཟླ་བའི་བདུད་རྩི་རྒྱུ་བའི་རླུང་འོག་ཏུ་གཡས་བྱང་ཆུབ་སེམས་ཀྱི་རྩའོ། །དུས་མི་འདའ་བའ་ཨོ། །དེ་ལྟ་བུའི་སེམས་དེ་འོད་གསལ་དུ་འཇུག་པའོ། །ཡང་ན་སའི་རླུང་ཆུ་ལ་ཐིམ། །མེ་ལ་མེ་རླུང་ལ་རླུང། སེམས་འོད་གསལ་དུ་འཇུག་གོ་།ཆུ་ནི་ཁ ་བསྐང་སྟེ་བསྟན་པའོ། །བདུད་རྩི་རྒྱུ་བའི་དུས་སུ་ཞེས་པ་ནི་སྙོམས་འཇུག་གི་དུས་སུ་ཡང་རླུང་སེམས་དེ་རྩ་དབུ་མར་བཞུག་གོ་།ཡང་ན་དེ་ལྟར་རླུང་དབུ་མར་ཞུགས་ན། སྲོག་རྩོལ་གྱི་མེ་དང་དཔྲལ་བའི་ཧཾ་བཞུ་ནས། བདུད་རྩི་བྱང་ཆུབ་ཀྱི་སེམས ་འཛག་སྟེ། དེ་ལས་བདེ་བ་སྐྱེའོ། །དེ་ལྟར་ཡང་གསུངས་པ། ས་ནི་ཆུ་ལ་ཐིམ་པ་སྟེ། ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་པ་སྟེ། །རླུང་ནི་རྣམ་པར་ཤེས་ལ་འཇུག་།རྣམ་ཤེས་དེ་ནི་འོད་གསལ་བའོ་ཞེས ་པའོ། །དེ་ལྟར་བཅིངས་པ་ལས་བདེ་བ་སྐྱེ་བར་བྱ་བ་བསྟན་པའི་ཕྱིར། ནམ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནམ་ཞིག་ནི་གང་གི་ཆེའོ། །སྦྱོར་བ་བཞི་ནི་སྟེང་འོག་གི་རླུང་བཞིའོ། །ཡང་ན་འབྱུང་བ་བཞིའི་རླུང་ངོ། །གནས་གཅིག ་ནི་ཨ་བ་དྷཱུ་ཏཱིར་ཞུགས་པའོ། །ཡང་ན་སྦྱོར་བ་བཞི་ནི་དགའ་བ་བཞིའོ། །གནས་གཅིག་ལ་ཞུགས་པ་ནི་ལྷན་ཅིག་སྐྱེས་པ་ལའོ། །ནམ་མཁའ་ཨི་ཁམས་སུ་མི་ཤར་བ་ནི། བདེ་བ་དེས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པའོ། །དེ་རྟོགས་དཀའ་ ་པར་བསྟན་པའི་ཕྱིར། ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་ཀུན་བསམ་པས་སུན་འབྱིན་ཞེས་པ་ནི་རང་གི་རྣམ་རྟོག་གིས་བསྒྲིབས་ནས་སུན་འབྱིན་པས་དེ་མི་རྟོགས་པའོ། །ཡང་ན་རང་གི་རྣམ་རྟོག་ངན་པས་གཞན་དམ་པའི་ལམ ་སྟོན་པ་སུན་འབྱིན་ཅིང་འདུག་པས་སོ། །གཞན་ནི་གོ་སླའོ། །དེས་ནི་རྟོགས་པར་དཀའ་ཡང་བསྒྲུབ་པར་ནུས་པ་མ་ཡིན་པར་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀུན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་རོ་མཉམ་རང ་བཞིན་ནི་ལྷན་ཅིག་སྐྱེས་པ་ཡོད་པར་ཁྱད་པར་མེད་པའོ། །དེའི་མིང་ནི་བསམ་ཡས་ཡེ་ཤེས་བླ་མེད་པའོ། ཞེས་པའོ། །གཞན་ནི་གོ་སླའོ། །སྒྲུབ་པ་ལ་ཞུགས་པ་རྣམས་ཀྱང་ལེ་ལོའི་དབང་དུ་གྱུར་པས་མི་རྟོགས་པར་བསྟན་པའི་ཕྱིར། དེ ་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟར་ན་དེ་ཉིད་རྟོགས་པའི་གང་ཟག་དཀོན་པས། སྒྲུབ་པ་ལ་འབད་པར་བྱོས་ཤིག་ཅེས་བསྟན་པའི་ཕྱིར། བྱ་བ་བྱེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་སླའོ། །དེ་ལྟར་རླུང་བཅིངས་པ་དེ ་ཡང་སེམས་མ་བཅིངས་ན་མི་འགྲུབ་པས་སེམས་རྟོགས་པས་བཅིངས་པར་བསྟན་པའི་ཕྱིར་འཇུར་བུས་བཅིངས་པའི་སེམས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇུར་བུས་བཅིངས་པ་ནི་རྟོག་པས་སྒྲིབས་པའི་སེམས་དེའོ། །སློད་ན་གྲོལ་བར ་ཐེ་ཚོམ་མེད་ཅེས་བྱ་བ་ནི། མི་རྟོག་པ་ལ་གཞག་ན་རྟོག་པའི་བཅིངས་པ་ལས་གྲོལ་བར་གདོན་མི་ཟའོ། །རྟོག་པའི་རྩ་བ་གང་ཡིན་ཞེ་ན། གང་གིས་རྨོངས་པ་ཞེས་སྨོས་ཏེ། གང་གིས་ནི་རླུང་གིས་སོ། །རྨོངས་པ་ནི་ཐབས་དང་བྲལ་བའོ།། ་འཆིང་བའི་དངོས་པོ་ནི་དེ་ལས་བྱུང་བའི་རྟོག་པའོ། །མཁས་རྣམས་ནི་ཐབས་དང་ལྡན་པའོ། །དེ་ཡིས་ཞེས་པ་ནི་རྟོག་པ་དེ་ཡི་སྒོམ་པ་ཡི་རྣམ་པར་གྲོལ་བ་ནི་རྟོག་པའི་རྩ་བའི་རླུང་དབུས་སུ་འཇུག་པར་འགྱུར་རོ། །བཅིངས་པ་དང་གྲོལ་བའི ་གྲོལ་བ་དེ་དཔེའི་གསལ་བར་བསྟན་པ་ནི། བཅིངས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བཅིངས་པ་རྣམས་འགྲོལ་བར་བརྩོལ་ལ། མ་བཅིངས་པ་རྣམས་འགྲོལ་བར་མི་རྩོལ་ལོ། །དེ་བཞིན་དུ་བཅིངས་པ་ནི་རྟོག་པ་ཡིས་བཟུང ་ནའོ། །ཐོངས་པར་གྱུར་ནི་མི་རྟོག་པ་ལ་གཞག་གོ་།གོ་བཟློག་པའི་ཆོས་ནི་བཅིངས་ན་འགྲོལ་ལ། ཐོངས་ན་སྡོད་དོ། །བདག་གིས་བཟློག་པའི་གདམས་ངག་རྟོགས་པའོ། །རང་ལ་ཆོར་ཏེ་ལྟོས་ཞེས་པ་ནི། སེམས་འཛིན་འདོད་ན་ཞེན་པའོ།། ་དེ་ལྟར་བཅིངས་པ་དང་གྲོལ་བའི་རྒྱུ་བསྟན་ནས། ད་ནི་ཐབས་བསྟན་པར་བྱ་སྟེ། ཀྱེ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དབང་པོ་ལྟོས་ཤིག་ཅེས་པ་ནི་ཁེངས་པའི་ལྟ་བས་ནམ་མཁའ་སྤྲིན་མེད་པ་ལ་ལྟོས་ཤིག་པའོ། །འདི་ལ་ངས་ནི་མ ་རྟོགས་ཞེས་པ་ནི་ཡིད་ཀྱིས་མི་བརྟག་གོ་ཞེས་པའི་དོན་ཏོ། །ལས་ཟིན་པའི་སྐྱེ་བོ་ཡིས། ཞེས་པ་ནི་རྟོག་པ་བཀག་པ་ཡིས་སོ། །དྲུང་དུ་ནི་ནམ་མཁའ་སྤྲིན་མེད་དུའོ། །སེམས་ཐག་གཅད་པ་ནི་རྟོག་པ་ཐག་གཅད་པའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ་ཉིན་མོའི་སྦྱོར་བས་བླ་གབ་མེད་པའི་ནམ་མཁའ་དྲི་མ་མེད་པ་བལྟས་པས། མེ་འབར་བ་དང། གློག་དང། ཟླ་བ་དང། ཉི་མ་དང། སྒྲ་གཅན་གྱི་རྣམ་པ་མཐོང་ལ། མཚན་མོའི་རྣལ་འབྱོར་གྱི་མཚན་མ་ལྔ་འབྱུང ་སྟེ་དུ་བ་དང། སྨིག་རྒྱུ་དང་མཁའ་སྣང་དང། མར་མེ་དང། ནམ་མཁའ་ལྟ་བུའོ། །དེ་དག་ནི་རླུང་དབུ་མར་ཞུགས་པའི་རྟགས་ཡིན་ནོ། །དེ་ཡང་ཧེ་བཛྲ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་རྟོགས། །གལ ་ཏེ་མཚན་མ་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པ་དང། དང་པོ་སངས་རྒྱས་ཀྱི་རྒྱུད་ལས་ཀྱང། སྤྲིན་མེད་ནམ་མཁའ་ལ་ནི་ཁེངས་པའི་བལྟ་བས་བལྟ། ཞེས་པ་ལ་སོགས་པ་གསུངས་སོ། །འདི་ཉིད་ལས་འོག་ནས། མིག་ནི་མི ་འཛུམ་སེམས་འགོག་ན། །རླུང་འགོག་པ་ནི་དཔལ་ལྡན་བླ་མའི་རྟོགས། །ཞེས་པ་དང། གདོང་ནས་རང་བཞིན་དག་པའི་ནམ་མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར་ཞེས་གསུངས་ཏེ་གསལ་པོར་བླ་མའི་ཞལ་ལས་ཤེས ་པར་བྱའོ། །ད་ནི་ཐབས་དང་ཐབས་མ་ཡིན་པའི་ཁྱད་པར་བསྟན་པའི་ཕྱིར། །རླུང་བཅིངས་པ་ལ་རང་ཉིད་སེམས་ཀྱེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་རླུང་བཅིངས་པ་ནི་རླུང་བགྲངས་པ་ལྟ་བུའོ། །མི་གང་ཤིང་གི་རྣལ་འབྱོར་ནི་ངེས ་དོན་མེད་པའོ། །སྣ་རྩེ་ནི་རྟོག་པའི་རྣལ་འབྱོར་སྟེང་འོག་གི་སྣ་རྩེར་སེམས་འཛིན་པའོ། །མ་འདུག་ཀྱེ་ཞེས་པ་ནི་མ་སྒོམ་ཞིག་ཅེས་པའོ། །འོ་ན་གང་སྒོམ་ན། ཨེ་མའོ་ཡིན་ཞེས་པ་ནི་རྟོག་པའི་རྣལ་འབྱོར་ཐབས་མ་ཡིན་གྱིས་ཞོག་ལ། ལྷན ་ཅིག་སྐྱེས་པ་མཆོག་མི་རྟོག་པ་ལ་གནས་པར་གྱིས་ཤིག་ཅེས་པའོ། །རྟོག་པའི་རྣལ་འབྱོར་དེ་ཐབས་མ་ཡིན་པར་བསྟན་པའི་ཕྱིར། སྲིད་པའི་སྣ་རྩེར་ཞེས་པ་ལ་སོགས་པ་སྨོས་ཏེ། སྲིད་པའི་སྣ་རྩེར་བཅིངས་པ་ཡོངས་སུ་སྤང་ཞེས་པ་ནི། སྲིད་པ་སྣ་རྩེར ་གཏད་པ་འཆིང་བས་དེ་ཡོངས་སུ་སྤང་ཞེས་པའོ། །སྤང་བ་དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཡིད་ཡོངས་སུ་འདུས་པ་ལས་རླུང་གིས་བརླབས་པས་གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་བསྲུན་པར་འགྱུར་བའི་ཕྱིར་རོ། །ལྷན་སྐྱེས་དེ་བསྒྲུབ་པ་ཅིའི་ཕྱིར་ཞེ་ན། ལྷན ་ཅིག་སྐྱེས་པའི་རང་བཞིན་གྱི་རྟོག་པ་ལ་གནས་ན་བརྟན་པར་འགྱུར་བའི་ཕྱིར་རོ། །ཡིད་མི་གཡོ་བ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། །ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ཀྱི་བཅིང་བ་རྟོགས་པ་དང། །སྡུག་བསྔལ་འཆད་པར་འགྱུར་བའོ། །དེར་མ ་ཟད་ཀྱི་བདེ་སྟོང་རོ་མཉམ་དུ་འགྱུར་བར་བསྟན་པ་ནི་དབུས་སུ་ལྷན་ཅིག་སྐྱེས་དང་རོ་མཉམ་པ་སྟེ། དབུས་ནི་མཛའ་དང་བྲལ་བ་སྟེ་སྟོང་པ་དང་ལྷན་སྐྱེས་བདེ་དང་རོ་མཉམ་ན་གདོལ་བ་སྟེ། མ་རིག་པ་ན་སྟོང་པ་དང། བྲམ་ཟེ་སྟེ་བདེ་བ་ཐ་དད་མེད་པའོ། ་དེ་ལྟར་སྲིད་པའི་སྣ་རྩེར་ཐབས་མ་ཡིན་ཞིང་ལྷན་སྐྱེས་ཐབས་སུ་བསྟན་ནས། ལྷན་སྐྱེས་དེ་ནི་ཕྱི་རོལ་ན་མི་གནས་ཤིང། རང་གི་ལུས་ལ་གནས་པར་བསྟན་པའི་ཕྱིར། འདི་ན་ཟླ་བཞེས་པ་ལ་སོགས་པ་སྨོས་ཏེ། ལུས་དང་དྲན་པའི་མུན་གནས་པའི ་མཚོ། །ཞེས་པ་ལ། ལུས་ནི་ལུས་ལ་གནས་པའོ། །དྲན་པ་ནི་མན་ངག་ལ་གནས་པའོ། །མཚོ་ནི་བདེ་བ་མི་ཟད་པའོ། །གཞན་ནི་གོ་སླའོ། །ལྷན་སྐྱེས་དེ་རང་ལ་ཡོད་པས་གཞན་ལས་མི་བཙལ་བར་བསྟན་པའི་ཕྱིར། །འདབ་ལྡན་ཞེས་པ་ལ ་སོགས་པ་སྨོས་ཏེ། འདབ་མ་དང་ལྡན་པའི་གེ་སར་གྱི་དབུས་ན་གནས་པ་ནི། ཁ་ག་མུ་ཁའོ། །ཤིན་ཏུ་ཕྲ་བ་ནི་ཨ་བ་དྷཱུ་ཏཱིའི་རྩའོ། །དྲི་ནི་ཨུཏཔལ་གྱི་དྲི་ལྟ་བུའོ། །ཁ་དོག་ནི་དམར་བའོ། །དྲི་དང་ཁ་དོག་དང་ལྡན་པའི་བྱེ་བྲག་སྟེ། ལས་ཀྱི་ཕྱག་རྒྱ་དང། རང ་འོད་ཀྱི་རིག་མ་ལ་བརྟེན་པར་མི་བྱའོ། །ལྷན་སྐྱེས་དེ་ཉིད་མ་བཅོས་པའི་ལྷ་ཡིན་པས་ཕྱིའི་ལྷ་མཆོད་པ་ལ་མི་ལྟོས་པར་བསྟན་པའི་ཕྱིར། གང་དུ་ཚངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ལྷན་སྐྱེས་དེ་རྟོགས་པའི་ཡོན་ཏན་བསྟན་པའི་ཕྱིར། ་ཀྱེ་ཧོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བའི་གནས་མཆོག་རྟོག་པ་སྤངས་པ་དེ་ངས་མཐོང་ཞེས་པ་ལ། བདེ་བའི་གནས་ནི་རྒྱུ་སྟེ་སྟོང་པའོ། །རྟོག་པ་སྤངས་པ་ནི་མི་རྟོག་པའི་ལམ་དེ་ངས་མཐོང་ཞེས་པ་ནི་མངོན ་སུམ་དུའོ། །འགྲོ་བ་ཉེ་བར་སྐྱེ་བར་བྱེད་པ་ཉིད་བཞིན་ནོ། །ཞེས་པ་ནི་མལ་བུ་སྐྱེ་བ་དང་འདྲ་བར་ཟག་མེད་ཀྱི་བདེ་བ་སྐྱེའོ། །བློ་རྣམས་འགགས་ནི་ཡུལ་གྱི་རྟོག་པའོ། །ཡིད་རང་བཞིན་ནི་ཡུལ་ཅན་གྱི་རྟོག་པའོ། །གང་དུ་མངོན་པའི་ང་རྒྱལ་ཆད་པ ་ནི་དེ་གཉིས་ཀྱི་ཞེན་པ་ཆད་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོགས་པ་ཞེས་བྱ་བ་ནི་དེ་ལྟར་ཡུལ་དང་ཡུལ་ཅན་གྱི་འབྲེལ་པ་ཆད་ན་ཆོས་ཐམས་ཅད་སྒྱུ་མ་ལྟར་མཐོང་བའོ། །རྟོག་པ་ཆད་པའི་ཚུལ་བསྟན་པ་ནི། དངོས་པོ་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་སྐྱེ་བ་ནི་ཡུལ་དུ་སྣང་བའི་རྟོག་པའོ། །མཁའ་ལྟར་གྱི་རྟོག་པ་གང་ཞེ་ན། ཞེས་པའོ། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །ཞེས་པ་ནི་ཡུལ་གྱི་རྟོག་པ་འཆད་ན་ཡུལ་ཅན་གྱི་རྟོག་པ་འཆད་པའོ། །དེའི ་ཕྱིར་བླ་མས་བསྟན་པའི་དབྱེ་བ་རྣམ་སྤངས་ནི་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་ཐ་དད་སྤངས་པ་མི་བྲལ་བ་སྟེ། མི་རྟོག་པ་ལ་གནས་པར་བྱོས་ཤིག་ཅེས་པའོ། །ཡང་ན་སྒྱུ་མ་ལྟ་བུ་ལ་གནས་པར་བྱོས་ཤིག་ཅེས་པའོ། །དེ་ལ་ཇི་ལྟར་རྣམ ་པར་གནས་པར་བྱ་སྙམ་པ་ལ། མཐོང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལས་མི་འདའ་། ཞེས་པ་ནི་སྤྱོད་ལམ་ལ་སེམས་འཇུག་པ་ནི་གཅིག་གི་རྣམ་པ་སྟེ་སྒྱུ་མ་ལ་སེམས་མ་གཡོས་པའོ། །ད་ནི་དེ ་ལྟ་བུ་སྟོན་པའི་བླ་མ་ལ་བརྟེན་པར་བསྟན་པའི་ཕྱིར། གང་ཞིག་བླ་མའི་མན་ངག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བླ་མའི་མན་ངག་བདུད་རྩི་ལ་སོགས་པ་དང་བྲལ་བ་ནི་སྡུག་བསྔལ་གྱི་འཛིན་པར་བསྟོན་ཏེ་གོ་སླའོ། །བླ་མས་བསྟན་པ་ཞེས་བྱ ་བ་ལ་སོགས་པས་ནི་ལྷན་ཅིག་སྐྱེས་པས་ནི་རྟོགས་པར་བསྟན་ཏེ་གོ་སླའོ། །ཚིག་འདི་ནི་འོག་མ་དང་འབྲེལ་ཏེ་བླ་མས་བསྟན་དུ་མེད་ཅིང། སློབ་མས་མི་གོ་སྟེ། འོན་ཀྱང་བླ་མའི་གདམས་ངག་ལ་བདེན་པར་འཛིན་པའི་དབང་གིས་བྱེ་བྲག་རྙེད་པ་སྟེ། ་བླུན་པོས་ཀྱང་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་མཐོང་ན་བཟང་ངན་དང། ཆེ་ཆུང་དང། གཙང་མི་གཙང་གི་རྟོག་པ་ཐམས་ཅད་སྤངས་པ་སྟེ། གདོལ་པའི་ཁྱིམ་སྟེ་དེ་ལ་རོལ་ཡང་དྲི་མས་མ་གོས་པ་ནི་དེའི་ཉེས་བས་མ་རིག་པའོ། །དེ་ལྟར ་བླུན་པོས་ཀྱང་མངོན་སུམ་དུ་བྱེད་པའི་ཡོན་ཏན་བསྟན་ནས་དམན་པ་མཆོག་ཏུ་གྱུར་པ་བསྟན་པ་ནི། གང་ཚེ་ཞེས་པ་ལ་སོགས་པ་སྨོས་ཏེ། སྲང་ཁར་པོར་བའི་ཁམ་ཕོར་སློང་བ་པོའི་སྤང་པོར་ཡིན་ཡང་མན་ངག་ཐོབ་པའི་རྣལ་འབྱོར་པ་དེ་ནི་རང ་ལ་དབང་ཆེ་བས་རྒྱལ་པོ་ཡིན་ནོ། སླར་ཡང་ཅི་བྱར་ཡོད་ན་དམན་པའི་སྤྱོད་པས་གནས་མེད་དེ་ལྷན་སྐྱེས་རྟོགས་པས་འགལ་ཞེས་པའོ། །དེ་ཡང་གཞི་མལ་སྟན་ཆེན་པོ་ལག་པའི་སྔས་ནི་འབོལ་ལ་ཁྲིད། ཞེས་པ་ལ་སོགས་པ་ནས། །རྣལ་འབྱོར ་པ་ཉིད་རྒྱལ་པོ་ཡིན། ཞེས་བྱ་བའི་བར་དུ་གསུངས་པས་སོ། །མྱ་ངན་འདས་ལ་མི་གནས་སྲིད་པར་མཛེས་ཞེས་པ་ནི་འཁོར་བ་ན་འདུག་མོད་སེམས་སངས་རྒྱས་སུ་འདུག་པས་སོ། །དེ་ལྟ་བུའི་རྣལ་འབྱོར་དེས་འཁོར་བ་ན་གནས་ན་ཅིའི་ཚུལ་གྱི་གནས ་སྙམ་པ་ལ། ཇི་ལྟར་བུ་ཆུང་ཚུལ་དུ་གནས་བྱ་ཞིང་ཞེས་གསུངས་ཏེ། བུ་ཆུང་གི་ཚུལ་ཇི་ལྟ་བུ་ཞེ་ན། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ་ཞེས་པའོ། །བསམ་པ་ནི་རྟོག་པའོ། །བསམ་བྱ་ནི་བརྟགས་པའོ། །དེ་ལྟར་རབ་ཏུ་སྤངས་པ་ནི་རྟོག་པ་མཛའ་ ་དག་སྤངས་པའོ། །རྟོག་པ་སྤངས་པ་དེ་ཅིའི་ཕྱིར་ཞེ་ན། ནང་གཞན་དག་ལ་སྨན་གཞན་བཏང་མི་བྱ། ཞེས་གསུངས་ཏེ། དེའི་དོན་ནི་ངན་པ་སྤོང་བ་ལ་ངན་པར་བརྟགས་པས་མི་སྤོང་སྟེ། ཅི་ཡང་མ་བརྟགས་པར་བཞག་ན་ངན་པའི་རྟོག་པ་སྤོང་པའོ། །འོ་ན ་བསྒོམས་པས་སྤང་བར་བྱའམ་སྙམ་ན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། ཞེས་གསུངས་ཏེ། བླ་མའི་ལུང་བཞིན་དུ་གུས་པར་འབད་པར་བྱའོ། །དེ་ལས་ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་རོ། །ལྷན་སྐྱེས་སྨྲ ་རུ་མི་བཏུབ་པ་དེ་ཇི་ལྟར་འབྱུང་བ་བསྟན་པ་ནི། ཁ་ཏོན་ཞེས་པ་ལ་སོགས་པ་སྟེ། ཁ་ཏོན་མི་བྱེད་ཡི་གེ་མི་འདྲི། ཡོན་ཏན་མི་ཆོལ། དཔེ་མི་བཤད་དོ། །གཞན་ནི་གོ་སླའོ། །ལྷན་སྐྱེས་དེ་གཞན་ལ་བསྟན་དུ་མི་བཏུབ་པ་ནི། གཞོན་ནུ་མའི ་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་རྟོག་པ་དང་སྡུག་བསྔལ་ལས་གྲོལ་བར་བསྟན་པའི་ཕྱིར། དངོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་ཡོད་པ་དངོས་མེད་ནི་མེད་པ། སྤངས་པ་ནི་དེ་ལས་འདས་པའོ། །དེས ་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར་ཞེས་པ་ནི་དེར་མཉམ་པའོ། །གང་ཚེ་ཡིད་ནི་མི་གཡོ་བརྟན་པ་ནི་མི་རྟོག་པ་ལའོ། །དེ་ཚེ་འཁོར་བའི་དངོས་པོ་རང་གྲོལ་འགྱུར་ཞེས་པ་ནི་རྟོག་པ་དང་སྡུག་བསྔལ་ལས་སོ། །སྡུག་བསྔལ་དང་བྲལ་བར ་མ་ཟད་ཀྱི་ཡོན་ཏན་ཁྱད་པར་ཅན་འབྱུང་བར་བསྟན་པའི་ཕྱིར། གང་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གཞན་ཡོངས་སུ་ཤེས་མིན་ན་ཞེས་པ་ནི། བདག་གཞན་གྱི་རྟོག་པ་སྤངས་པའོ། །བླ་མའི་ལུས་སུ་གྲུབ་པ་ཉིད་ཅེས་པ་ནི ་གོང་མའི་སྐུ་ཐོབ་པའོ། །དེ་ལྟར་བསྟན་པ་ཉིད་ལ་ཞེས་པ་ལ་སོགས་པ་ནི་བླ་མའི་མན་ངག་ལས་ཡོན་ཏན་དེ་དག་འབྱུང་བ་དེ་ལ་འབད་པར་བྱའོ་ཞེས་གདམས་པའོ། །བླ་མས་བསྟན་པའི་ལམ་ཉམས་སུ་བླངས་པའི་ཕན་ཡོན་ནི་རྡུལ་མེད་ཅེས་པ ་ལ་སོགས་པ་སྨོས་ཏེ། དེ་ལ་རྡུལ་མེད་ནི་རྡུལ་ཕྲ་རབ་ཀྱི་བསྡུས་པ་མ་ཡིན་པའོ། །རྡུལ་བྲལ་མིན་ནི་གཟུགས་སུ་སྣང་བ་མེད་པ་མ་ཡིན་ནོ། །སེམས་ཀྱང་མིན་ནི་གཟུགས་སུ་སྣང་བའོ། །དེ་ལྟར་ན་དམིགས་པར་བྱ་བའི་ཡུལ་ནི་སྒྱུ་མ་ལྟ་བུའི་ལུས་སོ། །དེ་བས་ན་དངོས་པོ་འདི ་དག་ནི་འདི་ལྟར་སྣང་བ་ཀུན་གདོད་ནས་མ་གྲུབ་པས་མཐོང་ཡང་ཞེན་པ་མེད་པའོ། །གཞན་ནི་གོ་སླའོ། །དེ་ལྟ་བུ་དེ་རང་ལ་ཡོད་ཀྱང་བླ་མས་མ་བསྟན་ན་མི་གོ་བར་བསྟན་པ་ནི་ཁྱིམ་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱིམ་ན་ཡོད་པ་ཞེས་བྱ་བ་ནི་རང་ལ་ཡོད་པའོ ་ཕྱི་རོལ་སོང་ནས་ཚོལ་ཞེས་པ་ནི་གཞན་དུའོ། །དཔེ་བསྟན་པ་ནི་ཁྱིམ་བདག་མཐོང་ནས་ཁྱིམ་བདག་དེ་རང་ལ་ཁྱིམ་བདག་ཆེ་གེ་མོ་མཐོང་ངམ་ཞེས་འདྲིའོ། །བླ་མས་བསྟན་ཀྱང་རང་གི་མ་བསྒོམས་ན་མི་རྟོག་པར་བསྟན་པ་ནི། བླུན་པོའི་ཞེས་པ ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རང་གིས་བསྒོམས་པ་ཡང་བདེ་བར་གནས་པས་འགྲུབ་པར་བསྟན་པ་ནི་ཡུལ་རྣམས་བགྲོད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡུལ་རྣམས་བགྲོད་ཅིང་གདུང་བས་ཉེན་བྱས་ཀྱང་ནི། ཐོས་པ་བཙལ་བའི་ཡུལ ་རྣམས་སུ་འཕྱན་ཅིང་དཀའ་བས་གདུངས་ཀྱང་ཞེས་བྱ་བའི་དོན་ཏེ། དེ་ནི་མཚོན་པ་ཙམ་སྟེ། དཀའ་ཐུབ་གཞན་ཡང་གཟུང་ངོ། །གཞན་ནི་གོ་སླའོ། །འོ་ན་གདགས་འགྲུབ་ན་བདེ་བ་ལ་ལོངས་སྤྱོད་པས་འགྲུབ་བོ་ཞེས་ཁ་བསྐང་ངོ། །དེས་མི་འཆིང་ངམ་སྙཾ ་བ་ལ་ཡུལ་རྣམས་བསྟེན་པས་ཡུལ་གྱི་མ་གོས་ཏེ་ཡུལ་དང་ཡུལ་ཅན་རོ་མཉམ་པར་ཤེས་པས་སོ། །དཔེ་ཇི་ལྟ་བུ་སྙམ་པ་ལ། ཨུཏཔལ་བླངས་ཀྱང་ཞེས་པ་སྟེ་གེ་སླའོ། །མི་འཆིང་པའི་རྒྱུ་ཅི་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གང་འདི་ཞེས་པ་ནི་བསྒྲུབ་པའོ། །འདི་ལྟར་ཞེས་པ་ནི་གང་གི་ཕྱིར་ཞེས་པ་སྟེ། རྩ་བ་རླུང་གི་སྐྱབས་སུ་འགྲོ་བས་དེའི་ཕྱིར་རོ། །དེ་ལ་རྩ་བ་ནི་རྒྱུ་ལུས་སོ། །རླུང་གི་སྐྱབས་སུ་འགྲོ་བ་ནི། རླུང་དག་པ་ལ་རྒྱུ་ལུས་འབྱུང་བའོ། །མི་འཆིང་པའི་དཔེ ་བསྟན་པ་ནི་དུག་གི་ཞེས་སྨོས་ཏེ་གོ་སླའོ། །དེ་ལྟར་རང་ལ་ཡོད་པ་མ་བཅོས་པར་སྒྱུ་མ་ལྟ་བུ་ཉིད་མི་འཆིང་བའི་རྒྱུ་རུ་བསྟན་ནས། གཞན་དད་པ་ལྷ་ལ་མཆོད་པས་མི་གྲོལ་བར་བསྟན་པ་ནི། ལྷ་ལ་མཆོད་པ་ཞེས་པ་ལ་སོགས་པས་སྟོན་ཏེ་གོ་སླའོ། ། ་ད་ནི་སྒྱུ་མའི་ལུས་མངོན་སུམ་དུ་བྱ་བའི་ཕྱིར་ཐབས་ཀྱི་དམ་པ་ལྟ་སྟངས་སྐྱོན་མེད་དང་བཅས་པར་བསྟན་པའི་ཕྱིར། མིག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་མིག་མི་འཛུམ་པ་ནི་ཁྲོ་བོའི་ལྟ་བའོ། །སེམས ་འགགས་པ་ནི་དེའི་སྟོབས་ཀྱིས་རྟོགས་པ་འགགས་པའོ། །རླུང་འགགས་པས་ནི་རླུང་ལྔ་རིམ་གྱིས་ཨ་བ་དྷཱུ་ཏཱིའི་ལམ་ལ་ཞུགས་པའོ། །རླུང་མ་འགགས་ན་སྐྱོན་ཅི་ཡོད་ཅེ་ན། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། ཞེས་པ་ནི་རླུང་ནི་འཁོར་བའི་རྩ་བ ་ཡིན་པས་ཇི་སྲིད་དུ་རླུང་རྒྱུ་བ་དོ་སྲིད་དུ་འཁོར་བ་ལས་མ་འདས་པའོ། །འཆི་བའི་ཚེན་ཞེས་པ་ནི་འཆི་ཀའི་དུས་སུའོ། །རྣལ་འབྱོར་མས་ནི་ཅི་བྱ་ཞེས་བྱ་བ་ལ། །རྣལ་འབྱོར་མ་ནི་སྒྱུ་མའི་རྣལ་འབྱོར་མའོ། །ཅི་བྱ་ཞེས་པ་ནི་རང་ལ་ཡོད་ཀྱང ་ཕན་མ་ཐོགས་ཞེས་པའོ། །འཁོར་བ་ལས་ཇི་ལྟར་མི་འདའ་སྙམ་པ་ལ། ཇི་སྲིད་དབང་པོ་ཡུལ་གྱི་ཞེས་པ་ལ་སོགས་པ་སྨོས་ཏེ། དོན་ནི་འདི་ཡིན་ཏེ། ཐུར་སེལ་གྱི་རླུང་རྒྱུ་བའི་སྟོབས་ཀྱིས་ཤུ་ཀྲ་ཐུར་བུ་ལྷུང་ལ། རཀྟ་གྱེན་དུ་སྨིན་ན་དེས་དབང་པོའི ་སྒོ་སད་པར་བྱེད་དོ། །དེ་ནས་ཤེས་པ་སྲོག་ལ་ཞེན་པས་རྟོག་པ་ཀུན་སྐྱེད་དོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། ཇི་སྲིད་འཇིག་རྟེན་བརྟགས་པ་དང། །འཇིག་རྟེན་བརྟགས་པ་སྣ་ཚོགས་པ། །རྣམ་རྟོག་བྱང་ཆུབ་སེམས་ཞེས་པ། །རླུང་ལས ་རྟག་ཏུ་འབྱུང་བ་ཡིན་ཞེས་གསུངས་སོ། །དེ་ལྟར་ན་འཁོར་བའི་རྩ་བ་ནི་རླུང་ཡིན་པས་དེ་དགག་པར་བྱ་དགོས་ལ། དེ་ཡང་ཡིད་བཅིངས་པ་ལ་དག་ལུས་སོ། །ཡིད་བཅིངས་པ་ཡང་རྣམ་པར་མི་རྟོག་པ་བསྒོམ་པ་ལ་དག་ལུས་པས། ཕན་ཡོན་གྱི་ཚུལ་གྱིས ་ཡིད་མི་རྟོག་པར་གཞག་པ་གསུངས་པ་ནི། །ཁྱེད་ཅག་ཅེས་པ་ལ་སོགས་པ་སྟེ། དེ་ལ་དེ་ལྟ་ཅི་བྱེད་ཅེས་པ་ནི་བྱ་རྒྱུ་མེད་རང་དུ་གཅིག་ཅེས་པའོ། །གར་འགྲོ་སོམ་དང་ཀྱེ་ཞེས་པ་ནི། འགྲོ་ས་རང་དུ་གཅིག་ཅེས་པ་སྟེ་དེ་ལྟར་ན་བྱ་བྱེད་སྤངས་ལ་མི་རྟོག་པར ་གཞག་གོ་།དེ་ནི་ཤིན་ཏུ་དཀའ་བའི་དགོངས་པས་འཇུག་ཅེས་པ་ལ། ཤིན་ཏུ་དཀའ་བ་ནི་བྱ་བྱེད་སྤོང་བ་སྟེ་དཀའ་བའོ། །དགོངས་པས་འཇུག་ཅེས་པ་ནི། ཐབས་དང་ལྡན་ན་མི་རྟོགས་པར་དང་གིས་འཇུག་པའོ། །དེ་ལྟར་རྟོགས་མེད་ལ་ཞུགས་ནས ་རང་གི་རང་བཞིན་མི་རྟོག་པར་བསྟན་པ་ནི། གང་ཞིག་ཅེས་པ་ལ་སོགས་པ་སྟེ། གང་ཞིག་ནི་སངས་རྒྱས་སོ། །གང་ལ་ནི་རང་ལས་སོ། །དེ་ནི་སངས་རྒྱས་སོ། །དེ་རུ་ནི་རང་ལའོ། །མ་མཐོང་ཞེས་པ་ནི་རྒྱུ་ལུས་མེད་ན་མི་མཐོང་བའོ། །གཞན ་ནི་གོ་སླའོ། །ད་ནི་ཉམས་སུ་གླང་བའི་ཐབས་དེ་ཉིད་དཔའ་ཨི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར། གླང་ཆེན་ལོ་མས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླང་པོ་ཆེ་འཚོ་བའི་རི་ཁྲོད་པས་གླང་ཆེན་ལོ་མ་ན་སློ་བདེ་བར་གནས་པ་བཞིན་དུ་སེམས ་ཀྱི་རྟོག་པ་བཏང་ན་སེམས་ཚིགས་སུ་ཆུད་དེ་སེམས་ནི་གཡོ་བས་དེང་ནི་ཞེས་པ་ནི་རྩ་དབུས་མ་དོར་རོ། །འགྲོ་འོང་ནི་རླུང་འགྲོ་འོང་སྟེ། དེ་བཅད་ན་རྩ་དབུས་སུ་དལ་བའོ། །དེ་ནི་སེམས་མི་རྟོག་པ་ལ་རྣལ་དུ་གཞག་པ་དང། རླུང་དབུ་མར་རྣལ་དུ་བཞག་པའོ། །ཆོས་ཅི་དགོས་ཞེས་པ་ནི་རྟོག ་པའི་རྣལ་འབྱོར་མི་དགོས་པའོ། །ངོ་ཚ་མེད་སྨྲས་མཁས་པ་དང། ཞེས་པ་ནི་འཇོམ་པ་མེད་པར་སྨྲ་བའི་མཁས་པ་ཞེས་པའོ། །གསོན་པོ་གང་ཞིག་ཅེས་པ་ལ་སོགས་པས་ནི། རྣལ་མའི་བདུད་རྩི་འཐུངས་ནས་འཆི་བ་མེད་པ་ཐོབ་པར་སྟོན་ཏེ། ་གསོན་པོ་ནི་གཞོན་ནུའི་གནས་སྐབས་ལྟ་བུ་ཁྱོད་ཀྱིས་རྣམ་པར་མ་གྱུར་ནི་མི་རྒས་མི་འཆིའོ། །གཞན་ཡང་གསོན་པོ་གང་ཞིག་ནི་སྲོག་རླུང་ངོ། །རྣམ་པར་མ་གྱུར་པ་ནི། ཁྱད་ཀྱིས་ཁྱད་ཀྱིས་དབུ་མས་མ་བརྐུས་ན་སྟེ། སྲོག་ཐམས་ཅད་དབུས ་སུ་བཅུག་པས་རྐུ་རྒྱུ་མེད་ན་སྐྱེ་འཆི་མེད་པར་འགྱུར་རོ། །དེ་ཉིད་ལས་འོད་གསལ་ཡེ་ཤེས་སྐྱེ་བར་བསྟན་པ་ནི། བླ་མས་བསྟན་པས་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་མེད་བློ་གྲོས་ནི་འབྲས་བུ་འོད་གསལ་བའོ། །དེ་ཉིད་གཏེར་ཡིན་ཏེ། དེ་སྐྱེས་པའི་དུས་ན ་གཏེར་ཏེ་རིན་པོ་ཆེའོ། །དེ་ལྟར་སེམས་རྣལ་དུ་བཞག་པ་ཕན་ཡོན་དང་བཅས་པ་བསྟན་ནས། །སེམས་བཅོས་པའི་ཐབས་བསྟན་པའི་ཕྱིར། ཡུལ་ཉིད་རྣམ་པར་དག་པ་སྟེ། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ ་ཡུལ་ཉིད་ནི་རྣལ་མ་ལ་བློ་གཞག་པའི་ཕྱིར། ཡུལ་གཞན་གྱི་རྣམ་པར་རྟོག་པ་མི་འབྱུང་བའོ། །རྣམ་པར་དག་པ་སྟེ། ཞེས་པ་ནི་རྣལ་མའི་རྣལ་མའི་དོན་ཏེ། བསྟེན་བྱ་མིན་ཞེས་པ་ནི་ཚུར་ལ་བཀུག་པ་སླར་རྣལ་མར་བཞག་པ་མ་ཡིན་ཞེས་པའི ་དོན་ཏོ། །འོ་ན་ཇི་ལྟར་བྱ་མཉམ་པ་ལ། སྟོང་པ་འབའ་ཞིག་གིས་ནི་དཔྱད་པར་བྱ་ཞེས་གསུངས་ཏེ། ཡུལ་གང་དུ་འཕྲོས་པ་དེ་ཡང་སྟོང་པ་ཡིན་པས་ཚུར་ལ་དགུག་མི་དགོས་ཞེས་པར་དགོངས་པའོ། །དེའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་གཟིངས་ལས ་འཕུར་བའི་བྱ་རོག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་དཔེར་ན་གཟིངས་ལ་གཞག་པའི་བྱ་རོག་གཟུང་བས་མི་ཐུབ་པར་འགྲོ་བ་ལ། དེ་བཏང་བས་གར་ཕྱིན་ཀྱང་ཚུར་སོང་འཆགས་མ་རྙེད་དེ། སླར་ལ་དེར་འབབ་པ་བཞིན་དུ་ཡུལ་ལ་འཕྲོས ་པའི་སེམས་ཀྱང་དེ་དང་འདྲའོ། །གར་འཕྲོས་ཀྱང་དེ་ཉིད་ལས་མ་གཡོས་པས་སོ། །ཡུལ་གཅིག་ལ་དམིགས་པས་མ་ཞེན་པར་ཤེས་པ་གློང་ལ་བཞག་པའོ། །ཡུལ་གཅིག་ལ་ཞེན་པའི་ཉེས་པ་བསྟན་པའི་ཕྱིར། ཡུལ་ལ་ཞེན་པ་ལ་སོགས་པ་སྨོས་ཏེ་གོ ་སླའོ། །ཡང་ན་ཚིག་འདིས་ནི་རྣལ་འབྱོར་པས་འདོད་ཡོན་ལ་ཞེན་པའི་སྐྱོན་བསྟན་པའོ། །གཞན་ཡང་ལྷན་སྐྱེས་དེ་ཉིད་ལས་འབྱུང་བར་ཤེས་པས། སེམས་བཅོས་པའི་ཐབས་བསྟན་པའི་ཕྱིར། གང་ཞིག་སེམས་ལས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གང་ཞིག་ནི་རྟོག་པའོ། །སེམས་ལས་རྣམས་འཕྲོས་པས་ཞེས་པ་ནི་རྟོག་པ་བྱུང་བ་ཀུན་ནོ། །དེ་ཉིད་མགོན་པོའི་རང་བཞིན་ཏེ་ཞེས་པ་ནི་རྩ་བའི་འོད་གསལ་བ་ཉིད་རྟོག་པར་ཤར་བ་སྟེ། དཔེར་ན་ཆུ་དང་རླབས་བཞིན་ནོ། །སྲིད་དང་མཉམ ་ཉིད་ནམ་མཁའ་ཨི་རང་བཞིན་ནོ་ཞེས་པ་ནི། དོན་དེ་སྲིད་སྲིད་པ་ནི་འཁོར་བའི་རྟོག་པའོ། །མཉམ་ཉིད་ནི་མྱ་ངན་ལས་འདས་པ་སྟེ་རྩ་བའི་འོད་གསལ་ལོ། །ནམ་མཁའ་ཨི་རང་བཞིན་གཉིས་བ་སྐྱེ་མེད་དོ། །དེ་ལྟར་ཤེས་པའི་ཕན་ཡོན་བསྟན་པའི་ཕྱིར། གང་ཞིག ་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་ཞིག་བསྟན་པ་ནི་མན་ངག་གང་ཞིག་བླ་མས་བསྟན་པས་གང་ཞིག་ཐོས་གྱུར་ཞེས་པ་ནི་སློབ་མས་ཐོས་པའོ། །དགོས་པ་གང་ཡིན་ན་གྲུབ་པའོ། །དམ་པར་སྐྱོལ་བ་ནི་མཐར་ཕྱིན་པ་ནའོ། །གདུག ་པ་ནི་ཉོན་མོངས་སོ། །སྐུག་ས་ནི་རྩ་བའི་སེམས་སོ། །རྡུལ་བཞིན་བརླག་ནི་རྩ་བ་ནས་དག་པའོ། །དེ་གང་དུ་དག་ན་སྙིང་ག་ཉིད་དུ་ནུབ་སྟེ། མི་ཤིག་ཐིག་ལེའོ། །དེར་ཇི་ལྟར་ཐིམ་པར་འགྱུར་ཞེ་ན། ཇི་ལྟར་ཆུ་ལ་ཆུ་བཞག་པ། །དེ་རྙེད་ཆུ་རུ་རོ་མཉམ ་འགྱུར། །ཞེས་པས་སྟོན་ཏེ། དཔེར་ན་ཆུ་ནང་དུ་ཆུ་བླུག་པ་ནི། ཆུ་རོ་གཅིག་པ་བཞིན་དུ། རྩ་བའི་སེམས་སུ་ཐིམ་པར་འགྱུར་བའོ། །ཡང་ན་འདིས་ནི་གཉིས་མེད་རོ་མཉམ་སྟོན་ཏེ། ཆུ་སྟོང་པའོ། །ཆུ་བཞག་པ་ནི་སྙིང་རྗེའོ། །ཆུ་དེ་མཉམ ་པ་ནི་གཉིས་མེད་དུ་བྱ་བའོ། །དེ་ཉིད་ཡེ་ནས་རོ་གཅིག་ཏུ་བསྟན་པའི་ཕྱིར་སྐྱོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐྱོན་ནི་རྩ་བའི་སེམས་མི་ཤིགས་པའོ། །ཡོན་ཏན་གྱི་ངོ་བོ་སེམས་མི་ཤིགས་པའོ། །ཡོན་ཏན་གྱི་ངོ་བོ་ནི་སེམས་ཀྱི ་ངོ་བོ་འོད་གསལ་བའོ། །མཉམ་ལྡན་ནི་གཉིས་པོའི་རོ་མཉམ་པའོ། །སུས་ཀྱང་མཚོན་མ་གྱུར་ཞེས་པ་ནི་ཐབས་དང་བྲལ་བ་གང་གིས་ཀྱང་མ་རྟོགས་པའོ། །གཞན་ནི་གོ་སླའོ། །ད་ནི་ལྷན་སྐྱེས་དེ་དང་ཡེ་ནས་རོ་མཉམ་དུ་གནས་པས་སྤྱོད་ལམ་ཅི་སྣང ་ཡང་ཐུག་ཕྲད་དུ་མྱོང་བར་བསྟན་པ་ནི་།ནགས་ལ་མ་མཆེད་པའི་མེ་བཞིན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ལྷན་སྐྱེས་དེ་མ་རྟོགས་པའི་སྐྱོན་བསྟན་པའི་ཕྱིར། གལ་ཏེ་ཡིད་དུ་འོང་བ་པ་སྨོས་ཏེ། དེ་ལ་ཡིད་དུ་འོང་བ་ནི་ཡིད་དང་ནི་འགལ་བའི་ ་དངོས་པོ་ལའོ། །མཉམ་པའི་སེམས་ནི་སྟོང་པ་དང་རོ་མཉམ་པའི་སེམས་མ་སྐྱེས་ན། དེ་ལ་དངོས་པོར་ཞེན་པས་སྡུག་བསྔལ་བསྐྱེད་དོ། །ཚིག་གི་དོན་ལ་གོ་སླའོ། །སྟོང་པར་ཤེས་པས་མི་འཆིང་བའི་ཕྱིར། སྟོང་ན ་གང་ཡང་འདྲ་སྙམ་པ་ལ། གྲོགས་དག་ཕག་དང་གླང་པོ་ལྟོས། །དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ་ཞེས་གསུངས་པ་སྟེ། ཕག་དང་གླང་པོ་ནི་ཕྱོགས་འགས་འདྲ་ཡང། ཕག་ནི་གླང་པོ་མ་ཡིན་ནོ། །དེ་བཞིན་དུ་སྟོང་པར་འདྲ་ཡང་ཐེག་པ་གཞན་གྱི ་བརྟགས་པའི་སྟོང་པ་ནི་ལམ་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྟོང་པ་ངོས་འཁྲུལ་པ་ཇི་ལྟར་སྤོང་ཞེ་ན། ཇི་ལྟར་ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་སྨོས་ཏེ། དཔེར་ན་སྨྱོན་མའི་ལུས་ལ་རིན་པོ་ཆེ་བརྟགས་པས་སྨྱོན་མའི་འཁྲུལ་པ་བཤིག་པ ་བཞིན་དུ། སྟོང་པའི་རྟོག་པས་ཀྱང་དངོས་པོའི་འཁྲུལ་པ་བཤིག་པའོ། །སྟོང་པ་དེ་བདེ་བའི་གནས་སུ་བསྟན་པའི་ཕྱིར། རང་རིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལ་རང་རིག་བདེ་བ་ཆེན་པོའི་བག་ཆགས་གཟུགས་དེ་བདེ་བའི་རྒྱུའོ། །ཡང ་ན་དེ་མ་དག་ན་བག་ཆགས་ཏེ། མ་རིག་པ་ཞེས་བྱ། དེ་ཉིད་དག་ན་གཟུགས་ཏེ་སྟོང་པའི་གཟུགས་སུ་གྱུར་པའོ། །དེ་རྟོགས་པ་ལས་ཅིར་འགྱུར་ཞེ་ན། ཐམས་ཅད་ཅེས་པ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་ཕྱི་ནང་ངོ། །དེ་ཚེ་ནི་སྟོང ་པ་རྟོགས་པ་དེའི་ཚེའོ། །མཁའ་མཉམ་བྱེད་པར་འགྱུར་བ་ནི་ནམ་མཁའ་དང་མཉམ་པར་མཐོང་བའོ། །སྟོང་གཟུགས་ཉམས་སུ་མྱོང་བ་དེ་ནི་ཚིག་གིས་མཚོན་མི་ནུས་པར་བསྟན་པའི་ཕྱིར་ཀཱ་ལ་ཀུ་ཊ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀཱ་ལ་ཀུ་ཊ ་ནི་ཉམས་སུ་མྱོང་བའི་མིང་ངོ། །སྨོས་སུ་མི་རུང་བ་ནི་ཚིག་གིས་མི་མཚོན་པའོ། །འོ་ན་གང་གིས་མཚོན་ན་རང་བཞིན་ནམ་མཁའ་ནི་སྟོང་པ་དེ་རྟོག་དང་བྲལ་ཏེ། ཡིད་ཀྱིས་འཛིན་པ་ཡིན་ཞེས་པ་ནི་དེས་མྱོང་བའོ། །འོ་ན་ཡིད་ཡོད་དམ་ཞེ་ན། ཡིད་དེ་ཡིད་མེད ་བྱེད་འགྱུར་ཏེ། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས་ཞེས་གསུངས་སོ། །ཡིད་དེ་ཞེས་པ་ནི་དག་པའི་ཡིད་དོ། །ཡིད་མེད་བྱེད་ཅེས་པ་ནི་མ་དག་པའི་ཡིད་དོ། །དག་པའི་ཡིད་དེ་གང་ཡིན་ན། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛས་ཏེ ་སྟོང་གཟུགས་སོ། །དེ་ཉིད་རྟོགས་དཀའ་བར་བསྟན་པའི་ཕྱིར། ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་པ་སྟེ། ཞེས་པ་སོགས་པ་གསུངས་ཏེ། ཁྱིམ་ན་གནས་པ་ནི་ཁྱིམ་མོ། །གནས་ན་གནས་པ་ན་ཁྱིམ་མིན་ནོ། །དེའི་དོན་བརྗོད་པ་ནི་སྟོང་པའོ། །བདེ་ཆེན ་གནས་ནི་བདེ་བའི་རྒྱུ་སྟོང་པ་སྟེ། དེའི་དྲིན་གྱིས་བདེ་བ་འཆར་བའོ། །དེའི་ཕྱིར་དེ་རྣམས་ཀྱིས་སྟོང་པར་མ་ཤེས་ན། འགྲོ་ཀུན་སེམས་འཁྲུལ་གྱུར་པ་སྟེ། །སེམས་འཁྲུལ་ནས་དངོས་པོར་ཞེན་པར་གྱུར་པའོ། །དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན ་ཞེས་པ་ནི་བསམ་མེད་ཀྱི་ལྷན་སྐྱེས་དེ། ཐབས་གང་དང་བྲལ་བའི་གདམས་ངག་གིས་ཀྱང་མི་རྟོགས་པའོ། །སྟོང་པ་དེ་འགྲོ་བས་མ་མཐོང་ན། རྣལ་འབྱོར་པས་ཇི་ལྟར་མཐོང་སྙམ་པ་ལ། ཀྱེ་མ་ཞེས་པ་ལ་སོགས་པ་སྨྲོས་ཏེ། མགོ་སྙིང་ལྟེ་གསང་སྤངས ་པ་སྟེ། ངས་མཐོང་སྟེ་ཞེས་པ་ནི་གཟུགས་མེད་པའི་གཟུགས་ཏེ་ངས་མཐོང་པའོ། །དེ་ཡང་གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པས་གསུངས་སོ། །སྟོང་པ་དེ་ཐབས་གང་གིས་མཐོང་བར་འགྱུར ་སྙམ་པ་ལ། བསམ་པས་ཡུལ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བསམ་པ་ནི་མི་རྟོག་པའི་སྒོམ་པས་ཡུལ་ནི་མཚོན་པར་བྱེད་ཅེས་པའོ། །ཡུལ་དུ་སྣང་བ་སྟོང་པའི་གཟུགས་མཚོན་པར་བྱེད་པ་སྟེ། མཐོང་བར་འགྱུར་བའོ། །སྟོང་གཟུགས་དེ་མི ་རྟོག་པའི་དབང་གིས་ཇི་ལྟར་མཐོང་བར་འགྱུར་བ་སྙམ་པ་ལ་གཞག་དག་བསམ་པ་རླུང་འགག་འགྱུར་ཞེས་སྨོས་ཏེ། གཞན་དག་ནི་མི་རྟོག་པའོ། །བསམ་པ་ནི་བློ་དེ་ལ་གཞག་པའོ། །རླུང་འགག་འགྱུར་ཞེས་པ་ནི་རླུང་དབུས་སུ་འཇུག་པར་འགྱུར་རོ། ། ་འདིས་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། འཁོར་བའི་རྩ་བ་ནི་རླུང་ཡིན་པས་དེ་དབུས་སུ་ཞུགས་ཏེ་དག་པར་བྱས་ན་བཟུང་འཛིན་གྱི་འབྲེལ་པ་ཆད་ནས་སྟོང་པའི་གཟུགས་མཐོང་པར་འགྱུར་རོ། །རླུང་འགག་པའི་ཐབས་དེ ་ཉིད་གསལ་བར་བྱ་བའི་ཕྱིར། གལ་ཏེ་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མི་རྟོག་པའི་སེམས་ཀྱིས་སྟོང་པའི་སེམས་མཚོན་དུ་འགྲོ་བ་ནི། མཐོང་བ་རྒྱུ་ངེས་རླུང་དང། ཡིད་ནི་བརྟན་པར་འགྱུར་ཏེ། རང་བཞིན་དུ་ཐིམ་པའོ། །ཡིད་ཀྱི་རྟོག་པ ་རང་བཞིན་གཉུག་མ་ལ་ཐིམ་པའི་དཔེ་བསྟན་པ་ནི། ཇི་ལྟར་ལན་ཚྭ་ཆུ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བསམ་གཏན་མི་དགོས་ན། སངས་རྒྱས་ཀྱི་བསམ་གཏན་མང་པོ་ཅིའི་ཕྱིར་བསྟན་སྙམ་པ་ལ། ལྷ་གཅིག་ལ་ནི་ལུང་རྣམས ་མང་པོ་མཐོང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ལྷ་གཅིག་ལ་ཞེས་པ་ནི། དེ་ཁོ་ན་གཅིག་པའོ། །ལུང་རྣམས་མང་པོ་མཐོང་པ་ནི་དེ་ཁོ་ན་ཉིད་དེ་བརྡ་དུ་མའི་སྒོ་ནས་བསྟན་པའོ། །རང་འདོད་པ་ཡིས་སོ་སོར་སྣང་ཞེས་པ་ནི། དཔེར་ན་སྣ ་རྩེར་ཡུངས་ཀར་ཞེས་པ་ལྟ་བུ་ནི་རྟོག་པ་ལ་དགའ་བ་རྣམས་ཀྱིས་སྟེང་འོག་གི་སྣ་རྩེར་ཐིག་ལེ་བསྒོམས་པས་མཐོང་ལ། དེ་ཁོ་ན་ལ་མོས་པ་རྣམས་ཀྱིས་རླུང་བྱང་ཆུབ་སེམས་སུ་མཐོང་བའོ། །དེས་ཇི་ལྟར་མཐོང་བའོ། །དེས་ཇི་ལྟར་མཐོང་བ་དེ ་ལྟར་མཐར་ཐུག་པ་མ་ཡིན་ཏེ། མགོན་པོ་ནི་ལྷན་སྐྱེས་ཏེ་ངེས་ས་ར་ཧ་གཅིག་པོ་དང་མཐུན་གྱི། རྟོག་པ་ལ་གནས་པ་གཞན་རྣམས་དང་ནི་འགལ་ལོ། །དོན་ལ་འགལ་ན་དེ་ཐམས་ཅད་ནོར་རམ་སྙམ་ན་ཁྱིམ་དང་ཞེས་སྨོས་ཏེ། རང་རང་གི་སྐལ ་བ་དང་མཐུན་པ་ཙམ་གྱིས་གྲུབ་མཛའ་ནི་མ་ནོར་བ་ཉིད་དོ། །དེ་ལྟར་སངས་རྒྱས་ཀྱིས་ཅི་དང་ཅི་བསྟན་པ་རྣམས་ནི་དེ་ཁོ་ན་ཉིད་ལས་བརྩམས་ཏེ་བསྟན་གྱི། རྟོག་པའི་བསྒོམ་པ་ལས་བརྩམས་ཏེ་ནི་མ་ཡིན་ནོ། །ང་ནི་སེམས་དེ་ཅི་བདེ་བར་རྟོགས ་པས་ཆོས་ཐམས་ཅད་རྟོགས་པའི་བདེ་སྟོན་པ་ནི། གཅིག་ཟོས་པས་ནི་གཞན་ཀུན་ཚིམ་ཞེས་པ་སྟེ། དེ་ལ་གཅིག་ནི་རྣམས་ཤེས་སོ། །ཟོས་པས་ནི་བདེ་བའི་རོས་བསྒྱུར་བའོ། །གཞན་ཀུན་ནི་ཕུང་པོ་གཞན་ནོ། །ཚིམ་པ་ནི་བདེ་བའི་རོས་ཚིམ་པའོ།། ་ཡང་ན་གཞན་ཀུན་ཚིག་ཅེས་པ་ནི། དཔེར་ན་ཤིང་མེ་ཚིག་པས་འཕྲོ་ཟོས་ནས་གཞན་ནགས་ཚལ་ཚིག་པ་བཞིན་དུའོ། །ལྷན་སྐྱེས་དེ་ངོ་མ་མཚོན་བཙལ་བས་མི་རྙེད་པར་བསྟན་པ་ནི། ཕྱི་རོལ་སོང་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཕྱི ་རོལ་སོང་ནས་ཞེས་པ་ནི་རང་ལ་ཡོད་པ་འོ་མ་ཤེས་པར་རོ། །ཁྱིམ་བདག་ནི་ལྷན་སྐྱེས་སོ། །ཚོལ་བ་ནི་བཙལ་བས་མི་རྙེད་པ་ཞེས་པའོ། །དེ་ཉིད་བཤད་པས་ནི་འོངས་ཀྱང་མ་མཐོང་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གང་གིས་རྙེད་སྙམ ་ན་རྦ་རླབས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྦ་རླབས་མེད་པ་ནི་རྟོག་མེད་དོ། །རྟོག་པ་ནི་སྡུག་བསྔལ་གྱི་རྙོག་མའོ། །དེ་དང་བྲལ་བ་ནི་བསམ་གཏན་རྣམ་པར་མི་རྟོག་པའི་བསྒོམ་པའོ། །བསམ་གཏན་དེ་ཉིད་ཀྱི་དཔེ་བསྟན་པ་ནི་ཆུ་དང ་ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཆུ་དང་བ་དང་མར་མེ་དང་གསལ་པ་བཞིན་དུ་རྟོགས་པ་མ་སླད་པར་ཞོག་ཅེས་པའོ། །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ་ཞེས་པ་ནི་དེའི་ཚེ་སྤྱོད་ལམ་གང་ཡང་མི་དགག་པར་གཞག་པའོ། །དེ་ཡང ་དགྱེས་པའི་རྡོ་རྗེ་ལས། ཡིད་ཀྱང་དགག་པར་མི་བྱ་ཞིང། །དབང་པོ་རྣམས་ནི་དགག་མི་བྱ་ཞེས་གསུངས་སོ། །ང་ནི་སྟོང་པའི་གཟུགས་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། སྔ་ན་མེད་པ་ཞེས་བྱ་བའི་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་རྨི ་ལམ་ན་གཞོན་ནུ་མ་དང་ཉལ་བར་རྨིས་ན། དེ་ནི་རང་གི་སེམས་ཉིད་དེར་སྣང་བ་སྟེ་ལོགས་ན་མེད་དོ། །དེ་བཞིན་དུ་སྒྱུ་མའི་ལུས་འདི་རང་གི་སེམས་ཉིད་དེར་སྣང་པའོ། །ཡང་ན་རྨི་ལམ་གྱི་གཞོན་ནུ་མ་ལ་བརྟེན་པའི་བདེ་བ་ནི། གཞོན་ནུ་མ ་དང་ཐ་མི་དད་དེ་རོ་གཅིག་པའོ། །དེ་བཞིན་དུ་རང་གི་སེམས་ནི་ཡུལ་ཅན་བདེ་བ་གཟུགས་ནི་ཡུལ་སྒྱུ་མའོ། །ཐ་དད་མ་ལྟ་ཞིག་ཅེས་པ་ནི་བདེ་སྟོང་མཉམ་པར་གྱིས་ཞེས་པའོ། །དེ་ཡང་དང་པོར་སངས་རྒྱས་ཀྱི་རྒྱུ ་ལས་ཀྱང། གཞོན་ནུ་མའི་པྲ་ལས་ནི། སྔོན་མེད་པའི་གཟུགས་མཐོང་ཞེས་གསུངས་པ་དང། བྱང་ཆུབ་པའི་རྒྱུ་ལས་ཀྱང། འཇའ་ཚོན་ལྟ་བུའི་ལུས་ཉིད་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར་ཞེས་གསུངས་པ་དང། ཀླུ་སྒྲུབ་ཀྱིས ་ཀྱང། འདི་ཉིད་རྫོགས་པའི་རིམ་པ་སྟེ། སྒྱུ་མ་ལྟ་བུའི་ཏིང་འཛིན་དེ་ཞེས་པས་སོ། །རང་གི་སེམས་ནི་གཟུགས་དང། ཞེས་པ་སྟེ། གཟུགས་དེ་ཉིད་གསལ་བར་སྟོན་པ་ནི་གལ་ཏེ་ལུས་དང་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་གསུམ་དབྱེར་མེད ་པ་ནི་སྟོང་པའི་གཟུགས་ཏེ། དེ་ཡང་ཧེ་བཛྲ་ལས་སེམས་དཔའ་སྲིད་པ་གསུམ་གཅིག་པ། ཞེས་གསུངས་པས་སོ། །ཡང་ན་འདིས་བདེ་བ་བསྟན་པ་ཡིན་ཏེ། ལུས་ངག་ཡིད་གསུམ་གྱི་རྟོག་པ་འགག་པ་ནི་ལྷན་སྐྱེས་ཀྱི་དགའ་བའོ། །སྟོང་ཉིད ་རྟོགས་པ་ནི་ཡུལ་སྣང་བ་ཐམས་ཅད་ཐུག་ཕྲད་དུ་སྟོང་པར་མཐོང་བར་བསྟན་པ་ནི། ཁྱིམ་བདག་ཅེས་པ་ལ་སོགས་པ་སྟེ། དཔེར་ན་ཁྱིམ་བདག་ཕོ་མོ་བག་ཚ་མེད་པར་ལོངས་སྤྱོད་པ་བཞིན་སྟོང་པར་བརྟག་མི་དགོས་པར་ཡུལ་དུ་སྣང་བ་རྣམས ་སྤྱོད་པའོ། །ཡང་ན་རྟོགས་མེད་དུ་ཡུལ་ལ་སྤྱོད་པ་བསྟན་པའོ། །ད་ནི་གོང་གི་དོན་དེ་དག་བསྟན་ཀྱང། གཞན་གྱིས་མི་གོ་བར་བསྟན་པ་ནི། ང་ཡིས་ཞེས་པ་ལ་སོགས་པ་སྟེ། ང་ཡིས་རྩེད་མོར་བྱས་པ་ལ་ཞེས་པ་ནི་སྨྱོ་བའི་ཚིག་ཏུ་སྨྲས་པ་ལ་འོད ་བྱས་པ་རྣམས་ནི་ཤ་ཐང་ཆད་དེ་མི་རྟོགས་པ་ཞེས་པའོ། །མེ་ནི་སྤྲ་བ་ཉིད་ལ་འཕང་ཞེས་པ་ནི་རང་ཁོ་ནས་རྟོགས་པར་ཟད་ཅེས་པའོ། །ཡང་ན་ད་ཡི་རྩེད་མོ་བྱས་པ་ལ། བྱིས་པ་རྣམས་ནི་ཤ་ཐང་ཆད་ཅེས་པ་ནི། ལྷན་ཅིག་སྐྱེས་པ་ང་ཡིས་རྩེད་མོར ་བྱས་པ་ནི། རྣམ་པར་འཕྲུལ་པ་ལ་བྱིས་པ་མ་རྟོགས་པ་རྣམས་འཁོར་བར་ཁྲིད་པའོ། །མེ་ནི་སྤྲ?་བ་ཉིད་ལ་འབར་ཞེས་པ་ནི་མཁས་པ་རྣམས་ནི་རྟོགས་པའི་སྤྲ་བ་ཉིད་ལ་མེ་ཡེ་ཤེས་འབར་བའོ། །དེ་ལྟར་བཅིངས་པ་བསྟན་ནས། ང་ནི་བྱང་ཆུབ ་སེམས་མ་བཅིངས་ན་མི་འགྱུར་བའི་བདེ་བ་མེད་ལ། དེ་མེད་ན་སངས་རྒྱས་མི་འབྱུང་བས་མི་འགྱུར་བའི་བདེ་བ་བསྒྱུར་པའི་ཕྱིར་བྱང་ཆུབ་སེམས་བཅིངས་བསྟན་པ་ནི། ཨེ་མ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ནི་ཡོད་མ་ཡིན་ཞེས་པ་ནི། ་གཞན་ཡིན་ནམ་འོན་ཏེ་རང་ཡིན་ཞེས་པའོ། །འོན་ཏེ་གཞན་ན་གནས་སམ་ཅི་ཞེས་པ་ནི། གཞན་ན་ཡོད་དམ། འོན་ཏེ་རྟག་ཏུ་ཡོད་ཅེས་པའོ། །ལན་དུ་རྣལ་འབྱོར་འདི་ནི་དཔེ་དང་བྲལ་བ་སྟེ་ཞེས་པ་ནི། ཡོད་མིན་མེད་མིན་ཞེས་བྱ་བ་ལ ་སོགས་པའི་སྤྲོས་པ་དང་བྲལ་བའོ། །དེ་གང་ལས་བྱུང་ཞིང་རང་བཞིན་ཇི་ལྟ་བུ་ཞེ་ན། བདག་པོ་ཟ་ཞིང་རང་བཞིན་མཛེས་ཞེས་སྨོས་ཏེ། བདག་པོ་ཟ་ཞེས་པ་ནི་ཡེ་ཤེས་ཀྱི་རླུང་ངོ། །རང་བཞིན་མཛེས་ཞེས་པ་ནི། དེ་དག་ནི་སྒྱུ་མའི་རྣམ་པ་ཡིད་དུ ་འོང་བའོ། །དེས་ཅི་བྱེད་ན་ཆགས་པའི་ཡུལ་གྱིས་གང་བའི་སེམས་དེ་ཉིད་ཅེས་སྨོས་ཏེ། ཆགས་པའི་ཞེས་པ་ཟག་བཅས་ཀྱི་བདེ་བའོ། །ཡུལ་གྱིས་གང་བ་ནི་ཡུལ་ཡིད་དུ་འོང་བའི་བདེ་བའོ། །སེམས་ཉིད་བ་ཞེས་པ་ནི་རྟོག་པའི་བདེ་བ་སྟེ་སྤོང ་བའོ། །ཇི་ལྟར་སྤོང་ཞེ་ན། ཆགས་དང་ཆགས་བྲལ་བྱས་ནས་གཉུག་མར་ཞུགས། ཞེས་སྨོས་ཏེ། དེ་ལ་ཆགས་པ་ནི་དཔྲལ་བར་གནས་པའོ། །ཆགས་བྲལ་ནི་ཐིག་ལེ་མཁའ་ལ་ལྟུང་བའོ། །བྱས་ནས་ཞེས་པ་ནི་ཕབ་ལ་མ་ཕོ་བ་ནི་རོ་མཉམ་པ ་ནི། །གཉུག་མར་ཞུགས་པ་ནི་དེ་ལས་འབྲས་བུའི་ལྷན་སྐྱེས་སུ་འགྱུར་བའོ། །སྒྱུ་མའི་རྣལ་འབྱོར་མ་ཐབས་ཅིས་མཐོང་ཞེ་ན། སེམས་མཉམ་པས་ན་རྣལ་འབྱོར་མ་ངས་མཐོང་ཞེས་སྨོས་ཏེ། སེམས་ཉམས་པ་ནི་གཟུང་འཛིན་གྱི་རྟོག་པ་འགགས ་ན། རྣལ་འབྱོར་པ་ནི་སྒྱུ་མའི་རང་བཞིན་མཐོང་ངོ། །ཟ་ཞིང་འཐུང་ལ་བསམ་པའང་མེད་ཅེས་པ་ནི། །བསམ་པ་འདི་གཉིས་ཙམ་ལས་མ་གཏོགས་པ་གཞན་སྤངས་ལ་བསྒོམ་པར་བྱའོ་ཞེས་པའོ། །དེའི་ཚེ་སེམས ་ལ་སྣང་བ་རྣམས་ཇི་ལྟར་ལྟ་སྙམ་པ་ལ། གྲོགས་མོ་འདི་ན་ཞེས་པ་ལ་སོགས་པ་སྨོས་ཏེ། རང་གི་སེམས་ལ་སྣང་བའི་ཕྱི་རོལ་ཐ་དད་དུ་རྟོགས་ན་སྡུག་བསྔལ་གྱིས་འཛིན་ནོ་ཞེས་པའོ། །སྒྱུ་མའི་རྣལ་འབྱོར་འདི་ནི་དཔེ་དང་བྲལ་ཞེས་པ་ནི། སེམས ་ལ་གང་སྣང་བ་དེ་སེམས་སྒྱུ་མའི་སྣང་བར་ལྟའོ། །བྱ་བ་འདི་ཙམ་ཞིག་ཏུ་རབ་བསམས་ལ་ཞེས་པ་ནི། སྣང་བའི་བྱ་བ་སྒྱུ་མ་ཙམ་དུ་བྱའོ། །རྩོམ་པ་གང་ལ་དབྱེར་མེད་པའི་བློ་ཞེས་པ་ནི། བརྩམ་རྒྱུ་མེད་པས་རྩོམ་པ་སྤང་ལ་གློད་ལ་གཞག་པའོ། ། ་ས་གསུམ་གང་དུ་དྲི་མ་མེད་ཅེས་པ་ནི་དེས་ལུས་ངག་ཡིད་གསུམ་རྣམ་པར་དད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བཅིངས་པའི་ཐབས་སྟོང་པ་ཉིད་བསྟན་ནས། ང་ནི་དེས་ཇི་ལྟར་འཆིང་བའི་དཔེ་བསྟན་པའི་ཕྱིར། ཟླ་བ་ཆུ་འཛག་ཅེས་པ་ལ་སོགས ་པ་གསུངས་ཏེ། ཟླ་བ་ཆུ་འཛག་ནོར་བུ་རང་དབང་མེད་ཅེས་པ་ནི། དཔེར་ན་ཆུ་ཤེལ་ནི་ཟླ་བའི་འོད་དང་ཕྲད་ནས་རང་དབང་མེད་པར་འཛག་པའོ། །ཐབས་ཀྱི་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ་ཞེས་པ་ནི། དཔེ་དེ་བཞིན་དུ་སྟོང་པའི་ཐབས་ཀྱིས་རྒྱལ ་སྲིད་ཀུན་ནི་མི་འགྱུར་བའི་བདེ་བའོ། །དབང་སྒྱུར་བ་ནི་ཇི་ལྟར་འདོད་པ་རང་དབང་དུ་བྱེད་པའོ། །སེམས་ཉིད་དེ་ནི་གྲུབ་པའི་རྣལ་འབྱོར་མ་ཞེས་པ་ནི་ཤེས་རབ་སྟོང་པའོ། །ལྷན་ཅིག་སྐྱེས་པའི་ཐབས་བདེ་བའོ། །སྡོམ་པར་ཤེས་པར་བྱ་ཞེས་པ་ནི ་དེ་གཉིས་རོ་མཉམ་དུ་སྡོམ་པར་ཤེས་པར་བྱའོ། །ད་ནི་མི་འགྱུར་བའི་བདེ་བའི་མཚན་ཉིད་བསྟན་པའི་ཕྱིར། ཡི་གེ་པའི་ཞེས་པ་ལ་སོགས་པ་སྨོས་པ་སྟེ། དེ་ལ་ཡི་གེ་ཐ་སྙད་དེ་ཐ་སྙད་དམ་བརྡའའམ་མཚན་མའོ། །འགྲོ་བ་མ་ལུས་ཞེས་པ་ནི ་འགྲོ་བ་ཐམས་ཅད་དོ། །ཡི་གེ་མེད་པ་གཅིག་ཀྱང་མེད་ཅེས་པ་ནི། སེམས་ཅན་ལ་མཚན་མ་མེད་པ་གང་ཡང་མེད་དོ། །ཇི་སྲིད་ཡི་གེ་མེད་གྱུར་པ། །ཞེས་པ་ནི་མཚན་མའི་རྟོག་པ་འགགས་ན་ཞེས་པའོ། །དེ་སྲིད་ཡི་གེ་རབ་ཏུ་ཤེས་ཞེས་པ་ནི། མཚན ་མ་འགགས་ན་ཐ་སྙད་ཀུན་ཤེས་པའོ། །ཡི་གེ་མེད་པ་ཡི་གེ་ཡིན་ཞེས་པ་ནི། བརྡ་ཡི་གེ་སྟེ་བརྡ་མེད་ན་ཡི་གེ་ཨ་སྟེ་སྟོང་པའི་གཟུགས་སུ་རིགས་ཅེས་པའོ། །ཡང་ན་དེ་སྲིད་ཡི་གེ་རབ་ཏུ་ཤེས་ཞེས་པ་ནི། ཡི་གེ་ནི་ཨཀྵ་ར་སྟེ་མི་འགྱུར་བའི་བདེ་བ ་ཤེས་པའོ། །ཡི་གེ་གང་ཞེ་ན། ཡི་གེ་མེད་པ་ཡི་གེ་ཡིན་ཞེས་སྨོས་ཏེ། ཡི་གེ་ནི་རྟོག་པ་སྟེ་མེད་པའོ། །ཡི་གེ་ཡིན་ཞེས་པ་ནི། མི་རྟོག་པའི་བདེ་བའོ། །དང་པོ་སངས་རྒྱས་ལས་ཀྱང། མི་འགྱུར་ལས་སྐྱེས་འགྱུར་བ་སྤངས་པའི་བདེ་བ་ཉིད། །ཅེས ་གསུངས་སོ། །ཕྱི་རོལ་པའི་ཡི་གེ་ལ་ཞེན་པ་དགག་པའི་ཕྱིར། །བཅོལ་མེད་རིག་བྱེད་འདོད་པ་ཉམས། །ཞེས་པ་ནི། །ངེས་དོན་དམ་པའི་ཨོཾ་ཞེས་འདོན་པ་དེ་ཉམས་པ་སྟེ། འཁོར་བར་སྡུག་བསྔལ་བར་འགྱུར་རོ། །དེ་ལྟར་ཡི་གེ་མེད་ན ་ཡང་རང་གི་ལུས་ལ་རང་བཞིན་གྱིས་གནས་པས་རྟོགས་སུ་རུང་བར་བསྟན་པའི་ཕྱིར། དམ་པ་སོགས་དང་ཞེས་པ་ལ་སོགས་པ་སྨོས་ཏེ། དམ་པ་སོམས་དང་ཅིག་ཤོས་མི་ཤེས་ན་ཞེས་པ་ལ་ཅིག་ཤོས་ནི་སྟོང་གཟུགས་ཏེ་མི་ཤེས་པ་མི ་རྟོགས་ན་རྟོག་པ་རྣམས་ཀྱང་གང་ནས་སྐྱེ་བ་དང་གནས་པ་དང། གང་དུ་འགག་པ་མི་ཤེས་སོ། །དེ་ཤེས་ན་ཇི་ལྟར་ཕྱི་རོལ་གྱི་རྟོག་པ་དེ་བཞིན་དུ་ནང་སྟེ་སྟོང་གཟུགས་སོ། །བཅུ་བཞི་པའི་ས་ལ་གནས་ཞེས་པ་ནི། སྙིང་གའི་དབུས་ན་གནས་པའོ།། ་དེ་ནི་གཟུགས་མེད་ཀྱང་ལུས་སུ་གནས་པའོ། །གང་གིས་དེ་ཤེས་པའི་མི་དེ་གྲོལ་བར་འགྱུར་རོ། །ཡང་ན་བདེ་བ་དང་སྦྱར་ན་ཅིག་ཤོས་བདེ་བའོ། །གང་ན་ཤར་པ་ནི་དཔྲལ་བ་ནས་སོ། །གང་དུ་ནུབ་པ་ནི་ནོར་བུ་འདས་པའོ། །ཇི་ལྟར་ཕྱི་རོལ་དེ་ ་བཞིན་ནང་ཞེས་པ་ནི། ཤུ་ཀྲ་དེ་ནི་ཕྱི་རོལ་གྱི་ཟླ་བ་ནི་ཚེས་གཅིག་ཤར་བའི་ཡར་ངོ་ནས་ཚེས་བཅོ་ལྔ་ཉ་གང་བའོ། །ཡར་ངོའི་ཚེས་གཅིག་ཤར་ནས་གནམ་སྟོང་ལ་ཟླ་བ་ཟད་པའོ། །དེ་བཞིན་དུ་ཤུ་ཀྲ་ཡང ་དཔྲལ་བར་དཀར་པོའི་ཚེས་གཅིག་ཤར་ནས་ནོར་བུའི་ནང་དུ་ཉ་གང་བའོ། །དེ་ནས་ནོར་བུའི་གནས་ནས་བཅུ་དྲུག་གི་ཆ་ནག་པོའི་ཚེས་གཅིག་ནོར་བུ་ཤར་ནས་གཙུག་ཏོར་དུ་གནམ་སྟོང་རྫོགས་པའོ། །བཅུ་བཞི་པའི་ས་ལ་གནས་ཞེས་པ་ནི་རང ་བཞིན་གྱི་གནས་ལུགས་ཏེ། གོ་བཟློག་པ་ནི་ལམ་དུ་འགྲོ་སྟེ། ཤུ་ཀྲ་དེ་འཕོ་བའི་བག་ཆགས་སྤང་བ་ནི། ཁ་གྱེན་དུ་བལྟས་ནས་འཁོར་ལོ་དྲུག་དང་བར་དྲུག་སྟེ་བཅུ་གཉིས་རིན་པོ་ཆེའི་འཁོར་ལོ་དང། པ་ར་ཊ་ཀ་རྟོག་མེད་ཀྱིས་སྟེ་བཅུ་བཞིར ་རིམ་གྱིས་འགྲིམས་ནས་ས་བཅུ་དག་པར་འགྱུར་རོ། །དེ་ཡང་ཧེ་བཛྲ་ལས། བདེ་བ་ཆེན་པོ་ཨ་ལིའི་གཟུགས། །དེ་ཡི་ཆ་ནི་རྣལ་འབྱོར་མ། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པ་ཀུན་གྱི་ལྷག་མ་སྤང། ཞེས་གསུངས་སོ། །ལུས་མེད་ལུས ་ལ་གནས་པ་ནི། དེ་ཡི་དབང་གིས་མ་སྐྱེས་པ་སྟེ། དེ་ཡང་ཧེ་བཛྲ་ལས། ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པས་སོ། །གང་གིས་དེ་ཤེས་དེ་ཡིད་གྲོལ་ཞེས་པ་ནི་ས་བཅུ་བགྲོད་པའི་ཡེ་ཤེས་དེའོ། །བདེ་བ་དེ་གང་ལས་ཇི་ལྟར་བྱུང ་སྙམ་ན། ང་ཡིས་སྒྲུབ་པའི་ཡི་གེ་དང་པོ་བཏོན་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲུབ་པའི་ཡི་གེ་དང་པོ་ནི་སྟོང་གཟུགས་སོ། །བཏོན་པ་ནི་རིག་པའོ། །ཁུ་བ་འཐུངས་པས་ངས་ནི་བརྗོད་པར་གྱུར་ཞེས་པ་ནི། སྟོང་པའི་དྲིན་གྱིས་ཁུ་བ་འཐུངས་པ ་ནི་འཕོ་བ་སྤངས་པས་ང་ནི་བརྗེད་པར་གྱུར་ཞེས་པ་ནི། སེམས་ཀྱི་རྟོག་པ་འགགས་ནས་བདེ་བར་གྱུར་པའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། གང་གིས་ཞེས་པ་ལ་སོགས་པ་གསུངས་སོ། །ཡི་གེ་གཅིག་ཤེས་པ་ཞེས་པ་ནི་མ་འགྱུར་བའི་བདེ་བའོ། ། ་ཡང་ན་ཨ་སྟེ་སྟོང་གཟུགས་སོ། །དེའི་མིང་ནི་མི་ཤེས་སོ། །ཞེས་པ་ནི་མཚན་མ་འམ་འདུ་ཤེས་ཀྱི་ཆོས་ནུབ་པའོ། །ནགས་ཁྲོད་གསུམ་ནི་ལུས་ངག་ཡིད་གསུམ་མོ། །ཡི་གེ་གཅིག་ནི་ཨ་སྟེ་གཞོམ་མེད་དོ། །ཡི་གེ་གསུམ་གྱི་དབུས་ན་ལྷ་ཞེས་པ་ནི། ་རླུང་དགང་དགུག་རོངས་གསུམ་ནི་ཡི་གེ་ཨོཾ་ཨཱ(རྒྱུད་འགྲེལ་པའི་རིག་བྱེད་ཅེས་པ་ནི་རྟོག་མེད་དགའ་བ་བཞི་འཆར་བའོ། །དེ་ལྟར་ཟག་མེད་ཀྱི་བདེ་བ་བསྟན་ནས་ཟག་བཅས་འགྱུར་བའི་བདེ་བ་སྤངས་པའི་ཕྱིར། མ་ལུས་རང་བཞིན་མི་ཤེས་གང། །ཞེས་པ་ནི། འོད་གསལ་གྱི་རང་བཞིན་མི་ཤེས་པས། ཀུན་ཏུ ་རུ་ནི་ལས་བརྒྱ་ལས། བདེ་ཆེན་ནི་ཟག་མེད་ཀྱི་བདེ་བའོ། །ཇི་ལྟར་སྐོམ་པས་སྨིག་རྒྱུར་སྙེགས་པ་བཞིན། །སྐོམ་ནས་འཆི་སྟེ་ནམ་མཁའ་ཨི་ཆུ་རྙེད་དམ་ཞེས་པ་ནི་བདེ་བའི་རྣམ་པ་འདྲ་ཡང་དོན་མི་འདྲ་བ་ལ་འདྲ་བར་འཁྲུལ་ནས་སྐོམ་པར་མཆི་སྟེ། སྡུག་བསྔལ ་གྱིས་བཟུང་ནས་བདེ་ཆེན་མི་རྙེད་དེ། ཅི་སྟེ་མི་རྙེད་ཅེ་ན། རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །ཞེས་གསུངས་ཏེ། རྡོ་རྗེ་པདྨ་གཉིས་ཀྱི་བར་དུ་གནས་པའི་བདེ་བའོ། །བདེ་བ་གང་གིས་རྣམ་པར་བསྐྱེད་པ་ནི་ཞེས་པ་ནི་དེ་གཉིས་བདེ་བར་རྣམ་པར་རང་འཐུན ་ཡང་ཞེས་པའོ། །ཅི་སྟེ་དེ་བསྐྱེད་ནུས་པ་མེད་པས་ན་ཞེས་པ་ནི་ཟག་མེད་ཀྱི་བདེ་བ་དེ་བསྐྱེད་པའི་ནུས་པ་མེད་པས་ན། ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། ཞེས་པ་ནི་ལུས་ངག་ཡིད་གསུམ་པོ་དེ་ཇི་ལྟར་འདག་ཅེས་པའོ། །ཡང་ན་རྡོ་རྗེ་པདྨའི ་བདེ་བ་དེ་མེད་ན་ཡང། ཟག་མེད་ཀྱི་བདེ་བ་དེ་ཇི་ལྟར་སྐྱེ་སྟེ་མི་སྐྱེ་ཞེས་པའོ། །ཀུན་ཏུ་རུའི་བདེ་བ་དེ་ཅི་སྟེ། རྣལ་མའི་བདེ་བ་མ་ཡིན་ཞེ་ན། ཐབས་ཀྱི་བདེ་བ་སྐད་ཅིག་མ་ཞེས་པ་གསུངས་ཏེ། སྐད་ཅིག་མ་ཡིན་པ་དང། ཡང་ན་དེ་ཉིད་གཉིས་སུ་འགྱུར ་བ་སྟེ་ཞེས་པ་ནི། ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་དེ་ཤེས་རབ་ཡེ་ཤེས་ཡིན་ན། ཐབས་ལས་སྐྱེས་པའི་ཡེ་ཤེས་ཀྱང་ཤེས་རབ་ཐབས་ཀྱི་ཡེ་ཤེས་སུ་འགྱུར་རོ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལ ་འགའ་ཡིས་ཤེས་པར་འགྱུར། །ཞེས་པ་ལ་སླར་ཡང་ཞེས་པ་ནི་ཤེས་རབ་ཡེ་ཤེས་དེ་སེམས་ཅན་ཀུན་ལ་སྐྱེ་ཡང་ཐིག་ལེ་གསུམ་པོའི་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་པ་ངོ་བོ་ཤེས་པ་ནི་བརྒྱ་ལམ་ན་འགའ་ཙམ་གྱི་ཤེས་པར་འགྱུར་བའོ།། ་དེ་བས་ན་སླར་ཡང་ཞེས་པ་ནི་ཕྱི་ནས་ཏེ་ཐིག་ལེ་གསུམ་གྱི་མཐར་རོ། །ད་ནི་བདེ་སྟོང་ཟུང་དུ་འཇུག་པ་བསྟན་པའི་ཕྱིར། གྲོགས་དག་ཅེས་པ་ལ་སོགས་པ་སྨོས་ཏེ། གྲོགས་དག་ནི་བོད་པའོ། །ཟབ་མོ་ནི་བདེ་བའོ། །རྒྱ་ཆེ་བ་ནི་སྟོང་པའོ། །གཞན ་མིན་ནི་ཐ་དད་མིན་པའོ། །བདག་ཉིད་མ་ཡིན་པ་ནི་གཅིག་ཉིད་ཀྱང་མ་ཡིན་ཏེ། གཉིས་མ་གྲུབ་པས་སོ། །ཡང་ན་སྟོང་པ་ཉིད་ཅེས་གཅིག་པུ་ལ་སྦྱར་ཏེ་ཟབ་པ་ནི་རྟོགས་དཀའ་བས་སོ། །རྒྱ་ཆེ་བ་ནི་སྟོང་ཉིད་གཅིག་པུ་རྟོགས་ན་ཆོས་ཀུན་རྟོགས་པའོ།། ་གཞན་མིན་ནི་རང་གི་རིག་པས་སོ། །བདག་ཉིད་མིན་ནི་རྟོགས་པའི་བདག་ཉིད་མ་ཡིན་པའོ། །དེ་ལྟ་བུ་དེ་དུས་ནམ་སྐྱེ་ན། ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །ཞེས་པ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པའི་དུས ་ཏེ། སྣང་བ་གསུམ་ལ་ལྟོས་པའི་བཞི་པའི་དུས་ཀྱི་འོད་གསལ་གྱི་ངོ་བོ་ཉིད་དོ། །གཉུག་མ་ཉམས་སུ་མྱོང་བས་ཤེས་ཞེས་པ་ནི། དུས་རྟག་ཏུ་ཡོད་པའི་ལྷན་སྐྱེས་བདེའོ། །དེ་ཤར་བའི་ཡོན་ཏན་བསྟན་པའི་ཕྱིར། མུན་ནག་ཅེས་པ་ལ་སོགས ་པ་སྨོས་ཏེ། ཇི་ལྟར་མུན་པས་གཡོགས་པ་ལ། །ཟླ་བ་ཤར་བ་མུན་པའི་ཚོགས་དུས་གཅིག་ལ་འཇོམས་པ་ལྟར་བདེ་བ་ཆེན་པོ་ཤར་བའི་དུས་གཅིག་ན། སྡིག་པ་མ་ལུས་ཕམ་པར་བྱེད། །ཅེས་པ་སྟེ། རྟོགས་པ་ཐམས་ཅད་འཇོམས་པར ་བྱེད་དོ། །སྡུག་བསྔལ་སྣང་བྱེད་ནི་རྟོག་པ་ནུབ་པའོ། །སྒྲོལ་བའི་བདག་པོ་ནི་མི་རྟོག་པའི་ཡེ་ཤེས་སོ། །གཟའ་དང་མཉམ་དུ་ཤར་ཞེས་པ་ནི། ནང་གི་གཟའ་ཡེ་ཤེས་ཀྱི་རླུང་དང་དུས་གཅིག་ཏུ་ཤར་བའོ། །དེས་ཅིར་འགྱུར་ཞེ་ན། འདི་ལྟར་རང་གནས ་པས་སྤྲུལ་པ་སྤྲུལ་པ་དང། ཞེས་པ་ནི་སྤྲུལ་པ་འབྱུང་བ་དང། དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །ཞེས་པ་ནི་ཅི་ཡང་མ་ཡིན་ན་སྒྲོ་འདོགས་སྐུར་འདེབས་ཀུན་ལས་གྲོལ་བར་འགྱུར་བའོ། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། ཞེས ་པ་ནི། མཆོག་ཏུ་བདེ་བ་ཆེན་པོ་ནི་ཟག་མེད་ཀྱི་དགའ་བ་སྟེ། དེའི་དབང་གིས་ནི་མཐུས་སོ། །དངོས་གྲུབ་དམ་པ་ནི་སངས་རྒྱས་ཀྱི་གོ་འཕང་གྲུབ་པའོ། །དེ་ལྟར་བདེ་སྟོང་དབྱེར་མེད་ཀྱི་ཡོན་ཏན་བསྟན་ནས། ད་ནི་སྟོང་བ་དང་བདེ་བ་ལ་སེམས་གཞག་པའི་ཐབས ་བསྟན་པའི་ཕྱིར། སེམས་ཀྱི་གླང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་གླང་པོ་ཡན་དུ་ཆུག་།ཅེས་པ་ནི། ནན་ཚིར་དུ་མི་དགག་ཅེས་པའི་དོན་ཏོ། །ད་ནི་བདག་ཉིད་ལ་དྲིས་ཤིག་ཅེས་པ་ནི། །སེམས་རང་ལུགས་སུ་ཞོག་ཅིག་ཅེས་པའོ། ། ་དེ་ལ་རྟོགས་པས་མ་འདྲི་ཞིག་ཅེས་པ་ནི། དེའི་ཚེ་མཚན་མ་ཡིད་ལ་མི་བྱའོ། །ད་ནི་སེམས་བདེ་བ་ལ་གཞག་པའི་ཐབས་བསྟན་པའི་ཕྱིར་ནམ་མཁའ་ཨི་རི་བོ། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ནམ་མཁའ་ནི་སྤྱི་བོ། །རི་བོ་ནི་ལུགས་སོ། །ཆུ ་འཐུང་ནི་ཤུ་ཀྲའི་བདེ་བ་མྱོང་བའོ། །དེའི་འགྲམ་དུ་ཞོག་།ཅེས་པ་ནི་གཉུག་མའི་དབང་པོའི་རྩར་བཞག་པའོ། །རང་དགའ་བ་ནི་ཅི་བདེ་བག་ཡངས་སུའོ། །ཇི་ལྟར་བཞག་སྙམ་པ་ལ། ཡུལ་གྱི་དབང་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཡུལ་གྱི ་ཞེས་པ་ནི་ཕྱི་རོལ་གྱི་གླང་པོ་ཆེ་རྒྱལ་པོའི་ལག་པས་ཁྲིད་ནས་ཇི་ལྟར་སྐྱོད་པར་སྣང་ཡང། ཞེས་པ་སྟེ། རང་གང་དགའ་བར་སྐྱོད་པ་ལྟར་རྣལ་འབྱོར་པ་ཡང་སེམས་ཀྱི་གླང་པོ་ལ་དབང་བྱེད་དོ། །རྣལ་འབྱོར་བ་ནི་གླང་པོ་བསྐྱོད་པ་བཞིན། ཞེས་པ་ནི་མི ་བསྒྲིབས་གཏད་པས་སོ། །དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན་ཞེས་པ་ནི་རང་ལོག་ཏུ་འགྱུར་བའོ། །དབྱེར་མེད་དུ་བཞག་པར་བྱ་བའི་ཐབས་བསྟན་པའི་ཕྱིར། གང་ཞིག་འཁོར་བ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །ཞེས་བྱ་བ་ནི་འཁོར་བ་རང་ལ་ཐར་པའོ། །ཡུལ་གྱི་དབྱེ་བས་གཞན་དུ་སེམས་པ་མ་ཡིན་ཏེ། ཞེས་པ་ནི། ཡུལ་ལྔའི་དབྱེ་བས་ཕྱི་རོལ་ཏུ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། རང ་བཞིན་གཅིག་པ་ཞེས་པ་ལ་སོགས་པ་སྨོས་ཏེ། རང་བཞིན་གཅིག་པ་ནི་ཡུལ་དང་ཡུལ་ཅན་ཐ་མི་དད་དུའོ། །དབྱེ་བ་རྣམས་སྤངས་པ་ནི་ཐ་དད་ཀྱི་དབྱེ་བ་སྤངས་པའོ། །དྲི་མེད་ནི་གཉིས་འཛིན་མེད་པའོ། །དབྱེར་མེད་ཀྱི་འཐད་པ་བསྟན་པའི ་ཕྱིར་ཡིད་ཀྱི་དེ་ཉིད་ཅེས་པ་ལ་སོགས་པ་སྨོས་ཏེ། དམིགས་བཅས་ནི་སྙིང་རྗེའོ། །དམིགས་མེད་ནི་སྟོང་པའོ། །གཉིས་ལ་སྐྱོན་ཡོད་ནི་མ་འདྲེས་ནའོ། །བདེ་བའི་རང་བཞིན་ནི་རོ་མཉམ་དུའོ། །རབ་ཏུ་བླ་མེད་རབ་འབྱུང་བ། །ཅེས་པ་ནི། གང་དང ་ཡང་མ་འགྲོགས་པར་བྱུང་བའོ། །གཞན་ནི་གོ་སླའོ། །ད་ནི་གཉིས་མེད་ལ་གནས་པ་ལ་གནས་ལ་ངེས་པ་མེད་པར་བསྟན་པའི་ཕྱིར། ནགས་སུ་མ་འགྲོ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་ཡང་དེ་རུ་ཞེས་པ་ནི་ནགས་དང་ཁྱིམ་དུ་ཡོད་ཤེས ་པ་ནི་མཉམ་པར་རོ། །མ་ལུས་རྒྱུན་ཏུ་རྟོགས་པས་གནས། །ཞེས་པ་ནི་གཉུག་མའི་རང་བཞིན་ནོ། །གཞན་ནི་གོ་སླའོ། །དེ་ལ་གནས་པའི་ཡོན་ཏན་བསྟན་པའི་ཕྱིར། དེ་ཚེ་དགྲའི་ཞེས་པ་ལ་སོགས་པ་སྨོས་ཏེ། མི་རྟོག་པ་དེ་རྟོག་པའི་རིགས ་ལ་མི་འཇུག་པས་ན། དགྲའི་རིགས་ལ་མི་འཇུག་པའོ། །འདི་ལྟར་དབྱེ་བ་ཡོངས་ཤེས་ན། །ཞེས་པ་ནི་བཟང་ངན་མཉམ་པར་རོ། །དབྱེ་བ་ནི་ཡོངས་སུ་འཆིང་བ་དང་བྲལ་བར་བྱས། །ཞེས་པ་ནི་གཉིས་ཀྱི་འདུ་ཤེས་སྤངས་པའོ། །ཐ་དད་དུ ་སྣང་བ་དེ་ཇི་ལྟར་ཡིན་ཞེ་ན། ཇི་ལྟར་རྒྱ་མཚོ་མཐོངས་ཕྱེ་བཞིན། །ཞེས་པ་ནི་ཆུ་དངས་པའི་ནང་དུ་བྱད་ཀྱི་གཟུགས་བརྙན་སྣང་བ་བཞིན་ནོ། །བདག་དང་གཞན་དུ་འཁྲུལ་པར་མ་བྱེད་དང་ཞེས་པ་ནི་གཅིག་ལ་གཉིས་སུ་འཁྲུལ་པའོ། །དེ་ལྟར་ཐབས་ཀྱི་ལྷན ་ཅིག་སྐྱེས་པ་བཞི་བསྟན་ནས། ད་ནི་འབྲས་བུའི་ལྷན་ཅིག་སྐྱེས་པ་རྒྱས་པར་བསྟན་པའི་ཕྱིར། ཐམས་ཅད་སྔ་ན་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་ངོ་བོ་ཉིད་ཀྱི་བདག་ཅེས་པ་ནི་ཡེ་ནས་སོ། །གཉིས་མེད་ནི་རོ་མཉམ་དུའོ། །མ་ལུས ་ཁྱབ་པར་སོང་ནི་སེམས་ཅན་གྱི་དོན་དུའོ། །མིང་ནི་གཞན་ལ་ཕན་པའོ། །ཞེས་པ་ནི་དོན་ལ་གཞན་མེད་ཅེས་པའོ། །སྣ་ཚོགས་དུ་མ་དང་ལྡན་ཞེས་པ་ནི་འཕྲིན་ལས་སྣ་ཚོགས་པའོ། །ལྷུན་གྱིས་གྲུབ་པ་ནི་མ་བཙལ་བར་རོ། །ཕྱི་མའི་འབྲས་བུ་ནི ་ཐམས་ཅད་ལའོ། །བདེ་བ་འདི་ནི་གཞན་པའི་སེམས་མི་མངོན་ནོ། །ཞེས་པ་ནི་ཟག་བཅས་མིན་པའོ། །བཟློག་པའི་སྒོ་ནས་བསྟན་པའི་ཕྱིར། །སྟོང་པའི་སྡོང་པོ་དམ་པ་ཞེས་པ་ལ་སོགས་པ་སྨོས་ཏེ། སྟོང་པའི་སྡོང་པོ་མེད་ན་སྙིང་རྗེའི་ཡལ་འདབ ་མེད་དོ་ཞེས་པའི་དོན་ཏོ། །ད་ནི་དམིགས་པར་འཛིན་པའི་སྐྱོན་བསྟན་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་གང་ཡིན་པ་ཞེས་པ་ལ་སོགས་སྨོས་ཏེ། དེ་ལ་དམིགས་པར་བྱེད་པ་ནི་གཉིས་མེད་དེ་ལ་རྟོག་པས་མཚན་མར་འཛིན་པའོ། །དེར་ལྷུང་བ་ནི་ཞེས་པ་མཚོན ་མར་འཛིན་པས་ལྷུང་བའོ། །ཡན་ལག་ཚང་བར་འགྱུར་ཞེས་པ་ནི། འཁོར་བར་ཉོན་མོངས་པའོ། །མཚན་མེད་རྟོགས་པའི་ཡོན་ཏན་བསྟན་པའི་ཕྱིར། ས་བོན་ཞེས་པ་ལ་སོགས་པ་སྨོས་ཏེ། ས་བོན་གཅིག་པ་ནི་རང་གི་སེམས། །སྡོང་པོ་གཉིས་ཞེས་པ ་ནི་བདེ་སྟོང་གཉིས་སོ། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག་ཅེས་པ་ནི་རོ་མཉམ་དུའོ། །དེ་ཡང་དབྱེར་མེད་ནི་འདྲེས་པའོ། །གང་སེམས་པ་ནི་སྒོམ་པའོ། །དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་གྲོལ་ཞེས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ ་ཐོབ་པའོ། །དེ་ལྟ་བུའི་གང་ཟག་དེ་ལ་འདོད་པ་ཅན་ནི་དོན་དུ་གཉེར་བའོ། །སློང་པོ་འོངས་པའི་ཚེ། དེ་ནི་གལ་ཏེ་འགྲོ་ན་དེ་བ་མེད། །ཅེས་པ་ནི། འགྲོ་བ་གང་ལ་ཡང་ལན་རེ་བ་མེད་པར་སྟེར་བའོ། །རང་དོན་མེད ་པར་གཞན་དོན་མི་འགྲུབ་པར་བསྟན་པ་ནི། ཁམ་ཕོར་དུམ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སློངས་མོ་པ་ནི། གཞན་གྱི་དོན་མི་བྱེད་པ་ནི་གཞན་ལ་ཕན་པ་མི་འདོགས་པའོ། །འདོད་པ་པོ་ལ་མི་སྟེར་བ་ནི་སྦྱིན་པ་མི་གཏོང་བའོ། །འཁོར ་བའི་འབྲས་བུ་གང་ཡིན་ལའོ། །ཞེས་པ་ནི་འཁོར་བར་སྐྱེས་པ་དོན་མེད་དུ་བྱས་པའོ། །དེ་བས་རང་ཉིད་དོར་བར་བྱས་ན་རུང་ཞེས་པ་ནི་བདག་དོན་དུ་གཉེར་བ་བོར་ན་རུང་ཞེས་པ་སྟེ་གཞན་དོན་བྱའོ་ཞེས་པའོ། །ཡང་ན་བདག་གཞན་གྱི་དོན་མེད ་ཀྱང་མ་ཞེན་ན་འཁོར་བའི་ཉེས་པས་མི་གོས་པར་སྟོན་ཏེ། གཞན་གྱི་དོན་ནི་མི་བྱེད་པ་ཞེས་པ་ནི་ཕན་འདོགས་པའི་འདུ་ཤེས་མི་བྱེད་པའོ། །འདོད་པ་པོ་ལ་མི་སྟེར་བ་ནི་སྦྱིན་པའི་ཞེན་པ་མེད་པའོ། །འཁོར་བའི་འབྲས་བུ་གང་ཡིན་ལའོ། །ཞེས ་པ་ནི་དེ་ལ་འཁོར་བས་མི་གོས་པའོ། །དེ་བས་རང་ཉིད་བོར་བྱས་ན་རླུང་ཞེས་པ་ནི་ངར་འཛིན་གྱི་ཞེན་པ་སྤངས་པའོ། །ཁམ་པོར་དུམ་བུ་ལ་སོགས་པ་ནི་དཔེར་ན་སློང་བ་པོ་ལ་བྱིན་པའི་ལན་ལ་མི་རེ་བ་བཞིན་དུ་ལྟ་བར་བྱའོ་ཞེས་པའོ། །བླ་མའི་ཞལ ་གྱི་བཀའ་དྲིན་གྱི། །ཅུང་ཟད་སྙིང་པོའི་དོན་བཤད་པ། །བདག་གིས་དགེ་བ་གང་བསགས་པས། །འགྲོ་ཀུན་སྙིང་པོའི་དོན་རྟོགས་ཤོག་།དོ་ཧ་མཛད་ཀྱི་བཀའ་འགྲེལ་སློབ་དཔོན་ཆེན་པོ་ཐར་པའི་འབྱུང་གནས་སྤས་པས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་རྒྱལ་བའི་ལྷ་དང། རྒྱ་ལོ་ཙ་བས་བསྒྱུར་བའོ།། (།།ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་བ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་བཞུགས།།)་།།རྒྱ་གར་སྐད་དུ། མུ་དྲཱ་ཙ་རི་ཏ་ཊཱི་ཀཱ་ར་ཏ་ན་ཧྲི་ད་ཡ་ནཱ་མ་། ་